ཁ་བའི་འབྲོག་མོ།
གནམ་སྔོན་མོའི་རང་མདངས་རྒྱ་མཚོ་ལ་ཕོག་དུས།།
སྤྲིན་དཀར་པོའི་ཁང་བཟང་རླུང་བུ་ཡིས་གཏོར་བཞག།
ས་རི་ཐང་ཐམས་ཅད་གསེར་མདོག་གིས་ཁྱབ་སྟེ།།
དཔྱིད་མགོ་མའི་གནམ་གཤིས་མཛེས་སྡུག་གིས་བརྒྱན་སོང་།།
རི་མཐོན་པོའི་རྩེ་མོ་བར་སྣང་ལ་ཟུག་ཀྱང་།།
གངས་དབུ་ཞྭ་ལྷུང་ལྷུང་ཆུ་མོ་ལ་ལྷུང་ངོ་།།
ཆུ་དྭངས་མོས་ཅ་ཅོའི་གླུ་དབྱངས་དེ་ལེན་གྱིན།།
དཔྱིད་དཔལ་མོའི་འཛུམ་མདངས་དགའ་སྤྲོ་ཡིས་བསུའོ།།
བྱ་འདབ་ཆགས་ཐམས་ཅད་འཕུར་ལྡིང་ལ་རྩེན་བཞིན།།
སེམས་དགའ་བའི་ཚང་མལ་འབད་བརྩོན་གྱིས་བཟོས་ཏེ།།
འཁོར་བྱེའུ་ཕྲུག་སྐྱོང་བའི་སྟ་གོན་ལ་བྲེལ་དུས།།
ཡུལ་ཁོར་ཡུག་ཀུན་ལ་ལྗང་མྱུག་གིས་མཛེས་སོང་།།
མི་ཀུན་གྱིས་རྨོ་འདེབས་འབྲུ་ཞིང་ལ་གཅེས་ཤིང་།།
སྟོན་ལོ་ཏོག་སྨིན་པའི་སྨོན་ལམ་ཞིག་འདེབས་དུས།།
དཔྱིད་མགོ་མའི་འབྲུག་སྒྲ་སྤྲིན་རུམ་ནས་ལྡིར་ཏེ།།
ཆར་ཟམ་ཟིམ་འབབ་པའི་རྟེན་འབྲེལ་རང་འགྲིག་སོང་།།
ཕ་བཟང་གི་བྱིས་པ་སློབ་གཉེར་ལ་སྤྲོ་སྟེ།།
བྱ་ཁུ་བྱུག་གསུང་དབྱངས་སྙན་མོ་དང་འགྲོགས་བཞིན།།
དབྱངས་གསལ་བྱེད་སུམ་ཅུ་བྱིས་གླུ་ལ་བཀུས་ནས།།
གོམ་ཐྲིག་ཐྲིག་སྒྲ་དབྱངས་མདུན་ལམ་ལ་ཆས་ཡོད།།
མ་སྲུ་མོའི་བཞོན་དབྱངས་ལྷས་འདབས་ལ་བརྡལ་ཚེ།།
ལུག་འབའ་འབའ་རྩེད་འཇོ་སྤང་གཤོངས་སུ་རྒོད་ཅིང་།།
རྟ་ནོར་ལུག་ཐམས་ཅད་གཡང་སྡེ་ལ་འཁོར་བ།།
ངེད་འབྲོག་པའི་བསོད་ནམས་འཛད་མཐའ་ཞིག་མེད་དོ།།
སྙན་སོང་ངོ་འབྲོག་རྒན་མ་
ཆུ་སྔོན་མོའི་རང་མདངས་གྱེན་ལ་ཤར་བས།
དངོས་མེད་གནམ་ལ་ནམ་མཁའ་སྔོན་པོར་སྣང།
དབྱངས་གསལ་བྱེད་སུམ་ཅུ་བྱིས་གླུ་ལ་བཀུས་ནས།།་་་་་་བྱིས་གླུ་ལ་་་་བཀུག་ཡིན་རྒྱུ་རེད་འདི་གཏགས་ནོར་ཡིན་སྲིད།
མ་སྲུ་མོའི་བཞོན་དབྱངས་ལྷས་འདབས་ལ་བརྡལ་ཚེ།།མ་སྲུ་མོའི་བཞོ་དབྱངས་ཡིན་རྒྱུ་རེད་་་འདི་ཡིག་ནོར་ཡིན།
བཞོན་དབྱངས་ནོར་བ་ཡིན་གྱི་མ་རེད། བཞོན་ཟེར་བ་ནི་དབྱར་དཔྱིད་ཀྱི་དུས་སུ་ར་ལུག་འབྲི་མོ་ལས་འོ་མ་བཞོས་ཏེ་དཀར་ཆུ་ལེགས་པར་མ་སྲུ་མོས་དགའ་བའི་གླུ་དབྱངས་འཐེན་ཡིན་གྱི་རེད།