ཨེ་མ་ཧོ།
བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་ཡང་སྙིགས་དུས་ཀྱི་མི་རྣམས་ལ་ཚུལ་ལྡན་གྱི་བླ་མ་དང་ཚད་ལྡན་གྱི་སློབ་དཔོན་མཇལ་བ་ལྟ་ཅི། མི་ངན་རེ་ཟུང་གི་མགོ་གཡོག་འོག་ཚུད་ནས་དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་ཆུད་ཟོས་སུ་བཏངས་པ་ཉུང་ཉུང་མིན་པ་མངོན་གསལ་རེད། ཁྱད་པར་ཡུལ་གངས་ཅན་གྱི་གསང་ཆེན་སྔགས་ཀྱི་ཟབ་གསང་དབང་ལུང་ཁྲིད་རྒྱུན་འདི་ནི་གངས་ཅན་བོད་མི་ཁོ་ན་ལ་དབང་བ་ལས་གཞན་གང་ལ་ཡང་མི་དབང་བར་སྐད་དང་ཡི་གེས་ཚད་གཞལ་ཟིན། དབང་ཁྲིད་བཀའ་ལུང་ཚང་མ་གངས་ཅན་བོད་པའི་བརྡ་སྤྲོད་ལས་དར་རྒྱས་བྱུང་བ་ལས་གཞན་ཆོས་ལུགས་དང་གྲུབ་མཐའ་ཁག་ལ་མེད་པ་མངོན་གསལ་རེད།
མི་ལོ་གཅིག་སྟོང་ལྷག་གི་གོང་རོལ་ནས་གསང་ཆེན་སྔགས་ཀྱི་བསྟན་པ་བོད་ལ་དར་ནས་བཟུང་འཛམ་གླིང་གཞན་སུ་ལ་ཡང་མེད་པའི་ཕ་ཆོས་གཙང་མ་འདི་ང་ཚོས་སྐད་ཡིག་གཞན་དུ་བསྒྱུར་ན་ལོས་ཆོག་ཀྱང་། དབང་ཁྲིད་བཀའ་ལུང་གི་དབང་ཆ་ཆ་ཚང་བོད་སྐད་ཡིག་ལས་གཞན་ལ་མི་དབང་བའི་བཀའ་ཁྲིམས་ད་ནས་མ་བྱས་ནས་རྒྱ་དབྱིན་ངོ་ཚ་དང་ཁྲེལ་མེད་འགའ་རེས་ད་ནས་དབང་ཁྲིད་ལུང་རྒྱུན་ཡོད་མདོག་དང་བསྐུར་ཚུལ་ལ་བལྟས་ན། རྒྱ་ཆེ་ས་ཞིག་ནས་བསྟན་པ་བརླག་འགྲོ་བར་བོད་རིགས་ཤ་ཁྲག་དུ་གཏོགས་པ་དང་ཁྱད་པར་སྐད་ཡིག་གི་བཀའ་ལུང་ཁྲིད་རྒྱུན་འཛིན་སྐྱོང་སྤེལ་གསུམ་གནང་བ་ཚང་མས་ཐུགས་ལ་འཛིན། ལག་ཏུ་ལེན་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོས་ཚད་ལྡན་ཚུལ་ལྡན་ཞིག་མ་གནང་ན་རྒྱུ་ངོ་དང་བུ་ངོ་ལ་བལྟས་ནས་བསྟན་པ་དང་ར་ཤ་བརྗེས་ན་བསྟན་པའི་བླ་བཙོང་དང་། དཀོན་མཆོག་གི་རྐང་འདྲེན་དུ་སོང་བ་མ་ཡིན་ནམ།
གང་ལྟར་མིང་ཆེན་དཔལ་འབྱོར་ནུས་ཤུགས་ཡོད་པའི་དབྱིན་ཇི་བ་དང་རྒྱ་རྒན་འགའ་རེས་བོད་ཀྱི་གསང་སྔགས་ལ་ཁ་གཡར་ནས་དབང་བསྐུར་བ་དང་ཁྲིད་རྒྱག་པའི་སྐབས་ལ་རྒྱ་སྐད་དང་དབྱིན་སྐད་བེད་སྤྱོད་ནས་ཁྲིད་རྒྱུན་ཡོད་རབས་དང་། བླ་མ་ཆེན་པོ་ག་གེ་མོས་དབང་ཆ་གནང་ཚུལ་སོགས་ཀྱི་ཁྱབ་བསྒྲགས་འགའ་མཐོང་ནས་གང་དྲན་དུ་བརྡ་ཙམ་གངས་ཅན་སྤྱི་བོ་གནམ་བསྟན་ཡོངས་ལ་ཞུས་པའོ།།
རབ་གནས་མེ་སྤྲེལ་གྲོ་བཞིན་ཟླ་ཚེས་ངན་པར་ཤྲྰིཿཨེ་མ་ཧོས་བགྱིས་པའོ།།
ད་ནི་འཕྱི་ཚར་བ་རེད། དབང་ལུང་མན་ངག་ཅེས་ཅི་ལྟར་བཤད་ཀྱང་གཞན་གྱི་ལག་ཏུ་ཤོར་ཚར་བ་རེད། རིན་གོང་ཡང་མ་རག་པར་ཤོར་ཚར་བ་རེད། ཤུལ་དུ་ལྷག་པ་ནི་དུས་རབས་འདིའི་ཁུར་བོ་ལྷག་མ་འཁུར་བའི་བགྲེས་བོ་སྐོར་ཞིག་རེད། ཁོང་ཚོ་བཞུད་ཟིན་ཚེ་ད་ནི་རེ་བ་ཞིག་གཞལ་ནས་མེད་དོ།
སྐྱོན་མི་ཡོང། ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་རེད། བཅོམ་ལྡན་འདས་དང་གུ་རུ་རིན་པོ་ཆེ་ལ་དད་པ་བརྟན་པོ་ཡོད་ན་ཕ་ནོར་བུ་ལ་མི་དབང་སུ་ལ་དབང། དེ་ལ་ཤོར་ཐོབ་གྱི་གོལ་ས་ག་ལ་ཡོད།
དབང་ལུང་ཁྲིད་རྒྱུན་བླ་སློབ་དམ་གཙང་གིས་མ་གཏོགས་འཛིན་མི་ཐུབ་པས། སེམས་ཕྲལ་ཆེན་པོ་དེ་ཙམ་རང་བྱེད་མི་དགོས་སྙམ་མོ།།
དཔེ་ཡག་པོ་གསུངས་འདུག ཡིན་ནའང་། འགལ་འདུ་ཅན་ཞིག་གཏམ་ཞིག་རེད། རྙིང་མའི་བསྟན་རྒྱས་སྨོན་ལམ་ནང་ལ་གསང་སྔགས་རྙིང་མའི་བསྟན་པ་དེ་ཕྱོགས་བཅུར་རྒྱས་ཤོག་ཟེར། དེ་ནས་དབང་ལུང་མན་ངག་དེ་བོད་ཡིག་དང་བོད་སྐད་ཁོ་ནའི་ནང་ཡིན་དཱ་ཟེར། ངོ་ཚ་རྒྱུ་མེད་པ།
རྒྱལ་གཅེས་པ་ཨེ་མ་ཧོ་ལགས། བཀྲ་ཤིས་བདེ་ལེགས། གནད་འགག་གི་ཁ་ཐུག་བསླེབས་དུས་ཁྱོད་རང་བོད་མི་རྒྱལ་གཅེས་པ་ཡིན་པ་ལ་སྙིང་ནས་གུས་ཤིང་བཀུར།
དགེ་ལུགས་པའི་ཁ་འདོན་་་་་་ཝོ་་་་་ཝོ་་་་ཝོོ་་་་ཝོ་་་་་སྤྱིར་འདི་བསྟན་ཡུན་རིང་གནས་པ་དང་། སྒེར་ཞྭ་སེར་ཆོས་ཀྱི་ཆར་བ་འབབ། དཔལ་ཉམས་མེད་རི་བོ་དགེ་ལྡན་པ། ཕྱོགས་ཀུན་དུ་དར་ཞིང་རྒྱས་གྱུར་ཅིག་་་་་་་ཅེས་དུས་དབང་སྐབས་སུ་ཚོགས་དབུས་སུ་སྐྱོར་གྱི་རེད་པ། འོན་པ་མིན་ན་གོ་ཚོད་ལོས་ཡིན། གཞན་ལ་བལྟ་བའི་མིག་ཡོད་ཀྱང་་་ཞེས་་་་་དེ་ནས་མར་སྐྱོར་རོགས་བྱོས་་་་བསམ་མེད།
དབང་ལུང་མན་ངག་འདི་བོད་ཡིག་དང་བོད་སྐད་ཁོ་ནའི་ནང་ཡིན་རྒྱུ་མཚན་ནི། བླ་མ་དེ་ཚོ་བོད་པ་ཡིན་ཟེར་ན། འབུལ་བ་དེ་ཡང་ཨ་སྒོར་དང་རྒྱ་སྒོར་དང་ཡུ་སྒོར་མིན་པར། བོད་པ་རང་གི་སྒོར་མོ་འབུལ་དགོས་ངེས། དེ་བཞིན་ཕྱི་རྒྱལ་གྱི་བླ་མ་མང་པོ་ཞིག་གིས་རང་གི་སློབ་མར་རྒྱོ་བཞིན་པ་རེད། དེ་ཚོ་ཡང་སླད་དབྱིན་མོ་དང་རྒྱ་མོ་མ་ཡིན་པར་བོད་མོ་ཁོ་ནར་རྒྱོ་དགོས་ངེས། དེ་ཡོང་ཐབས་ཨེ་ཡོད།
དེ་མིན། ཆོས་ཁུངས་བཙུན་པའི་ཆེད་དུ་ཡིན་ཟེར་ན། འོ་ན། བོད་ཀྱི་ནང་ཆོས་དེ་རྒྱ་གར་ནས་དྲེན་པ་རེད། སྐད་དེ་ཡང་ལེགས་སྦྱར་གྱི་སྐད་ཡིག་ནང་ནས་བསྒྱུར་པ་རེད། དེས་ན། དྲང་པོ་བཤད་ན་དབང་ལུང་མན་ངག་དེ་ཚོ་ཡང་ལེགས་སྦྱར་གྱི་སྐད་ནང་ལ་སྤྲོད་མི་དགོས་སམ།
ཨེ་མ་ཧོས་རྩོམ་ཡིག་འདི་སྤེལ་བའི་སྐབས་ལ།། ཁོང་བཞུགས་ཡུལ་དབྱིན་ཡུལ་གྱི་རྒྱལ་སར་གསར་འགྱུར་ཆེན་པོ་ཞིག་སྒྲོག་བཞིན་པ་སྟེ། རིང་མིན་གཏེར་སྟོན་བསོད་རྒྱལ་གྱི་སྤྲུལ་སྐུ་རིག་པ་ཆོས་ཚོགས་ཀྱི་བསོད་རྒྱལ་རིན་པོ་ཆེ་དབྱིན་ཡུལ་ལ་གསུང་ཆོས་གནང་བར་ཕེབས་རྒྱུ་དང་། དེར་རིག་པ་ཆོས་ཚོགས་ཀྱི་སློབ་མ་དང་། ཉམས་ལེན་པ་སྟོང་ལྔ་ཙམ་འདུས་ནས། རྫོགས་ཆེན་གྱི་དབང་ལུང་མན་ངག་གནང་རྒྱུ་རེད། དེ་ཡང་བསོད་རྒྱལ་རིན་པོ་ཆེས་དབྱིན་ཡིག་ནང་ལ་གསུང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྒྲོག་བཞིན་པ་དེ་རེད།
ཆོས་ཀྱི་བདག་པོ་དད་པ་རེད། །
ནོར་གྱི་བདག་པོ་སེར་སྣ་རེད།
་
དབང་ལུང་བདག་པོ་སྔགས་བཙུན་རེད། །
རིག་མའི་བདག་པོ་སྔགས་འཆང་རེད། །