སྐྱབས་གཅིག་བསྟན་འཛིན་རྒྱ་མཚོ།།
མ་མཇལ་ལོ་གཅིག་སོང་ཡང་།།
ད་རེ་སྐལ་བཟང་ལོ་འདིར།།
སླར་ཡང་མཇལ་སྐལ་ཐོབ་པས།།
ལུས་སེམས་དགའ་བདེས་གང་ནས།།
གང་གི་གསེར་ཞལ་མཇལ་བར།།
ཉིན་ཞག་གཉིས་ལས་མེད་ཀྱང་།།
ལོ་ཟླ་འགའ་ཞིག་འགོར་འདྲ།།
མཇལ་སྒུག་སེམས་ཀྱི་ཚོར་བ།།
ལོང་ལོང་ཆུ་རླབས་འཕྱུར་ལྟར།།
ཡང་ཡང་སེམས་ནས་རྡོལ་གྱིན།།
འདི་འདྲ་བཟོད་བཏུབ་དཀའ་བའི།།
ངང་སྒུག་སེམས་ཚོར་རྡོལ་འདི།།
ཨེ་མ་འཇིག་རྟེན་མགོན་པོའི།།
རྨད་བྱུང་སྐུ་གསུང་ཐུགས་ཀྱི།།
དཔག་ཡས་ཡོན་ཏན་མཐུ་ལས།།
བྱུང་བར་སོམ་ཉི་སུར་མཆིས།།
གང་གི་རྨད་བྱུང་མཛད་འཕྲིན་རེ་རེ
སྒྲོ་སྐུར་མེད་པར་ཇི་ཙམ་བགྲངས་
བདག་ལྟའི་སྐྱེས་སྦྱོང་ཤེས་རབ་
བགྲང་དུ་ཡས་བས་བགྲང་བར་ངལ་བ་ཙམ།
དེ་ལྟར་ན་ཡང་སྐལ་བཟང་དུས་གཅིག་
གང་དེའི་བརྗོད་འདས་སྐུ་གསུང་ཐུ
ཆུ་གཏེར་ལས་ཟབ་མཁའ་ལྟར་མཐའ་ཡས་
དཔག་ཡས་ངོ་མཚར་ཡོན་ཏན་མ་ལུས་ཀུ
ཇི་སྙེད་ཇི་ལྟར་ཐམས་ཅད་བརྗོད་
སྐལ་ལྡན་བདག་སོགས་འཇིག་རྟེན་འགྲ
སྐལ་བཟང་དུས་འདིར་ཚོགས་གསག་སྒྲི
ཆ་ཤས་ཙམ་གཅིག་བརྗོད་པར་སྤྲོ་བ་
༡་ སྐུ་ལ་བསྟོད་པ།
གང་གི་བག་ཕེབས་བཞིན་གྱི་དཀྱིལ་
དགྱེས་མཛུམ་པད་དཀར་ཁད་ཀྱིས་བཞད་
ཚེམས་ཕྲེང་མུ་ཏིག་རྡོག་པོའི་བསྟ
དཀར་གསལ་འོད་གྱིར་ཞལ་ལས་མངོན་
ཕྱག་ཟུང་པད་འདབ་དལ་གྱིས་སྦྱོར་
བགྲང་ཡས་གདུལ་བྱའི་ཆོས་སར་བྱོན་
འཁོར་ཚོགས་མ་ལུས་དགའ་བདེས་མྱོས་
དད་དང་སྤྲོ་སེམས་རྦ་ཆུ་ཟགས་ཇི་
དབང་མེད་སྒོ་གསུམ་བཅོས་མིན་གུས་
ལག་ཟུང་ཐལ་མོ་རབ་བརྟན་རྡོ་རྗེ་
དམ་དུ་སྦྱར་ནས་སྲིད་གསུམ་མགོན་
སྐྱབས་སུ་མཆིས་འདི་ཨེ་མ་ངོ་མཚར་
༢་གསུང་ལ་བསྟོད་པ།
གོའུ་ཏམ་དེ་ལ་འགྲན་དུ་བཟོད་པ་ཡི
ཁྱོད་ཀྱི་རྨད་བྱུང་གསུང་གི་ཆོས་
འཁོར་ཚོགས་དད་པའི་ཞིང་སར་འབབ་པ་
ཐུབ་པའི་རྗེས་འཛིན་ནང་པ་རྣམས་ལྟ
བདག་དང་འཇིག་རྟེན་རྟག་པར་དམ་འཛི
སྐྱེ་བ་སྔ་ཕྱི་ལས་འབྲས་རྣམ་གཞག་
མི་འདོད་གདུལ་དཀའ་ལྟ་བ་མཁྲེགས་
མ་རུང་ཕྱི་རོལ་མུ་སྟེགས་ཚོགས་རྣ
ཡིད་སེམས་རབ་འགུག་ཁྱོད་ལ་ཆེས་
སྔོན་ཆད་ལོ་རྒྱུས་དེབ་ཐེར་ཐམས་
བྱུང་མྱོང་པས་ཨེ་མ་ངོ་མཚར་ཆེ།།
ཁྱོད་ཐུགས་ཀུན་ཁྱབ་ཐུགས་རྗེ་ཟབ་
ལེགས་འཁྲུངས་དགྲ་གཉེན་ཀུན་ལ་
ཉེ་རིང་མི་མངའ་རླབས་ཆེན་ཐུགས་སེ
རིས་མེད་ཕྱི་ནང་དཔག་ཡས་གདུལ་བྱ་
བྱམས་དང་བརྩེ་བ་སྙིང་རྗེས་ཚུལ་
གངས་ཅན་མགོན་ལས་འཛམ་གླིང་མགོན་
འཛམ་གླིང་མགོན་ལས་འཇིག་རྟེན་མགོ
ཡང་ན་སྲིད་གསུམ་མགོན་པོར་གྱུར་
སྤོབས་པ་ཆེན་པོས་ཁ་ཚོན་རྦད་བཅད་
སྲིད་འདིར་བསྒྲགས་ཀྱང་སུ་ཡིས་
༤་ མཇུག་གི་བསྔོ་བ།
དེ་ལྟར་སྲིད་གསུམ་མགོན་པོ་ཁྱོད་
ཡོན་ཏན་མ་ལུས་བགྲང་ན་མི་ཚར་ཡང་།
རེ་ཞིག་བདག་གི་སྣག་སྨྱུག་རྗོགས་
ངལ་གསོའི་ཚུལ་དུ་འཚམས་འདིར་འཇོ
་སྲིད་གསུམ་གང་ན་འགྲན་མེད་མགོན་
སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་
ཆུ་ཐིགས་ཙམ་ཞིག་བརྗོད་འདིའི་ཚོ
ལུས་ཅན་མ་ལུས་ཚེ་རབས་ཐམས་ཅད་པོ
ཁྱོད་ཀྱི་ཐུགས་རྗེའི་བྱིན་ལས་མི
མྱུར་བར་སྲིད་པའི་མཚོ་ལས་གྲོལ་
མགོན་པོ་ཁྱོད་ཀྱི་གསང་གསུམ་མཛད་
སྲིད་གསུམ་ཀུན་ཁྱབ་སྐུ་ཚེ་རབ་
འཇིག་རྟེན་ཡོངས་སུ་ཞི་བདེས་ཁྱབ་
བོད་ལྗོངས་བདེན་པའི་ཉི་མ་ཤར་གྱུ
སྤྱི་ལོ་༢༠༡༣་༡་༤
སྟེ་རེ་གཟའ་པ་སངས་ཉིན་གྱི་དགོང་
རྩོམ་ཡིག་ཅིག་བྲིས་འདུག་པ་ཧ་ཅ་ཐུགས་རྗེ་ཆེ་ལ་ཐེགས་ཤིག་བཀླགས་ཡིན། འོན་ཀྱང་ཡིག་སྐྱོན་དང་རྩོམ་ཡིག་འབྲི་བར་གོམས་མེད་སྟབས་རྗེས་ཕྱོགས་གང་མང་མང་འབྲི་རོགས། འདི་ནི་བསམ་ཚུལ་ཙམ་ལས་རང་ཉིད་ཀྱིས་ཚད་མར་འཛིན་རོགས།
༸གོང་ས་མཆོག་ནི།
ཨ་མདོའི་༸ལྷ་མོ།
ལྷ་སའི་༸རྒྱལ་དབང་།
རྡ་སའི་༸སྐྱབས་མགོན།
གོ་ལའི་འགོ་འཁྲིད།
སྲིད་གསུམ་དབང་སྒྱུར།
འཇིག་རྟེན་བྱེད་པོ།
རྒྱལ་བ་ཀུན་གྱི་ནི་གསུང་།
དམ་ཆོས་ཀུན་གྱི་ནི་དགོངས་པ།
དགེ་འདུན་ཀུན་གྱི་ནི་གྲོགས།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
བླ་མ་ཀུན་གྱི་ནི་ཐུགས།
ཡི་དམ་གྱི་ནི་དངོས་གྲུབ།
མཁའ་འགྲོ་ཡི་ནི་འཕྲིན་ལས།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
མི་ཡི་ནང་གི་ནི་ཕུད།
སྲིད་སྐྱོང་ནང་གི་ནི་མཆོག
ཆོས་པའི་ནང་གི་ནི་དཔེ།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
བོད་པའི་ནང་གི་ནི་སྙིང་།
རྒྱ་གར་ནང་གི་ནི་མགྲོན།
འཛམ་གླིང་ནང་གི་ནི་མགོན།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
ང་ཡི་ནི་བཤེས་གཉེན་མཆོག
དྲིན་ཅན་གྱི་ནི་ཕ་མ་
ཚེ་རིང་གི་ནི་བདག་པོ།
སྐུ་ཚེ་ནི་རིང་པོ་འོ།