རྨ་མགུར་སངས་རྒྱམ་གྱིས།
སྤྱི་ལོ་༢༠༡༢་ལོའི་ཟླ་༦་ཚེས་༢༤་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤་བ་ཡོལ་ཙམ་ལ་འབྲུག་ཡུལ་དུ་ལོ་ངོ་བཞི་བརྒྱ་རིང་གི་ལོ་རྒྱུས་ཡོད་པའི་དབང་འདུས་ཕོ་བྲང་མེ་ལ་ཤོར་ནས་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད། སྐབས་དེར་འབྲུག་ཡུལ་གྱི་མང་ཚོགས་བརྒྱ་ཕྲག་ཁ་ཤས་འདུས་འཛོམས་བྱུང་ནའང་མེ་གསོད་བྱེད་ཀྱི་ཆུ་དང་འཕྲུལ་ཆས་སོགས་གྲ་སྒྲིག་ཡག་པོ་མེད་པས་ཐབས་ཤེས་གང་ཡང་བྱུང་མེད་པར་མ་ཟད། དེའི་དུས་སུ་རླུང་ཤུགས་ཆེན་པོ་བྱུང་བ་ལ་བརྟེན་ནས་མེ་སྟོབས་ཆེ་རུ་ཕྱིན་པ་དང་མེ་སྐྱོན་དེ་ཆུ་ཚོད་༥་རིང་ལ་འབར་པས་རྩ་ཆེ་བའི་ལོ་རྒྱུས་ཀྱི་ཤུལ་རྫས་མང་བོ་འཕྲོ་བརླག་ཏུ་ཕྱིན་པ་དང་རྫོང་གི་ལས་ཁུངས་མང་བོ་ལ་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད། ཐོག་མར་མེ་སྐྱོན་དེ་རྫོང་ཁག་གི་ཡིག་ཚང་གི་ནང་དུ་བྱུང་ཡོད་ནའང་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་གསལ་བོ་ད་དུང་ཤེས་ཀྱི་མེད། མེ་སྐྱོན་བྱུང་བའི་ནང་དུ་མི་ལ་འཆི་སྐྱོན་བྱུང་མེད་ཀྱང་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་བྱུང་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། དེ་རིང་འབྲུག་རྒྱལ་བོ་དང་ནང་སྲིད་བློན་ཆེན་ལ་སོགས་གནས་འདིར་གཟིགས་སྐོར་དུ་ཕེབས་པའི་སྐབས་སུ་ད་ཐེངས་ཀྱི་ཆག་སྒོ་འདི་ནི་འབྲུག་རྒྱལ་ཁབ་དང་མི་དམངས་ཀྱི་གྱོང་གུན་ཆེ་ཤོས་ཡིན་པར་འགྲེལ་བརྗོད་བྱས་ཡོད། དབང་འདུས་ཕོ་བྲང་རྫོང་ནི་བོད་ཀྱི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་ཡུལ་དབང་བསྒྱུར་བྱེད་པའི་སྐབས་སུ་སྤྱི་ལོ་༡༦༣༨་ལོར་གསར་བཞེངས་གནང་ཞིང་འབྲུག་ཡུལ་གྱི་རྫོང་ཁག་རྙིང་ཤོས་གསུམ་པ་དེ་ཆགས་ཡོད། ཁ་སང་དབང་འདུས་ཕོ་བྲང་ལ་མེ་སྐྱོན་བྱུང་བའི་རྐྱེན་གྱིས་སང་ཉིན་འབྲུག་རྒྱལ་ཡོངས་སུ་མྱ་ངན་གྱི་ངལ་གསོ་གུང་སེང་འཇོག་རྒྱུ་ཡིན་པ་རེད།
ནམ་རྒྱུན་འབྲུག་པ་དེ་ཚོ་མགོ་བདེ་པོ་ཞེ་དྲག་རེད། ལྷག་པར། ང་ཚོ་བོད་མི་ཚོའི་ཐོག་དྭོགས་པ་ཆེ་བ་དང་། ཞེ་འཁོན་ཡོད་པ་ལྟ་བུའི་བྱེད་སྟངས་ཁ་ཤས་བྱུང་ཡོད། དེ་ཐེངས་མེ་ཡི་འཇིག་པ་དེ་ལ་བྱ་རྒྱུ་ཅི་ཡང་མེད་པ་ནི་ལས་འབྲས་ཆུང་ཆུང་ཞིག་རེད་འདོད།
མེས་འཚིག་ན་ངན་ཡང་། མེས་འབར་ན་བཟང་ཞེས་ཤོད་སྲོལ་ཡང་ཡོད་པས། རྐྱེན་ངན་གྲོགས་ཤར་གྱིས་རྒྱལ་ཁབ་ཀྱི་རླུང་རྟ་འབར་བར་སྨོན་ལགས།
ཉིན་ཤས་སྔོན་ལ་རྒྱ་མི་སྲིད་བློན་་དང་འབྲུག་གི་བློན་ཆེན་གཉིས་་ཐུག་འཕྲད་་བྱུང་ཡོད་པའི་གནས་ཚུལ་ཐོས་སོང་།གནས་ཚུལ་དེ་ལ་རྟེན་ནས་ལྟས་ངན་པ་དེ་བྱུང་བ་རེད།
དབང་འདུས་ཕོ་བྲང་ལ་མེ་ཤོར་བ།
འདི་ནི་སྐྱེ་འགྲོའི་རྒུད་ཉམས་ཞིག་དང་། ཆོས་རིག་གཅིག་པ་འབྲུག་གི་སྤུན་་ཟླ་ཚོར་སེམས་གསོ་ཡོད། མི་མ་ཤི་ན་ཨོ་ཙམ་རེད། སེམས་ཅན་སུ་ལའང་སྡུག་པོ་མི་ཡོང་ཤོག འདི་ནི་ངེད་བོད་པ་ཚང་གི་ཟོར་མེད་ཡིན།
འདི་ནི་སྐྱེ་འགྲོའི་རྒུད་ཉམས་ཞིག་དང་། ཆོས་རིག་གཅིག་པ་འབྲུག་གི་སྤུན་་ཟླ་ཚོར་སེམས་གསོ་ཡོད། མི་མ་ཤི་ན་ཨོ་ཙམ་རེད། སེམས་ཅན་སུ་ལའང་སྡུག་པོ་མི་ཡོང་ཤོག འདི་ནི་ངེད་བོད་པ་ཚང་གི་ཟོལ་མེད་ཡིན།
བོད་རིགས་རྣམས་ཀྱིས་རང་སྲེགས་གཏོང་གི་ཡོད་མོད་ཀྱང་འབྲུག་ལ་དེའི་དྲོད་རླབས་གང་ཡང་མ་བྱུང་བར་མུ་མཐུད་རྒྱ་དམར་གྱི་རྗེས་འབྲང་བྱས་རྐྱེན་བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་ངེས་ཅན་ཡོད་པའི་ཕོ་བྲང་དེ་ཡང་ད་རིམ་བཞིན་འབྲུག་ཡུལ་ནས་མེད་པར་འགྱུར་བ་རེད། དེ་ནི་བོད་འབྲུག་གི་རིག་གཞུང་གི་འབྲེལ་ལམ་ཁ་བྲལ་བའི་རྟས་དང་པོ་རེད།
གནའ་བོའི་བོད་མིའི་ཕྱག་རྩལ་ལས་འཁྲུངས་པའི་མཁར་རྫོང་དེ་ཉིད་མེ་ལྷའི་ཞལ་དུ་ཐིམས་པ་ནི་ངེད་བོད་པའི་འཛུགས་སྐྲུན་རིག་གནས་ཀྱི་ཆ་ནས་བཤད་ན་གྱོང་གུན་ཆེན་པོ་ཞིག་རེད། འབྲུག་ཡུལ་གི་གངས་ཅན་པ་ཡོངས་ལ་མཚམས་འདྲི་ཡོད།།
རྒྱ་ནག་དང་འབྲུག་ཡུལ་གྱི་སྲིད་བློན་གཉིས་ལོ་རྒྱུས་ཐོག་ཐེངས་དང་བོར་ཐུག་འཕྲད་བྱས་པའི་སྐབས་སུ་བོད་དང་ཐེ་ཝན་གྱི་གནད་དོན་སྐོར་ལའང་གྲོས་མོལ་བྱས་པ་རེད་ཟེར། དེ་ནི་རྒྱ་ནག་གི་གཡོ་སྒྱུ་ཞིག་ཡིན་པ་ལས་རྒྱལ་ཁབ་གཉིས་བར་ལ་ཁེ་ཕན་དང་འབྲེལ་བ་གང་ཡང་མེད། བོད་དོན་རྣམས་བོད་ཀྱི་སྐུ་ཚབ་དང་གྲོས་མོལ་གནང་དགོས་པ་རེད།
ཨེ་མ་ཧོ༔
བོད་ཀྱི་མི་ལ་མེ་འབར་དུས༔
འབྲུག་གི་མཁར་ལ་མེ་འབར་དུས༔
ཉི་ཟླར་གཟའ་འཛིན་མང་བའི་དུས༔
འཛམ་གླིང་ཆག་སྒོ་སྣ་ཚོགས་འོང༔
ཨོ་རྒྱན་བླ་མར་གསོལ་བ་ཐོབས༔
འཆི་གྲབ་བྱོས་ཤིག་བོད་འབངས་རྣམས༔
ཁྲག་འཐུང་གླིང་བའི་དགོངས་ཀློང་ལས༔
བརྡ་རིས་དུས་སུ་ཕབ་འདིར་ལྟོས༔
གོ་དྲུག་ལོར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་སྟག་ཚང་དགོན་པ་དང་ད་ཐེངས་དབང་འདུས་ཕོ་བྲང་མེ་སྐྱོན་ཤོར་བ་གཉིས་འབྲུག་ཡུལ་ལ་མཚོན་ན་ལྟས་ངན་པ་དང་གོད་ཆག་ཅིག་རེད། ཉིས་སྟོང་བཅུ་གཉིས་ལོའི་ས་ཡོམ་དང་ཆུ་འཇིག་དང་མེ་འཇིག་ཡོང་རྒྱུར་ཚང་མས་དོགས་ཟོན་གནང་གལ་ཆེ།
བཙན་པོའི་བུ་ལགས་་མི་ངན་ཁྱེད་ཀྱིས་བསམ་ངན་དེ་སེམས་ལ་དྲན་འང་མི་ལ་བཤད་ཕོད་པ་ཐབས་སྐྱོ་པོ་རེད་་་ང་རང་བོད་པ་ཚོའི་ཕོ་བྲང་པོ་ཏ་ལ་ལ་གནས་ཚུལ་དེ་འདྲ་བྱུང་བ་ཡིན་ན་སོ་སོ་སེམས་ལ་གང་འདྲ་ཡོང་ས་རེད་་་དེ་བསམ་ནས་མི་ལ་དེ་འདྲའི་སེམས་ནག་བསམ་ངན་བྱེད་པ་ཧ་ཅང་ཐབ་སྡུག་རེད་། ག་དུས་ཡིན་ཡང་སེམས་ངན་བྱེད་མི་རུང་བ་ཞུ་
འབྱུང་བཞིའི་རང་བྱུང་གནོད་ཚེ་ནི།།
ཁོར་ཡུག་གཏོར་བའི་སྐྱོན་དང་གཅིག །
བདེ་འཇགས་ལྷོད་གཡེངས་ཤོར་དང་གཉིས།།
སྤྱི་མཐུན་བསོད་ནམས་རྒྱུ་དང་གསུམ།།
ལྷན་གཅིག་གྲངས་ཚང་རྒྱུ་རྐྱེན་ལས།།
བྱུང་བ་ཐེ་མི་ཚོམ་པས་ན།།
དེ་ལ་འོལ་ཚོད་གཏམ་སྨྲ་ཞིང་།།
ཁྲག་འཐུང་གླིང་བའི་དགོངས་ཀློང་ནས།།
བརྡ་རིས་འབེབས་པ་གད་མོའི་གནད།།
གལ་ཏེ་བརྡ་རིས་འབེབས་ཐུབ་ན།།
༸པཎ་ཆེན་ངོ་མ་གང་མཆིས།།
བོད་མིའི་རང་དབང་ནམ་ཞིག་རེག།།
གཞི་བྱེས་ཀུན་འཛོམས་ག་དུས་ཡོང་།།
ཆ་ཤས་ཙམ་དང་ལོ་ཟླ་ཙམ།།
བརྡ་རིས་མི་འབེབས་སུ་ཡིས་བཀག །
ཉིས་སྟོང་བཅུ་གཉིས་གློག་བརྙན་ལྟར།།
འགྲོ་བ་སྡུག་ལ་མ་སྦྱོར་ཨང་།།
མངོན་ཤེས་ཡོད་ན་འཕྲལ་དུ་ཤོད།།
མེད་ན་གང་བྱུང་གཏམ་ངན་འཛེམས།།
རང་གཞན་ཀུན་ལ་འཕྲལ་ཕུགས་དགེ།།
མནའ་བོའི་ཕོ་བྲང་མེས་འཇིག་པ་ལ་བློ་ཕམ་ཡོད། འབྲུག་རྒྱལ་འབངས་ཚང་མར་གདུང་སེམས་མཉམ་སྐྱེད་དང་། ད་དུང་ལྷག་ལུས་ཕོ་བྲང་རྙིང་དེ་ཚོར་གཟབ་འཚལ།
དཔལ་ལྡན་འབྲུག་པ་རྒྱལ་ལོ།།
འབྲུག་པའི་བློན་པོས་བོད་རྒྱ་ཁུང་ཡིན་པར་ངོས་ལེན་བྱས་ན་དེ་རྗེས་རྒྱ་མིའི་བློན་པོས་འབྲུག་ཡོད་ཁུངས་ཡིན་པ་ར་སྤྲོད་བྱས་འོངས། གཟབ་གཟབ་བྱོས། སྤྱང་པོ་གྱིས། འདི་ནང་གཏམ་ཡིན།
སྔོན་མ་བདུན་བཅུ་དོན་གྲངས་ནང་བོད་རིགས་སྐྱབ་བཅོལ་བ་ཉམ་ཐག་རྣམས་ལ་འབྲུག་པས་རོགས་པ་བྱེད་རྒྱུ་ཕར་བཞག་ནས་མི་ཁ་ཤས་ཀྱིས་བྱེད་སྟངས་ནོར་བ་ལ་བསྟེན་ནས་བོད་རིགས་མང་པོར་བཙོན་ཁང་ནང་དུ་བཅུགས་པ་དང་། བསམ་ཡུལ་འདས་པར་གཟུགས་པོ་ཁ་སྦུབ་ཏུ་བཞག་ནས་ཨོང་ཤ་དང་རྒྱབ་གཞུང་རྣམས་སུ་ལྕགས་སྲེག་ཚ་གནོན་གཏུགས་པ་དང་། རྐང་ལག་རྣས་ཀྱི་སེན་བར་དུ་སྨྱུག་གཤགས་དྲངས་པ་སོགས་སྙིང་རྗེ་མེད་པར་བོད་པར་སྡུག་པོ་གཏང་བའི་འབྲས་བུ་རང་རེད།
སྣྲོན་ངག་འཁྲི་ལགས། ཁྲག་མཐོང་གླིང་བའི་དགོངས་ཀློང་ལས།། བརྡ་རིས་འབེབ་ལ་དགོད་མི་དགོས།། ཁོང་གིས་ནམ་རྒྱུན་ལུང་བསྟན་ཡོད།། འོན་ཅང་ཁྱོད་ཚོས་སྣང་མེད་བཞག། མཁྱེན་དཔྱོད་ཆེ་བའི་པཎ་ཆེན་པཎ་ཆུང་ནི།། བི་མ་མི་ཌ་ཀུན་དགའ་རྒྱལ་མཚན་སོགས།། རྒྱ་བོད་ཀུན་ཏུ་བྱོན་དང་འབྱུང་འགྱུར་མང་།། ཆབ་སྲིད་པཎ་ཆེན་གཉིས་ཀ་རྒྱའི་ལག་ཡོད།། བོད་ལ་རང་དབང་ཐོབ་དུས་མེད་པར།། ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ། གཞི་བྱེས་ཉམས་འཛོམས་འོང་པའི་དུས་སྐབས་ནི།། རྒྱ་ལ་མགོ་བཏག་བྱེད་པའི་ཉིན་མོ་ཡིན།། ཆ་ཤས་ལོ་དང་ཟླ་བ་ལ།། བརྡ་རིས་ཕབས་པ་ཉུང་ཉུང་མིན།། འདི་ལ་གློག་རྙན་ལྟར་མོས་ནས།། ད་ལྟའི་ལས་འདི་མགོ་ལ་ལྷུང་།། ས་མ་ཡ༔
རྫོང་འདི་མེ་ལ་མ་ཚིག་པའི་ཉིན་ཤས་སྔོན་འབྲུག་གི་བློན་ཆེན་ཞིག་ནས་རྒྱ་དམར་སྲིད་བློན་གྱི་ཁྲག་ལག་ལ་འཇུས་སོང་བས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་འཁྲུག་པ་ཡིན་རྒྱུ་རེད།
ཧ་ཧ། དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་། ཀྱེ་མ་ཀྱེ་ཧུད། ལག་པ་གཏོང་ས་གནོད་མ་སྐྱེལ། གཏོང་མཁན་ལ་ཆད་པ་བཅད། འདི་ཚོའི་མིག་ཡ་གཅིག་སྐྱོན་ཤོར་ཡོད་པ་འདྲ།
མི་གཉིས་རྨས་ཡོད་ན་མྱུར་དུ་དྲག་པོ་ཤོག དེ་མིན་ཁང་པ་དང་རྒྱུ་ཏོག་ཙམ་མེས་ཚིག་པ་ལ་སེམས་སྐྱོ་དགོས་དོན་མི་འདུག གནོད་འཚེ་ཆུང་ཆུང་རེད།
ཨ་ཁ་ཁ་་་་་་་འབྲུག་ཡུལ་དུ་མེ་རྐྱེན་བྱུང་བ་ད་རེས་དང་ཐོག་མ་རེད། ལྷག་དོན་དུའང་དབང་འདུས་ཕོ་བྲང་རྫོང་དུ་མེ་རྐྱེན་ཐེངས་མང་པོ་བྱུང་ཡོད་རེད། ད་ཐེངས་ཀྱི་འདི་ཐེངས་བཞི་པ་ཡིན་ས་ཡོད། དེ་ཡིན་དུས་བོད་མིའི་ལག་རྩལ་ལས་བྱུང་བ་དེ་སྔར་ནས་ཡལ་ཚར། ད་ལྟ་མཇལ་དུ་ཡོད་པའི་རྫོང་དང་ལྷ་ཁང་རྣམས་སྔར་བོད་པའི་བླ་མ་ག་གེ་མོ་ཞིག་གིས་ཞལ་བཀོད་གནང་སྟེ་བཞེངས་ཡོད་ན་ཡང་བཞེངས་མཁན་ནི་འབྲུག་པ་རང་ཡིན་པས་འབྲུག་པའི་ལག་རྩལ་ལས་བྱུང་བ་མ་གཏོགས་བོད་པའི་ལག་རྩལ་ལས་བྱུང་བ་མ་རེད། བོད་རིགས་རྣམས་འབྲུག་པ་ལ་ཕྲག་པ་དོག་མི་དགོས། བོད་རིགས་ཀྱིས་བསྐྲུན་པའི་ཁོར་ཡུག་ལ་འབྲུག་པས་སྤྱོད་ཀྱིན་འདུག་བསམ་ན་དེ་ནི་ནོར་བ་རང་རེད། གདུང་སེམས་མཉམ་བསྐྱེད་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ། སྙིང་ཚིམས་པའི་རྣམ་འགྱུར་སྟོན་དགོས་ན་དེ་ལས་ལྷག་པ་ཞིག་འབྲུག་པས་སྟོན་རྒྱུ་རེག་ངེས་ཡིན་པས་སྙིང་ཚིམས་པའི་རྣམ་འགྱུར་སྟོན་མཁན་རྣམས་གཟབ་གཟབ་བྱོས།
འབྲུག་རྒྱལ་ཁབ་འདི་ནི་བོད་པའི་ཆོས་དང་འབྲེལ་བའི་ནང་པའི་རྒྱལ་ཁབ་ཅིག་ཡིན་རུང་། ང་ཚོའི་བོད་ཀྱི་རྒྱལ་ཁབ་དེ་རྒྱ་ནག་གིས་བཙན་འཕྲོག་བྱས་དུས་གདུང་སེམས་མཉམ་སྐྱེད་བྱེད་རྒྱུའི་ཚབ་ལ། འབྲུག་ནང་བྲོས་བྱོལ་དུ་ཕྱིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྒལ་པར་ཨུ་ཏིས་རྒྱབ་པ་དང་། ད་དུང་འབྲུག་གི་མི་སེར་མ་བྱེད་པ་རྣམས་རྒྱ་གར་དུ་བཙན་ཕུད་བྱས་ཡོད་པ་མ་ཚད་༧ གོང་ས་མཆོག་ཡུལ་དེར་གདན་ཞུ་གནང་མྱོང་མེད་ལ་ ཀརྨ་པ་གོང་མའི་བསྟན་པ་ཤུགས་ཆེར་དར་ཡོད་རབས་བཤད་ཀྱང་ཡང་སྲིད་རིགས་པའི་རྡོར་རྗེ་ཡང་གདན་ཞུ་བྱེད་མེད་པའི་ཐོག་ ད་ལྟའི་ལྟས་ངན་བལ་པོའི་རྒྱལ་ཁབ་ཀྱི་རྗེས་སུ་འབྲངས་ཏེ་ རྒྱ་ནག་གཞུང་གི་དཔོན་པོ་འབྲེལ་ལམ་དམ་ཟབ་ཀྱིས་བོད་དེ་རྒྱ་ཁུངས་ཡིན་པར་ཟོལ་རྫུན་གྱིས་ངོས་ལེན་བྱས་པའི་འབྲས་བུ་མི་རབས་མང་པོའི་ནང་བསྟན་གཙོ་གནད་བཞུགས་སའི་ལྷ་ཁང་ཆེན་པོ་འདི་མེ་ལྷས་ཟས་པ་འདི་ཡག་རྟགས་ཤིག་གཏན་ནས་མིན་པས་ མྱུར་དུ་རྒྱ་ནག་གཞུང་ལ་གཏོར་རྒྱག་ཅིག་མ་བྱེད་ན་ ད་དུང་མུ་མཐུད་རྒྱུ་ཉེན་ཁ་ཤིན་ཏུ་ཆེན་པོ་རེད།། འོ་རེད་ སྤུན་ཟླ་རྣམས་ནས་ཐུགས་འཕྲལ་བྱེད་རིན་མེད་ལ་དེ་ལས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཆེ་ཆུང་ལ་མ་ལྟོས་པར་ཁྱབ་སྒྲགས་སམ་ཅི་འཇོན་གྱིས་ཐུགས་ཁུར་བྱེད་ན་ལེགས་ཤོས་རེད་བསམ།།
ལྷ་འདྲེ་གདོན་གེགས་བཤད་ནས་ཅི་ཞིག་ཕན།།
ངོས་མཐོང་བདེན་པའི་གནས་ཚུལ་མཐོང་ནས་ཀྱང།།
དེ་ལ་མི་བསམ་སེམས་རྒྱུད་འཁྲུགས་བྱེད་པའི།།
རྨོངས་པའི་སྐད་ཆར་འཇུག་པ་ཅིའི་ཕྱིར་ཡིན།།
འབྲུག་ཡུལ་གྱི་རྩ་ཆེའི་རྟེན་རྙིང་སོགས་ཕྱི་གླིང་མགོ་སེར་ཚོས་རྐུན་མ་བརྒྱབ་པ་ཕུད་འབྲུག་ཏུ་ལོ་རྒྱུས་ཀྱི་གོད་ཆག་འདྲ་བྱུང་མེད་ངེས་པས་ད་རེས་དངོས་གནས་གོད་ཆག་ཆེན་པོ་བྱུང་ཡོད་ངེས་རེད།
དབང་འདུས་ཕོ་བྲང་ནི་འབྲུག་ཡུལ་གྱི་རྒྱལ་ས་གཉིས་པ་ཡིན་པ་དང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ཐོག་མར་གསར་བཏོད་གནང་ཞིང་དབང་བསྒྱུར་བྱེད་པའི་སྲིད་འཛིན་གྱི་ལྟེ་བ་ཞིག་ཀྱང་ཡིན་པ་རེད། དེའི་ཚོམས་ཁང་གི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་གུ་རུ་རིན་པོ་ཆེ་དང་ཞབས་དྲུང་མཆོག་གི་སྐུ་འདྲ་མང་པོ་དང་ལོ་རྒྱུས་ཀྱི་ཤུལ་རྫས་མང་བོ་ཡོད་པས་ད་རེབ་ཀྱི་མེ་སྐྱོན་གྱིས་དེ་དག་གང་འདྲ་བྱུང་ཡོད་དམ། ད་ལོ་མེ་སྐྱོན་ལ་གཟབ་དགོས་པ་ཞིག་ཡིན་པ་ནི། ཉེ་ལམ་ཀ་ལུ་ཀ་ཏ་གྲོང་ཁྱེར་དུའང་མེ་སྐྱོན་ཆེན་པོ་ཤོར་བར་མ་ཟད། རྒྱ་གར་གྱི་མ་ཧ་ར་ཤེ་ཀྲི་ར་མངའ་སྡེ་སྲིད་གཞུང་གི་ལས་ཁུངས་ཚང་མ་ཡང་མེ་སྐྱོན་ཤོར་བ་རེད།
ཁ་སྔོན་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་བྱས་ཏེ་འབྲུག་ནང་ཟམ་པ་ཁང་པ་གསར་རྒྱག་གི་ལས་ལ་རོགས་རམ་ཆེན་པོ་བྱ་རྒྱུ་ཡིན་སྐོར་བཤད་སོང་ང་། དེ་བས་ཕོ་བྲང་རྙིང་ཀོག་དེ་ཚོར་མེ་ཕོག་པ་ཡིན་རྒྱུ་རེད་པ།
གནའ་དངོས་རྩ་ཆེན་རེ་མེ་ལྷའི་ཞལ་དུ་ཤོར་བ་ཡོད་སྐྱོ། དེ་མིན་འབྲུག་ནང་མི་འགྱངས་བར་རྒྱ་ནག་གི་ཁྲ་ཁྲ་ཟང་ཟིང་གི་ལས་གཞི་ཞིག་འགོ་བརྩམ་རྒྱུ་རེད་འདོད།
ཨོ་རེད། ཏག་ཏག་འབྲུག་གི་ཕོ་བྲང་རྙིང་པ་མེར་ཤོར་བ་དང་རྩ་ཆེའི་རིག་དངོས་མེདབརླག་གི་གོད་ཆགས་བྱུང་སྐབས་འདིར་སྟབས་བསྟུན་ལྟར་དུ་མཆན་བུ་འགའ་རེས་སྙིད་ནད་སློང་གིན་འདུག་ག དེ་ཚོ་ཡག་པོ་མ་རེད། སྔར་བྱས་དེ་འདྲ་ཡིན་ཀྱང་ད་དུང་ཡང་བོད་མི་མང་པོ་ཞིག་འབྲུག་ཏུ་སྐྱབས་བཅོལ་ཏེ་འཚོ་བཞིན་ཡོད་ལགས་ན་དེ་ཚོར་གནོད་ཉེན་གྱི་སྐད་ཆ་དང་། འབྲུད་མཐུན་འབྲེལ་ལ་གནོད་པའི་རྒྱག་གཏམ་གོ་མི་ཆོད་པ་དེ་ཚོ་མ་བཤད་བཟང་གི་སྙམ། དངོས་གནས་འབྲུག་པས་བོད་མི་སྐྱབས་བཅོལ་བར་སྡུག་ཕབས་སྟངས་སོགས་གཡག་ཞར་གྱིས་རྩྭ་ཟོས་ལ་ལྟ་བུ་མ་ཡིན་པར། གསལ་གསལ་ཐང་ཐང་རེ་བཤད་རྒྱུ་ཡོད་ན་དེ་ཚོད་ཀྱིས་ཁ་གསལ་དོན་གོ་ཆོད་པའི་རྩོམ་ཡིག་དོན་ལྡན་རེ་བྲིས་ན། བོད་འབྲུག་གཉིས་ཕྱོགས་ནས་དགེ་སྐྱོན་ཅི་ཡིན་དང་ལེགས་སྤེལ་ཉེས་འགོག་གི་རྒྱུ་རུ་འགྱུར་ངེས་ན། དེ་དོན་ཐུགས་འཇགས་འཚལ། གཞན་བཤད་རྒྱུ་ཅང་མེད་ཡ།
འབྲུག་ནས་བོད་པ་འགའ་ལ་སྒལ་ཚིགས་ལ་ཨུ་ཏིས་རྒྱབ་དགོས་དོན་ཤེས་དགོས་ནི་རེད། དྲ་གྲོགས་རྣམས། རྒྱལ་ལོ་དོན་གྲུབ་ལ་སྐད་ཆ་ཞིག་དྲིས་དང་ཞིབ་ཕྲ་བཤད་ཡ་ཡོད་ནི་རེད།
འབྲུག་རྒྱལ་ཁབ་སྡུག་ནི་ཞིག་མ་རེད། དེ་ནི་བོད་པས་འབྲུག་ལ་སྲིད་ཇུས་ངན་པ་བྱས་པའི་འབྲས་བུ་སྒལ་ཚིགས་ལ་ཨུ་ཏིས་ཕོག་ནི་ཞིག་རེད།
བོད་ཆེན་པོའི་ཁུངས་གཏོགས་འབྲུག་ཡུལ་ལ་མེ་སྐྱོན་བྱུང་བས་བོད་ཀྱི་རིག་གཞུང་རྩལ་ལས་གྲུབ་པའི་དངོནས་རྫས་རྣམས་མེད་པར་སོང་བ་བློ་ཕམ་ཆེ་བ་རྩི་དགོས་ཀྱང་། དེ་ལས་ལྷག་པའི་བློ་ཕམ་དགོས་པ་ནི་བོད་ཆེན་པོའི་ཕྱི་ནང་ཡོངས་ལ་རང་གི་སྐད་དང་རིག་གཞུང་དག་ཆེས་ཆེར་ཉམས་འགྲོ་བ་ལ་སུས་ཀྱང་དོ་སྣང་མེད་པ་དེ་ལ་ཡི་མུགས་དགོས་པ་མ་ཡིན་ནམ།
ཨ་ཁ་གདུང་སེམས་མཉམ་བསྐྱེད་ཡོད།
འབྲུག་ཡུལ་ནི་མཛེས་ཤིང་ཡིད་འོང་པའི་ཡུལ་ལུང་ཞིག་ཡིན་ཅིང་ད་བར་ཚན་རིག་གིས་གཡོ་ཁྲམ་གྱི་མ་བསླད་པའི་དུས་རབས་ཉེར་གཅིག་གི་རྒྱལ་ཁབ་ཞིག་ཏུ་གནས་པ་ནི་ངོ་མ་ངོ་མཚར་གྱི་གནས་ཤིག་རེད། ཁོར་ཡུག་གི་ཆ་ནས་ཀྱང་བདག་གཅེ་བཟུང་པའི་གཏམ་གོ་ཐོས་བྱུང་བས་ཁྱེད་ཚོས་འཛམ་གླིང་གི་ཁོར་ཡུག་ལ་དོ་སྣང་དང་སྲུང་སྐྱོབས་གནང་བར་ཐུགས་རྗེ་ཆེ་ཞུ།
འབྱུང་བའི་འཇིག་པ་ལ་སྟོབས་ཆེན་ཨ་རི་ཡིན་ནའང་སྐྱོབས་ཐབས་མེད་པའི་གནས་ཚུལ་ཞིག་ཡིན་པས་འབྲུག་གིས་ལེན་པ་གང་ཡང་མེད།
ཡིན་ནའང་ངས་འབྲུག་ལ་འགྲོ་མྱོངས་མེད་པས། མི་ཚོས་ཟེར་ན་འབྲུག་ཡུལ་ནི་ལྷ་ཡུལ་ངོ་མ་རེད་ཅེས་ཤོད་ཀྱི་འདུག
ཉིན་ཅིག་འབྲུག་པ་ཀུན་ལེགས་ཀྱིས་བྱེད་བྱས་གང་ཡོད་ལྟད་མོ་བལྟ་རུ་འགྲོ་འདོད་སེམས།
ད་ཐེང་གི་འབྱུང་འཇིགས་ཀྱིས་རྩ་ཆེ་བའི་དངོས་རྫས་རྣམས་ཚངས་སྟངས་མེ་ཡི་ཧོམ་ཞལ་ཏུ་བཏིམས་པ་གདུང་སེམས་མཉམ་བསྐྱེད་ཞུ་བ་མ་ཟད། འབྲུག་རྒྱལ་ཁབ་འདི་བཞིན་སྔར་ལས་བདེ་སྐྱིད་ཕུན་སུམ་འཚོགས་པའི་སྨོན་འདུན་ཞུ།
ཁ་བའི་རྡུལ་བརྩེགས་ཀྱིས་བཤད་པ་དེ་བདེན་པ་རེད། སྡོད་ས་སྟེར་ན་རྐྱོང་ས་འཚོལ་ཞེས་པའི་དཔེ་ལྟར་བྱས་པའི་ལས་ལོན་ཡིན་པ་ཚང་མས་མཁྱེན་པར་མཛོད། གང་ཟག་རེ་ཟུང་ལ་ཉེས་མེད་ཉེས་བརྡུང་བཏང་ཡོད་ན་ཐང་། གཞན་ཚང་མ་རང་གིས་ཉོས་པའི་ཉོས་ཆང་རང་གིས་བཏུང་པ་ཡིན་ཡིན་པ་རེད།
ཁ་བའི་རྡུལ་བརྩེགས་དང་གཡུ་འབྲུག་དཀར་པོ་གཉིས་ཉོན་ཅིག སྔོན་གྱི་གནས་ཚུལ་མ་ཤེས་ཤེས་མདོག་མ་བྱེད། གནས་ཚུལ་ངོ་མ་ནི་རྒྱལ་སྲིད་ཀྱི་ཕྱིར་དུ་འབྲུག་གི་རྒྱལ་སྲས་བར་གྱི་འཐབ་རྩོད་ནང་བོད་མི་ལག་པ་ཕྱིས་ས་བྱས་པ་ཡིན་པ་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་གསུངས་ཀྱི་ཡོད་རེད། འབྲུག་རྒྱལ་བཞི་པའི་ཕྱོགས་རྟོགས་ཀྱིས་འབྲུག་རྒྱལ་བཞི་པ་ལ་རྒྱལ་སྲིད་ཉེན་ཁ་མི་འབྱུང་བའི་ཕྱིར་དུ་ཆབ་སྲིད་ཀྱི་འཁྲབ་སྟོན་ཁྲོད་དུ་བོད་མི་ཚོ་ལ་དཀའ་ངལ་རྒྱ་དམར་འོག་གིས་གཉིས་པ་ཞིག་བྱུང་བ་རེད། ཁོ་བོ་མཚོན་ན་འབྲུག་དེ་རང་བོད་མི་ཚོ་དང་ཆོས་རིག་ཐམས་ཅད་གཅིག་ཡིན་པས་ཞེན་པ་ཡོད་མོད། ཁྱོད་གཉིས་ཀྱིས་བོད་མི་ཚོ་ལ་སྡུག་གཏད་པ་བོད་མིའི་ནོར་འཁྲུལ་དུ་བཤད་ཙང་ལོ་རྒྱུས་གསལ་བཤད་བྱེད་པ་ཡིན། དེས་ན་མ་འོངས་པར་རྒྱལ་སྲིད་ཀྱི་འཐབ་རྩོད་རྣམས་ང་ཚོས་དྲན་པ་དང་མཐོང་བ་ནང་བཞིན་ལས་སླ་པོ་མིན་པ་ཤེས་དགོས།
ང་འབྲུག་པ་ཞིག་ཡིན་ན་རང་ཡུལ་མེད་ཅིང་ལྟོ་གོས་ས་ཞིང་སྤྲོད་དེ་སྐྱིད་པོར་འཇོག་པའི་མི་ཚོས་བཀའ་དྲིན་བསམ་ཤེས་མེད་པར་རྒྱལ་ཁབ་ལ་འཚེ་བ་བྱེད་ན་ཨུར་ཏི་ཕར་ཞོག གསོན་པགས་ཤུས་ས་རེེད།
དཀོན་མཆོག་གིས་མཁྱེན། དབང་འདུས་ཕོ་བྲང་མེ་ལ་ཤོར་ཡང་་་་མི་དམངས་ལ་གནོད་སྐྱོན་མ་བྱུང་བ་དེ་ཧ་ཅང་གི་སྟབས་ལེགས་པ་རེད། འབྱུང་འགྱུར་སེམས་ཅན་སུ་ལ་ཡང་འབྱུང་བཞིའི་འཇིགས་པ་མེད་པར་ཤོག། དྲ་གྲོགས་ཚོ་སྐད་ཆ་བཤད་དུས་གཟབ་ཟབ་བྱ་དགོས་་་་འབྲུག་རྒྱལ་ཕོ་བྲང་མེ་ལ་ཤོར་བ་དེ་འབྲུག་རྒྱལ་པོས་རྒྱ་ནག་དང་འབྲེལ་བྱེད་པའི་རྐྱེན་གྱིས་རེད་ཟེ་ན་་་་འོ་ན་བོད་ནང་རང་ལུས་མེར་སྲེགས་དེ་ཡང་སྐུ་ཚབ་གཉིས་ནས་ད་བར་རྒྱ་ནག་འབྲེལ་བ་བྱས་པའི་རྐྱེན་གྱིས་ལྷ་ཀླུ་སོགས་ལ་ཕོག་ཐུག་སོང་བ་རེད་པས། །
རང་དབང་བས་ལེགས་པོ་བཤད་འདུག བོད་པ་ཚོ་ཁ་ཕྱིར་ལྟ་འབའ་ཞིག་རེད།
བོད་མི་རིགས་ཀྱི་གནའ་བོའི་ཤུལ་བཞག་གི་ཕོ་བྲང་ཞིག་མེ་ལྷའི་ཞལ་དུ་བསྟབས་པར་ཤིན་ཏུ་འཚེར།
ཡིད་ཕམ་པ་ལ་ཨང་།
ལོག་སྨྲ་ཚར་གཅོད་ལགས་་་ཁྱེད་འདྲ་བའི་སྐུག་པ་ཁ་བདེ་་འབྲུག་རྒྱལ་པོའི་བོད་ནང་བསྟན་པ་རོགས་པ་བྱེད་པ་
མཁན་།
ད་ལྟར་བར་དུ་འབྲུག་ནི་རྒྱལ་ཁབ་གཙང་མ་ཅིག་རེད་། ཆོས་སྲིད་ཆོ་མེད་ཀྱིས་
ཆོས་ལུགས་ལ་ས་དགེ་བཀའ་རྙིང་དབྱེ་བ་བྱེད་
རྒྱ་ཁབ་ཞིག་མ་རེད་། ནང་པའི་རྒྱལ་ཁབ་ཡང་དག་པ་ཞིག་རེད་
སྔོན་རྒྱལ་བའི་དབང་པོ་ཀརྨ་པ་ཞྭ་དམར་ནག་གཉིས་གཙོ་བོ་བྱེད་
པའི་བཀའ་རྒྱུད་པའི་བླ་ཆེན་རྣམས་དང་རྙིང་མ་གདུང་སྲས་དུལ་མགོ་མཁྱེན་རྩེ་
སོགས་་ལ་ཞབས་ཞུ་ཧ་ཅང་ཆེན་པོ་ཞུ་ཡོད་རེད་་མགོ་མ་འཚོལ་ན་གླེད་པ་མ་འདར་བ་ཞུ་
དངོས་ཡོད་གནས་ཚུལ་ཧ་གོ་བྱེད་ནས་བཤད་རོགས་.
མི་ཁྱེད་སྤྱིར་གཏང་མགོ་མ་འཚོལ་ལ་སྐད་ཆ་བཤད་མཁན་ཞིག་རེད་འདུག་
བཟའ་བཟའ་བྱེད་རོགས་
བོད་ལ་ཞེན་ཉོན་ཅིག། གནས་ཚུལ་མ་ཤེས་ཤེས་མདོག་བྱས་པ་ནི་ཁ་བའི་རྡུལ་བརྩེགས་དང་འུ་གཉིས་མ་ཡིན་པར་ཁྱོད་ཉིད་ཟད་དོ། །སྔོན་གྱི་གནས་ཚུལ་ལྟ་ཅི་ད་ལྟ་རང་ཉིད་ཀྱིས་བཤད་བཞིན་པ་ཡང་གང་ཡིན་ཤེས་ཀྱི་ཡོད་ཚོད་མ་རེད། ཁྱོད་རང་གིས་བཀོད་པའི་ “འབྲུག་རྒྱལ་བཞི་པའི་ཕྱོགས་རྟོགས་ཀྱིས་འབྲུག་རྒྱལ་བཞི་པ་ལ་རྒྱལ་སྲིད་ཉེན་ཁ་མི་འབྱུང་བའི་ཕྱིར་དུ་” ཞེས་པའི་ཚིག་འདི་ལ་གཅིག་ལྟོས་དང་། རྒྱལ་སྲིད་ལ་ཉེན་ཁ་བཟོ་མཁན་ཞིག་ཡོད་པར་སྟོན་མ་སོང་ངམ།
འདུག་ཀྱང་གཞན་ཡུལ་དུ་འདུག་ནས་ད་དུང་ཡུལ་དེའི་རྒྱལ་སྲིད་ལ་ཉེན་ཁ་བཟོ་ན་འབྲུག་པ་མ་ཟད་སུ་ཞིག་གིས་ཀྱང་ཆད་པ་གཅོད་ངེས། ཡིད་མ་ཆེས་ན་ད་ལྟ་ཁྱོད་རང་འདུག་སའི་གནས་དེའི་རྒྱལ་སྲིད་ལ་ཉེན་ཁ་བཟོ་ནས་ཚོད་ལྟ་གྱིས་དང་། ཁྱོད་ཀྱི་གནས་སྟངས་གང་འདྲ་ཞིག་འབྱུང་མིན་ངས་རྒྱང་ལྟ་བྱེད་ནས་འདུག
ཕོ་བྲང་མེ་ལ་ཤོར་བ་བློ་ཕམ་དང་སེམས་གསོ་ཡོད།
འོན་ཀྱང་ད་ཐེངས་ཀྱི་རྒྱ་མི་དང་ངན་པ་ལག་འབྲེལ་བྱེད་སྟངས་འདིས་འབྲུག་པས་ཀྱང་ཇག་པོ་ལ་བསུ་མ་བྱེད་ཀྱི་འདུག་ག་བསམ་སོང་། ད་དུང་ལོ་འགའ་ཤས་སྒུག་དང་
རྒྱ་མི་བོད་པ་ལ་ཇག་པ་ཡིན་མོད། འབྲུག་པ་ལ་ཇི་ལྟར་ཡིན། བོད་པ་ཧམ་ཆེན་ཚོར་བོད་པའི་དགྲ་བོ་ཚང་མའི་དགྲ་བོ་དང་། བོད་པའི་གྲོགས་པོ་ཚང་མའི་གྲོགས་པོ་ཡིན་དགོས་འདུག འདི་ཧམ་པ་ཚ་བས་ལན། ཨུར་ཏི་དགོས་ངེས་རེད་འདུག
འབྲུག་རྒྱལ་ཁབ་ལ་ཆོས་ལུགས་ཕྱོགས་རིས་ཡོད་གི་མ་རེད་གང་ཡིན་ཟེར་ན་དགེ་ལུགས་པ་མེད་དུས་ཆོས་ལུགས་ཕྱོགས་རིས་འབྱུང་གི་མ་རེད། དགེ་ལུགས་པ་ཡོད་སའི་ལུང་པ་ཞིག་ཡིན་ཕྱིན་ཆོས་ལུགས་ཕྱོགས་རིས་ཡོད་ཡོད་པ་རེད།
ད་ཕན་དགེ་ལུགས་ལ་ཕྱོགས་རིས་འབྱུང་རྐྱེན་དེ་གཙོ་བོ་སྲུང་མས་རྐྱེན་བྱས་པ་འདྲ། གཞན་ལ་ལྟ་ཅི་སྨོས་དེང་སང་ནང་འགལ་ལ་ལྟོས་དང་། མ་འོང་པར་ཕྱོགས་རིས་ཇེ་ཆུང་དུ་འགྲོ་བའི་རེ་བ་ཡོད།
ང་རང་འབྲུག་པ་མིན་ཡང་འབྲུག་གི་ཆོས་དང་རིག་གཞུང་འཁོར་ཡུག་བཅས་ལ་དམིགས་བསལ་བརྩེ་བ་དང་ཡུན་དུ་གནས་པར་སྨོན་འདུན་ཡོད། གང་ལགས་ཞེ་ན། དེང་སངས་འཛམ་གླིང་གི་སྐྱེ་འགྲོ་མང་པོར་འབྲུག་ཡུལ་གྱིས་སྤྲོ་སྣང་སྦྱིན་ཐུབ་པ་དེའི་རྒྱུ་རྐྱེན་བོད་བརྒྱུད་ཀྱི་ཆོས་རིག་གི་གཟི་དཔལ་ཅུང་ཙམ་མ་ཡལ་བ་གནས་ཐུབ་པར་ཐུག་ཡོད། དེ་ནི་མོན་ཡུལ་ལ་འཕྲོས་པའི་བོད་ཀྱི་གཟི་དཔལ་ཏེ། ད་དུང་ཡང་མི་ཉམས་ཡུན་དུ་གནས་པར་སྨོན།
བཟབ་བཟབ་གྱི་ན་མ་ཏོགས་རྒྱ་འདྲེ་ལ་ཡིད་ཆེས་རྩ་བ་ཉིད་ནས་མེད་་་་
མ་གཞི་ཕྱོགས་རིས་དེ་དགེ་ལུགས་གཅིག་པུ་མིན་པ་འདྲ། ཀཾ་ཚང་ལ་ལྟོས་དང་། ནང་ནང་དང་། ང་ཆེ་ཁོ་ཚོ་ཆུང་སོགས།
འབྲུག་རྒྱལ་ཁབ་ན་ཡོད་པའི་དབང་འདུས་ཕོ་བྲང་མེའི་འཇིག་པ་དེ་བོད་ལ་གྱོང་གུན་ཚབ་ཆེན་ཕོག་པ་ཞིག་རེད་བསམ་གི་གང་ཡིན་ཟེར་ན་བོད་ཀྱི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བཞེས་པ་ཞིག་རེད། དཔེར་བཞག་ད་ལྟའི་རྒྱ་གར་ན་ཡོད་པའི་སེར་འབྲས་དགའ་གསུམ་དང་རྣམ་གྲོལ་གླིང་སོགས་བོད་ཀྱི་དགོན་སྡེ་ཁག་ལྟ་བུ་རེད། ད་དུང་བོད་ཀྱི་འདྲེ་ལག་འབྲུག་ལ་རྐྱང་པ་ལས་འབྲུག་གིས་བོད་པའི་སྐྱབས་བཅོལ་བ་ལ་སྡུག་པོ་བཏང་བ་ཞིག་མ་རེད།།
ངས་རྒྱལ་སྲིད་ལ་ཉེན་ཁ་ཡོད་པ་བཤད་པ་ནི་ཉེན་ཁ་བཟོ་མཁན་བོད་མི་རེད་ཟེར་གྱི་མེད། ཁོ་རང་གི་སྤུན་མཆེད་རེད། ཁོ་རང་གི་སྤུན་མཆེད་ལ་མ་ཉེས་ཁ་གཡོགས་བཟོ་བའི་ཞོར་ལ་བོད་མི་ལ་བརྡུང་བརྡེགས་བཏང་བ་རེད།
དགྲ་ལ་འཁོན་སེམས་མེད་སྡར་མ་རེད། ཚུག་ཡ་ཐམས་ཅད་ཚུགས། རྒྱ་ནག་གི་རྒྱུགས་ཆུ་ཀུན་ཚུགས་པ་ཤོག ཁེ་ཕན་ལས་མཛའ་བརྩེ་གཙོ་མི་བྱེད་མཁན་ཀུན་ཚུགས་ཤིག
༧ དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་འབྲུག་པདྨ་དཀར་པོའི་སྤྲུ་སྐུའི་ཞབས་དྲུང་ངག་དབང་རྣམས་རྒྱལ་ཀྱ྄ི་ལྷོ་རུང་ཁག་བཞི་ལ་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་སྐྱོང་ས་དབང་འདུས་ཕོ་བྲང་འདི་རེད། དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ཡུན་རིང་འབར་གྱུར་ཅིག།
དྲ་འབུ་ཚོར་ཞུ་རྒྱུ་ཞིག་ཡོད། ཁྱེད་རང་ཚོ་ལྷོད་ལྷོད་བྱོས། ལྷོད་ལྷོད་བྱོས། ཁོང་ཁྲོ་མ་ལངས། ཁྱེད་རང་ཚོས་ཁོང་ཁྲོ་ཅིག་གི་ངང་ནས་ཕན་ཚུན་ལ་དོན་མེད་ཀྱི་ཚིག་གི་མདའ་མོ་འདི་འདྲ་འཕེན་དགོས་དོན་ག་རེ་ཡིན་ནམ། ཁྱེད་རང་ཚོའི་སྐད་ཆ་ལ་སྙིང་པོ་ཡོད་པ་ཞིག་ནི་མཐོང་ཡ་མི་འདུག མེ་ཏོག་དཀར་པོ་ཟེར་བའི་འདྲ་འབུ་དེའི་སྐད་ཆ་ལ་ཅིག་ཉོན་དང་སྐྱུག་བྲོ་བ་རང་རེད་འདུག སོ་སོའི་བསམ་ཚུལ་དང་མི་ལ་ཕན་ཐོག་རེ་ཨེ་ཡོད་བསམ་ན་འབྲི་དགོས་བ་ལས། ཡིན་གཅིག་མིན་གཅིག་འབྲི་དགོས་པ་ཞིག་མ་རེད་སྙམ། མཆན་འདོག་རྒྱུ་ནི་ཁྱེད་རང་ཚོར་ཁྲལ་བཀལ་བཞག་ཡོད་པ་མ་རེད་དདདདདདདདདདདདད
ཐབས་ཇུས་ཅན་ལགས། དགོངས་འགལ་མེད་ཞུ། གོང་མཆན་དེ་སྐྱར་འགོད་བྱ་ཆོག་པ།
ང་འབྲུག་པ་ཞིག་ཡིན་ན་རང་ཡུལ་མེད་ཅིང་ལྟོ་གོས་ས་ཞིང་སྤྲོད་དེ་སྐྱིད་པོར་འཇོག་པའི་མི་ཚོས་བཀའ་དྲིན་བསམ་ཤེས་མེད་པར་རྒྱལ་ཁབ་ལ་འཚེ་བ་བྱེད་ན་ཨུར་ཏི་ཕར་ཞོག གསོན་པགས་ཤུས་ས་རེེད།
ཐུགས་རྗེ་ཆེ།
ཐའེ་ཝན་ནི་སྔོན་འཇར་པན་གྱིས་དབང་འོག་ཏུ་བསྡད་མྱོང་བར་མ་ཟད། དེའི་གནོད་འཚེ་ཕོག་མྱོང་མཁན་ཞིག་ཡིན་ན་ཡང་། ཉེ་དུས་འཇར་པན་མཚོ་འཁྱོམ་ཆེན་མོའི་སྐབས་ཐའེ་ཝན་ནི་འཛམ་བུ་གླིང་གི་ནང་ནས་འཇར་པན་ལ་རོགས་སྐྱོར་ཚད་མཐོ་ཤོས་བྱེད་མཁན་དུ་ཆགས།
དེར་འཇར་པན་གཞུང་མང་གཉིས་ཀས་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་མང་པོ་སྤེལ།
དེ་ལས་ཀྱང་གཞོན་སྐྱེས་ཁག་ཅིག་གིས་ཐའེ་ཝན་ལ་ཐུགས་རྗེ་ཆེ་ཞུ་བའི་ཕྲིན་ཡིག་ཐོགས་ནས་འཇར་པན་ནས་ཐའེ་ཝན་བར་གྱི་ཞི་བདེ་རྒྱ་མཚོ་བརྐྱལ་གྱིས་བཅད་དེ་ཐའེ་ཝན་དུ་སླེབས།
འདི་ཚོ་བསམ་བློ་ཡར་ཐོན་གྱི་རྟགས་ཤིག་རེད་འདོད།
ཨ་རི་ནི་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པ་ཞིག་ཡིན་ན་ཡང་མཐར་དབྱིན་ཇིའི་མནའ་འབྲེལ་ཡག་ཤོས་སུ་གྱུར། འདི་ཡང་གཅིག་རེད།
ཐ་ན་རྒྱ་ནག་གིས་ཀྱང་ནན་་ཅན་དམར་གསོད་ཆེན་མོ་བྱུང་ཡུལ་གྱི་མི་ཁྲི་ཉི་ཤུ་སྡེབས་གསོད་བྱེད་ཡུལ་གྱི་ཐང་ཆེན་དེའི་སྒོ་བྱང་དེར་ཡང་། ལོ་རྒྱུས་བརྗེད་མི་རུང་ཡང་། འཁོན་འཛིན་བརྗེད་རུང་ཞེས་བྲིས་ཡོད།
དེས་ན་འབྲུག་བོད་ལ་ལོ་རྒྱུས་ཀྱི་རྙོག་ཁྲ་ཕྲན་བུ་རེ་བྱུང་མྱོང་ཡོད་སྲིད་ཀྱང་། དེ་ནི་ང་ཚོ་བོད་པ་ནང་ཁུལ་ལ་ཡང་ཧ་ཅང་མང་། དེས་ལོ་རྒྱུས་དང་དུས་རབས་ཧྲིལ་པོའི་ཚབ་བྱེད་མི་ཐུབ།
ད་ལྟ་ནི་དུས་རབས་ཉེར་གཅིག་པ་རེད། ང་ཚོ་ནི་གཞོན་སྐྱེས་རེད། དུས་རབས་འདི་ནི་ང་ཚོ་ལ་དབང་བ་རེད། ང་ཚོ་ཐུན་མོང་གིས་མིག་རྒྱ་སྐྱེད་དགོས།
འབྲུག་དང་བོད་ནི་བླ་མ་གཅིག་པ། ཆོས་དང་རིགས་གཞུང་གཅིག་པ་ཡིན་པས་འབྲུག་ལ་གོད་ཆག་བྱུང་སྐབས་ང་ཚོའི་མི་གཅིག་གིས་ཀྱང་ཐུགས་གསོ་ལས་གཞན་པའི་ཚིག་འཆལ་བཤད་མི་འོས།
འོན་ཀྱང་ངོ་དེབ་ཐོག་ནས་འབྲུག་གི་གྲོགས་པོ་ཞིག་གིས་གསུང་གསལ་ལ་མི་གཉིས་ལ་རྨས་སྐྱོན་ཕོག་པ་ལས་མི་ལ་གནོད་ཚབས་ཆེན་མ་ཕོག་པར་མ་ཟད།
ཅ་ལག་ཀྱང་ཧ་ཅང་འཁྱེར་མི་བདེ་བའི་རིགས་མ་གཏོགས་ཚང་མ་ལྟག་སྒོ་ནས་དབོར་འདྲེན་ཐུབ་ཡོད་པས་ནང་གི་རིག་དངོས་བརྒྱ་ཆ་དགུ་བཅུ་ལྷག་བསྐྱབས་ཐུབ་ཡོད་ཅེས་གསུངས།
BBC་གསར་ཁང་གིས་བརྗོད་པ་ལྟར་ན། ཁ་སང་འབྲུག་གི་སྲིད་བློན་འཇིགས་མེད་འཕྲིན་ལས་ལགས་ཀྱིས། འབྲུག་ཏུ་དབང་འདུས་ཕོ་བྲང་ལ་གཏོར་སྐྱོན་ཚབས་ཆེན་བྱུང་བ་དེས་ང་ཚོའི་སྙིང་ལ་ན་ཟུག་བྱུང་བཞིན་ཡོད་པས། ང་ཚོས་མགྱོགས་མྱུར་ངང་དབང་འདུས་ཕོ་བྲང་བསྐྱར་དུ་གསར་རྒྱག་བྱ་རྒྱུ་ཡིན་པར་ཁས་ལེན་བྱས་པ་དང་། ད་ཐེངས་ཀྱི་མེ་སྐྱོན་ནང་དུ་ང་ཚོས་དབང་འདུས་ཕོ་བྲང་ནང་གི་རྩ་ཆེ་བའི་དངོས་རིགས་མང་བོ་ཞིག་སྲུང་སྐྱོབ་ཐུབ་ཡོད་ཅེས་བཤད་པ་རེད་ཟེར།
རེད་ཡ། ངོ་མ་རེད། ཚེ་རིང་བཀྲ་ཤིས་ལགས་ཀྱིས་ལེགས་པོ་གསུངས་སྣང་། ངེད་བོད་པ་ཚང་ནི་ཁྱིམ་མཚེས་ཀྱི་ཁྱི་ཤི་ན་ཡང་། མྱ་ངན་ཞག་མ་གསུམ་བྱེད་མཁན་གྱི་མི་རིགས་སུ་མཆིས་མོད། དེང་སང་ནི་དེ་ལས་ལྡོག་པར་སྣང་།
རྫ་ཚེ་རིང་བཀྲིས་མཆན་དོན་ལ་མངོན་པར་བསྟོད་དོ།
གང་ལྟར་སུ་ལ་ཉེས་པ་ཡོད་ན་དེ་ལ་ཁྲིམས་གཅོད་ཆོག་ནའང་ཉེས་པ་མེད་ཀྱང་བོད་མི་ཡིན་པ་ཙམ་གྱིས་ནག་ཉེས་ཅན་དུ་བརྩིས་པ་ནི་སུས་ཀྱང་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད།
རྫ་ཚེ་རིང་བཀྲ་ཤིས་དང་མེ་ཏོག་དཀར་པོ་སོགས་ཀྱིས་བཀྲ་ཤིས་པའི་ཚིག་གསུངས་སར་བོད་ལ་ཞེན་དང་འུ་གཉིས་ཀྱིས་བཀྲ་མི་ཤིས་པའི་ཚིག་འགའ་བརྗོད་དགོས་བྱུང་བར་དགོངས་འགལ་མི་མངའ་བར་ཞུ། གཏམ་ལ་གཏམ་ལན་མེད་ན་ལྐུགས་པ་དང་ཟས་ལ་ཟས་ལན་མེད་སྤྲང་པོ་ཟེར་བའི་དཔེ་ལྟར་ད་དུང་བོད་ལ་ཞེན་གྱི་གཏམ་ལན་དུ་བཀྲ་མི་ཤིས་པའི་ཚིག་འགའ་མུ་མཐུད་དུ་ཞུ་དགོས་འདུག་པས་ཡང་བསྐྱར་དགོངས་འགལ་མི་ཡོང་བའི་གསོལ་འདེབས་དང་ཆབ་གཅིག བོད་ལ་ཞེན་ཉོན་ཅིག ཁྱོད་བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ལ་ཞེན་པ་ལེགས་ཆ་ལགས་ཀྱང་། གཏམ་དང་ལོ་རྒྱུས་སོགས་བརྗོད་ཚེ་ཆགས་སྡང་གི་ཕྱོགས་སུ་མ་ལྷུང་བར་བརྗོད་དགོས་པ་གལ་ཆེ་ཚུལ་ཐུགས་ལ་མངའ་བར་ཞུ། ངས་བལྟས་ན་ད་ལྟ་ཁྱོད་ཉིད་ཆགས་སྡང་གི་དུག་གིས་བཟིས་ཏེ་ཡོད་པར་གདོན་མི་ཟ་སྟེ་རང་གིས་བཤད་པའི་གཏམ་ལས་རྟོགས་ནུས་པའི་ཕྱིར་རོ། །
་་་་ངས་རྒྱལ་སྲིད་ལ་ཉེན་ཁ་ཡོད་པ་བཤད་པ་ནི་ཉེན་ཁ་བཟོ་མཁན་བོད་མི་རེད་ཟེར་གྱི་མེད། ཁོ་རང་གི་སྤུན་མཆེད་རེད། ཁོ་རང་གི་སྤུན་མཆེད་ལ་མ་ཉེས་ཁ་གཡོགས་བཟོ་བའི་ཞོར་ལ་བོད་མི་ལ་བརྡུང་བརྡེགས་བཏང་བ་རེད།་་་་་དེ་ལ་ཐེངས་གཅིག་ལེགས་པར་གཟིགས་དང་། རྒྱལ་སྲིད་ལ་ཉེན་ཁ་བཟོ་མཁན་སྤུན་མཆེད་རེད་ཟེར་ཞིང་ད་དུང་ཁོ་ལ་མ་ཉེས་ཁ་གཡོག་བཟོས་པ་རེད་ཟེར། རྒྱལ་སྲིད་ལ་ཉེན་ཁ་བཟོ་མཁན་སྤུན་མཆེད་ཡིན་ན་དེ་ལ་ཉེས་བརྡུང་བཏང་བ་དེ་མ་ཉེས་ཁ་གཡོག་ཇི་ལྟར་ཡིན།
ཡང་ཉེན་ཁ་བཟོ་མཁན་ཁོ་རང་གི་སྤུན་མཆེད་ཡིན་ན་བོད་མི་ལ་ཉེས་བརྡུང་གཏང་དགོས་དོན་གང་ཡོད། ཉེན་ཁ་བཟོ་མཁན་ལ་ཆད་པ་མ་གཅོད་ན་དེ་ལས་གཞན་པ་ཞིག་ལ་ཆད་པ་གཅོད་པས་ཉེན་ཁ་ལས་མི་བཟློག་པར་སུས་མི་ཤེས། དེ་ཡིན་དུས་དེ་དུས་དཀའ་སྡུག་མྱོང་མཁན་རྣམས་ནི་འགའ་ཞིག་རྒྱལ་སྲིད་ལ་ཉེན་ཁ་བཟོ་མཁན་དངོས་དང་འགའ་ཞིག་ནི་དངོས་བརྒྱུད་གཉིས་ཀྱི་སྒོ་ནས་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ཅིང་། འགའ་རེ་མ་ཉེས་ཁ་གཡོག་ཕོག་པ་ཡོད་དུ་ཆུག་ཀྱང་ཆུ་འགྲོ་བའི་ཞོར་དུ་རང་འཐག་དྲུད་པའི་དཔེ་ལྟར་ཡིན་པས་དེ་ནི་འབྲུག་པའི་ནོར་འཁྲུལ་མིན་པར་ཤེས་པར་མཛོད་ཅིག
རྒྱ་ལ་འགྲོག་ནས་བོད་མིའི་ལུས་སྲོག་མེ་རུ་འབར།
འབྲུག་པ་རྒྱ་དང་གྲོས་པས་རྒྱལ་ཁང་ཡང་མེ་འབར།
ད་ལམ་ཁྱེད་རྣམ་པས་བདེན་རྫུན་གྱི་གསང་ལམ་མང་པོ་ཞིག་བཤད་འདུག་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་གྱི་ཡིན། ཡིན་ན་ལས་འདི་ནི་དྲང་གཏམ་ཞིག་ཡིན་ནམ་མིན་ད་དུང་དཔྱད་རྒྱུད་རེད་མ་གཏོགས་ཡིད་ཆེས་ཀྱིས་རྒྱུས་ས་ཞིག་ནི་མིན་འདུག དཔེར་ན་ནང་ཚང་ཞིག་ལ་བཤད་ཡོད་པའི་སྐད་ཆ་དེ་ག་རང་དེ་ལས་གོམ་པ་གང་ཕྱི་ལོག་ལ་སྤོ་ཚར་དུས། ཡང་ན་བསྣན་པ་དང་ཡང་ན་ཆད་པ་ཞིག་ལས་ཇི་མ་ཇི་བཞིན་བཤད་མཁན་སྲིད་མཐའ་ཙམ་རེད་མ་གཏོགས་མེད། བདེན་པ་འདྲ་ཡིན་ན་བཟོད་གསོལ་ཞུ་རྒྱུ་དང༌། དེ་མིན་ངག་བརྐྱལ་གྱི་རྣམ་སྨིན་འཁོར་ཡོང་བས་ཟབ་ཟབ་གྱིས་ཤིག
ཇི་ལྟར་ཡང་འབྲུག་ལ་གནོད་སྐྱོན་འབྱུང་བ་ལ་གདུང་སེམས་མཉམ་བསྐྱེད་ཡོད། བློན་པོ་མཆོག་ནས་གསར་བཞེང་བྱ་རྒྱུའི་གསུང་བཤད་འབྱུང་བ་ལ་འབྲུག་མི་ཚང་མ་དང་དེ་རྒྱུད་ཡིད་མཚིམ་བྱེད་མཁན་དེ་རྣམས་ལ་ཡང་དམིགས་གསལ་གྱི་སེམས་ལ་ཞི་བདེ་ཡོང་བའི་སྨོན་ལམ་རྒྱལ་བ་སྲས་བཅས་ཀྱིས་འགྲུབ་པའི་ཐུན་འགྱུར་མི་ཆུང་བ་ཞུ་ཞུ་ཞུ།
ཀྱེ་མ་ཀྱེ་ཧུད་རིག་འཛིན་པདྨ་འབྱུང༌།།
གདོང་དམར་བོད་ཕྲུག་སྤྲེའུའི་ཚ་བོ་རྣམས།།
དོན་མེད་དོན་ལ་ཕྱོགས་རིས་ཉམས་པའི་ཚེ།།
ཐུགས་རྗེ་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན།།
རྒྱལ་སྲིད་ལ་ཉེན་ཁ་བཟོ་ཟེར་དུས་ཕ་རོལ་ཕྱོགས་ཀྱིས་ངེས་པར་དུ་ཉེན་ཁའི་བྱ་བ་རྩོམ་དགོས་མ་རེད། རྒྱལ་པོ་ལ་བུ་གཉིས་ཡོད་ན་ཁོ་གཉིས་ཕན་ཚུན་རང་གི་ཐོབ་ཐང་ལ་ཉེན་ཁ་ཆག་ཟིན་པ་རེད། དེ་ཙམ་གྱི་གནས་ཚུལ་ཡང་ཧ་མ་གོ་ན་ངོ་མ་ངོ་ཚ་པོ་རེད།
འབྲུག་རྒྱལ་པོ་ལ་བུ་ག་ཚོད་ཡོད་མིན་དང་རྒྱལ་སྲིད་སུ་ལ་དབང་བསྐུར་དགོས་མིན་གྱི་བསླབ་བྱ་ཡུལ་མེད་སྤྲང་འཁྱམ་བོད་པ་ཞིག་བཤད་པ་འདི་ཨ་ཙ་མ།
ཞིག་གིས་་་་ཞེས་བཅོས
མེ་ཏོག་དཀར་པོ་ནི་འབྲུག་པའི་རྒྱུགས་ཁྱི་ཞིག་རེད། འབྲུག་པ་ངན་པ་ཞིག་བཤད་ཚེ་སྲོག་ཡིན་ཡང་བཏང་ས་རེད། ཁོང་འབྲུག་པ་མིན་ཡང་འབྲུག་ནས་སྐྱེས་བའམ་འབྲུག་ལ་ཉེ་འབྲེལ་ལམ་གྲོགས་པོ། ཐ་ན་འཚོ་བའང་འབྲུག་པ་དང་འབྲེལ་བ་ཡོད་པ་གསལ་པོ་རེད། དེ་མིན་དེ་འདྲ་ལ་རྒྱ་འཛིན་དགོས་དོན་མི་འདུག ཁོང་མི་དྲང་པོ་ཞིག་རེད་མི་འདུག ངས་དེ་སྔོན་དེ་ལྟར་རློམ་ཡང་ནོར་འཁྲུལ་རེད། དྲ་ནང་དུ་མི་འདྲ་མིན་སླེབས་ཤིང་སྐད་ཆ་སྣ་ཚོགས་བཤད་པས་དེ་ལ་སྡང་སེམས་འཛིན་དགོས་དོན་མི་འདུག ཡང་གཅིག་བཤད་ན་དྲ་གྲོགས་ཀུན་གྱིས་འབྲུག་པ་ལ་ངན་པ་བཤད་ཀྱིན་མི་འདུག རེ་ཟུང་ཞིག་རེད། རེ་ཟུང་ལའང་རྒྱུ་མཚན་མེད་པ་མིན་ཏེ། འབྲུག་བོད་འབྲེལ་བ་ཡག་པོ་མེད་ཁར་ལོ་རྒྱུས་ཀྱི་སྙིང་ནད་ཡོད་པས་རེད། ཐན་ཝེན་གྱི་མི་ཀུན་གྱིས་ཉིན་ཧོང་པ་གདུང་སེམས་མཉམ་སྐྱེད་བྱེད་པ་ཡིད་ཆེས་མེད། འོན་ཀྱང་རོགས་པ་བྱེད་མཁན་རེ་ཟུང་ཡོད་ཡོད། དེ་ནི་གང་ནས་ཀྱང་ཡོང་སྲིད་ལ་ཐོན་ཡང་སྲིད་པས་དམིགས་བསལ་གྱི་ཡ་མཚན་གྱི་གནད་ཅིག་མ་རེད།
ཨ་ཁ། འདི་ནི་འབྲུག་པ་གཅིག་པོའི་ཆག་སྒོ་མ་རེད། འཛམ་གླིང་གི་རིག་དངོས་ཤུལ་བཞག་རྩ་ཆེན་ཞིག་ལ་ཆག་འཇིག་བྱུང་བ་ཡིན་པས། དེ་ལ་གདུང་སེམས་མཉམ་སྐྱེད་བྱེད་པ་འོས་ཤིང་འཚམ་པ་ཞིག་རེད། ལྷག་པར་བོད་དང་འབྲུག་གཉིས་བླ་མ་གཅིག་གི་ཆོས་བརྒྱུན་དང་། མི་རིགས་གཅིག་གི་ཁྲག་རྒྱུན་རེད། གནས་སྐབས་ཀྱི་དབང་འཛིན་པ་རེ་གཉིས་ཀྱིས་སྤྱོད་ངན་དང་། སྒེར་འཁོན་སྤྱི་ལ་བགོས་པར་ངོམ་སོ་དང་འཁོན་ལན་སློག་དགོས་པ་གང་ཡང་མི་འདུག མེས་པོ་གོང་མ་རྣམས་ཀྱི་ཐུགས་ལ་གནོད་པའི་གླེང་སློང་ནམ་ཡང་བྱེད་མི་འོས་སོ། །བོད་འབྲུག་གཉིས་སྤུན་ཟླའི་མཛའ་བརྩེ་མ་དོར་བའི་ངང་ལག་ལྡང་སྦྲེལ་ནས་མཐུན་སྒྲིལ་གྱི་ལམ་དུ་ཤར་སྤྱོད་ཐུབ་དགོས། སྔོན་གྱི་བྱས་ཉེས་ཀྱི་སྡུག་བསྔལ་ད་ལྟའི་ཁུར་པོ་མི་བྱེད་པར་སྐྱིད་སྡུག་མཉམ་མྱོང་གནང་དགོས། བོད་འབྲུག་གཉིས་རྒྱལ་བར་གྱུར་ཅིག
ཨ་ནུ་ཐང་ལགས། ཁྱོད་རང་བོད་པའི་རྒྱུགས་ཁྱི་རེད་ཟེར་ན་ལན་ག་རེ་སྤྲད་ས་རེད། ངས་ཀྱང་ཁྱོད་ཀྱི་ལན་འདྲ་བ་ཞིག་རྒྱག་འདོད་ཡོད།
ཁྱོད་ཀྱིས། ༼མེ་ཏོག་དཀར་པོ་ནི་འབྲུག་པའི་རྒྱུགས་ཁྱི་ཞིག་རེད། འབྲུག་པ་ངན་པ་ཞིག་བཤད་ཚེ་སྲོག་ཡིན་ཡང་བཏང་ས་རེད། ཁོང་འབྲུག་པ་མིན་ཡང་འབྲུག་ནས་སྐྱེས་བའམ་འབྲུག་ལ་ཉེ་འབྲེལ་ལམ་གྲོགས་པོ། ཐ་ན་འཚོ་བའང་འབྲུག་པ་དང་འབྲེལ་བ་ཡོད་པ་གསལ་པོ་རེད༽ཅེས་གསུངས་པ་བདག་གིས་ཀྱང་དེ་དེ་བཞིན་ནོ་སྤོབས་སེམས་དང་བཅས་ཞུའོ།།
མེ་ཏོག་དཀར་པོ་ཁྱོད་བོད་རིགས་ཞིག་ཡིན་ན་ང་ལ་གང་ཡང་བཤད་རྒྱུ་མེད། གལ་སྲིད་ཁྱོད་འབྲུག་པ་ཞིག་ཡིན་ཚེ་དེ་སྔོན་བོད་པ་ཡིན་མདོག་གིས་རྩོམ་དང་མཆན་བུ་མང་པོ་ཞིག་ནང་རང་གཞུང་དང་རང་གཞུང་གི་དབུ་ཁྲིད་རྣམས་ལ་སྐྱོན་བརྗོད་ཁུངས་མེད་མང་པོ་ཞིག་བྲིས་ཡོད་པ་རྣམས་ད་རེས་རྒྱུ་མཚན་གཞི་ནས་ཤེས་སོང་།
མ་གཞི་ངས་འབྲུག་གི་རྫོང་ལ་མེ་སྐྱུན་བྱུང་བ་ཡག་པོ་རེད་ཟེར་ནམ་ཡང་བཤད་ཀྱི་མེད། ངས་བཤད་རྒྱུ་ལ་སྙིང་མེད་ཁ་ཅིག་གིས་དེ་སྔོན་བོད་མི་རྣམས་ལ་བརྡུང་རྡེག་བཏང་བ་རྣམས་བོད་མི་སྡུག་གྱོང་རེད་ཟེར་བ་དང་། དེ་ལས་སྡུག་པ་བྱེད་དགོས་རེད་ཟེར་བ་ལ་རྒྱུ་མཚན་བཤད་པ་ཡིན། མི་སུ་དང་སུ་ཡིན་ནའང་དཀའ་ངལ་ཆེ་ཤོས་སྐབས་སུ་རོགས་རམ་བྱེད་མཁན་དང་། མི་བརྒྱལ་བའི་ཐོག་ལ་རྡོག་བརྫིས་གཏོང་མཁན་གཉིས་ནམ་ཡང་བརྗེད་དཀའ་བ་ཞིག་རེད།
གོང་དུ་མཆན་ ༦༦ དྲི་མེད་ལྷ་བསམ་གྱིས་གསུངས་པ་བདེན་པ་རེད། ང་ཚོས་མི་སུ་ཞིག་ལ་ཡང་ན་ས་ཆ་གང་ཞིག་ལ་གོད་ཆག་རེ་བྱུང་ན་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་དེ། གཞི་རྩའི་འགྲོ་བ་མིའི་ཡ་རབས་སྤྱོད་བཟང་དང་འགྲོ་བ་མི་ནི་རྩ་ཟན་དུད་འགྲོ་ལྟར་མ་ཡིན་པར་ལེགས་ཉེས་བླང་དོར་གྱི་རྣམ་དཔྱོད་ཡོད་པའི་ཡིན། ལྷག་པར་ཏུ་བོད་འབྲུག་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ་རིགས་གཞུང་དང་མི་རིགས་ཆོས་ལུགས་གང་གི་ཕྱོགས་ནས་གཅིག་པ་ལྟ་བུར་ཡིན་པས། ང་ཚོས་སྐབས་འདི་འདྲ་ལ་རོགས་འདེགས་གང་དགོས་ཞུ་འོས་པ་ལས་འདས་པས་མི་རེ་གཉིས་ཀྱིས་བྱས་ཉེས་ལ་རྟེན་ནས་ངན་པ་བཤད་དགོས་དོན་མེད་སྙམ། འོན་ཀྱང་མེ་ཏོག་དཀར་པོ་ཟེར་བའི་མཆན་པ་བ་འདིས་བཤད་ཚད་ཁོང་ཁྲོ་དང་ཞེན་ཁོག་ཕྲག་དོག་འབའ་ཞིག་གིས་ཀུན་ནས་བསླངས་པ་འདྲ་བས་ཀློག་མཁན་མཁན་ཚོར་ཕན་པ་ལས་གནོད་ཆེ་བ་འདུག
རྩྭ་་གཟན་
བོད་པ་ཟེར་བ་འདི་རང་སྐྱོན་སྦས་ལ་མཁས་ཞིང་གཞན་སྐྱོན་འདོན་ལ་སྤྱང་བ་ཞིག་རེད་།འབྲུག་པ་བཀའ་དྲིན་ཆེན་པོ་རེད་།བོད་པའི་རྐུབ་ལ་ཨི་ཏིར་རྒྱབ་དགོས་པ་སོ་སོས་བཟོས་པ་རེད་།དེ་སྐོར་འབྲུག་ནས་གཏོན་པའི་དེབ་ཞིག་ཡོད་རེད་།དེས་ནང་ལས་ཤོག་དང་དམ་ཕྲུག་སོགས་གསལ་བོ་ཡོད་རེད་།བོད་ཀྱི་ཆོས་ལུགས་འདི་རང་བཟོ་བྱས་པ་ཞིག་རེད་།མགོ་བོན་པོ་ནས་བཟུང་ད་བར་ཆོས་ལུགས་རྨོངས་དད་ཀྱི་དམག་ཁོ་ན་རྒྱབ་ནས་བསྡད་པ་རེད།
བོད་པས་ཅི་ཡང་གནང་མེད་ཀྱང་བོད་ཀ་ཆགས་འཇིག་གི་དཀའ་ངལ་འཕྲད་སྐབས་འབྲུག་སྡོད་ཀྱི་བོད་མིར་རྒྱབ་བརྟེན་མེད་པ་ཤེས་ནས་འབྲུག་པ་ཕྲག་དོག་ཅན་ཚོས་རྒྱ་གར་གྱི་དཀྲུགས་ཤིང་པ་ཁ་ཤས་ཀྱི་སྐད་ཆ་ལག་ཆ་བྱས་ནས་བོད་མི་རྩ་མེད་བཟོས་བ་རེད། དེ་ནི་ཧི་ཐི་ལས་རྒྱོས་ཤིས་མི་རིགས་ལ་ཕྲག་ཏོག་བཟོས་རྩ་མེད་བཟོ་བའི་སྲིད་བྱུས་དང་མཐུན་པས་ཁྲིམས་མཐུན་གྱི་འགྲེལ་བཤད་བྱ་ཐབས་མེད།
འབྲུག་གི་ལོ་འདིར་འབྲུག་གི་མཁར། །
འབྱུང་བ་མེ་ཡི་ཟས་སུ་གྱུར། །
དེ་བཞིན་འོ་སྐོལ་དཔའ་བོ་རྣམས། །
ཕྱིར་མིག་མེད་པར་བཞུད་དེ་ཕངས། །
ང་བོད་པ་ཡིན་དང་འབྲུག་པ་ཡིན་གལ་ཆེན་པོ་རེད་དམ། མ་རེད། གནད་འགག་གང་ཡང་མ་རེད།
ད་ག་རེ་རེད་ཟེར་ན་བོད་པ་ཚོས༼ཕལ་ཆེ་བ༽འབྲུག་པས་བོད་པར་ཨུར་ཏི་བཏང་སོང་། ༧རྒྱལ་ན་རིན་པོ་ཆེ་གདན་ཞུས་མ་སོང་། འབྲུག་བོད་ཀྱི་ཆ་ཤས་རེད་ཟེར་རྣ་བར་མི་འགྲོ་བའི་སྐད་ཆ་མང་པོ་བཤད་གི་རེད།
༡༽ འབྲུག་པས་ཨུར་ཏི་གཏོང་དགོས་དང་མི་དགོས་རང་ཉིད་འབྲུག་པའི་ས་ལ་སྡད་ནས་མནོ་བསམ་ཞིག་གཏོང་དང་། ཨུར་ཏི་ཕར་བཞག་གསོན་པགས་ཤུས་ན་འགྲིག་པ་ཞིག་རེད། དེ་ཡང་ ༥༩ ཡས་མས་ནང་བོད་མི་འབོར་ཆེན་ཞིག་ཕག་རི་དང་ཉེ་བའི་་འབྲུག་གི་ས་མཚམས་དང་། ཀུར་སྟོད་སེངྒེ་རྫོང་སོགས་ནས་འབྱོར་མོད། ཉིན་ཤས་རིང་དཀའ་ངལ་ཅུང་ཕྲད་མོད། མཐར་བོད་མི་འབྲུག་རྒྱུད་ནས་རྒྱ་གར་དུ་འགྲོ་ཆོག་པ་དང་། འབྲུག་རང་དུ་སྡོད་མཁན་ཡང་མི་ཉུང་བ་བྱུང་། དེ་དུས་འབྲུག་གཞུང་དམིགས་བསལ་སྐུ་ཚབ་སོག་ཀྱིས་འབྲས་དང་རྩམ་པ་སོགས་འགྱེད། དེ་རྗེས་འབྲུག་སྡོད་བོད་མིར་ས་ཞིང་སྡོད་ཁང་སོགས་མི་ཉུང་མི་ཆུང་བ་གནང་། བོད་འབྲུག་དབྱེ་འབྱེད་མེད་པར་བོད་མོ་དབྱངས་སྐྱིད་འབྲུག་རྒྱལ་གསུམ་པའི་བཙུན་མོར་བཞེས། མི་བསམ་ཤེས་ཅན་ཞིག་ཡིན་ན་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་དགོས་སྨོས་མེད་ཐོག་རང་སྡོད་སར་དགའ་ཞེན་གུས་ཞབས་དགོས་རེད་མོད། དབྱངས་སྐྱིད་ཀྱི་ཞབས་ཕྱི་བོད་པ་ཚོས་རྟ་རྣམས་ཡུལ་པའི་ཞིང་ཁར་བཏང་ནས་ལོ་ཏོག་ཟ་རུ་བཅུག དེར་ཞིང་པ་སྐྱོ་པོ་ཚོས་ཐལ་མོ་སྦྱར་ཏེ་དེ་ལྟར་མི་གནང་བ་གསོལ་བ་བཏབ་པར། དེ་དག་གིས་འཇིགས་རྔམས་དང་བཅས་དཔོན་པོའི་ཆིབས་པས་དཔོན་པོའི་ཞིང་རྩ་ཟ་མི་ཆོག་པ་ག་རེ་ཡོད་དམ་ཟེར་རྟ་ལྕགས་བཞུ་ལ་ཁད་བྱས་པ་མངོན་སུམ་དུ་མཐོང་ཞེས་སྐྱུག་བྲོ་བའི་ལོ་རྒྱུས་བུམ་ཐང་པའི་རྒད་པོ་ཞིག་གིས་ང་ལ་བཤད། དེར་ག་ལ་ཚད། ས་འོག་དར་ཐག་གི་དཔེ་ལྟར་རྒྱ་གར་གྱི་བོད་པ་དང་འབྲེལ་ནས་འབྲུག་རྒྱལ་བཞི་པ་ལྐོག་གསོད་གཏོང་རྒྱུའི་ངན་བྱུས་བཏིང་། འབྲུག་སྡོད་བོད་པའི་དོན་གཅོད་ཀྱི་གསང་གཏམ་གཡོག་པོས་ཚོར་ནས་གསང་བ་རྡོལ། དེས་ན་དེ་དང་རྗེས་འབྲེལ་ཚོར་འཛིན་བཟུང་གཙོན་བཅུག་དང་ཨུར་ཏི་རྒྱབ། འགའ་ཞིག་ཕྱིས་ཕྱིས་སུ་དིལ་མགོ་མཁྱེན་བརྩེས་རྒྱལ་ཡུམ་ཆེན་མོ་བརྒྱུད་གློད།
༢༽ ༧གོང་ས་མཆོག་གདན་ཞུ་དགོས་པའི་གཏན་ཚིགས་ག་རེ་ཡོད། ནང་པའི་རྒྱལ་ཁབ་ཡིན་ཟེར་ན་ཤྲི་ལངྐ། ཀམ་བོ་ཌི་ཡ། འབར་མ་སོགས་དང་གཅིག་མཚུངས། རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱ་མིས་བསུན་གཙེར་སུས་ཀྱང་མི་འདོད། དེ་ཡང་གོང་དུ་ངས་བཤད་པ་བཞིན། བོད་པ་ཚོ་རང་ལ་ལེགས་པ་དེ་ཀུན་ལ་ལེགས་ལ། རང་ལ་ངན་པ་དེ་ཀུན་ལ་ངན་དགོས་པ་ཞིག་ཡིན་དགོས་པ་ཞིག་འདུག
དེ་ནི་ཤིན་ཏུ་མི་མཛེས་སོ།།
༣༽ ལོོ་རྒྱུས་ཀྱི་རྒྱུད་ལམ་ན་འབྲུག་བོད་ཀྱི་མངའ་ཁོངས་ཡིན་པའི་ཁུངས་རྐང་གཅིག་མཐོང་མ་སོང་ལ། གལ་ཏེ་དེའི་ཚེ་དེའི་དུས་ན་དུས་ཡུན་ཞིག་གི་རིང་ལ་དེ་ལྟར་ཡིན་དུ་ཆུག་མོད། ད་ལྟ་ནི་འབྲུག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཏུ་བོད་པ་ཁ་ཤས་ཤིག་ཕུད་གཞན་ཚང་མས་ཁས་བླངས་སོ།། གཞན་དར་ཅོག་བོད་པའི་ཡིན། གཡག་བོད་པའི་ཡིན། མོག་མོག་བོད་པའི་ཡིན། ཕྱུ་པ་བོད་པའི་ཡིན་ཟེར་བ་དེ་ཚོ་ལ་གནས་སྐབས་ཤིག་ལན་མེད།
དེས་ན་གོང་དུ་ཚིག་ངན་ལྟ་བུ་ཁ་ཤས་ཤོར་ནས་མཆན་བུ་བ་འགའ་ལ་ཕོག་འདུག་པར་དགོངས་དག་ཞུ་གི་ཡིན། ཡིན་ནའང་གང་ལ་གང་འཚམ་གྱི་ལན་གྱི་རིམ་པ་ནི་སྐབས་ཐོབ་སྐབས་ཐོབ་འོངས་རྒྱུ་ལགས་པ་ཐུགས་མངའ་ཞུ།།
པད་དཀར་ལགས། ཁྱེད་ཀྱིས་དྲི་བ་ཡག་པོ་ཞིག་བཏང་འདུག་ཀྱང་ང་ནི་བོད་པ་ཡིན་ཕྱིན་བོད་པའི་རྒྱུགས་ཁྱིར་འགྱུར་ཐབས་མེད། ཁྱེད་ཉིད་འབྲུག་ཏུ་སྐྱེས་བའི་བོད་མི་ཞིག་ཡིན་ཕྱིན་དེ་ལྟར་ལབ་ཡིན་ལ། ཉིད་ཀྱིས་སུ་ཞིག་ལ་རྒྱབ་སྐྱོར་བྱེད་མིན་ནི་རང་མོས་ཡིན་པས་དགག་བྱ་མེད། གལ་སྲིད་སྐུ་ཉིད་འབྲུག་ཏུ་སྐྱེས་ཚེ་འབྲུག་གི་ལ་རྒྱ་བཟུང་ན་མོས་གུས་ཡོད། འོན་ཀྱང་རང་གི་ལ་རྒྱ་ཡི་ཆེད་དུ་གཞན་ལ་ཞྭ་མོ་མི་འགེབས་རྒྱུ་དེ་བས་ཀྱང་གནད་དུ་མཐོང་།
འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།
རྨ་མགུར་སངས་རྒྱམ། 2012ལོའི་ཟླ 01ཚེས 15ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
དེ་ཡང་དུས་རབས་དགུ་བའི་གོང་དུ་བྱུང་བའི་འབྲུག་ཡུལ་གྱི་གནས་ཚུལ་རྣམས་གསལ་བོ་ཤེས་རྟོགས་བྱུང་མེད་པ་དང་། དེའི་རྗེས་སུ། བོད་དུ་བླ་མ་ཆེ་ཁག་དང་ཆོས་ལ་དད་པ་ཡོད་མཁན་མང་བོ་དམར་གསོད་དུ་བཏང་བའི་དྲག་པོའི་ཟིང་ཆ་བྱུང་བའི་སྐབས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཏུ་བྲོས་བྱོལ་དུ་བསླེབས་ཤིང་། གནས་དེར་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དར་སྤེལ་བྱུང་བ་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཁ་ཇེ་རྒྱས་སུ་ཕྱིན་པ་རེད། དུས་རབས་༡༢་བའི་ནང་དུ་འབྲུག་ཏུ་འབྲུག་པ་བཀའ་བརྒྱུད་དར་སྤེལ་བྱུང་བ་དང་། དེ་ནས་འབྲུག་གི་ཆབ་སྲིད་ཀྱི་ལོ་རྒྱུས་རྣམས་བོད་ཀྱི་ཆོས་བརྒྱུད་ཀྱི་ལམ་ལུགས་རྨང་གཞིར་བཟུང་བའི་སྟེང་ནས་གོང་འཕེལ་དུ་བྱུང་བ་དང་། འབྲུག་ཡུལ་ནི། ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྣ་མང་ལ་བརྟེན་ནས་རིམ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་པར་གྱུར་ཡོད། དུས་རབས་བདུན་པའི་དཀྱིལ་ནས་དུས་རབས་དགུ་བའི་བར་དུ་བོད་ཀྱི་རྒྱལ་རབས་ཀྱི་སྲིད་དབང་གི་འོག་ཏུ་གནས་ཡོད་པར་བཤད་པ་དང་། དེའི་རྗེས་སུ། འབྲུག་ཡུལ་དུ་གཅིག་གྱུར་གྱི་དབང་བསྒྱུར་མེད་པར་ས་གནས་ཁག་ཁ་འཐོར་དུ་གནས་པའི་ཡུལ་གྱི་དཔོན་པོ་བྱུང་བ་དང་། སྤྱི་ལོ་༡༦༡༦་ལོའི་ནང་དུ། བོད་ཀྱི་གཙང་སྟོད་ནས་ཡིན་པའི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ཡུལ་དུ་ཕེབས་ནས། ཁོང་གིས་འབྲུག་ཡུལ་ནི་གཅིག་གྱུར་གྱི་ཡུལ་གྲུ་ཞིག་ཏུ་བཟོས་ཤིང་། འབྲུག་པའི་རིག་གཞུང་གི་ངོ་བོ་སོགས་བོད་ཀྱི་ཤེས་རིག་གི་ཁྱད་ཆོས་ལས་ཁ་བྲལ་དུ་གནས་པར་འབད་བརྩོན་གནང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ནི་བོད་ཀྱི་གཙང་རྭ་ལུང་དགོན་པ་ནས་ཡིན་པ་དང་འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འཛིན་མཁན་འབྲུག་པ་མི་ཕམ་བསྟན་པའི་ཉི་མ་དང་སྡེ་བ་སྐྱིད་ཤོད་པའི་སྲས་མོ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ཡིན། གཞོན་དུས་ཁོང་ནི་རྒྱལ་དབང་འབྲུག་ཆེན་གྱི་ཡང་སྲིད་ལ་ངོས་འཛིན་མཛད་དེ། གཙང་རྭ་ལུང་དགོན་པར་ཁྲི་འདོན་གནང་ནའང་འབྲུག་ཆེན་པདྨ་དཀར་བོའི་རྗེས་འབྲངས་པ་ལྷ་རྩེ་ངག་དབང་བཟང་བོ་སོགས་ཀྱིས་ངོས་ལེན་མ་གནང་པ་དང་། ཡིན་ཡང་། ཁོང་གིས་མུ་མཐུད་དུ་འབྲུག་པ་བཀའ་བརྒྱུད་ཀྱི་མ་དགོན་རྭ་ལུང་དུ་མུ་མཐུད་དུ་རྒྱུན་བཞུགས་དང་ཁྲི་འཛིན་གནང་བ་ལ་གཞན་གྱིས་དབྱེན་སྦྱོར་སྣ་མང་བརྩམས་པ་དང་། བོད་ཀྱི་གཙང་པ་སྡེ་སྲིད་ལགས་ཀྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འཛིན་བཟུང་བྱེད་པར་གྲ་སྒྲིག་བྱས་པ་ལ་བརྟེན་ནས། སྤྱི་ལོ་༡༦༡༦་ལོར་ཁོང་བོད་ནས་ཕྱོགས་ཐོན་མཛད་དེ་འབྲུག་ཏུ་ཕེབས་པ་དང་དེའི་ནུབ་ཕྱོགས་ཀྱི་ས་གནས་ཁག་ཏུ་རྟེན་གཞི་བྱས་ནས་རྒྱུན་བཞུགས་གནང་བར་མ་ཟད། ཐིམ་པུ་ལུང་གཞོངས་ཀྱི་སྟོད་ཕྱོགས་སུ། སྤྱི་ལོ་༡༦༢༠་ལོར་འབྲུག་པ་བཀའ་བརྒྱུད་ཀྱི་ཆག་རི་དགོན་པ་ཕྱག་འདེབས་མཛད་ཅིང་། འབྲུག་ཡུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་རིམ་བཞིན་གསར་བཏོད་གནང་བ་རེད། ད་དུང་སྤྱི་ལོ་༡༦༢༩་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་གི་ཐིམ་པུ་ཕྱོགས་སུ་བསམ་སྟོད་ཀ་རྫོང་སྟེ་སྲིད་འཛིན་གྱི་ལྟེ་བ་གསར་འཛུགས་གནང་ཞིང་། དུས་རབས་༡༢་ནས་འབྲུག་གི་ནང་དུ་དར་ཁྱབ་བྱུང་བའི་ལྷ་པ་བཀའ་བརྒྱུད་དང་རྙིང་མ་ཆོས་བརྒྱུད་བཅས་ཀྱིས་བདག་འཛིན་བྱས་པའི་ས་ཆ་ཁ་ཤས་ཤིག་ལ་དབང་བསྒྱུར་མཛད་ཅིང་། དེ་ནས་རིམ་གྱིས་འབྲུག་གི་ས་ཁུལ་ཡོངས་སུ་ལས་འགུལ་སྣ་མང་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་ལ་བརྟེན་ནས། འབྲུག་ཡོངས་རྫོགས་གཅིག་གྱུར་གྱི་དབང་བསྒྱུར་མཛད་པའི་ཐབས་བྱུས་བཤམས་པ་རེད། འབྲུག་གི་ཁྲིམས་ཀྱི་བཅའ་ཡིག་ཆེན་མོ་བཟོས་ཤིང་། བོད་ཀྱི་སྡེ་བ་གཞུང་གི་སྲིད་ཀྱི་དབང་བསྒྱུར་ལས་ལོགས་སུ་བགར་བ་དང་། ཞབས་དྲུང་ཞེས་པའི་མིང་གི་གོ་གནས་སོགས་བཟུང་སྟེ་འབྲུག་གི་དགོན་སྡེ་དང་མི་སྡེ་ཁག་གི་སྲིད་ཀྱི་འཛིན་སྐྱོང་གི་ལམ་ལུགས་གསར་དུ་བཏོད་ཡོད། དེ་ནས་སྤྱི་ལོ་༡༦༥༡་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་ སྐུ་འདས་གྲོངས་སུ་ཕྱིན་པ་རེད། དེའི་རྗེས་སུ་སྲིད་ཀྱི་དབང་ཆ་མཐའ་དག་ཁོང་གི་རྗེས་འབྲངས་བ་ཡིན་པའི་ས་གནས་དཔོན་སློབ་རྣམས་ཀྱིས་མཇུག་སྐྱོང་གནང་བ་དང་། ཁོང་སྐུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ནི་ས་གནས་དཔོན་སློབ་རྣམས་ཀྱིས་ལོ་ངོ་༥༤་རིང་དུ་གསང་རྒྱ་མཛད་དེ་མུ་མཐུད་དུ་ཁོང་གི་ལས་དོན་རྣམས་རྒྱུན་འཛིན་གནང་པ་རེད། ད་ལྟའང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་དེ་འབྲུག་རྒྱལ་ཡོངས་ཀྱི་གུང་གསེང་ཞིག་ལྟར་དུ་བོད་ལུགས་ཀྱི་ཟླ་བཞི་བའི་ཚེས་བཅུ་ལ་སྲུང་བརྩི་ཞུ་བཞིན་པ་རེད། དེ་ནས་རིམ་གྱིས་འབྲུག་གི་ས་གནས་ཁག་ཏུ་ལོ་ངོ་ཉིས་བརྒྱའི་རིང་དུ་མི་དམངས་ནང་ཁུལ་ལ་སྲིད་དབང་རྩོད་ལེན་དང་འཐབ་འཛིང་ནང་འཁྲུག་གི་རྒྱུན་མ་ཆད་པར་བསྟུད་མར་བྱུང་བ་ཁག་བརྒྱུད་ནས། སྤྱི་ལོ་༡༨༨༥་ལོར་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གིས་འབྲུག་གི་སྲིད་དབང་མཐའ་དག་གཅིག་ཏུ་བསྒྲིལ་པ་དང་། དེ་ནས་ཨིན་ཇི་དང་རྒྱ་གར་མཉམ་དུ་མཐུན་སྒྲིལ་གྱི་ཆིངས་ཡིག་རྒྱུད་འཛིན་བྱས་པ་རེད། ཨོ་རྒྱན་དབང་ཕྱུག་ནི་སྤྱི་ལོ་༡༨༦༢་ལོར་ཀྲོང་གསར་རྫོང་གི་དཔོན་སློབ་ཀྱི་གོ་གནས་འཛིན་པའི་འཇིགས་མེད་རྣམ་རྒྱལ་དང་ཨ་ཞེ་པད་མ་ཆོས་སྐྱིད་གཉིས་སུ་འཁྲུངས་པ་དང་། ཡབ་དམ་པའི་དཔོན་སློབ་ཀྱི་གོ་གནས་རྒྱུན་འཛིན་དང་ཆབ་སྲིད་ཀྱི་དགྲ་བོ་རྣམས་ཕམ་པར་མཛད་པ་ལ་བརྟེན་ནས། འབྲུག་གི་རྒྱལ་ས་རྙིང་བ་སྤུ་ན་ཁའི་མི་དམངས་ཀྱིས་ཁོང་ནི་འབྲུག་གི་རྒྱལ་བོར་བདམས་པ་དང་། སྤྱི་ལོ་༡༩༠༧་ལོའི་ཟླ་༡༢་པའི་ཚེས་༡༧་ཉིན་ལ་འབྲུག་གི་རྒྱལ་བོའི་དབུ་ཞྭ་ལེགས་པར་བསྣམས་ཡོད་པ་རེད། སྤུ་ན་ཁ་ནི་འབྲུག་ཡུལ་ལ་རྫོང་ཁག་ཉི་ཤུ་ཡོད་པའི་ནང་གི་གཅིག་ཡིན་པ་དང་། དེ་ནི་སྤྱི་ལོ་༡༩༥༥་ལོའི་བར་དུ་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་དང་སྲིད་འཛིན་གྱི་ས་གནས་ཤིག་ཏུ་གྱུར་ཡོད། དེའི་རྗེས་སུ་རྒྱལ་ས་ཐིམ་པུ་ལ་གནས་སྤོར་གནང་ཡོད། སྤྱི་ལོ་༡༩༡༠་ལོའི་ནང་དུ་ཁོང་གིས་ཨིན་ཇི་དང་མཉམ་དུ་སྤུ་ན་ཁའི་ཆིངས་ཡིག་བཞག་ནས་ཨིན་ཇིའི་རྒྱ་གར་གཞུང་གིས་འབྲུག་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་བཟོས་པ་རེད། སྤྱི་ལོ་༡༩༢༦་ལོར་ཨོ་རྒྱན་དབང་ཕྱུག་སྐུ་གྲོངས་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་རྒྱལ་བོའི་རྒྱུན་འཛིན་གནང་ནས་སྲིད་ཀྱི་གོ་གནས་བཟུང་བ་རེད། སྤྱི་ལོ་༡༩༤༧་ལོར་རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ། རྒྱ་གར་གྱི་གཞུང་གསར་བས་འབྲུག་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་ཡོད། ལོ་དེར་རྒྱ་གར་དང་འབྲུག་གཉིས་ཀྱིས་ཞི་བདེ་དང་མཛའ་མཐུན་གྱི་ཆིངས་ཡིག་ལ་མཚན་རྟགས་བཀོད་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ནང་དུ་རྒྱ་གར་གྱིས་འབྲུག་ལ་བཀོད་འདོམས་བྱེད་པ་ལས་འབྲུག་གི་ནང་སྲིད་ལ་ཐེ་བྱུས་མི་བྱེད་པར་འགན་ལེན་བྱས་ཡོད། སྤྱི་ལོ་༡༩༥༢་ལོར་ཁོང་གི་སྲས་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་རྒྱལ་བོའི་གོ་གནས་བཞེས་པ་དང་། དེ་ནས་འབྲུག་རྒྱལ་ཁབ་རིམ་བཞིན་ཡར་རྒྱས་ཀྱི་རྣམ་པ་བྱུང་ཞིང་། སྤྱི་ལོ་༡༩༧༡་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་ཡོད། ཁོང་གིས་འབྲུག་ཏུ་རྒྱལ་ཡོངས་གྲོས་ཚོགས་དང་རྒྱལ་བོའི་དམག་དཔུང་དང་མཐོ་རིམ་ཁྲིམས་ཁང་སོགས་བཙུགས་ནས་དེང་རབས་སུ་ཕྱོགས་སུ་བསྐྱོད་པའི་འགོ་བརྩམས་ཡོད། སྤྱི་ལོ་༡༩༧༢་ལོར་རྒྱལ་བོ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལགས་དགུང་ལོ་བཅུ་བདུན་སྟེང་རྒྱལ་བོའི་ཁྲི་ལ་འཁོད་ཅིང་། སྤྱི་ལོ་༡༩༧༤་ལོའི་ཟླ་༦་ཚེས་༢་ཉིན་ལ་འབྲུག་རྒྱལ་བོའི་དབུ་ཞྭ་གསོལ་བ་རེད། ཁོང་ནི་འཛམ་གླིང་འདིའི་ནང་གི་རྒྱལ་བོ་གཞོན་ཤོས་དེ་ཆགས་པ་དང་། འབྲུག་དང་། རྒྱ་གར། ཨིན་ཇི། ཨ་རི་སོགས་ཀྱི་མཐོ་སློབ་ཁག་ཏུ་དེང་རབས་ཀྱི་ཤེས་ཡོན་སྣ་མང་ལ་སློབ་སྦྱོང་བྱས་མྱོང་བའི་མི་སྣ་ཞིག་ཡིན་པས། རྒྱལ་སྤྱིའི་གནས་ཚུལ་ལ་ཤེས་རྟོགས་ཟབ་པ་དང་འབྲུག་ཏུ་དེང་གི་ཤེས་ཡོན་སློབ་གསོ་དང་། ཆབ་སྲིད་འཛིན་སྐྱོང་། ཡུལ་སྐོར་ལྗོངས་རྒྱུ། དཔལ་འབྱོར་བཅོས་བསྒྱུར། རྒྱལ་ཡོངས་བདེ་སྐྱིད། དམངས་གཙོའི་ལྟ་གྲུབ་ལ་སོགས་གོང་འཕེལ་དང་ཡར་རྒྱས་སུ་བཏང་བའི་རླབས་ཆེན་གྱི་མཛད་རྗེས་ཡོད་པ་ཞིག་ཡིན། འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཡང་སྲིད་ཀྱི་སྐོར་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སོགས་རྩོད་རྙོག་སྣ་མང་གི་ཁྲོད་དུ་འབྲུག་སྡེ་སྲིད་དང་། རྗེ་མཁན་པོ། དཔོན་སློབ་གསུམ་གྱིས་ངོས་འཛིན་སྟངས་མི་འདྲ་བ་མང་བོ་རིམ་པར་བྱོན་པ་དང་འབྲུག་གཞུང་གིས་ཁོང་གི་སྤྲུལ་སྐུ་ལ་བཀག་སྡོམ་གྱི་བྱེད་ཐབས་ཀྱང་མཛད་པ་རེད། གཞན་ཡང་། རྒྱ་གར་གྱི་མོན་རྟ་དབང་དགོན་པ་དང་། བོད་སོགས་སུའང་ཁོང་གི་ཡང་སྲིད་བྱུང་ཡོད་པ་སྟེ། དེང་སང་ཨི་ཏ་ལིར་བཞུགས་པའི་བོད་རིགས་མཁས་དབང་ནམ་མཁའི་ནོར་བུ་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ཡིན་པར་བཤད་དོ། ། ད་དུང་དེང་སང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྤྲུལ་སྐུ་ལ་ངོས་འཛིན་གནང་བའི་ཕྲུ་གུ་ལོ་ཆུང་ཆུང་ཞིག་ཡོད་པ་སྤྱི་ལོ་༢༠༠༥་ལོ་ནས་བཟུང་ཕ་མ་དང་མཉམ་དུ་བཟང་བཙོན་དུ་བཞག་ཡོད་པར་བཤད་པ་རེད། སྤྱི་ལོ་༢༠༠༦་ལོའི་ཟླ་༡༢་བའི་ཚེས་༡༤་ཉིན་དུ་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་གིས་རྒྱལ་བོའི་སྲིད་དབང་གི་གོ་གནས་ལས་དགོངས་པ་ཞུས་ནས། སྲས་འབྲུག་རྒྱལ་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱལ་ཚབ་ཏུ་བསྐོ་བཞག་གནང་བ་རེད། སྤྱི་ལོ་༢༠༠༨་ལོའི་ཟླ་༡༡་པའི་ཚེས་༦་ཉིན་དུ་འབྲུག་གི་གནའ་བོའི་གྲོང་ཁྱེར་རྙིང་བ་སྤུ་ན་ཁ་རུ་གཞུང་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་གི་སྟེང་དུ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་རྒྱལ་བོའི་དབུ་ཞྭ་དེ་གསོལ་བ་རེད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ཐེ་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་མང་བོ་མཉམ་ཞུགས་གནང་ཡོད། སྲས་འཇིགས་མེད་གེ་སར་ནི་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལ་བཙུན་མོ་བཞི་ཡོད་པའི་ནང་གི་གསུམ་པ་ཨ་ཤེ་ཚེ་རིང་གཡང་སྒྲོན་གྱི་སྲས་རྒན་པ་ཡིན། ཁོང་གིས་ཆུང་དུས་འབྲུག་ཏུ་གཡང་ཆེན་པུ་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། དེ་ནས་རིམ་བཞིན་ཨ་རི་ནང་དུ་མཐོ་སློབ་ཁག་ཁ་ཤས་ལ་འགྲིམས་པའི་རྗེས་སུ་ཨིན་ཇིའི་ཨོ་ཁུ་སི་ཕོར་ཏྲི་སློབ་ཆེན་དུ་ཕྱི་ཕྱོགས་ཀྱི་ཞབས་ཞུ་སྒྲིག་གཞི་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་ལ་སློབ་གཉེར་བྱས་ནས་སློབ་ཐོན་ཕྱིན་པ་རེད། སྤྱི་ལོ་༢༠༡༡་ལོའི་ཟླ་༥་བའི་ཚེས་༢༠་ཉིན་དུ་རྒྱལ་བོ་འཇིགས་མེད་གེ་སར་གྱིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོ་གནང་བའི་སྐབས་སུ། ཁོང་ནི་སྤྱི་ལོ་༢༠༡༡་ལོའི་ཟླ་༡༠་བའི་ཚེས་༡༣་ཉིན་དུ་སྤུ་ན་ཁ་གྲོང་ཁྱེར་དུ་རང་ལོ་ཉེར་གཅིག་ཡིན་པའི་འབྲུག་གི་མི་སེར་དཀྱུས་མ་རྗེ་བཙུན་པདྨ་ལགས་ལ་འཁྲུངས་ས་བསྐྱོན་རྒྱུ་ཡིན་པར་གསལ་བསྒྲགས་བསྐྱངས་པ་རེད། དེ་ལྟར་དུ་ཉིན་དེར་འབྲུག་གི་ཆུ་བོ་ཕོ་ཆུ་དང་མོ་ཆུ་ཟེར་བ་གཉིས་འཛོམས་སའི་གནས་ཏེ་པུ་ན་ཁ་རྫོང་དུ་མཛེས་སྡུག་གི་ཡོན་ཏན་ཡོངས་སུ་རྫོགས་པའི་རྗེ་བཙུན་པད་མ་མཆོག་འབྲུག་གི་སྲོལ་རྒྱུན་ཆོས་ལུགས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་དང་མཉམ་དུ་རྒྱལ་བོའི་ཁབ་ཏུ་བཞེས་ཡོད་པ་རེད།
ད་ནི་ངོ་མ་བསམ་བློ་བཏང་ན་འབྲུག་པ་ལ་གྱོང་གུད་ཆེན་པོ་བྱུང་མིན་མ་ཤེས་ཀྱང། གནས་རྫས་ཁ་ཤས་མེས་ཚིག་ཡོད་ས་རེད། འབྲུག་གི་གནའ་རྫས་དེ་ཚོ་ལ་ཡག་ག་ཞིག་ཨི་ཡོད་ན་མི་ཤེས། འབྲུག་པའི་མི་ཡི་གཤིས་ཁ་དེ་ཡག་པོ་མེད་པ་མྱོང་བས་གྲུབ་སོང། ཡིན་ནའང་སེམས་ཅན་སུ་ལའང་མི་འདོད་པ་འབྱུང་མི་རུང་བ་ཡིན་དུས་གདུང་སེམས་མཉམ་བསྐྱེད་ཡོད། ཨ་ཁུ་མགོ་ལེབ་ཚོ་སྤྱོད་པ་བཟང་རུ་ཐོང་ཞེས་པའི་བརྡ་སྤྲད་པ་འདྲ་བོ་ལ་གོ་བྱེད་ཆུང་ཆུང་ཞིག་ཡིན་གྱི་རེད། སྤྱི་ཡོང་ནས་བཤད་ན་འདོད་མི་འདོད་འདྲ་མི་འདྲ་ཡོང་བ་སྲིད་པའི་ཆོས་ཉིད་རེད། འགྲེལ་བཤད་ཞེ་དྲག་རྒྱག་ཡག་ལྷག་མེད་པ་རེད། ཨཁུ་མགོ་ལེབ་ཚོ་དང་མཉམ་དུ་གདུང་སེམས་མཉམ་བསྐྱེད་ཡོད་ཞུ།།
ཕྲན་གྱིས་བལྟས་ན་འབྲུག་པར་རྒྱལ་ཁབ་ཡོད་པས་བོད་ཀྱི་ཁྱབ་ཁོངས་སུ་ད་ལྟ་མིན་པ་ཀུན་གྱིས་ཤེས་ལ་བོད་མི་སུ་ཞིག་གིས་ཀྱང་དེ་ལྟར་ཡིན་པ་འདོད་རྒྱུ་མ་རེད་སྙམ། རྒྱུ་མཚན་ནི་རང་ས་རང་ལ་མ་དབང་མཁན་ཞིག་གིས་གཞན་ས་བཙན་བཟུང་བྱེད་པའི་ངན་ཇུས་འཐེན་ཐུབ་ཀྱི་མ་རེད་ལ། དེ་ལྟར་བསམ་བློ་བཏང་མཁན་ཡོད་ཚེ་བོད་འདི་རྒྱ་ཡི་འོག་ཏུ་ཤོར་དོན་ཡང་མེད། རྒྱུ་མཚན་ནི་བོད་ལ་མི་རིགས་རིང་ལུགས་དང་ས་ཁོངས་བདག་དབང་གི་རིང་ལུགས་མེད་པས་བོད་འདི་ཉམས་པ་རེད། གལ་སྲིད་མ་འོངས་བར་རྒྱ་ནག་གིས་གུ་ཡང་གི་སྲིད་ཇུས་བཟུང་ཞིང་བོད་དང་མཛའ་མཐུན་གྱི་ཁྱིམ་གཞི་སྐྱོང་ཚེ་འབྲུག་དང་ཧི་མའི་ས་མཚམས་སུ་དཀའ་རྙོགས་མི་ཡོང་བའི་ངེས་བ་རེད། རྒྱུ་མཚན་ནི་ངས་བཤད་མི་དགོས་བ་ཉམས་ཞིབ་པ་ཚོས་ཤེས་གསལ་རེད།
གོང་དུ་དྲ་འབུ་ཁ་ཤས་ཀྱི་བྲིས་བའི་གནད་དོན་དེ་དག་ནི་འབྲུག་པའི་ཕྱོགས་ཀྱི་བསམ་བློ་དང་དོགས་པ་ཡིན་པ་ཙམ་ལས་དོན་མཐུན་གྱི་ཁྲིམས་ཐག་སུས་ཀྱང་བཅད་དཀའ་བ་འདོད། རྒྱུ་མཚན་ནི་ཕྱོགས་གཅིག་གི་བཤད་ཚུལ་རེད། བདེན་པ་རེད། བོད་ལ་སྐྱོན་ཡོད་པ་བདེན་ལ་འབྲུག་ལའང་དེ་བཞིན་ཡོད། འོན་ཀྱང་དེ་དག་རྒྱུ་མཚན་དུ་་བྱས་ནས་དམར་གསོད་བཏང་བ་ནི་ཆེས་མཐའ་དྲགས་པའི་ཀླ་ཀློའི་བྱ་སྤྱོད་ཅིག་ཏུ་མཐོང་་ལ། དེ་དོན་ཕྱི་གླིང་པ་སྨྲས་ཚེ་འབྲུག་གིས་དེ་ལྟར་བྱེད་པ་བློ་ཡུལ་ལས་འཆར་དཀའི་གནད་དུ་ཁུམས། མེ་ཏོག་དཀར་པོ་བཤད་པའི་འབྲུག་གི་རྒན་ཚོས་སྐད་ཆ་ཡིན་རྟོན་བྱེད་པ་དཀའ་ལ། ལོ་ཏོག་ནོར་ཕྱུགས་ཀྱིས་ཟས་བ་ནི་ཡོང་དུ་ངེས་ཤིང་། ཡོང་བའི་དབང་དུ་བཏང་ཡང་སྒོར་ཁྲིམས་གཅོད་རྒྱུ་ལས་སྲོག་ཁྲིམས་སྤྲད་དགོས་དོན་མི་འདུག དེ་ནི་འབྲུག་པས་ཁ་གཡར་ས་ཞིག་རེད། གང་ལྟར་འབྲུག་པ་རྣམས་ཀྱིས་རང་སྲུང་ཅི་ལྟར་བྱེད་མིན་ནི་ཁོང་ཚོའི་གནད་དོན་རེད་ལ། བོད་མི་རྣམས་འབྲུག་ལ་ལྟ་སྟངས་ཅི་ལྟར་འཛིན་མིན་ནི་བོད་ཀྱི་རང་དབང་རེད། དེ་ལ་ཨུ་ཚུགས་རྒྱབ་ནས་ཡོང་ཡ་མེད་པ་འདོད། གང་ལྟར་འབྲུག་དང་བོད་གཉིས་དེ་སྔོན་ཁ་དང་ལག་པའི་དྲིན་ཅན་ལས་གཅིག་གིས་གཅིག་ལ་ལན་འདེབས་བྱེད་རིན་མེད་པ་འདོད། མདོར་ན་ཕན་ཚུན་གྱི་དགོས་མཁོ་ཆེད་དུ་ཚོང་ཞིག་རྒྱབ་པ་དེ་རེད། འོན་ཀྱང་འབྲུག་ལྟར་ཆུང་བའི་རྒྱལ་ཁབ་ཅིག་ལ་དམིགས་བསལ་གྱི་ནུས་བ་དེ་ཙམ་མེད་པས་བཟང་ངན་གང་ཞིག་བྱེད་ཀྱང་དེ་ལྟར་འཇིག་རྟེན་དུ་ནུས་བ་ཐོན་ཐབས་དཀའ། ནམ་ཡིན་ཡང་སྟོབས་ཆེན་རྒྱལ་ཁབ་ཚོས་ལག་ཆ་ཁོ་ནས་མ་འདས་བས་འབྲུག་པས་གང་ཞིག་བྱེད་ཀྱང་ཕྲན་ལ་གཅིག་པ་ཡིན། མདོར་ན་འབྲུག་པས་རང་དོན་འབོར་རྒྱུ་མ་རེད་ལ་མི་མི་འབོར་རྒྱུ་དུས་ཀུན་རེ་བ་ཡོད།
མེ་དཀར་གཅིག་པུ་མ་རེད་ཕྱི་ལོག་ལ་སྐྱེས་པའི་བོད་པའི་ན་གཞོན་མང་པོ་ཞིག་བོད་པ་ལས་འབྲུག་དང་རྒྱ་གར་ལ་དགའ་ཞེན་ཆེ་བ་ཡོད་རེད་ལ་གསར་འབྱོར་ཚོ་དགྲ་བོ་བཞིན་དུ་འཛིན་གྱི་རེད། འདོར་ན་མི་འདི་ཚོས་རང་ཉིད་ཀྱི་ཁྲག་རྒྱུད་བརྗེད་ཚར་བ་རེད། ཕྱི་ནང་མི་ཤེས་པ་ཆགས་ཚར་བ་རེད། དེ་མིན་འབྲུག་པ་ལ་ལེན་པ་མེད་པ་དང་བོད་པ་ལེན་པ་ཡོད་པའི་སྒྲུབ་བྱེད་ནི་འབྲུག་པའི་རྒད་པོ་ཞིག་གིས་བཤད་བྱུང་ཞེས་པ་དེ་རེད། འབྲུག་པའི་རྒད་པོ་དེས་བཤད་ཚད་བདེན་པ་ཡིན་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁོས་རྫུན་མི་བཤད་སྟེ་འབྲུག་པ་ཡིན་པའི་ཕྱིར་ཟེར་ན་མ་བཏོགས་གཞན་ཅི་བཤད། ཧཧཧ
བོད་པ་རྩ་མེད་བཏང་པ་ནི་རྒྱ་གར་གྱི་མི་ཁ་ཤས་ཀྱིས་དཀྲོགས་གཏམ་འོག་འབྲུག་གི་ཡུལ་ལུང་རིང་ལུགས་པ་དག་གིས་གོ་སྐབས་བཟུང་ནས་གཞན་རྩ་མེད་བཟོས་པ་རེད། ཉིན་ཞིག་འཇུག་འབྲས་འཁོར་ངེས་རེད། འཇིག་རྟེན་འདི་སྐྱིད་སྡུག་རེ་མོས་བྱེད་ས་ཞིག་ཡིན་པ་ལས་བདེ་སྐྱིད་རྐྱང་རྐྱང་ངང་སྡོད་ཐབས་མེད་པས་ཡིན། འབྲུག་གིས་བོད་ལ་ག་ལ་བྱས་ཡོད། བལ་ཡུལ་ལས་ཀྱང་འབྲུག་བོད་ལ་སྡུག འབྲུག་གིས་བོད་པ་རྣམས་སྐྱབས་བཅོལ་ལེན་པ་ལྟ་ཅི་ས་གནས་རྒྱུད་རྒྱ་གར་དུ་འགྲོ་སའི་ལམ་ཁའང་སྤྲད་ཀྱི་མེད། ཉིན་ཞིག་འཇུག་འབྲས་འཁོར་ངེས་རེད། ལྟོས་དང་། ཤེས་ངེས་རེད། སྔོན་མ་པ་ཕམ་ཁ་མྱོང་ན་རྗེས་མས་འཕྱ་དམོད་མ་བྱེད། བོད་ཀྱི་རྗེས་སུ་འབྲུག་ལའང་དེ་ལྟར་བྱུང་ངེས་རེད། སྔ་ཕྱི་ཙམ་རེད།
དངོས་གནས་རིག་འབྱུང་རྒྱ་མཚོས་བཤད་པ་བདེན་པ་རེད།
བལ་ཡུལ་མེད་ན་བོད་པ་རྣམས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་དང། གཞིས་བསྡོད་པ་རྣམས་༸གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་མེད་ལ། བྱེས་པས་ཕ་ས་མཐོང་བའི་གོ་སྐབས་ཀྱང་མེད།
འོན་ཀྱང་བལ་ཡུལ་ལྟ་བུ་རྒྱལ་ཁབ་ཆུང་ངུ་ཞིག་ལ་ཕྱི་ཡིས་གནོན་ཤུགས་ཀྱང་ཡོང་ངེས་པ་རེད། གང་ལྟར་བརྒྱ་ཆ་བརྒྱ་ཐམ་པ་བོད་པར་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང། ཕར་འོང་ཚུར་འོང་གི་གོ་སྐབས་ཞིག་ཡོད་པ་འདི་འང་ངོ་མ་བཀའ་དྲིན་ཆེན་པོ་རེད་དྲན་སོང།
དེ་མིན་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱིས་ནི་མི་གཏོང།
འབྲུག་པས་ཨ་ཅང་ཅང་།
ལུགས་ལ་སོགས་པ་གསན་འཚལ། ཁྱོད་ཚོས་གནད་དོན་དེ་ས་ཆ་གཞན་དང་གཞན་དུ་མ་ཁྲིད་རོགས། ངས་འབྲུག་རྒན་དེས་ལུང་འདྲེན་པ་དེ་ནི་དེ་སྐབས་ཀྱི་བོད་མི་སྤྱོད་ངན་ཅན་ཁ་ཤས་ཀྱི་སྤྱོད་ལམ་མིག་སྟོན་དུ་བཤམ་པ་བམ་ལགས། མིའི་ཞིང་ཁ་རྟར་ཟ་རུ་བཅུག་པ་འགྲིག་འདུག་མདོག་མདོག་མ་གསུངས་རོགས། ཐུགས་རྗེ་ཆེ། འབྲུག་རྒན་གྱིས་བཤད་པ་མི་བདེན་ན་བོད་རྒན་གྱིས་བཤད་པ་ཇི་ལྟར་བདེན། འབྲུག་པ་ནོར་ལ་བོད་པ་མི་ནོར་ཟེར་སུས་ནུས།
ཡང་ཁྲག་རྗེས་པ་དང་གསར་འབྱོར་ལ་དགྲར་ལྟ་གི་རེད་ཅེས་དེ་འདྲ་མ་གསུངས། ངའི་གྲོགས་པོ་ཉེ་ཤོས་མང་ཆེ་བ་བོད་ནས་གསར་དུ་ཕེབས་པ་ཤ་སྟག་ཡིན། ང་ལ་དངུལ་མེད་དུས་དངུལ་ཅི་འདོད་གཡར་བས་མ་ཚད། སྐྱིན་པ་ཡང་བྱུང་ན་དགོས་ལ་མེད་ན་ཁྱད་མེད་ཅེས་བཤད་མཁན་གྲས་རེད། ཡང་ཚིག་མཐོ་དམན་ཙམ་ལ་གྲི་མགོ་འཕུར་མཁན་ཡིན་བོད་ནས་ཕེབས་པ་ཕར་ཞོག་ལྷ་ཡུལ་ནས་ཕེབས་མཁན་ཡིན་ནའང་ཡི་རངས་འབུལ་ཐུབ་པ་མིན་འདུག
གང་ལྟར་བོད་དང་འབྲུག་པའི་མཛའ་འབྲེལ་ཡིན་དུ་བརྟན།
ལུང་རྟོགས་ཞེས་འགོ་ནས་བཅོས།
ད་མེ་དཀར་འཁྲུག་ཚར་འདུག་གནས་ལུགས་ཡོད་པའི་སྐད་ཆ་གཅིག་ཀྱང་བཤད་རྒྱུ་མི་འདུག ཧཧཧ ད་དུང་ཉོན་གཅིག། འབྲུག་གིས་གོང་ས་མཆོག་གདེན་འདྲེན་མ་ཞུས་པ་དེ་ནང་པའི་རྒྱལ་ཁབ། ཤྲི་ལང་ཀ་དང་། འབར་མ་སོགས་དང་མཚུང་པར་བཤད་འདུག་ཀྱང་གཏན་ནས་མི་མཚུང་། རྒྱལ་ཁབ་དེ་དག་ནི་བོད་དང་མི་རིགས་ཐ་དད་ཡིན་པ་མ་ཟད་སྐད་ཡིག་དང་རིག་གཞུང་ཚང་མ་ཐ་དད་རེད་ལ། ནང་པ་ཡིན་ཡང་ཐེག་དམན་ལས་ཐེག་ཆེན་ཁས་མི་ལེན་མཁན་རེད། འབྲུག་དང་བོད་པ་གཉིས་མི་རིགས་གཅིག་ཡིན་པ་མ་ཟད་སྐད་ཡིག་ཅིག་དང་རིག་གཞུང་གཅིག་རེད་ལ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཉམས་སུ་ལེན་པ་གཅིག་མཚུང་རེད་ལ། ད་དུང་འབྲུག་པ་ཚོས་ཆོས་ཞུ་སའང་བོད་པའི་བླ་མ་ཚོ་རེད། ད་དུང་ཁོང་ཚོའི་མེས་པོ་ལྟ་བུར་བརྩི་བའི་ཞབས་དྲུང་ངག་དབང་རྣམ་རྒྱལ་ཞེས་པ་དེ་ཡང་བོད་པ་རེད། གཞན་ཡང་བོད་པ་ཚོ་སྐྱབ་གཅོལ་བ་རེད་ལ་འབྲུག་པ་རྒྱལ་ཁབ་ཡོད་པ་ཞིག་ཡིན་ཡང་བོད་པའི་དགོན་སྡེ་ཁག་ནས་འབྲུག་པའི་གྲྭ་བཙུན་བརྒྱ་ཕྲག་མང་པོར་ལྟོ་གོས་གཏམ་གསུམ་སྤྲད་བཞིན་ཡོད་པ་ལ་བསམ་བློ་ཐོང་དང་། འབྲུག་པས་བོད་པར་གཞན་ལས་ལྷག་པའི་རོག་ཕན་སྒྲུབ་དགོས་ངེས་ཡིན་ཡང་འབྲུག་ལ་གནས་སྡོད་བོད་མི་ཚོས་མཐའ་ན་སུམ་བཅུའི་དུས་དྲན་ཙམ་ཡང་སྲུང་རྩི་བྱེད་ཆོག་གི་མེད་པ་འདི་ཚོ་ཡ་རབ་ཀྱི་བྱེད་སྟངས་ཤིག་རེད་དམ།
ད་ཉོན་ཅིག ཁ་བཙུམ་སྡོད་མི་བཅུག་གི ༧གོང་ས་མཆོག་བོད་པའི་༧གོང་ས་དང་། ༧ སྐྱབས་མགོན། དབུ་ཁྲིད། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རེད། ཡིན་ནའང་འབྲུག་པའི་མ་རེད། ཁོང་ཚོའི་ངོར་༧གོང་ས་མཆོག་༧སྐྱབས་མགོན་ཏ་ལའི་བླ་མ་རེད། དེས་ན་༧གོང་མཆོག་གདན་འདྲེན་ཞུ་དགོས་རྒྱུའི་ཆོས་སྲིད་གཉིས་གང་འཐད་ནས་གལ་ཆེན་མ་རེད།
ལྡོག་ཕྱོགས་ནས་༧གོང་ས་མཆོག་གདན་ཞུས་ན་དེ་དང་མཉམ་དུ་དགེ་ལུགས་པ་གུ་རུ་འདྲེ་ལ་ལྟ་མཁན་དེ་འདྲ་འཛུལ་ཡོངས་གི་རེད། དེས་འབྲུག་གི་དམ་ཚིག་ལ་རྒྱ་གནོད་གི་རེད།
ད་རེས་འཁྲུག་མེད་སྙམ།
བོད་འབྲུག་མི་རིགས་གཅིག་པ་རེད། །
འབྲུག་མོ་ཚོ་མ་འཚིག་ན་འགྲིག
ཁང་རྙིང་དག་ཇི་ཙམ་འཚིག་ནའང་འཚིག
གུ་རུ་འདྲེ་ལ་བལྟ་མཁན་ནི་དོལ་ཚོགས་རེད། དེ་གོང་ས་མཆོག་དང་མཉམ་དུ་ཡོང་བར་བཤད་པ་ནི་གོང་ས་མཆོག་ལ་མཚན་སྨོད་ཞུས་པ་མ་རེད་དམ། མེ་དཀར་འཁྲུག་མི་འདུག་ན་ཅི་འདུག ངོ་མ་གྲོགས་པོ་ཁྱེད་རང་གིས་ཏོག་ཙམ་བཏུང་ཡོད་ས་རེད།
ད་དུང་གོང་ས་མཆོག་རྒྱལ་བསྟན་ཡོང་རྫོགས་ཀྱི་དབུ་ཁྲིད་ཡིན་ཡང་འབྲུག་པའི་མ་རེད་ཞེས་པ་དེ་ནང་འགལ་མི་འདུག་གམ། རྡོ་རྗེ་གདན་ལ་གོང་ས་མཆོག་རྒྱལ་བསྟན་ཡོང་རྫོགས་ཀྱི་དབུ་ཁྲིད་ལ་མངའ་གསོལ་སྐབས་འབྲུག་པ་ཡང་མཉམ་དུ་ཡོད་པ་ཁྱོད་ཀྱིས་མ་མཐོང་ངམ།
ནང་འགལ་མེད། ངས་བོད་པའི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཅེས་བརྗོད་ཡོད་པས་གོ་རྒྱུ་ཡོོད་ལོ།
ད་འོ་ན་བོད་པ་མ་བཏོགས་གཞན་གྱི་རྒྱལ་བསྟན་མངའ་བདག་མ་རེད་ཟེར་རྒྱུ་ཡིན་ནམ། དེ་འདྲ་ཡིན་ན་ངས་གོང་དུ་དྲང་བ་ལྟར་རྡོ་རྗེ་གདན་ལ་རྒྱལ་བསྟན་ཡོང་རྫོགས་ཀྱི་མངའ་བདག་ལ་མངའ་གསོལ་སྐབས་ནང་པ་ཡོང་ཀྱི་སྐུ་ཚབ་ཡོད་པས། མེ་དཀར་ཁྱེད་ལྟ་བུ་ཁ་ཤས་ནས་ཁས་མ་བླང་ན་མ་བཏོགས་འཛམ་གླིང་སྤྱི་ཡིས་རྒྱལ་བསྟན་ཡོང་རྫོགས་ཀྱི་དབུ་ཁྲིད་ལ་ཁས་བླང་ཚར་བ་རེད།
དཔལ་ལྡན་འབྲུག་རྒྱལ་ཁབ་ཀྱི་ཕོ་བྲང་ལ་མེ་སྐྱོན་གྱི་གནོད་འཚེའི་ཆགས་སྒོ་བྱུང་བར་བློ་ཕམ་དང་། རྒྱལ་ཁབ་ཀྱི་མི་མཐུན་རྒུད་ཚོགས་ཞི་ནས། ཆོས་སྲིད་ཀྱི་དཔལ་ཡོན་དར་བའི་སྨོན་འདུན་ཞུ།
ང་རང་འབྲུག་ལ་སླེབས་མྱོང་མེད་ཀྱང་། འབྲུག་རྒྱལ་ཁབ་ནི་ངའི་ཆེས་དགའ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན། དེ་ནི་ད་ཆ་བོད་ཀྱི་ཆོས་རིག་སྐད་ཡིག་ཁྲིམས་ཐོག་ནས་རྒྱལ་ཁོངས་ཀྱི་སྤྱི་དམངས་ཚང་མས་རང་དབང་ངང་བེད་སྤྱོད་གཏོང་ས་ཡོད་པའི་རང་དབང་ཅན་གྱི་རྒྱལ་ཁབ་གཅིག་རང་ལྷག་པ་དེ་ཡིན། དེ་ནི་ང་ཚོ་ཚང་མས་ཐུན་མོང་དུ་བདག་གཅེས་བྱེད་འོས་པའི་རྒྱལ་ཁབ་གཅིག་ཤོས་དེ་ཡིན།
རྒྱ་ནག་པོས་བོད་ཀྱི་ནང་ནས་སྐད་ཡིག་མེད་པ་བཟོས། ཕྱི་རྒྱལ་དུ་བོད་མི་ཁ་ཐོར་དང་འཚོ་བའི་ནང་བེད་མེད་རྐྱེན་གྱིས་བོད་ཀྱི་སྐད་ཡིག་མེད་པ་ཆགས་སྐབས་འདིར། རང་དབང་ཅན་གྱི་འབྲུག་རྒྱལ་ཁབ་ནང་ང་ཚོས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་གང་ཐུབ་གནང་དགོས་པའི་དུས་ལ་བབ།།
འབྲུག་པའི་བོད་བརྒྱུད་ནང་བསྟན་ཉམས་ལེན་བྱས་པའི་ཆ་ནས་༧་གོང་ས་མཆོག་གདན་འདྲེན་ཞུ་དགོས་བའི་ངེས་པ་མེད། ༧་གོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ཡང་འབྲུག་པའི་མ་རེད་ད་དུང་ཆོས་བརྒྱུད་གཞན་པའི་བླ་མར་ངེས་པར་ཅན་བརྟེན་དགོས་དེ་མིན་ཆོས་ཀྱི་དབུ་ཁྲིད་ཆགས་ཐབས་མེད། ད་དུང་༧་གོང་ས་མཆོག་འབྲུག་ལ་གདན་འདྲེན་ཞུས་ན་དེ་དང་མཉམ་དུ་དགའ་ལྡན་ཕོ་བྲང་གི་འདྲ་ལག་རྐྱང་ངེས་ཅན་ཡིན་གསལ་པོ་རེད། དཔེར་ན་འབྲས་ལྗོངས་ལྟ་བུ་རེད་ འབྲས་ལྗོངས་བཀའ་བརྒྱུད་དང་རྙིང་མའི་དགོན་སྡེ་གང་མང་ཡོད་བཞིན་དུ། སྐུ་སྒེར་དང་དགའ་ལྡན་ཕོ་བྲང་གཙོའི་པའི་འདྲ་ལག་རྐྱང་ནས་ཡིན་གཅི་མིན་གཉིས་དགེ་ལུགས་པ་ཞིག་གི་དགོན་སྡེ་གསར་སྐྲུན་བྱེད་གི་ཡོད་དེ་རེད། ཡར་རྒྱས་བཏང་་དགོས་ནས་བཀའ་བརྒྱུད་དང་རྙིང་མའི་དགོན་སྡེ་དག་ཡར་རྒྱས་གཏོང་ན་འགྲིགས་ངེས་པས་དགེ་ལུགས་དགོས་དོན་མེད། སྐུ་རྩེ་ཡིན་དོ། དགོང་པ་ཚོམ་རོག་ཞུ།།
ཀརྨའི་སྐུ་སྲུང་རང་རེད་འདུག ཧཧཧཧཧཧཧཧཧཧཧཧཧཧཧཧཧ
སྐད་ཆ་མདོག་ཉེས་པོ་དེ་འདྲ་ཞིག་ཇི་ལྟར་བཤད་ནུས་སོང་། ཁྱོད་མི་དགོས་ང་ཡང་ངོ་འདྲ་ཞིག་ཚ་སོང་།
ལུང་རྟོགས་ལགས། ངས་དེ་རང་ཞུ་གི་ཡོད། རྡོ་རྗེ་གདན་དུ་ཅིག་ཅིག་མག་མག་བཤད་པས་རྒྱུ་མཚན་ཅན་དུ་ག་ལ་འགྲོ། དེར་འབྲུག་པ་མང་པོ་སླེབས་ཡོད་ནའང་འབྲུག་པའི་སྐུ་ཚབ་མི་མཚོན།
དེས་ན་ངས་ཡང་ཡང་ཞུས་པ་བཞིན། བོད་པའི་བཟང་པོ་ཀུན་ལ་བཟང་པོ། བོད་པའི་ངན་པ་ཀུན་ལ་ངན་པ་ཡིན་དགོས་མ་རེད་ལ་ཡིན་མི་སྲིད་པ་རེད་དོ།།
བོད་འབྲུག་རྒྱལ་ལོ།།
ད་དུང་འབྲུག་རྒྱལ་དམང་ཞུ་རྒྱུ། སྤྱན་རས་གཟིགས་དབང་༧གོང་ས་མཆོག་ལ་རྒྱང་ནས་དད་པ་བྱོས། བྱིན་རླབས་ཐུགས་རྗེ་ལ་ཉེ་རིང་ཡོད་མ་རེད།
མདོག་ཉེས་རུང་བདེན་པ་རད།
མདོག་ཉེས་རུང་བདེན་པ་རེད།
གྲོགས་པོ་རྣམ་པར་སྙན་སྒྲོན་ཞིག་ཞུ་རྒྱུར། བསམ་བློ་ཡག་པོ་ཞིག་འཁོར་དང༌། འབྲུག་ལ་སྐྱིད་པོ་ཞེ་དྲག་ཡོད་པ་ནི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་ཀུན་ལས་ཁྱད་པར་འཕགས་པ་དུས་གསུམ་རྒྱལ་བ་ཀུན་གྱིས་རྒྱལ་ཚབ་ཏུ་དབང་བསྐུར་བ་ཨོ་རྒྱན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་འབྱུང་བ་ཡིན་པ་དང་མི་རྣམ་པས་ཀྱང་ལས་འབྲས་ཁྱད་དུ་མ་བསད་པའི་འབྲས་རྟགས་ཡང་དག་ཞིག་ཡིན་ཁུལ་རེད། ད་ལམ་དབང་འདུས་རྫོང་མེ་ལྷའི་ཞལ་དུ་བྱོར་བ་དེ་ཡང་སོ་སོའི་བསོད་ནམས་ཀྱི་སྐལ་བར་མ་ཐེག་པར་རེ་ཞིག་རྐྱེན་ངན་འབྱུང་བ་ཡིན་མོད། དེ་ལ་ཡང་ཧང་སང་རྒྱུ་ཅི་ཡོད། དེང་སང་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་སྐབས་དེར་དེ་ལས་ལྷག་པ་ཞིག་བཟོ་རྒྱུ་རེད་མ་གཏོགས་ཐབས་སྐྱོ་པོ་དེ་འདྲ་ནི་བཞེངས་དོགས་མེད། དེ་བཞིན་བོད་ཀྱི་རྒྱལ་ཁབ་མི་ལག་ཏུ་རིན་མེད་སྟོང་པར་སྤྲོད་དགོས་འབྱུང་བ་ནི་བཀའ་དྲིན་ཅན་ཨོ་རྒྱན་གྱི་སློབ་དཔོན་ལ་འདྲེར་མ་བལྟ་ནའང་ཡིད་ཆེས་དང་དད་པ་མེད་པས་རྐྱེན་པས་ཟློག་ཐབས་གང་ཡང་མེད་པར་བཙན་བྱོལ་དུ་འབྱོར་དགོས་པ་ནི་རྐྱེན་དང་དངོས་ནི་སོ་སོ་རང་གི་ལས་འབྲས་རེད་མ་གཏོགས་ལྷས་བཟོ་བཞག་པ་དང་འདྲེས་ཤིག་བཞག་པ་ཅི་ཡང་མིན་དུས། ད་དུང་ཡང་ཕུན་ཚོགས་དཔལ་དང་ལྡན་པའི་རི་ལ་ཤིང་ཅིག་མེས་འཚིག་པ་ལ་སྙིང་ཚིམ་བསྡད་པ་ཡིན་ན་དེ་ལས་ཐབས་སྐྱོ་བ་ཞིག་མིན་འདུག་ཨང༌། དཀོན་མཆོག་མཁྱེན། གྲོགས་པོ་རྣམ་པས་བློ་ཆུང་ཆུང་བུ་གྲོག་མའི་བསམ་ཚུལ་མིན་པར་མཁས་པའི་རྗེས་སུ་བསྙེགས་ནས་བཤད་ན་གཟིགས་རྟོགས་མཛད་མཁན་རྣམ་པ་ཡང་ཡིད་ཚིམ་པ་དང་རང་ཡང་མི་མདུན་ངོམ་ཐུབ་པ་ཞིག་མི་ཡོང་ངམ།
མེ་དཀར་ཁྱེད་རང་གནས་ལུགས་བཤད་རྒྱུ་མེད་ན་ཡང་ཨུ་ཚུག་རྒྱག་མཁན་ཞིག་རེད་འདུག་པས། ས་སྐྱ་པཎ་ཊི་ལྟས། མཁས་པ་རྒྱ་ལ་ང་མི་སྐྲག བླུན་པོ་གཅིག་ལ་ང་སྐྲག་ཞེས་གསུང་པ་ལྟར་ང་སྐྲག་སོང་། ད་བདེ་མོ།
ཨུ་ཚུགས་ཟེར་རུང་བླུན་པོ་ཟེར་རུང་ངའི་གཏན་ཚིགས་གཅིག་པུ་འདིའི་ལན་རྣམ་དག་ཅིག་མེད་པར་ཁྱེད་ཀྱིས་ཁ་ལྕེ་སྟོང་དུ་སྤྲུལ་ནས་ཅི་བཤད་ཀྱང་དག་པ་འབུལ་ཐུབ་པ་མིན་འདུག
སྐུ་གཟུགས་ཐུགས་འཇགས།
འབྲུག་གི་དབང་འདུས་རྫོང་དེ་ང་ཚོ་སངས་རྒྱས་བསྟན་པའི་ལྷ་ཁང་ཞིག་དང་དགེ་འདུན་གྱི་སྡེ་ཞིག་མེའི་ཚིགས་པར་དེ་ལ་བོད་ཆོས་ལྡན་གྱི་མིའི་སེམས་གསོ་ཞིག་མེད་ནའང་རྗེས་ཡི་རང་གི་ཁ་རྡུང་གཏོང་བར་ལྟས་ན་བོད་ཀྱི་བདེན་མཐའ་གསེལ་རྒྱུ་དེ་ཁག་ཙམ་མི་ཡོང་ངམ། མ་གཞི་༧༤ ལོའི་དོན་རྐྱེན་སྐབས་བོད་མི་ཙམ་མིན་པར་དེར་གཏོགས་པའི་འབྲུག་མི་ཡང་མང་དག་ཞིག་ཁྲི
ས་དེའི་གནས་པ་དང་ཆད་པ་མི་ཡངས་པར་ཕོག་ཡོད། ཡང་དོན་རྐྱེན་དེ་དང་འབྲེལ་བ་མེད་མཁན་བོད་རིགས་རྣམས་ནི་འབྲུག་མི་དཀྱུས་མ་ལྟར་བག་ཡངས་སུ་འཚོ་བ་དང་དེང་གི་བར་དེ་ལྟར་འཚོ་བཞིན་མཆིས།
ཆང་འཐུང་ར་བཟི་འདི་ཚོ་ད་དུང་ཉལ་མི་འདུག ཨ་ཧ་བོ་ན་ཧ་བོ། ད་ག་རེ་བྱེད་དགོས་རེད། འདི་ཚོས་སྐྱུག་པ་སྐྱུག་སྟངས་ལ་ཅིག་ལྟོས་དང་། སྙིང་རྗེ་ཡ་རང་ལས་མི་འདུག ད་དུང་ཁོང་ཚོས་ཁོང་ཚོ་ཅིག་ཡིན་བསམ་གི་ཡོད་པ་འདྲ། ཧ་་་ཧ་་་་་ཧ ད་ཅི་བྱེད
ཐབས་ཇུས་ཅན། ངས་ཀྱང་ཁྱོད་ལྟ་བུ་ལང་ཤོར་ཚོ་མཐོང་དུས་་་་ཧ་བོ་ན་ཧ་བོ། ཞེས་ཐལ་ལོ།།
འབྲུག་ནི། བོད་ཀྱི་ཆོས་རྒྱལ་སྐབས་བོད་འབངས་སྙོན་མེད་ཅིག་རེད།མངའ་བདག་འུ་དུམ་བཙན་པོའི་རྗེས་བོད་འབངས་སིལ་པོར་འཐོར་བ་ནས་བཟུང་། ད་བར་བོད་ཁོངས་ཆིག་སྒྲིལ་མ་ཐུབ་པའི་ས་གནས་ལ་དྭགས་དང་། འབྲས་ལྗོངས། ལྷོ་ཆུ་མིག་བརྒྱ་ཚ། ཤར་པ་སོགས་དང་གཅིག་མཚུངས་ཤིག་ཡིན། དེ་རྗེས་སྡེ་པ་གཙང་པ་དང་། རིན་སྤུངས་པ། དགའ་ལྡན་ཕོ་བྲང་པ་བཅས་ཀྱི་སྐབས་འབྲུག་དང་དམག་འཁྲུག་ཐེངས་འགའ་བརྒྱབ་མྱོང་ཡོད། དཔེར་ན། དགའ་ལྡན་ཕོ་བྲང་གི་སྲིད་དབང་བཟུང་བའི་སྐབས་ཀྱི་དམག་འཁྲུག་ལ་ལོ་རྒྱུས་དེབ་རྙིང་ནང་དགའ་ལྡན་ཕོ་བྲང་དང་འབྲུག་གི་དུས་ཟིང་ཟེར་བ་ལས།བོད་དང་འབྲུག་གི་དུས་ཟིང་ཞེས་འཁོད་མི་འདུགདུས་ཟིང་སྔ་ཕྱི་དེ་དག་གི་རིང་ས་དགེ་དཀར་རྙིང་རིས་མེད་རྣམས་ཀྱིས་བར་འདུམ་གནང་སྐབས་ཕྱོགས་གཉིས་ཀ་ནས་ཉན་འཇོག་བྱེད་ཀྱི་འདུག དེ་བཞིན་༸རྒྱལ་མཆོག་ཡབ་སྲས་གཉིས་དང་ས་སྐྱ་གོང་མ། ཀརྨ་པ་བཅས་ལ་དད་པ་ཧ་ཅང་ཆེ། ཞབས་དྲུང་ངག་དབང་རྣམ་རྒྱལ་ཡང་བོད་གཙང་དུ་འཁྲུངས་པ་བཅས། ལོ་རྒྱུས་ཐོག་ནས་བོད་ཀྱི་བླ་ཆེན་རྣམས་དང་བོད་འབངས་ཡོངས་དང་དམིགས་བསལ་འབྲེལ་བའི་དབང་གིས་དམིགས་སུ་ཐོན་པའི་ཞབས་འགྱུར་དུ་འགྲོ་བ་ཞིག་མཛད་དགོས་ངེས་ཀྱང་། དེ་ལྟར་མ་བྱུང་བ་ནི་འབྲུག་གི་ཆབ་སྲིད་ལ་དགོངས་བཞེས་གནང་དགོས་བྱུང་འདུག་པ་ཐུགས་མད།བཙན་བྱོལ་བོད་པ་དང་འབྲུག་བར་གྱི་གནས་ཚུལ་ངན་པ་དེའི་སྐོར་མང་པོ་ཞིག་བཤད་འདུག་པ། ཆབ་སྲིད་གཏིང་གནག་པས་འོལ་ཚོད་ཙམ་ལས་ཡིད་འཇོག་བྱེད་དཀའ། དེ་ཚོར་ཞིབ་འཇུག་གཏིང་ཟབ་གནང་ནས་རང་གཞན་སུས་ནོར་ཤེས་དགོས་པ་འདུག ད་སྐབས་འབྲུག་སྡོད་བོད་མི་རྣམས་ནི་སོས་དལ་ངང་གནས་འདུག་པ་དང་། ས་ཕྱོགས་གཞན་ནས་འོངས་པའི་བོད་པ་རྣམས་འབྲུག་སྡོད་བོད་མིར་ཡིད་སྨོན་མང་པོ་བྱེད། སྐད་གདངས་ཙམ་ལས་སྐད་ཡིག་དང་ཆོས་ལུགས། གཤིས་ཀ་གང་ཐད་ནས་གཅིག་མཚུངས་དང་། ལུས་དལ་སེམས་སྐྱིད་ལྡན་པའི་འབྲུག་རང་དབང་ལུང་པའི་ནང་སྡོད་རྒྱུ་བྱུང་བ་དང་། དཔལ་འབྱོར་ཐད་ཀྱང་འབྱོར་པ་ཆེ་བ་བཅས་སྡེ་བཞིའི་དཔལ་དང་ལྡན་པར་འདུག་ཅེས་ཟེར་བ་དང་། མ་འོངས་རྒྱལ་ཁབ་གང་དུ་གནས་པའི་བོད་མི་རྣམས་ནས་འབྲུག་སྡོད་རྣམས་བདེ་སྐྱིད་ཆེ་ཤོས་སུ་འགྱུར་ངེས་འདུག
ཇོ་ཇོ།
ལགས། སྐབས་ཤིག་ལ་རྒྱ་གར་ཆུ་མོ་གངྒ་ལ་རྒྱ་བོད་ཀྱི་ས་མཚམས་བཅད་ཟེར། དེ་ཨེ་རེད།
ཀུན་མཁྱེན་པད་དཀར་གྱིས། ཕན་ཚུན་གཅིག་གིས་གཅིག་བསྟོད་ན། །ཧ་བོ་བས་ནི་གང་བས་དཀར། །ཕན་ཚུན་གཅིག་གིས་གཅིག་སྨད་ན། །རྫ་བོ་བས་ནི་རི་བས་ནག །ཅེས་གསུངས་པ་ཅིས་མ་བདེན། འོན་ཀྱང་དུས་སུ་བབས་པའི་ཆར་ལྟར་སྐབས་སུ་བབས་པའི་གཏམ་ཞིག་མ་བཤད་ན་མི་འགྲིགས་པར་འདུག ད་འཆད་པར་བྱ་བས་རྣ་བ་བླགས་ཏེ་ཉོན་ཅིག དེ་ལ་ཁ་ཤས་ཀྱིས་བོད་མི་སྐྱབས་བཅོལ་དུ་འོང་མཁན་རྣམས་ལ་འབྲུག་པས་གྲོགས་དན་མ་བྱས་ཟེར། དེ་འདྲའི་འུད་གཏམ་མ་ཤོད་རོགས། སྤྱིར་ནི་འབྲུག་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པས་རྒྱལ་ཁབ་ཆེན་པོ་ལ་དོགས་ཟོན་བྱེད་དགོས་པ་ཞིག་ལོས་ཡིན། འོན་ཀྱང་དེ་དུས་ཀྱི་འབྲུག་གི་དཔོན་པོ་རྣམ་པས་རང་དོན་རྒྱབ་ཏུ་བསྐྱུར་ནས་བོད་རིགས་སྐྱབས་བཅོལ་བའི་གྲོགས་དན་གང་དྲག་བྱས་ཡོད་དེ་དཔེར་ན་བོད་ཀྱི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་གཉིས་པ་རྒྱལ་དབང་ཀརྨ་པ་ཡང་འབྲུག་བརྒྱུད་དེ་སྐྱབས་བཅོལ་དུ་ཕེབས་ཡོད་པ་ཤེས་པར་གྱིས་ཤིག ད་དུང་བོད་མི་དཀྱུས་མ་མཚམས་པ་ལ་བརྒྱུད་དེ་སྐྱབས་བཅོལ་དུ་ཕེབས་མཁན་རྣམས་ལ་ཡང་བུམ་ཐང་བྱ་དཀར་རྫོང་གི་གཉེར་པས་སྣེ་ལེན་བྱས་ཤིང་རྩམ་པ་སྤྲད་པ་སོགས་ཀྱིས་གྲོགས་དན་བྱས་ཡོད་པ་ཡང་དེ་དུས་གཉེར་པའི་གྲོགས་སུ་ཡོད་པའི་དྲག་ཤོས་ལྷ་དར་ལ་བྱ་བས་བཤད་རྒྱུ་འདུག དེ་ཡང་རྫུན་རེད་ཟེར་རམ།
ཡང་ཁ་ཤས་ཀྱིས་བོད་རིགས་ཀྱི་བླ་མ་སྤྲུལ་སྐུས་འབྲུག་རིགས་མང་པོ་ལ་སློབ་སྦྱོང་སྤྲད་ཀྱི་ཡོད་རེད་ཟེར། ཁྱེད་ཚོས་བསམ་ན་བླ་མ་སྤྲུལ་སྐུ་དེ་ཚོས་རྒྱ་གར་ལ་དགོན་པ་རྫིག་པོ་དེ་འདྲ་རྒྱག་ནས་གྲྭ་ཚང་ཆེན་པོ་དེ་འདྲ་འཛུགས་ཐུབ་པ་དེ་བླ་མ་སྤྲུལ་སྐུ་དེ་ཚོ་ཁོང་རང་གིས་འཇོན་པ་རེད་དྲན་གྱི་འདུག་གས། དེ་ཚོ་ཚང་མ་འབྲུག་པའི་བཀའ་དྲིན་རེད་གོ་ཨེ་ཐལ། འབྲུག་པའི་བཀའ་དྲིན་ག་རེ་ཡིན་བསམ་ན་དགོན་པ་དང་གྲྭ་ཚང་རྫིག་པོ་རྒྱག་མཁན་གྱི་བླ་མ་སྤྲུལ་སྐུ་དེ་ཚོའི་རྩར་ཕྱིན་ནས་གཅིག་དྲིས་དང་། ཁོང་གིས་ལན་དྲང་པོ་སྟེར་ལས་ཆེ། ཁོང་གིས་དྲང་པོ་མ་བཤད་ན་གཞི་ནས་ང་ལ་དྲིས་རོགས། ངས་གསལ་པོ་བཤད་ངེས་ཡིན།
རྒྱལ་བ་རིན་པོ་ཆེ་ནང་པའི་དབུ་ཁྲིད་རེད་ཨེ། ནང་པ་ཞེས་པ་དེ་སོ་སོའི་སེམས་དུལ་ཡ་དང་སངས་རྒྱས་ཀྱི་སར་འགྲོ་བའི་ཐབས་ལམ་ཞིག་མ་རེད་པས། དེ་ལ་ག་རེས་བྱས་ན་དབུ་ཁྲིད་དགོས་པ་རེད། སངས་རྒྱས་པ་ལ་དབུ་ཁྲིད་ངེས་པར་ཡོད་ན་སངས་རྒྱས་ཤཱཀྱ་ཐུབ་པ་དེ་རེད། དེ་ནི་བོད་ལ་ཡང་གདན་འདྲེན་ཞུས་ཡོད་མ་རེད་བ། རྒྱལ་བ་རིན་པོ་ཆེ་འབྲུག་ལ་གདན་ཞུས་བྱེད་ན་ཁྱེད་ཚོར་ཁེ་ཕན་ག་རེ་ཡོད་རེད། རྒྱལ་བ་རིན་པོ་ཆེ་མཉམ་དུ་འབྲུག་ལ་སླེབས་ནས་འབྲུག་ལ་རྙོགས་དྲ་ཞིག་བཟོ་གི་ཡིན་དྲན་གྱི་ཡོད་པས། དེ་འདྲ་བྱེད་ན་ད་དུང་ཨུར་ཏི་རེག་ཡ་ལས་གཞན་གང་ཡང་རེག་གི་མ་རེད་ལོ།
བོད་རྒྱལ་འུ་དུམ་བཙན་པོའི་སྔ་རོལ་འབྲུག་བོད་ཀྱི་མངའ་འོག་ཡིན་ཟེར། དེ་ལྟར་ཡིན་པའི་རྒྱུ་མཚན་ག་རེ་ཡོད། བོད་ཀྱི་རྒྱལ་རབས་སུ་གསལ་ཟེར་རྒྱུ་ཡིན་ནམ། བོད་ཀྱི་རྒྱལ་རབས་སུས་བྲིས། བོད་པ་རྒན་པོའི་རྫུན་རེད་ཟེར་ན་ཅི་ཟེར། འབྲུག་པ་རྒན་པོས་རྫུན་བཤད་ལ་བོད་པ་རྒན་པོས་རྫུན་མི་བཤད་པའི་རྒྱུ་མཚན་ཅི་ཡོད། བོད་པ་རྒན་པོས་རྫུན་མི་བཤད་དེ་བོད་པ་ཡིན་པའི་ཕྱིར་ཟེར་རྒྱུ་ཡིན་ནམ། ལྷག་དོན་དུ་ཡང་ངག་རྒྱུན་ཐར་ཐོར་དང་ལྷ་སྒྲུང་སོགས་ལ་གཞི་བཅོལ་ཏེ་བྲིས་པའི་བོད་ཀྱི་རྒྱལ་རབས་ལ་ཡིད་བརྟོན་མི་ནུས་པ་ཤེས་པར་གྱིས་ཤིག།
མང་དུ་བཤད་ན་བོད་རིགས་བསམ་ཤེས་ཅན་ཚོའི་ཡིད་སུན་བྱིན་རྒྱུ་ལས་གཞན་མ་མཆིས་པས་དེ་རིང་དེ་ཙམ་གྱིས་ཆོག་པར་བྱ་ལ། ད་དུང་ཕྲག་དོག་གི་དུག་ཆུས་མྱོས་པའི་སྐྱེ་བོ་འགའ་ཞིག་གིས་ཅ་ཅོའི་ཅལ་སྒྲ་སྒྲོག་ཏེ་བདེ་བར་འདུག་མ་སྟེར་ན་རིག་པའི་མདའ་སྣུན་ཁྱེར་ཏེ་སླར་ཡང་ཡོང་རྒྱུ་ཡིན་པར་དགོངས་འཇགས་འཚལ།
གཡུ་ཡི་འབྲུག་དཀར་པོ།
གཡུ་ནི་ལྗང་ཁུ་དང་དཀར་པོ་ནི་དཀར་པོ་རེད།
ད་གང་ཤེས་དཀར་པོ་དང་ལྗང་ཁུ་གཉིས་ཀྱི་གཞི་མཐུན།
ཨ་ལགས་ཀུ་རྩེད་ཞུས་ཡིན་དཱ།
བྱུང་ན་གཡུ་འབྲུག་སྔོན་མོ་ཞེས་བརྗོད་ན་གང་འདྲ་འདུག་གམ།
དེ་རིང་གཡུ་འབྲུག་ངར་ཞིང་ཧུར་འདུག རེམས།
གཡུ་འབྲུག
རིག་མདའ་མི་འདུག ཁྲོང་ཁྲོས་སྐད་ཆ་ལས་ཅི་ཡང་མི་འདུག རྒྱལ་བ་ཀརྨ་པ་འབྲུག་ཡུལ་རྒྱུད་ནས་ཕེབས་དུས་བོད་ས་ཤོར་མེད་ལ། ཀརྨ་པ་པ་དམིགས་བསལ་གྱི་ནུས་བ་ཡོད་པས་རེད། འབྲུག་གི་མི་རྒན་ཚོས་ཀརྨ་པར་རྒྱལ་ས་ནས་དགོན་པ་གནང་ཡང་རྗེས་སུ་འབྲུག་ལུང་ཚན་རིང་ལུགས་པས་ལག་ནས་ཕྱིར་འཕྲོག་སོང་ཡོད་ཨ། ཀརྨ་པའི་ཚ་བོ་འབྲུག་རྒྱལ་ཚང་གི་ཆོ་ག་ཡིན་པའི་ཁ་ངོ་ལ་བལྟས་མེད་ཨ། དྲང་མོ་ཤོད། སེར་འབྲས་དགེ་གསུམ་གྱི་སྦྱིན་བདག་འབྲུག་པ་རེད་དམ། འབྲུག་གིས་བླ་མ་ཅུང་སྦྱིན་བདག་བྱེད་པ་བདེན་ཡང་དེ་ནི་དགོན་སྡེ་རྒྱག་བྱེད་ལ་མཚོན་ན་ཉུང་ཤས་ཤིག་རེད། འབྲུག་ལྟར་དབུལ་བོའི་རྒྱལ་ཁབ་ཅིག་གིས་ཅི་ཙམ་བོད་དཔལ་འབྱོར་གྱིས་ཕན་ཐོགས་སྲིད་དམ། སྔོན་མ་བོད་པ་ཉེས་རྡུང་ཐུབ་ཀྱང་རྟག་པར་ཐུབ་མི་སྲིད། ཧམ་ཆེ་ལ་ན་རང་ཉིད་སྲེགས་འོང་། དང་ཐོག་བོད་ལ་ཅུང་རོགས་པ་བྱས་ཀྱང་བོད་ཕྱོགས་ནས་ཁེ་ཕན་མེད་པ་ཤེས་མཚམས་འབྲུག་ས་རྒྱུད་བཙན་བྱོལའང་ཡོང་དུ་བཅུག་གི་མེད་ཨ། དེ་རྒྱལ་སྤྱིའི་ཁྲིམས་འགལ་ཡིན་ཡང་འབྲུག་གིས་སྣང་མེད་དུ་འཇོག་གི་བོད་ཨ། ནུབ་ཕྱོགས་སུ་སྐྱབས་ཞུ་དུས་བོད་ས་ཡིན་ཟེར་ཀྱི་ཡོད་པ། རྒྱུ་འབྲས་མེད་མཁན་གྱི་འབྲུག་རྒན། ས་ལག་ཐིལ་ཙམ་ཡོད་ཀྱང་ཡོད་པས་ངལ་རྒྱ་མ་སྐྱེས། ངལ་རྒྱ་སྐྱེད་རྒྱུ་མང་ན་ཤོར་ཡོང་།
ད་གང་ལྟར་བོད་པས་ཞེ་འཁོན་དེ་རྒྱལ་བ་རིན་པོ་ཆེ་གདན་ཞུས་མ་སོང་། ཨུར་ཏི་རྒྱབ་སོང་། བོད་པར་གང་འདོད་བྱེད་བཅུག་གི་མིན་འདུག་ཟེར་བ་དེ་རེད།
༡༽ གོང་ཞུས་བཞིན་ཆོས་དད་ཅན་འབྲུག་པས་༧རྒྱང་ནས་དད་གུས་བྱེད་ན་ཡག་ཤོས་རེད། ༧གོང་ས་མཆོག་གདན་ཞུས་ན་སྐབས་འཚོལ་རིང་ལུགས་པས་རིས་མེད་དང་རིས་མེད་ཟེར་ན་དགེ་ལུགས་པས་འདྲེ་ལག་སྐྱོང་གི་རེད། ལར་ནས་ཨ་བཤད་ཡང་བཤད་བྱས་པ་བཞིན་འབྲུག་པའི་ངོར་༧གོང་ས་མཆོག་འབྲུག་ཏུ་གདན་ཞུས་དགོས་པ་དེ་འདྲ་གང་ཡང་མེད། ཆོས་ཀྱི་དབུ་ཁྲིད་རྗེ་མཁན་པོ་བཞུགས་སྡོད་ཡོད།
༢༽ རྒྱལ་སྲིད་ལ་ཉེན་ཁ་བཟོ་མཁན་ཚོར་རྒྱལ་ཁྲིམས་བཅད་དང་གཅོད་རྒྱུ་རེད། སྡེ་པ་གཞུང་གིས་རྒྱལ་ཚབ་དང་། བློན་པོ་སོགས་བསད་པ་དང་། མིག་འབྲས་བཏོན་པ་དང་འདྲ་པོ་རེད།
༣༽ ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁུར་མཁན་ཡོད་ནས་བོད་འབྲུག་སོགས་ཁྱད་པར་གང་ཡང་མིན་འདུག
ཁྲིམས་མཐུན་གྱི་བྱ་བ་གང་ཡང་བྱེད་ཆོག་འདུག
ཡང་གཅིག་གིས་བོད་པའི་དགོན་སྡེ་ཁག་ནང་འབྲུག་པའི་གྲྭ་པ་ཡོད་པའི་སྡུག་ཡུས་ཤིག་དྲངས་འདུག
འབྲུག་པ་མང་པོ་ཡོད་པ་བདེན་པ་རེད། དེ་དག་ལས་རང་མོས་ཀྱིས་འོངས་པ་དང་། མགོ་སྐོར་བསླུ་བྲིད་ཀྱིས་ཁྲིད་པའང་མང་པོ་ཡོད་པ་སྔ་ནས་ཤེས་ཡོད།
ཀྭའེ་རིག་པའི་བུ། མ་ཤེས་ཤེས་མདོག་བྱས་པ་ཡིན་ནམ་ཡང་ན་ཤེས་བཞིན་རྫུན་སྨྲས་པ་ཡིན། གལ་ཏེ་ཤེས་བཞིན་རྫུན་སྨྲས་པ་ཡིན་ན་ཁྱོད་ཀྱི་མིང་ལ་རིག་པའི་བུ་མིན་པར་རྫུན་གྱི་བུ་ཟེར་ཐོགས་ཤིག ཀརྨ་པ་འབྲུག་བརྒྱུད་དེ་ཕེབས་དུས་བོད་ས་ཤོར་མེད་ཨེ། སྤྱི་ལོ་༡༩༥༩ ལོ་ལ་བོད་ས་ཤོར་ཡོད་མ་རེད་པས། དེ་འདྲའི་རྫུན་ཤོབ་མ་བཤད། ཀརྨ་པ་ལ་དམིགས་བསལ་གྱི་ནུས་པ་ཡོད་རེད་ཨེ། དམིགས་བསལ་གྱི་ནུས་པ་ག་རེ་ཡོད་རེད། དམིགས་བསལ་གྱི་ནུས་པ་ཡོད་ན་ག་རེ་བྱས་ནས་བྲོས་བྱོལ་དུ་ཕེབས་རེད། ཨ་ཁ་ཁ་རིག་པའི་བུས་རྫུན་བཤད་ཤེས་ཀྱི་མིན་འདུག།
ཀརྨ་པ་གཅིག་གིས་ག་ལ་ཚད། དེ་དུས་ཀརྨ་པ་མཉམ་དུ་བོད་མི་སྟོང་ཕྲག་ཁྲི་ཕྲག་སླེབས་ཡོད་རེད་ལོ། དེ་དུས་ཀྱི་འབྲུག་པའི་ཚགས་པར་ཀུན་གསལ་ཟེར་བར་གཅིག་ལྟོས་དང་། དེ་དུས་བོད་མི་ག་ཚོད་སླེབས་ཡོད་དང་འབྲུག་པས་གྲོགས་དན་ག་རེ་བྱས་ཡོད་གསལ་ཐག་ཆོད་ཅིག་བཀོད་བཞག་ཡོད་རེད།
“འབྲུག་གི་མི་རྒན་ཚོས་ཀརྨ་པར་རྒྱལ་ས་ནས་དགོན་པ་གནང་ཡང་རྗེས་སུ་འབྲུག་ལུང་ཚན་རིང་ལུགས་པས་ལག་ནས་ཕྱིར་འཕྲོག་སོང་ཡོད་ཨ།” དེ་ག་རེ་ལབ་ཀྱི་ཡོད། རྒྱལ་པོ་ནས་དགོན་པ་གནང་བ་དེ་འབངས་ཀྱིས་སླར་འཕྲོག་སོང་ཟེར་གྱི་ཡོད་པས། དེ་འདྲའི་མི་སྲིད་པའི་རྫུན་མ་ཤོད་དང་། འབྲུག་ལ་རྒྱལ་པོས་གནང་བ་དེ་འབངས་ཀྱིས་འཕྲོག་རྒྱུ་དཔེ་མི་སྲིད་པ་རེད་ལོ། ཁྱེད་ཀྱིས་བཤད་པ་དེ་བུམ་ཐང་དོམ་མཁར་རྫོང་དེ་ཡིན་ས་རེད། དེ་ཀརྨ་པ་ལ་ཕུལ་བ་བདེན་པ་རེད། ཡིན་ཀྱང་སུ་ཞིག་གིས་སླར་འཕྲོག་ཡོད་མ་རེད།
ཀརྨ་པ་མཆོག་མཚམས་པ་ལ་བརྒྱུད་དེ་བུམ་ཐང་དུ་ཕེབས་པ་ནས་བཟུང་འབྲུག་ཏུ་དབུ་ལ་གདུགས་ཐོགས་པའི་བླ་ཆེན་གྱི་གྲལ་དུ་བཞག་ནས་ཁོང་གང་དུ་ཕེབས་ན་ཡང་འབྲུག་པའི་སྐུ་དྲག་ཚོས་ཞབས་ཏོག་གང་དྲག་ཞུས་ཡོད་རེད། མཐར་ཨ་རི་སོགས་སུ་སྨན་དཔྱད་དུ་ཕེབས་ཚེ་ཡང་འབྲུག་པའི་མི་ཞིག་ཞབས་ཕྱིར་ཡོད་པ་མཐོང་ཡ་མིན་འདུག་གས།
འབྲུག་རྒྱལ་ཁབ་དབུལ་པོ་ཞིག་གིས་བོད་པ་ལ་ཕན་ཐོགས་མི་སྲིད་ཨེ། དེང་སང་རྒྱ་གར་ལ་བོད་པ་ཁང་ཁྱིམ་རྫིག་པོ་རྒྱག་སྡོད་མཁན་དེ་ཚོ་མང་ཆེ་བ་སྔ་མ་འབྲུག་ལ་སྐྱབས་བཅོལ་དུ་སྡོད་དུས་འབྲུག་པས་ས་གཞི་སྤྲོད་པ་དེ་ཚོ་བཙོངས་ནས་སྒོར་མོས་བཟོས། སྒོར་མོ་དེས་ཚོང་རྒྱག་དེ་ནས་ཁང་ཁྱིམ་རྒྱབ་ཡོད་པ་ཤ་སྟག་རེད་ལོ། དེ་བཞིན་གྲྭ་ཚང་དགོན་སྡེ་རྫིག་པོ་རྒྱག་མཁན་བླ་སྤྲུལ་མང་ཆེ་བ་ཡང་འབྲུག་པའི་མཐོང་མཆན་ཉེར་བསྡད་ཡོད་རེད། ཁོང་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་པེ་ཤག་ཕོན་ཆེན་དེ་འདྲ་ཁུར་སླེབས་ཐུབ་པ་དེ་འབྲུག་པའི་མཐོང་མཆན་གྱི་བཀའ་དྲིན་རེད་ལོ། སེར་འབྲས་དགེ་གསུམ་ཨེ། སེར་འབྲས་དགེ་གསུམ་ལ་པེ་ཤག་ཁུར་སླེབ་མཁན་དགེ་བཤེས་ཀྱི་གྲལ་དུ་ཡང་འབྲུག་པའི་མཐོང་མཆན་ཉར་མཁན་ཡོད་སྲིད་ཀྱི་རེ་ལོ།
ད་ལས་རྒྱུ་འབྲས་མེད་མཁན་སུ་ཡིན་ལྟོས་དང་། ཕྲག་དོག་གིས་དུས་ཆུས་མྱོས་པའི་རྫུན་གྱི་བུ་ལགས།
མེ་ཏོག་དཀར་པོ་ན་རེ། སྐབས་ཤིག་ལ་རྒྱ་གར་ཆུ་མོ་གངྒ་ལ་རྒྱ་བོད་ཀྱི་ས་མཚམས་བཅད་ཟེར། དེ་ཨེ་རེད། དེ་རྒྱལ་རབས་ལོ་རྒྱུས་ནང་གསལ་བ་ཁྱོད་ཀྱིས་མཐོང་འདུག ད་ང་ལ་མ་དྲིས་ཁྱོད་ཀྱིས་དཔྱོད། ད་དུང་གཡུ་འབྲུག་དཀར་པོ་ཟེར་བས། རིག་པ་རྣལ་དུ་མ་བབས་པའི་སྐད་ཆ་མང་པོ་ཞིག་བཤད་འདུག་པའི་མདོ་དོན་ལ། བོད་བཙན་པོའི་སྐབས་འབྲུག་བོད་ཁོངས་ཡིན་པ་བཤད་པའི་བོད་ཀྱི་རྒྱལ་རབས་མི་བདེན་ཟེར། འབྲུག་བོད་ཁོངས་མིན་ཞེས་པའི་འབྲུག་གི་རྒྱལ་རབས་བརྩམས་ནས་ལོ་བདུན་ཅུ་སོང་བ་ཞིག་ཡོད་དམ། ཡོད་ན་ངས་ཚིག་ཟིན་བཞིན་ཁས་བླངས་ཆོག ངས་བྱས་ན། དེ་འདྲ་ཞིག་ཁྱོད་ཚོར་སྟོན་རྒྱུ་ཡོད་པ་དཀའ། ད་དུང་སྲེག་བཅད་བརྡར་བའི་གསེར་ལྟ་བུའི་བོད་ཀྱི་ཡི་གེ་དག་པ་རྣམས་མ་དག་པར་བཅོ་འདོད་པ་ཁྱེད་ཅག་འབྲུག་པ་རྣམས་མིན་ནམ། འཇོན་པོ་ཡོད་ན། ཡི་གེ་ཞིག་གསར་དུ་བཟོས་དང་དེ་ནས་མི་རིགས་ལོགས་སུ་ཡིན་སྨྲ་ན་འཚམས།
མེ་ཏོག་དཀར་པོ་ནས། སྐབས་ཤིག་ལ་རྒྱ་གར་ཆུ་མོ་གངྒ་ལ་རྒྱ་བོད་ཀྱི་ས་མཚམས་བཅད་ཟེར། དེ་ཨེ་རེད། དེ་ཁྱོད་ཀྱི་རྒྱལ་རབས་ལོ་རྒྱུས་སུ་མཐོང་འདུག་པ། ངར་འདྲི་མི་དགོས་པར་ཁྱོད་རང་གིས་དཔྱོད། གཡུ་འབྲུག་དཀར་པོ་ཞེས་པས། ཤེས་པ་འཆོལ་བའི་སྐད་ཆ་མང་པོ་ཞིག་བཤད་འདུག་པ་མདོ་དོན་ལ། བོད་པས་བྲིས་པའི་འབྲུག་བོད་ཁོངས་ཡིན་པའི་ལོ་རྒྱུས་ལ་ཡིད་ཆེས་མེད་ཟེར། དེ་ལྟར་ན། འབྲུག་པས་བྲིས་ནས་ལོ་ངོ་བདུན་བཅུ་ཙམ་སོང་བའི་འབྲུག་གི་རྒྱལ་རབས་འབྲུག་བོད་ཁོངས་མིན་ཞེས་པ་ཞིག་སྟོན་དང་ཚིག་ཟིན་ལྟར་ཁས་ལེན་ཞུས་ཆོག ད་དུང་སྲེག་བཅད་བརྡར་བའི་གསེར་ལྟ་བུའི་བོད་ཀྱི་ཡི་གེ་དེ་ལྷད་ཅན་བཅོ་འཆར་ཡོད་པ་འབྲུག་པ་མ་ཡིན་ནམ། དེ་ལས་ཡི་གེ་ཞིག་གསར་དུ་བཟོས་ཏེ་མི་རིགས་ལོགས་སུ་ཡིན་ཚུལ་བཤད་ན་འོས་པོ་འདུག
ཇོ་ཇོ། སྔ་མོ་ཞིག་ལ་བོད་དེ་སོག་པོའི་འོག་ལ་རེད་འདུག དེས་བོད་སོག་པོའི་མངའ་འོག་རེད་བརྗོད་ཐུབ་བམ།
ད་བོད་འབྲུག་གཉིས་ངོ་འབར་གྱི་འདུག །དགའ་ལྡན་ཕོ་བྲང་རྒྱ་མིའི་ལག་ཏུ་ཐིམ། །དབང་འདུས་ཕོ་བྲང་མེ་ལྷའི་ཞལ་དུ་ཐིམ། དེ་ལ་ང་ཡག་དང་ང་བདེན། ཁྱོད་རྫུན་དང་སྡུག་པོ་བཤད་ནས་དོན་མེད་ཀྱི་ངལ་བ་དང་ངག་ཀྱལ་གྱི་དུས་འདས་ན་མི་ཡག་གི། དེ་ལས་དབང་རྫོང་མེ་འབར་སྐབས་འབུ་སྲིན་དང་མིག་མེད་གྲོག་མ་སོགས་གྲངས་ལས་འདས་པ་མེའི་ཚིགས་པ་རྣམས་ལ་དམིགས་ནས་མ་ཎི་དང་ཐུགས་སྨོན་སོགས་གནང་ན་སྲོག་ཆགས་དེ་རྣམས་ནི་བོད་འབྲུག་གཉིས་ཀའི་མིན་པའི་སྙིང་རྗེའི་ཡུལ་ཞིག་གོ་
མེ་ཏོག་དཀར་པོ་ལགས། ངས་འབྲུག་དེ་བོད་བཙན་པོའི་སྐབས་བོད་ཁོངས་རེད་བཤད་པ་ལས། ཕྱིས་ས་སྐྱ་བ་དང་། ཕག་གྲུ་པ། རིན་སྤུངས་པ། གཙང་པ། དགའ་ལྡན་ཕོ་བྲང་པའི་སྐབས་བཅས་སུ་བོད་ཁོངས་རེད། ཅེས་བཤད་མེད།
བཙན་པོའི་འོག་ཏུ་ལོ་ཇི་ཙམ་གནས་པའི་ཁུངས་ལྡན་ཞིག་གསུངས་གྲོགས། ཅོ་ཅོ་ལགས།
འབྲུག་དཀར་ལགས།
ཀརྨ་པ་འབྲུག་རྒྱུད་སྐྱབས་བཅོལ་ཕེབས་དུས་༥༩ལོའི་ཟླ་༢པའི་ནང་རེད། ཁོང་དང་ལྷན་འཁོར་༡༦༠ཕེབས་པ་ལས་ཁྲི་སྟོང་པོ་ཞིག་དབྱིན་བོད་ལོ་རྒྱུས་གང་དུ་མི་འདུག་ལ་གཅིག་བྱས་ཡང་རྒན་རྒོན་ཚོས་བཤད་པ་ཡིན་འགྲོ། སྐབས་དེར་རྒྱལ་པ་རིན་པོ་ཆེ་ཡང་བོད་དུ་ཡོད། འབྲུག་གི་རྒན་ཆབ་སྲིད་པ་ཚོས་བོད་ལ་རེ་བ་བསམ་ཞིང་མཐུན་འགྱུར་ཅུང་གནང་བ་ལས་རྗེས་སུ་གནང་མེད་ཨ། ཡང་གཅིག་བཤད་ན་འབྲུག་གིས་ཀརྨ་པར་བཀུར་བ་ནི་ཆོས་དང་སྒེར་གྱི་གཉེན་ཉེ་ཡི་གནད་དོན་གཙོ་བོ་ལས་བོད་འབྲུག་གི་མཛའ་བརྩེ་ལ་དེ་ཙམ་འབྲེལ་བ་མེད་ཨ། ཀརྨ་པས་ཀྱང་ཆོས་ཀྱི་གནད་དོན་ལས་ཆབ་སྲིད་ཀྱི་ཕྱག་ལས་མི་གནང་གསུངས་མྱོང་ང་།
ཀརྨ་པ་ནུས་བ་ཅི་ཙམ་ཡོད་མེད་ནི་ངས་བཤད་མི་དགོས་ལོ་རྒྱུས་ཅུང་ཤེས་བའི་མི་ཀུན་གྱིས་ཤེས་གསལ་རེད། ད་དུང་དྲི་བ་བཏོན་པ་ནི་དངོས་ཡོད་དང་རྒྱལ་འགལ་རེད། ཀརྨ་པ་ལ་བོད་དང་རྒྱ། ཐན་ཝན་དང་སེང་རྒ་པོ། འབྲུག་དང་ལ་དྭགས། འབྲས་ལྗོངས་དང་བལ་ཡུལ་བཅས་ནས་དད་གུས་བྱེད་མིན་ག་ཚོད་ཡོད་མེད་མ་ཤེས་སམ། མདོར་ན་ཀརྨ་པ་དད་གུས་བྱེད་མཁན་ནི་འབྲུག་གི་མི་འབོར་ལས་མང་པ་མ་ཤེས་སམ། མ་ཤེས་ན་བླུན་པོ་རེད་ལ་ཤེས་བཞིན་མ་ཤེས་བྱས་ན་མི་ངན་རེད། དངོས་ཡོད་ལ་འཁྱོག་བཤད་བྱ་མཁན་ནི་ལོ་རྒྱུས་ཀྱི་ནག་ཉེས་ཅན་རེེད། ནག་ཉེས་ཅན་གྱིི་མི་དེ་འབྲུག་ནས་ཡིན་པ་བློ་ཕམ་རེད།
བོད་མི་ཕྱུག་པོ་ཆགས་པ་འབྲུག་གི་ལག་ཁྱེར་དང་འབྲུག་ས་བཙོང་བས་རེད་ཟེར། སུས་དེ་ལྟར་བྱས་བ་རེད། བོད་ཀྱི་རྒྱུ་ཆེན་སུས་དེ་ལྟར་བྱས་འདུག བོད་མི་ཕལ་ཆེར་བ་ལ་རྒྱ་གར་དང་རྒྱ་གར་གྱི་སྐྱབས་བཅོལ་ལག་ཁྱེར་ཡོད་པ་ལས་འབྲུག་གི་ལག་ཁྱེར་འཁུར་ནས་ཕྱུག་པོ་ཆགས་པ་མ་ཐོས། ཉུང་ཤས་ཤིག་ལ་བལ་ཡུལ་གྱི་ལག་ཁྱེར་ཡོད་པ་བདེན། ཡིན་ཡང་འབྲུག་གི་ལག་ཁྱེར་འཁུར་ནས་རྒྱ་བལ་དུ་ཁང་བ་བརྒྱབས་པ་ནི་ཁྱེད་ཀྱི་དོགས་པ་ཙམ་རེད། ཕྲག་དོག་ཅན་གྱི་འབྲུག་རྒན་ཚོ་རྒྱ་གར་ལྟར་སེམས་རྒྱ་ག་ལ་ཡངས། མ་ཡངས་བས་ད་དུང་ཡང་རྗེས་ལུས་རེད།
༨༡ལོར་ཟླ་༡༠ནང་ཧོང་གོང་ནས་ཨ་རིའི་སྨན་ཁང་ཕེབས་སྐབས་གོང་སྤྲུལ་དང་སི་ཏུ། ཞྭ་དམར་པ་བཅས་ཡོད་པ་ལས་འབྲུག་གི་མི་ཆེན་ཡོད་པ་དབྱིན་བོད་གང་གི་ལོ་རྒྱུས་ལས་མི་འདུག དབྱིན་ཡིག་གི་ལོ་རྒྱུས་འབྲི་མཁན་ཚང་མ་ཕྱི་གླིང་པའི་ཁོང་གི་སྐུའི་སྨན་པ་དང་ཞབས་ཞུ་པ་ཡིན་པ་ལས་བོད་མི་མ་རེད། འོན་ཀྱང་འབྲུག་མི་ཡོད་པ་བྲིས་མི་འདུག གཅིག་བྱས་ན་འབྲུག་མི་རེ་ཟུང་ཡོད་མི་འགྲོ། འོན་ཀྱང་ཕྱི་གླིང་པ་དེ་བས་མང་པས་དམིགས་བསལ་བ་གང་མིན་ལ། ཀརྨ་པ་དང་འབྲུག་རྒྱལ་གཉེན་ཉེ་ཡི་འབྲེལ་བ་ཡོད་པས་འབྲུག་པ་ཡོད་ཀྱང་ལུགས་མཐུན་ཡིན། དེ་ནི་གཉེན་ཉེ་དང་ཆོས་ལུགས་ཀྱི་འབྲེལ་བ་ལས་བོད་ལ་འབྲུག་གི་མཐུན་འགྱུར་བྱས་བའི་དཔེ་རུ་ག་ལ་འགྱུར།
འབྲུག་པས་ཀརྨ་པ་བཤེགས་རྗེས་དགོན་པ་ཕྱིར་ག་འདྲ་བྱས་ནས་འཕྲོག་མིན་བྷ་རོན་གྱིས་བྲིས་བའི་ཀརྨའི་ལོ་རྒྱུས་དང་འབྲུག་རྒྱལ་ཚང་གི་མག་པ་འབྲུག་དགའི་ལོ་རྒྱུས་སུ་གཟིགས་དང་། དལ་མོ་ཤེས་ངེས་རེད།
ད་རྫུན་སུས་བཤད་འདུག ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་རང་སྣང་གང་དྲན་གྱིས་ག་ལ་བཤད་ཆོག
རིག་པའི་བུ་ཆུང་ཤེས་རབ་གསེབ་ནས་འཁྲུངས།།
ཤེས་རབ་རྩ་བ་རིག་པའི་གཞུང་ལུགས་རེད།།
རིག་པའི་གཞུང་ལ་གོམས་པའི་བུ་ཆུང་ལ།།
རྟོགས་བརྟགས་གཡུ་འབྲུག་འགྲན་ན་འོས་སམ་ཅི།།
ཧ་ཧ་ཧ་རྫུན་གྱི་བུ་ཡིས་ཨའོ་ཚོད་བཤད་ཡོས་བསམ་ཡོད་ས་རེད། ཁྱོད་ཀྱི་རིག་པ་རྫུན་པ་དེས་གཡུ་འབྲུག་ནམ་ཡང་ཕམ་མི་སྲིད་དོ། །ཀརྨ་པ་ལ་དད་པ་བྱེད་མཁན་འབྲུག་པ་ལས་མང་པོ་ཡོད་པས་འབྲུག་པ་དད་པ་བྱེད་དགོས་ལ་མ་བྱེད་ན་ལྐུགས་པ་རེད་ཟེར་བ་དེ་རིག་པ་རེད་པས། རིག་པའི་བུ་ཡི་རིག་པ་དེ་འདྲ་ལ་ལྟོས་དང་རིག་པ་དེ་ཡིས་ང་མ་ཟད་བླུན་པོ་བ་ལང་རྫི་བོ་ཡང་ཕམ་ཐུབ་ས་མ་རེད་གོ
གང་ལྟར་དོན་གནད་ངོ་མ་ལ་འཇུ་ན་ཁར་སང་བར་དུ་ཁྱེད་རྣམ་པས་བོད་མི་ལ་དཀའ་སྡུག་བྱུང་དུས་འབྲུག་པས་བོད་མི་ལ་གྲོགས་མ་བྱས་ཟེར་བ་མ་རེད་པས། ད་འབྲུག་པས་བོད་མིར་གྲོགས་དན་བྱས་ཚུལ་ལུང་དང་རིག་པས་གྲུབ་དུས་འབྲུག་པས་བོད་པའི་ཆབ་སྲིད་ལ་གྲོགས་བྱས་མ་སོང་ཟེར་གྱི་འདུག གལ་ཏེ་ངས་འབྲུག་པས་བོད་པའི་ཆབ་སྲིད་ལ་གྲོགས་བྱས་ཚུལ་གྲུབ་ན་སང་ཉིན་ནས་ཡང་གཅིག་གཅིག་གཉིས་གཉིས་ལ་གྲོགས་མ་བྱས་ཟེར་ས་རེད། དེ་བས་ངས་ཆབ་སྲིད་ལ་གྲོགས་བྱས་པ་གྲུབ་ཀྱི་མིན་ལོ།
ཀརྨ་པ་འབྲུག་ལ་ཕེབས་དུས་རྒྱལ་བ་རིན་པོ་ཆེ་བོད་ལ་རང་བཞུགས་ཡོད་ན་ཡང་འདྲ་མེད་ན་ཡང་འདྲ། ཀརྨ་པ་དང་ཁོང་དང་ལྷན་དུ་ཕེབས་པའི་བོད་མི་ཚོ་སྐྱབས་བཅོལ་དུ་ཕེབས་པ་ལས་འབྲུག་པས་གདན་ཞུས་བྱེད་ནས་ཕེབས་པ་མ་ཡིན་པ་ཁྱེད་རང་གིས་ཤེས་ཡོད་ཚོད་རེད། ཤེས་ཡོད་ན་ཡག་པོ་རེད། དེས་ཀརྨ་པ་ལ་དམིགས་བསལ་གྱི་ནུས་པ་ཡོད་པའི་སྒྲོ་བཏགས་དེ་ཡང་བསལ་ཡོད་ལས་ཆེ། ཡང་ཀརྨ་པ་མཉམ་དུ་བོད་མི་༡༦༠ ལས་མེད་ཟེར། ཀརྨ་པའི་སྐུ་འཁོར་༡༦༠ ཙམ་ཡིན་ན་མ་གཏོགས་མ་གཞི་ནི་དེ་དུས་བོད་མི་སྟོང་ཕྲག་ཁྲི་ཕྲག་ཡོད་པ་སྨོས་མི་དགོས་རེད། རྒྱུ་མཚན་ནི་འབྲུག་ལ་བོད་མི་མང་ཆེ་བ་དེ་དུས་སླེབས་པ་རེད། དེ་དུས་ཀྱི་འབྲུག་པའི་གསར་ཤོག་ལ་ལྟོས། ཀརྨ་པ་ཕར་ཚུར་ཕེབས་དུས་བོད་མི་ག་ཚོད་ཀྱིས་མཇལ་དུ་བཅར་གྱི་འདུག། འབྲུག་པས་བཤད་པ་ལ་ཡིད་ཆེས་མེད་པར་དབྱིན་ཇིས་བཤད་པ་ལ་ག་རེ་བྱས་ནས་ཡིད་ཆེས་དགོས་རེད། ཁར་སང་བར་དུ་བོད་རིགས་རྒན་པས་བཤད་སོང་ཟེར་ཞིང་འབྲུག་པས་བཤད་པར་ཡིད་ཆེས་མེད་ན་བོད་པས་བཤད་པར་ཡིད་ཆེས་མེད་ཟེར་དུས་ད་རིང་དབྱིན་ཇི་དྲུད་ཡོང་གི་འདུག་བ། རིག་པའི་བུ་རིག་པའི་བུ་རང་རེད་འདུག།
གང་ལྟར་དེ་དུས་བོད་མི་ག་ཚོད་ཡོད་ན་ཡོད། ཡིན་རྒྱུ་བོད་མི་རང་རེད་བ། ཁོང་ལ་གྲོགས་དན་བྱས་པས་བོད་མིར་གྲོགས་དན་བྱས་པའི་གོ་མི་ཆོད་པའི་རྒྱུ་མཚན་ག་རེ་རེད། ཀརྨ་པའི་སྐུ་མཆེད་ཅིག་འབྲུག་རྒྱལ་ཚང་གི་སྐུ་མཆེད་ཀྱི་ཁྱོ་ག་ཡིན་པས་རེད་ཟེར་གྱི་རེད་པས། ཀརྨ་པའི་སྐུ་མཆེད་འབྲུག་རྒྱལ་པོའི་སྐུ་མཆེད་ཀྱི་ཁྱོ་ག་ཡིན་པ་ངས་མི་ཤེས། གལ་ཏེ་དེ་བདེན་པ་ཡིན་ན་ཡང་ཀརྨ་པ་འབྲུག་ལ་ཕེབས་ཚར་ནས་འབྲེལ་བ་བྱུང་ཡོད་ན་མ་གཏོགས་དེ་སྔོན་ཀརྨ་པ་བོད་ནས་ཕེབས་དུས་འབྲེལ་བ་མེད་པ་ཐག་ཆོད་རེད། རྒྱུ་མཚན་ནི་ཀརྨ་པ་བོད་ནས་ཕེབས་དུས་བུམ་ཐང་དུ་གཞུང་རྟ་དཔོན་སོགས་ཀྱིས་ཉི་མ་གསུམ་གྱི་བར་དུ་བཀག་བཞག་ཡོད་རེད། དེ་དུས་ཀརྨ་པའི་ཞབས་ཞུ་བ་ཚོས་གཞུང་རྟ་དཔོན་སོགས་ལ་བཙན་ཤུགས་རྒྱབ་རྩིས་བྱས་པས་ཀརྨ་པའི་ཞབས་ཞུ་བ་དང་འབྲུག་གཞུང་གི་རྟ་དཔོན་སོགས་ཀྱི་དབར་དུ་ཟིངས་རྐྱེན་ཏོག་ཙམ་བྱུང་ཡོད་རབས་གླེང་རྒྱུ་འདུག། གལ་ཏེ་ཀརྨ་པའི་སྐུ་མཆེད་ཅིག་འབྲུག་རྒྱལ་ཚང་གི་སྐུ་མཆེད་དང་འབྲེལ་བ་ཡོད་ན་གཞུང་རྟ་དཔོན་གྱིས་དེ་འདྲས་བཀག་བཞག་གི་མ་རེད་ལ་དེ་བས་ཀྱང་དེ་འདྲའི་ཟིངས་རྐྱེན་འབྱུང་སྲིད་ཀྱི་མ་རེད།
ཡང་བོད་མི་འབྲུག་པའི་ལག་ཁྱེར་འཆང་མཁན་མེད་དེ་ངས་མ་མཐོང་བའི་ཕྱིར་ཟེར། ཁྱེད་ཀྱིས་མ་མཐོང་ན་མེད་པས་ག་པ་ཁྱབ། མ་མཐོང་ཕྱིར་ན་མེད་པ་མིན། །ཟེར་བ་མ་ཤེས་སམ། འབྲུག་གི་གྲོགས་ཚོགས་ནང་དུ་མཐོང་མཆན་དེ་སླར་ཕྱིར་བསྡུ་བྱ་དགོས་པའི་གྲོས་མོལ་ཡང་བྱུང་ཡོད་རེད། དེ་འདྲ་འབྱུང་དགོས་དོན་ཁྱེད་ལྟ་བུའི་བོད་མི་འགའ་ཞིག་གི་བྱེད་སྤྱོད་ལ་བརྟེན་ནས་རེད། འོན་ཀྱང་སྐྱེས་བུ་དམ་པ་རྣམས་ནི་ཚུར་ལ་གནོད་པ་བྱས་ཀྱང་དེའི་ལན་དུ་བཟང་པོའི་དྲིན་གྱིས་སྐྱོང་བ་ལྟར་འབྲུག་གི་སྤྱི་ནོར་དམ་པས་བོད་རིགས་གང་ཟག་མ་རབས་ཁྱེད་ལྟ་བུ་རྣམས་ཀྱིས་འབྲུག་རྒྱལ་པོ་དང་རྒྱལ་ཁབ་མི་སེར་རྣམས་ལ་སྐུར་འདེབས་ཀྱི་ཚིག་ངན་ཇི་ཙམ་སྒྲོག་ཀྱང་དེ་ལ་སྙིང་རྗེའི་ཡུལ་དུ་དགོངས་ཏེ་ཐུགས་ཀྱི་བརྩེ་བ་སྔར་ལས་བླ་ལྷག་ཏུ་གནང་བཞིན་མཐོང་མཆན་དེ་ཚོ་ཕྱིར་བསྡུ་མ་མཛད་པར་བཞག་ཡོད་རེད།
བོད་མི་འབྲུག་ས་བཙོང་ནས་ཕྱུག་པོ་འགྲོ་མཁན་སུ་ཡིན་མིང་ནས་བཤད་རྒྱུ་མེད་ཀྱང་ད་ལྟ་འབྲུག་ལ་བོད་སྒར་ནང་ཟེར་བའི་ས་ཆ་ཞིག་ཡོད་རེད། ས་ཆ་འདིའི་མིང་ལ་བོད་སྒར་ནང་ཞེས་བརྗོད་དགོས་དོན་ནི་བོད་མི་སྐྱབས་བཅོལ་བ་རྣམས་སྒར་བཅགས་ནས་སྡོད་པའི་ས་ཆ་ཡིན་པས་ཡིན་ལ་དེང་སང་དེར་བོད་མི་རེ་ཟུང་ཙམ་མ་གཏོགས་མང་ཆེ་བ་འབྲུག་པ་རེད། འབྲུག་པ་དེ་ཚོ་ནི་བོད་མི་སྐྱབས་བཅོལ་བས་ས་ཆ་བཙོང་ནས་རྒྱ་གར་ལ་འགྲོ་དུས་ཉོས་པ་རྐྱང་རྐྱང་རེད། ས་ཆ་དེ་བཙོང་པ་ལས་རེག་པའི་སྒོར་མོ་དེ་ཚོ་བོད་པས་གཡུག་བཞག་ཡོད་ན་མ་གཏོགས་དེ་མིན་དེ་ཡིས་ཕྱུག་པོ་ཆགས་རྒྱུར་དངོས་བརྒྱུད་གཉིས་ཀྱི་སྒོ་ནས་ཕན་ཐོགས་ཡོད་པ་དངོས་ནས་རེད།
ང་ཚོ་འབྲུག་པ་རྗེས་ལུས་ཡིན་ན་ཡང་རང་བཙན་ཡོད་རེད། རང་བཙན་ཡོད་ན་རྗེས་ལུས་ཡིན་ན་ཡང་འགྲིགས་ཀྱི་རེད།
ད་མཚམས་ཞོགས།
མེ་དཀར་ལགས། ལགས་སོ་ད་མཚམས་འཇོག་གི་ཡིན། ངས་གོང་དུ་ཞུས་པ་དེ་ཚོས་གཟུར་གནས་རྣམས་ལ་ཕོག་ཐུག་རེ་བྱུང་ཡོད་ན་མཐོལ་ལོ་བཤགས། ཨོཾ་བཛྲ་སཏྭ་ཨཱ།
རྒྱུ་མཚན་གྱི་ལོ་རྒྱུས་ཅི་་ཡང་བསམ་ཚོད་སང་དྲན་ཚོད་ཀྱིས་བཤད་པ་ནི་འུ་ཐུག་གི་བརྡ་རྟགས་ཡིན་ཞིང་། མེ་དཀར་གྱི་ཁ་ངོ་ལྟས་ནས་གཡུག་པ་ཡིན།
ཨ་ཁ་དེ་འདྲ་སུ་ལའང་མ་བྱུང་བར་ཤོག
ང་ཚོས་སྤོབས་པ་དང་ཞེ་འཁོན་ཡོད་ཚད་རྒྱ་དམར་ཕྱོགས་ལ་བཀོལ།