བསམ་གླིང་ཚེ་རིང་ལྷ་མོ།
ཞོགས་པ་མལ་ལས་ལྡང་དུས།།
བྱ་བྱིའུ་གསུང་སྙན་གྲགས་བྱུང་།།
ནགས་ཚལ་འཇོལ་མོས་ཁེངས་ནས།།
གྲེ་འགྱུར་ངོམ་གྱིན་བསྡད་འདུག །
རི་རྩེའི་སངས་ཀྱི་དུད་པ།།
ཁར་ཐུག་མཁའ་ལ་ཟུག་འདུག །
དྲོ་འཇམ་རྟ་བདུན་དབང་པོར།།
བསུ་བ་ཞུས་པ་མིན་ནམ།།
ལོ་ལྗང་གར་སྟབས་ལིང་ལིང་།།
འདྲེན་བྱེད་ཡུལ་གྱི་བདུད་རྩི།།
སངས་དུད་ལྷ་ལ་ཕུལ་ཡང་།།
དྲི་ཞིམ་ཀུན་གྱི་ལོངས་སྤྱོད།།
དྲོ་འཇམ་ཉི་འོད་འོག་ལ།།
དར་ལྕོག་རླུང་གིས་སྒུལ་བྱུང་།། །
སྲོག་ཆགས་དབུགས་ཀྱིས་རྒྱུ་ཚད།།
དཔྱིད་ཀྱི་བདུད་རྩིས་ཚིམ་ཤོག།
སྟག་མའི་མེ་ཏོག་བཞད་འདུག །
འདབ་མ་ས་ལ་ལྷུང་འདུག །
བརྩེ་བ་ཟབ་པའི་གསེར་སྦྲང་།།
ལྡིང་སྐོར་བྱེད་ཀྱིན་བསྡད་འདུག །
ཐག་རིང་གྲོག་རོང་ནང་ནས།།
ཁུ་བྱའི་གསུང་སྙན་ཐོས་བྱུང་།།
ཤང་ཤང་གྲོག་མོའི་ཆུ་སྒྲ།།
པི་ལྦང་སྒྲ་ལས་སྙན་བྱུང་།།
མཛེས་ལྡན་དཔྱིད་ཀྱི་བུ་མོ།།
ཡུན་རིང་སྒྱུག་དགོས་བྱུང་ཡང་།།
དགུན་གྱི་གྲང་ངར་མེད་ན།།
དཔྱིད་གསར་སུ་ཡིས་བསུ་བ།།
དཔྱིད་ཀྱིིི་རྒྱལ་མོས་བསུས་པའི།།
ལྕང་གསར་ལོ་མ་ལྡེམ་ལྡེམ།།
དྲི་ཟའི་ཡུལ་གྱི་མཛེས་མའི།།
སྟངས་སྟབས་རྐུས་པ་མིན་ནམ།།
མཛེས་པའི་ཁམ་བུའི་མེ་ཏོག །
འདྲེན་བྱེད་ཡུལ་ལ་མཛེས་བྱུང་།།
དཔྱིད་གསར་བསུ་བའི་བདུད་རྩིར།།
གསེར་སྦྲང་འཚང་ཁ་ཤིག་ཤིག །
རླུང་གི་རེག་བྱ་སྲབ་མོས།།
རོལ་མོའི་རམ་འདེགས་བྱེད་བཞིན།།
ཕྱེ་ལེབ་གར་ལ་རོལ་བས།།
ཡིད་ཀྱི་བརྟན་པ་འཕྲོག་སོང་།།
ཤུག་པས་འགྱིང་ཉམས་སྟོན་བྱུང་།།
བེ་ཏས་དབུགས་རིང་ཕྱུང་གིས།།
དགུན་གྱི་གྲང་རླུང་བྲལ་བའི།།
ངལ་གསོ་ཐོབ་པ་འདྲ་བྱུང་།།
དུས་ཀྱིས།
འཁྱགས་རོམ་དུས་ཀྱིས་བཞུར་འདུག །
མྱུག་གསར་དུས་ཀྱིས་ཤར་བཅུག །
དཔྱིད་དཔལ་དུས་ཀྱིས་བཞད་བཅུག །
ཡིད་སེམས་དུས་ཀྱིས་འཕྲོག་བཅུག །
འཁྱགས་རོམ་བཞུར་བགྱིན་བཞུར་བགྱིན། །
མྱུག་གསར་སྐྱེ་བགྱིན་སྐྱེ་བགྱིན། །
དཔྱིད་དཔལ་བཞད་བགྱིན་བཞད་བགྱིན། །
ངའི་ཡིད་འཕྲོག་བགྱིན་འཕྲོག་བགྱིན། །
འཁྱགས་རོམ་བཞུར་བགྱི་ཡིན་པ། །
མྱུག་གསར་སྐྱེ་བགྱིན་མཐོང་བ། །
དཔྱིད་དཔལ་བཞད་བགྱིད་ཡོད་པ། །
སྔ་ས་རང་ནས་དྲན་བྱུང་། །
ཤིང་ཧྲེང་ལོ་འདབ་རྒྱས་བགྱིད། །
མྱུག་གསར་རྩ་གསར་སྐྱེ་བགྱིད། །
ལོ་ལྗང་མེ་ཏོག་ཤར་བགྱིད། །
དཔྱིད་དཔལ་མཛེས་མས་ངོམ་བགྱིད། །
དགུན་ཀའི་གངས་འཁྱགས་བཞུར་སོང་། །
དཔྱིད་ཀའི་མེ་ཏོག་ཤར་བགྱིད། །
དབྱར་ཀས་སྤྲིན་རྔ་བརྡུངས་ན། །
སྟོན་ཀའི་སྟོན་འབྲས་འཁྲབ་ངེས། །
དགུན་ཀའི་གྲང་ངར་ཕྱིན་སོང་། །
དཔྱིད་ཀའི་མེ་ཏོག་སླེབས་བྱུང་། །
དབྱར་ཀའི་སྤྲིན་པ་གར་ཡོད། །
སྟོན་ཀའི་སྟོན་འབྲས་སྒྲུག་བགྱིད། །
ནམ་དུས་བཞི་ཡི། །
དགུན་ཀའི་གྲང་ངར། །
དཔྱིད་ཀའི་དཔལ་ཡོན། །
དབྱར་ཀའི་དྲོད་འཇམ། །
སྟོན་ཀའི་སྟོན་ཐོག །
དུས་བཞིའི་བདེ་སྐྱིད། །
དཔྱིད་ལ་མེ་ཏོག་འཛུམ་པས།།
བསམ་གླིང་ཡིད་སེམས་འཕྲོག་བྱ།།
དྲི་ཞིམ་སེམས་ལ་ཐུལ་བའི།།
དགའ་བ་ངས་ཀྱང་སྒོམ་ཆོག།
བསིལ་རླུང་སིལ་བུར་ལྡང་བས།།
མཛེས་མའི་སྣང་བ་འཁྲུལ་འདུག།
ས་ལ་ཟགས་པའི་ཤིང་ལོ།།
དུས་ཀྱི་འགྱུར་ལྡོག་ལོས་ཡིན།།
མཁའ་ལ་ལྡིང་བའི་བྱ་ཚོགས།།
ས་ལ་བཞད་པའི་མེ་ཏོག།
དར་ཅོག་ལྷབ་ལྷེབ་གཡོ་བ།།
བསམ་ན་སྐྱོ་བའི་རྒྱུ་རེད།།
རྡ་སའི་རི་ལམ་བསྙེགས་ནས།།
བརྩེ་དུང་རྙེད་མདོག་མ་རེད།།
སློབ་གྲྭའི་གླིང་གི་ཕོ་གསར།།
གཞན་ལ་ཤོར་དུ་མ་འཇུག།
དཔྱིད་ཀྱི་མེ་ཏོག་འཛུམ་པས།།
བསམ་གླིང་ཡིད་དབང་འཕྲོག་བྱ།།
དྲི་ཞིབ་སེམས་ལ་ཐུལ་བའི།།
དགའ་བ་ངས་ཀྱང་སྒོམ་མྱོང་།།
བསིལ་རླུང་སིལ་བུར་ལྡང་བས།།
མཛེས་མའི་སྣང་བ་འཁྲུལ་འདུག།
ཤིང་ལོ་ས་ལ་ཟགས་པ།།
དུས་ཀྱི་འགྱུར་ལྡོག་ལོས་ཡིན།།
མཁའ་ལ་ལྡིང་བའི་བྱ་ཚོགས།།
ས་ལ་བཞད་པའི་མེ་ཏོག།
དར་ཅོག་ལྷབ་ལྷེབ་གཡོ་བ།།
བསམ་ན་སྐྱོ་བའི་རྒྱུ་རེད།།
རྡ་སའི་རི་ལམ་བརྙེགས་ནས།།
བརྩེ་དུང་རྙེད་མདོག་མ་རེད།།
སློབ་གྲྭའི་གླིང་གི་ཕོ་གསར།།
གཞན་ལ་ཤོར་དུ་མ་འཇུག།
དགུན་ཀའི་གོས་རྫིག་ཕོ་གསར། །
དཔྱིད་ཀའི་རས་གོས་གྱོན་མཁན། །
དབྱར་ཀའི་སྟོད་ཧྲེང་ཕོ་གསར། །
སྟོན་ཀར་འཛོམས་རྒྱུ་བྱུང་ན། །
དགུན་ཀའི་གོས་མཐུག་མཛེས་མ། །
དཔྱིད་ཀའི་བཀྲག་མདངས་མཛེས་དཔལ། །
དབྱར་ཀའི་བསིལ་གོས་ལུས་ངོམས། །
སྟོན་ཀར་འཕྲད་ན་སྙམ་བྱུང་། །
ཀ་བཞིའི་ནམ་དུས།
དབྱརད་ཀ སྟོནད་ཀ གཉིས་པོ་ནི། །
ཆུ་དང་ འབྲས་བུའི་ ནམ་དུས་ གཉིས། །
དགུནད་ཀ དཔྱིད་ཀ གཉིས་པོ་ ནི། །
གྲང་དང་ དྲོད་འཇམ་ ནམ་དུས་ གཉིས། །
མིའི་ལུས་པགས།
དབྱརད་ཀ ཉི་མས་ པགས་མདོག་ རྨུག །
སྟོནད་ཀ འབྲུ་ཡིས་ པགས་མདོག་ སྨིན། །
དགུནད་ཀ གྲང་བས་ པགས་པ་ ཁུམ། །
སྟོནད་ཀ བཞད་པས་ པགས་མདོག མཛེས། །
ཀི་གསུམ་པོ།
ཡ་ཀི མ་ཀི་ ཕ་ཀི གསུམ། །
ཀི་ཡིས་ འཐུས་ན་ ཅིས་མི་ ལེགས། །
འགྲོ་གི་ ཡིན་དང་ ཕ་གི་ ཡིས། །
འབྲེལ་སྒྲའི་ གི་དང་ ནོར་ཉེན་ ཆེ། །
བདག་མེད་བཞི།
དགུནད་ཀའི་ འཁྱགས་རོམ་ བདག་པོ་ མེད། །
དཔྱིད་ཀའི་ སྔོན་ལྗང་ བདག་པོ་ མེད། །
དབྱར་ཀའི་ ཆར་ཆུར་ བདག་པོ་ མེད།
སྟོནད་ཀའི་ ལོ་ལེར་ བདག་པོ་ མེད།
བདག་ཡོད་བཞི།
དགུནད་ཀའི་ ཉི་མ་ བདག་པོ་ ཡོད། །
དབྱརད་ཀའི་ ཟླ་དཀར་ བདག་པོ ཡོད། །
དཔྱིད་ཀའི་ མེ་ཏོག་ མཛེས་མ་ དང་། །
སྟོནད་ཀར་ འབྲུ་འབྲས་ བདག་པོ་ ཡོད། །
ཀིའི་ཁོར་ཡུག
ཡ་ཀིའི་ཉི་ཟླ་སྐར་གསུམ། །
ཕ་ཀིའི་གངས་བྲག་གཙང་ཆུ། །
མ་ཀིའི་མཐའ་ཡི་རྒྱ་མཚོ། །
ཀུན་འཛོམས་ཁོར་ཡུག་གསུམ་འཛོམས། །
བསམ་པ་མགོ་སེར་དུང་ཀྱང།
གླིང་འདིར་མགོ་ནག་ཐུག་ཡོང།
ཚེ་འདིར་བདེ་སྐྱེད་དགོས་ན།
རིང་མིན་གྲ་ལོག་འཚོལ་དང།
ལྷ་ལས་སྐྱིད་པའི་ཚོར་བ།
མོ་རང་ཐུག་བསམ་བཞེས་དང། ཅེས་ཀྱལ་ཀའི་ཚུལ་དུ་བྲིས་པའོ།