Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་དང་དབུས་ན་འདུག་མཁན་ཚོགས་ལ།

Posted on 2011-11-01 By ཁ་བརྡ་ 6 Comments on དབུ་དང་དབུས་ན་འདུག་མཁན་ཚོགས་ལ།

བདེ་ཆེན་སྒྲོལ་མ།
༼བོད་ནང་གི་ཚེ་སྲོག་ལ་བསྡུས་པའི་བོད་དོན་ལས་འགུལ་དང་བཙན་བྱོལ་ནང་གི་ཕུགས་རྒྱང་མེད་པའི་ཁྱབ་བསྒྲགས་རིགས་ལམ་སྐོར།༽

ང་ནི་ནམ་ནམ་ཞར་ཞར་དུ་བོད་ནང་གི་བོད་མི་སྤུན་ཟླ་དག་ལ་སེམས་གཏིང་ནས་ཡིད་ཆེས་དང་རེ་བ་ཡོད་མཁན་ཞིག་དང་། ནམ་ནམ་ཞར་ཞར་དུ་བོད་ནང་གི་བོད་མི་སྤུན་ཟླ་དག་གི་ཚེ་སྲོག་དང་མདུན་ལམ་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན།
ཡིན་ནའང་། ང་ནི་བཙན་བྱོལ་ནང་གི་བོད་མི་སྤུན་ཟླ་དག་ལ་དེ་ཙམ་གྱི་ཡིད་ཆེས་དང་རེ་བ་མེད་མཁན་ཞིག་དང་། ལྷག་པར་དུ་གཞོན་ནུ་དང་བུད་མེད་ལྟ་བུའི་སྐབས་འཚོལ་བའི་ཚོགས་པ་དག་ལ་དེ་བས་ཀྱང་ཡིད་ཆེས་དང་རེ་བ་གཏན་མེད་མཁན་ཞིག་ཡིན།
མཚམས་མཚམས་སུ་བོད་མི་དམངས་སྤྱི་འཐུས་དང་འཛིན་སྐྱོང་བཀའ་ཤག་ཀྱང་སྐབས་འཚོལ་བའི་ཚོགས་པ་འདི་དག་དང་འདྲ་བར་ཕུགས་རྒྱང་མེད་པའི་ཁྱབ་བསྒྲགས་ཙམ་གྱི་ལམ་དུ་ཞུགས་འགྲོ་བ་ནི་ཧ་ཅང་བློ་ཡིད་ལ་མི་ཤོང་བའི་དུས་རབས་དང་ཉི་འོག་གི་རིགས་མཐུན་འུ་བུ་ཅག་གི་ནག་ཉེས་རྡོག་རྡོག་པོ་ཡིན་པར་སྙམ་མོ།།

བར་ལམ་ཞིག་ནས་བོད་ཨ་མདོ་རྔ་བའི་ཕྱོགས་ནས་རྒྱ་ནག་དམར་གཞུང་གི་དྲང་བདེན་མ་ཡིན་པའི་བཙན་གནོན་དབང་འཛིན་དང་བོད་མི་རིགས་རང་གི་ལ་རྒྱ་དང་བདེ་སྡུག་གི་དོན་དུ་མྱི་མང་པོ་ཞིག་གིས་རང་གི་གཅེས་བའི་ཚེ་སྲོག་ལ་མ་འཛེམས་པར་རྒྱ་རྒོལ་གྱི་ལས་འགུལ་ཡང་དང་འོར་གྱིས་སྤེལ་སོང་།
ལང་ཚོ་མཆོད་མེ་རུ་སྦར་བའི་མི་བུ་དེ་དག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཤོག་ངོས་སུ་གསེར་ཡིག་གིས་འབུར་དུ་ཐོན་ཡོད་ལ། ཁོང་ཅག་ནི་བོད་མི་རིགས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེ་གཅིག་རེད། ཡིན་ནའང་། ཁོང་ཅག་གི་རྣམ་ཤེས་ལྷོད་ལྷོད་ངང་གཟིམ་ཐུབ་པའི་གྲུབ་འབྲས་དང་རེ་བའི་མངོན་འདོད་ཀྱི་ས་མཚམས་ལ་ང་ཚོ་ད་དུང་སླེབས་མེད་ལ། གཅིག་བྱས་ན་ང་ཚོའི་ཕུགས་རྒྱང་མེད་པའི་ཁྱབ་བསྒྲགས་དང་ལས་འགུལ་རིམ་པ་དག་གིས་ཁོང་ཅག་གི་རྣམ་ཤེས་ལ་ཕྱོགས་གཞན་ཞིག་ནས་ཚ་འདྲི་བྱས་མེད་པའི་ཁ་ཚོན་ཡང་གཅོད་དཀའ་བའི་གནས།

རེབ་འདིར་སྔ་ན་མེད་པའི་དགའ་སྤོབས་སྐྱེས་དགོས་པ་ཞིག་ནི། གནད་འགག་གི་སྐབས་འདིར་བཀའ་ཤག་དང་སྤྱི་འཐུས་ཚོགས་ཀྱང་ཁྲོམ་ལ་ཐོན་ནས་མི་དམངས་དང་མཉམ་ཞུགས་བྱས་པ་འདི་རེད། བཀའ་ཤག་གིས་རྒྱལ་ཚོགས་དང་སྤྱི་འཐུས་ཀྱིས་ལྡི་ལིར་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་ནི་དགའ་འོས་པ་ཞིག་ཅི་ལ་མིན་ཡང་། ལས་འགུལ་གྱི་རིམ་པ་ནི་སྔ་མ་སྔོན་མ་དག་དང་འདྲ་བར་ལྡི་ལི་ཅན་ལྡིར་མན་ལྡིར་ནས་ཟས་བཅད་ངོ་རྒོལ་དང་མར་མེའི་ཁྲོམ་སྐོར་ཙམ་ཡིན་པས་ཞེ་བློ་གཏིང་ནས་སྐྱོ་སོང་།
ཅན་ལྡིར་མན་ལྡིར་འདི་ནས་ལོ་ཤས་གོང་གཞོན་ནུ་སོགས་སྐབས་འཚོལ་བའི་ཚོགས་པ་ཁག་ཅིག་གིས་བོད་མི་རིགས་ཀྱི་སེམས་ཁུངས་ལ་ཆུ་འཁྱག་བླུགས་པའི་གཏམ་རྒྱུད་སྐྱོ་ལ་རིང་མོ་དེ་ད་དུང་སུས་ཀྱང་བརྗེད་མེད་ཚོད་ཡིན། ད་རེབ་ཀྱི་དབུས་སྒྲིག་འཛུགས་ཀྱི་ལས་འགུལ་འདི་ཡང་དེ་ཙམ་དུ་མི་འགྲོ་བའི་སྨོན་ལམ་འདེབས་བཞིན་ཡོད།

མ་གཞི་ནས་ང་ཚོས་ལས་འགུལ་ཞིག་སྤེལ་དུས་གནས་ཡུལ་རྒྱ་གར་དང་ཨ་རི་ལ་སོགས་པའི་རང་དབང་གི་ཡུལ་ཕྱོགས་གཞན་ཞིག་གི་སྒོ་ཁ་ནས་འཕག་འཚག་རྒྱག་དགོས་དོན་དང་དམིགས་ཡུལ་ཅི་ཞིག་ཡིན་ནམ།
དངོས་ཐུབ་བདེན་ཐོག་གི་སྐད་ཆ་བཤད་ན། བོད་ནང་ལ་དཀའ་ངལ་བཟོ་མཁན་ནི་རྒྱ་ནག་དམར་གཞུང་ཡིན་པ་ལས་རྒྱ་གར་དང་ཨ་རི་སོགས་ནི་མ་རེད། དེ་བས་ང་ཚོས་ཐད་ཀར་རྒྱ་ནག་དབུས་ལ་རང་གི་བསམ་དོན་བཤད་པ་དང་རྣམ་འགྱུར་སྟོན་དགོས་པ་ལས་བོད་ཀྱི་ཁ་དཔེར་ཉི་མ་ལམ་ནས་རྫོགས་རྒྱུའི་གྲ་སྒྲིག་བྱེད་པ་འདི་ཅི་ཞིག་ཡིན་ནམ།
ང་ཚོ་རེབ་ཐེངས་གཅིག་གིས་པེ་ཅིང་ལ་མི་སླེབས་པ་བདེན་དུ་ཆུག་ཀྱང་། ང་ཚོ་མི་ལོ་ལྔ་བཅུའི་རིང་པེ་ཅིང་གི་གཡས་གཡོན་ཙམ་ལ་ཡང་བརྟོལ་མ་ཐུབ་པ་ནི་དབུ་དང་དབུས་ན་བཞུགས་མཁན་དག་གིས་ངེས་པར་དུ་བསམ་གཞིག་བྱེད་དགོས་པར་འདོད་དོ།།

ང་ཚོ་འདི་གར་ཕུགས་རྒྱང་མེད་པའི་ཁྱབ་བསྒྲགས་ཙམ་གྱི་རྩེད་མོ་མང་དུ་རྩེད་ཆོག་ཆོག་ཡིན་ཡང་། བོད་ནང་གི་བོད་མི་སྤུན་ཟླ་དག་ནི་ཚེ་སྲོག་གི་ཉེན་ཁར་ཡོད་པ་མ་ཡིན་ནམ།
དཔེར་ན། ད་རེབ་སྟེ་ཕྱི་ཚེས༡༩ཉིན་གྱི་བོད་མིའི་ངོ་རྒོལ་འདི་ནི་བོད་ཨ་མདོ་རྔ་བའི་མིག་སྔར་གྱི་གནད་དོན་ཐག་གཅོད་དང་ཞི་ལྷང་ཡོང་ཆེད་རྒྱལ་ཚོགས་དང་ལྡི་ལི་སོགས་བོད་རིགས་ཡོད་པའི་འཛམ་གླིང་གི་ས་ཁུལ་གང་སར་ཉིན་གཅིག་དུས་གཅིག་ལ་སྤེལ་གནང་མཛད་པ་ཞིག་ཡིན་ཡང་།
སྐབས་བབ་དབུས་སྒྲིག་འཛུགས་དང་སྤྱི་འཐུས་ཚོགས་ཀྱི་འབོད་ཚིག་ལ་བསམ་ན། དེ་ནི་གཏན་ནས་བློ་བདེ་བདེ་ཞིག་མ་རེད། ང་ཚོའི་ད་རེབ་ཀྱི་འབོད་ཚིག་ནི་བོད་ཨ་མདོ་རྔ་བའི་ཛ་དྲག་གི་གནས་སྟངས་སྐྱོབ་ཐབས་འབའ་ཞིག་ཡིན་འོས་ཀྱང་། འབོད་ཚིག་ནི་སྣ་ཚོགས་པ་སྟེ། རིག་གཞུང་གཏོར་བཤིག་དང་ཆབ་སྲིད་གནོན་ཤུགས། བོད་རྒྱ་ཞི་མོལ། ཆབ་སྲིད་བཙོན་པའི་སྐོར་སོགས་རེད།
ང་ཚོའི་ལས་འགུལ་ལ་རྒྱལ་ཁབ་གཞན་དང་མི་རིགས་གཞན་ནང་བཞིན་གྱི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མི་ཐོན་པ་ཡང་། མཐར་གཏུགས་ན་ང་ཚོས་ནམ་རྒྱུན་གནད་དོན་མང་པོ་ཞིག་ཕྱོགས་གཅིག་ཏུ་སྤུངས་ནས་ལས་འགུལ་སྤེལ་སྟངས་འདིས་ལན་པ་འདྲ་འདུག་གོ།།

༢༠༡༡ཟླ༡༠ཚེས༢༠ལ།

སྣ་ཚོགས།

Post navigation

Previous Post: དགེ་འདུན་པ་ཡང་ཡང་མེར་བསྲེག་གཏོང་བཞིན་པའི་གཏིང་རིམ་གྱི་རྒྱུ་རྐྱེན་གླེང་བ།
Next Post: བཀའ་སྤྱི་གཉིས་ལ་སློབ་སྟོན་ཞིག་བྱས་ན།

Comments (6) on “དབུ་དང་དབུས་ན་འདུག་མཁན་ཚོགས་ལ།”

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2011-11-01 at 1:47 am

    བདེ་ཆེན་ལགས། ཁྱེད་ཀྱིས་”མཐར་གཏུགས་ན་ང་ཚོས་ནམ་རྒྱུན་གནད་དོན་མང་པོ་ཞིག་ཕྱོགས་གཅིག་ཏུ་སྤུངས་ནས་ལས་འགུལ་སྤེལ་སྟངས་འདིས་ལན་པ་འདྲ་འདུག་གོ།”ཞེས་པ་འདི་ནི་ཁོ་བོས་ཀྱང་རྟག་ཏུ་འདོད་པའི་ཡུལ་ཞིག་རེད།

    མ་གཞི་ནས་ལས་འགུལ་ཅི་ཞིག་སྤེལ་ནའང་དམིགས་ཡུལ་ཆུང་ཆུང་ཞིག་དང་དེ་མ་འགྲུབ་བར་དུ་མཚམས་མི་བཞག་ན་ལས་འགུལ་ལ་ནུས་པ་ཐོན་པ་ཞིག་རེད།

  2. བོད་པ་ཚང་། says:
    2011-11-01 at 8:00 am

    བོན་རྒྱ་ཁྱོད་རང་གིས་དམིགས་ཡུལ་ཆུང་ཆུང་ཟེར་བ་དངོས་ཡོད་གནས་ཚུལ་རང་རེད། མི་བུ་ཁྱོད་རང་གིས་ཟན་ཤམ་འོད་དང་ལྡན་པ་དེ་དམིགས་ཡུལ་ཆུང་ཆུང་གང་འདྲ་ཞིག་བཟུང་ནས་འཕུད་དམ།
    ཤ་བོ་ཁྱོད་རང་ཡིན་ན་སྔ་རྗེས་སུ་བོད་མིའི་སྤྱི་ཚོགས་ནང་གླིང་དང་། ས་རཱ། ད་ཆ་ཝར་ན་སོགས་སུ་འབྲས་བུ་གཏན་ནས་མེད་པའི་སློབ་མའི་ངང་ཚུལ་གྱི་ལེའུ་རྫོགས་རྒྱུ་མེད་པར་ཆེ་སར་བོད་མིའི་སྒྲིག་འཛུགས་དང་། རྒྱ་མྱིའི་མིག་གི་ཚེར་མ་ལྟ་བུའི་བོད་ཀྱི་གཞོན་ནུའི་ཚོགས་པ་སོགས་ལ་དོན་མེད་སྐྱོན་བརྗོད་བྱེད་པ་རང་གི་འཇོན་ཐང་དང་། གྲུབ་འབྲས་སོགས་གང་ནས་བལྟས་ཀྱང་བཞད་བགད་ཀྱི་རང་བཞིན་རེད་འདུག དེ་ལས། བུ་ཁྱོད་དེ་རེབ་ཝར་ན་སློབ་གྲྭར་སློབ་སྦྱོང་ཡག་པོ་བྱེད། ལག་ཁྱེར་ཞིག་རེག་ཨེ་ཐུབ་བལྟོས། དེ་ལས་སྤྱི་ཚོགས་ཀྱི་གནས་ཚུལ་གོ་ཚོད་ཀྱི་མ་རེད། སློབ་ཕྲུག་སློབ་སྦྱོང་ཡག་པོ་བྱེད་དགོས་ལ་ལྷག་པར་དགེ་རྒན་ཚོའི་ཞལ་ལ་ཉན་པོ་བྱེད་ཨང་། ངའི་བསླབ་བྱ་ཡིན་དཱ། བདེ་མོ་བྱོས།

  3. ཁྱུང་དཀར says:
    2011-11-01 at 11:06 am

    སྨྱུག་ཁ་ཕྱི་ནང་གང་སར་བསྐོར་རྒྱུ་སྨྱུག་ཐོག་པ་ཞིག་གི་ལས་སུ་སྣང་ཡང་། དང་ཐོག་རང་ཉིད་ཀྱི་ཀླད་ལྐོག་ལ་གཙང་དག་རེ་བྱས་ཏེ་ཁ་ལག་གཉིས་ཀ་མཉམ་འགུལ་བྱ་དགོས་པའི་དུས་སུ་བབ་ན་ཡང་། ང་ཚོའི་སྨྱུག་ཐོག་པ་ཚོ་ཁ་བཤད་དང་སྟོང་གཏམ་ལ་གོམས་པ་ལས་འགུལ་སྐྱོད་དང་འཕགས་འཚག་ལ་དོ་སྣང་དེ་ཙམ་མེད། ཕྱོགས་འདི་ན་ང་ཚོར་ནམ་ཡང་འདང་གི་མེད་ནས་སྟོང་ཏེ་ཡོད།

  4. ཟུངས་ཁྲག says:
    2011-11-01 at 11:40 am

    བོད་པ་ཚང་ཟེར་བ་དེའི་མི་སྒེར་ལ་ཁ་རྡུང་གཏོང་གིན་འདུག
    ངའི་བསམ་ན་རྩོམ་ཡིག་སྤེལ་མཁན་གྱི་གང་ཟག་དཔྱད་པ་མ་བཏང་བར་རྩོམ་ཡིག་ལ་དཔྱད་བརྗོད་སྤེལ་ན་ད་བཟོད་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་སོང་བ་རེད་བསམ་མོ།

  5. དེ་ཉིད says:
    2011-11-02 at 7:00 am

    བདེན་པ་ཉིད་རྒྱལ་གྱུར་ཅིག

  6. ལུང་རྟོགས། says:
    2011-11-02 at 12:16 pm

    ང་ཚོའི་སྨྱུག་ཐོག་པ་ཚོས་ཁ་ནང་ལ་བསྐོར་ནས་དང་པོ་སོ་སོས་ཅི་ཞིག་སྒྲུབ་ཡོད་མེད་ཡག་པོ་བལྟས་ནས།
    ད་འཚམས་གཞུང་དང་ཚོགས་སྡེ་ཁག་ལ་གཅིག་བཤད་ན་ལེན་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (60)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (30)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme