ཚེ་དབང་བསོད་ནམས།
བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་འཛམ་གླིང་ཞི་བདེའི་སྡེ་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ང་ཚོར་བླ་ན་མེད་པའི་ཟབ་ཅིང་རྒྱ་ཆེ་བའི་ལམ་སྟོན་བྱམས་བརྩེ་དང་སྙིང་རྗེ་གཞན་ཕན་ལ་འགན་འཁུར་དགོས་པའི་བཀའ་སློབ་རིམ་ཕེབས་ལ་ང་ཚོའི་འགན་འཁུར་ནས་ད་ལམ་གོང་ས་མཆོག་གི་སྐུའི་བླ་གཟའ་ཕྱི་ལོ་2018་ལོའི་ཟླ་བ་དང་པོའི་ཚེས་10རེ་གཟའ་ལྷག་པ་ཉིན་རྒྱ་གར་གྱི་མངའ་སྡེ་མ་ཧ་ར་ཤི་ཊ་རའི་ཁྱབ་ཁོངས་ནན་ཏི་ོརྫོང་ས་གནས་སུ་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དང་མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་སྦེ་ཀོབ་བདེ་སླ་གཞིས་ཆགས་ཧུང་སུར་རབ་རྒྱས་གླིང་གཞིས་ཆགས་བཅས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་བལ་ཚོང་ཁྱིམ་ཚང་བཅུ་བདུན་ནས་ས་གནས་སུ་ཡོད་པའི་ཡུལ་མིའི་དཱ་ཕྲུག་གསོ་སྐྱོང་ཁང་དང་ཕྱེད་དཱ་ཕྲུགས་དབང་པོ་རྐྱོན་ཅན་གསོ་སྐྱོང་ཁང་སོགས་སྡེ་ཁག་གསུམ་ནང་ཕྲུ་གུ་བརྒྱ་དང་བདུན་བཅུ་ལྷག་ཙམ་ལ་བལ་གོས་ཧིན་སྒོར་བདུན་ཁྲི་ལྷག་ཙམ་གྱི་རོགས་སྐྱོར་གནང་བ་དང་དེ་ཡང་ནན་ཏི་བོད་རིགས་བལ་ཚོང་གི་ཚོགས་གཙོ་ཕུན་ཚོོགས་ཚེ་རིང་ལགས་དང་ལས་རོགས་འཐུས་མི་གཉིས་གཙོས་བལ་ཚོང་སྒྲིག་འཛུགས་ནང་ཡོད་པའི་མི་རྒན་པ་ཁ་ཤས་མཉམ་རུབ་ཀྱི་ཁྱིམ་ཚང་བཅུ་བདུན་ནས་བལ་གོས་སྟོད་གོས་དང་ཞ་མོ་ཁ་ཀྲི་གོས་ཐུང་སོགས་རང་རང་བློས་བཅད་ཀྱི་ཞལ་འདེབས་ཕུལ་བ་ཁག་བསྡུ་རུབ་ཀྱིས་མ་གནས་ཧིན་སྒོར་བདུན་ཁྲི་ལྷག་ཙམ་གྱི་བལ་གོས་ཕྲུ་གུ་བརྒྱ་དང་བདུན་བཅུ་ཙམ་ལ་བགོ་སྤྲོད་ཞུས་པ་དང་ཕྲུ་གུ་ཚོར་སྦི་སི་ཀོ་ཊི་བགོ་སྤྲོད་ཡང་གནང་བ་དང་ཞོར་དུ་སློབ་གྲའི་དགེ་ལས་ཚོར་བོད་དང་བོད་མིའི་གནས་སྟངས་ཡང་ངོ་སྤྲོད་ཞུས་པ་དང་མ་འོངས་མུ་འཐུད་འབྲེལ་བ་གནས་རྒྱུ་སོགས་ད་ལམ་གོང་ས་མཆོག་གི་བཀའ་དགོང་བཞིན་ཉམས་ཐག་དང་དབང་པོ་སྐྷོན་ཅན་དཱ་ཕྲུག་ཚོར་དགུན་དུས་གྲང་ངར་ཆེ་བའི་སྒོ་སྐབས་དང་བསྟུན་ནས་གོང་ས་མཆོག་གི་སྐུའི་བླ་གཟའི་ཉིན་གཞན་ཕན་དགེ་ལས་རླབས་ཆེན་་སྒྲུབ་ཐུབ་པ་འདི་ཡང་གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ཁོ་ན་ཡིན་པ་ང་ཚོ་ནན་ཏི་བོད་རིགས་བལ་ཚོང་ཁྱིམ་ཚང་བཅུ་བདུན་ཚང་མས་ངོས་འཛིན་གཅིག་རྒྱུར་གནང་གི་ཡོད་ལ་གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་ཐུགས་ཀྱི་བཞེད་དགོང་ཟབ་མོ་གེགས་མེད་ལྷུན་གྱི་འགྲུབ་པའི་སྨོན་ལམ་བཅས་ནན་ཏི་བོད་རིགས་བལ་ཚོང་གི་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ནས་ཕྱི་ལོ་2018/1/10 ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་།