ཀླུ་སྨྱོན།
སྐྱོ་གདུང་དྲག་པོའི་ཟུག་རྔུ་དང་ལྷན་དུ་དཔྱིད་མགོའི་མེ་ཏོག་གི་འདབ་མ་འཐོར་དུས།
ཁྱེད་ལ་དགུན་ཟླ་རིང་མོ་ཞིག་གི་དུས་ཡུན་ལ་བསྒུགས་པའི་སྡུག་ཡུས་དང་མཉམ་དུ།
སྙིང་གསེང་ནས་བརྡོལ་བའི་མཆི་མའི་བཞུར་རྒྱུན་རེ་རེ་ནི།
མི་ཚེ་གཅིག་གི་ཆེས་དཀའ་སྡུག་ཅན་གྱི་ལོ་ཟླ་དང་འདྲ་ཞིང་།
འདས་པའི་ཟླ་ཤས་རིང་དཔྱིད་མགོའི་མེ་ཏོག་གི་འདབ་མ་བཞད་རྒྱུར་བསྒུགས་པ་འདི་ཡང་།
རྒྱང་རིང་གི་སྙིང་སྡུག་ཅིག་ལ་རེ་སྒུག་བྱེད་པ་ལས་ཀྱང་འཁྱོལ་ཐབས་མེད་པའི་དུས་ཚིགས་ཤིག་རེད་ཨང་།
ཐ་ན་རྨི་ལམ་ནང་དུ་ཡང་ལན་དུ་མར་ཤིང་སྡོང་དེའི་རྩ་རུ་བརྒྱུགས་ཤིང་།
རྩོམ་ཡིག་གི་འཕྲོ་ཀློགས།
སྡོང་མགོའི་མེ་ཏོག་ལ་ཆགས་པས།
བྱངས་སེམས་གཉོམ་པོ་སྟེ་བསམ་ན།
ཏེང་འཇིན་རི་ཁྲོད་ལ་སྒོམ་གྱང་།
དུག་གསུམ་ཞགས་པ་ཏེ་སུས་གཅོད་།
ཁྱེད་བཞུགས་ས་དེར་ཆར་ཞོད་ཆེ་ས་ཞིག་ཡིན་ཚུལ་འདུག་མོད་པར་འདིར་བལྟས་ན་དེང་སང་གནམ་གཤིས་ཧ་ཅང་ཡག་པོ་ཡོད་པ་འདྲ།
ཞིང་ཆེན་འདིའི་མི་ས་ཡ་བདུན་གྱི་རེ་བ་བཞིན་ཡག་ཏུ་འགྲོ་མགོ་ཚུགས་སོང་། དཔྱིད་ཀ་དང་དབྱར་ཁར་ལྷ་ཡུལ་ཞེས་པའི་མཐོང་མ་མྱོང་བའི་འཇིག་རྟེན་དེའི་དོ་ཟླ་ཡོང་གི བརྒྱད་ཅུ་གྱ་གྲངས་ནང་འཇུ་ཕེན་ནས་དཔྱིད་མགོའི་མེ་ཏོག་སོགས་ཤིང་སྡོང་མེ་ཏོག་ཅན་ཁྲི་བརྒྱད་ས་འདིར་ནང་འདྲེན་བྱས་འདུག
མེ་ཏོག་དེ་ལ་Sakuraཟེར་ནས་ཉི་ཧོན་པ་ཚོས་ནམ་ཡིན་ན་ཡང་བཤད་འདུག་རྒྱུ་ཞིག་རེད།
ཆ་རྐྱེན་ཡག་པོ་ཡོད་མཁན་ཚོས་ཤིང་སྡོང་ཡན་ཆད་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་ཀྱིཇ་ཡོད་པ་རེད། ངོ་མ་སྟོབས་ཆེན་རྒྱལ་ཁབ་ཟེར་བ་རེད།
ཨ་རོད་ཨ་ཁུ། དཔེ་ཆ་དེ་ད་དུང་འབྱོར་མ་སོང་ངམ། ལན་ཞིག་གནང་རོགས།
གཞན་འཇན་རན་ནམ་ཉི་ཧོང་ཞེས་པའི་མིང་བརྡ་རྙིང་པ་ཁ་བྱང་རྣ་བྱང་དུ་སོང་བ་དེ་མི་སྤྱོད་པར་བསམ་གཟེས་ནས་(འཇུ་ཕེན་)ཡིན་ན་ཅིག་བྲིས་འདུག སྒྲ་དང་ཐག་ཉེ་བོ་ཡོད་མདོག་མདོག་ཡིན་རྒྱུ་རེད་པ། ཉི་ཧོང་ཟེར་ན་མི་ཡག་ག
དཔེ་ཆ་དེ་གང་ཡིན་ཐལ། ཀིརྟི་ཚང་གི་ཨ་ལགས་དེའི་དེབ་དེ་འབྱོར་སོང་། དེ་ཁྱོས་བསྐུར་པ་རེད་དམ་མེ་འོད་ཀྱིས་བསྐུར་པ་རེད། ང་ལོ་ལོན་སོང་ནས་མི་དྲན་གི་ཡ། ཁྱོས་བསྐུར་པ་ཡིན་ན་ཐུགས་རྗེ་ཆེ། མིན་ན་ད་དུང་མ་འབྱོར་ཐལ། ཡཡ། ངས་འཇར་པན་ཞེས་འབྲི་ཆོག
དཔྱིད་ཀའི་མེ་ཏོག་མཛེས་ཤིང་།།
ཨ་ཁུའི་སྙན་ངག་ཡག་གི །
དཔྱིད་ཀ་ཨ་ཁུ་གཉི་ཀ།།
ནམ་ཡང་བཞུགས་པར་མཛོད་ཅིག །
ཁ་སྔོན་གྱི་ཁ་ཤོམ་དེ་གཏིང་བརྗེད་དུ་གྱུར་བ་མ་ཟད་དཔེ་ཆ་འབྱོར་སོང་ན་འབྱོར་ལན་མི་བཤད་ཀ མེ་འོན་ཀྱིས་བསྐུར་ཀྱང་འབྱོར་རེ་བྱིན་དང་ལ་མྱི་སེམས་རེད་ལ། བོད་ན་ཡོད་དུས་བོད་མི་ཚོ་འདི་འདྲ་ཡིན་པ་མི་ཤེས་ར། དེང་སང་ལས་ངན་ནས་སྐྱབས་བཅོལ་དུ་ཡོང་ན་འདི་འདྲ་རེ་ཡང་མཐོང་རྒྱུ་ཡོད་ས་རེད་ལ།
ཨ་ལ་ཀུ་རེ་ཡིན། འབྱོར་སོང་ན་ཧྲ་གི ངས་གཅིག་བསྐུར་ཡོད། ཁ་བྱང་ཐོག་ངའི་མིང་དང་སྡོད་གནས་ཚང་མ་བྲིས་ཡོད་དེ། ད་ཁྱོད་ལ་དགོས་རྒྱུ་དཔེ་ཆ་ལས་ཁ་བྱང་མི་དགོས་པ་ངས་ཀྱང་ལོས་ཤེས། ཕན་ཐོག་འབྱུར་བར་སྨོན།
མེ་ཏོག་ཁ་འབུས་དུས་དགའ། མི་ཡང་སྐྱེ་དུས་སུ་དགའ། མེ་ཏོག་མར་ཟག་དུས་སྡུག ནང་མི་ཡང་འཆི་དུས་སྡུག
དགའ་སྡུག་མངར་སྐྱུར་འཛོམས་པའི།
མི་ཚེའི་ལས་དབང་དངོས་ནི།
སྐད་ཅིག་སྐད་ཅིག་ནང་ལ།
འཆི་བདག་ཕྱོགས་སུ་ཕྱོགས་བགྱིད།
དཔྱིད་དབྱར་སྟོན་དགུན་བགྲངས་ནས།
ཞག་ཟླ་ལོ་འཁོར་གཅིག་ནང་།
དགའ་བའི་དགེ་བ་གང་བྱས།
སྡུག་བསྔལ་རྒྱུ་དེ་གང་བསགས།
རང་ཉིད་རང་གིས་རྩོས་རྒྱོབས། །
དགུན་དུས་ཡལ་ཟིན་མ་ཉིད་ཀྱི་དཔྱིད་དུས་སུ་ཁྱེད་ཀྱིས་དགུན་དུས་བསྒུགས་ཤིང་སྡུག་ཡུས་བཤད་པ་ནི་ཁྱེད་ཀྱི་གླེན་གཏམ་དང་གླེན་རྟགས་རང་རེད། དེས་ན་ཁྱེད་ཀྱི་མི་ཚེའི་ལམ་ཕྲན་ཐོག་ཏུ་བདེ་སྐྱིད་མེད་པར་དཀའ་སྡུག་གི་ལོ་ཟླ་འགྲིམ་དགོས་བྱུང་བ་རེད།
དགུན་དུས་ཡལ་ཟིན་མ་ཉིད་དུ་ཁྱེད་ཀྱིས་དཔྱིད་དུས་སུ་དབྱར་དུས་མི་སྒུག་བ་དགུན་དུས་བསྒུགས་ཤིང་སྡུག་ཡུས་དང་སྡུག་གཏམ་བཤད་པ་ནི་ཁྱེད་ཀྱིས་གླེན་གཏམ་དང་གླེན་རྟགས་བསྟན་པ་རེད། ་དེས་ན་ཁྱེད་ཀྱིས་མི་ཚེའི་ལམ་ཕྲན་ཐོག་ཏུ་བདེ་སྐྱིད་ཀྱི་འོད་སྣང་མེད་ཅིང། དཀའ་སྡུག་གི་ལོ་ཟླ་འགྲིམ་དགོས་བྱུང་བ་རེད།།
ཨ་ཁུ་ཀླུ་སྨྱོན་འདི་བླ་རྒན་ཁྲེལ་མེད་ཅིག་ད་ཡིན་ས་རེད། ཁྱོའི་ཤ། ཁ་སྔོན་ཞིག་ལ་བཟོད་པར་དེབ་དེ་བསྐུར་དང་བསྐུར་གླ་སོགས་བལྡབ་བཅུ་ལོག་ཅིག་སྤྲོད་དགོས་ཞེས་བཤད་སོང་། དེ་རིང་སུས་བསྐུར་བ་ཡང་མ་ཤེས་ཁུལ་གྱིས། བཟོད་པ་ལ་བསྐུར་གླའི་སྐོར་ལབ་གླེང་ཙམ་ཡང་བྱས་མ་སོང་། ཧཧཧཧ