མཁྱེན་དཔྱོད་ཡངས་བའི་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ལ།
དབུ་མའི་ལམ་གྱི་ མི་མང་དབུས་ལས་འགུལ་ཁང་གིས་གོ་སྒྲིག་འོག་གཤམ་གྱི་བརྗོད་བྱའི་སྟེང་ཡོངས་ཁྱབ་ རྩོམ་ཡིག་འགྲན་བསྡུར་བྱེད་འཆར་ལགས་ན་འགྲན་བསྡུར་འདིར་མཉམ་ཞུགས་ཡོང་བའི་རེ་ སྐུལ་བཅས།
༡》དབུ་མའི་ལམ་དང་མ་འོངས་བོད་ཀྱི་མདུན་ལམ།
༢》དབུ་མའི་ལམ་གྱི་སྟེང་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ་ཅི་ཡོད།
གསལ་བཤད་དགོས་འདུན།
གོང་འཁོད་བརྗོད་བྱ་གང་རུང་སྟེང་དཔྱད་རྩོམ་རྣམ་ཅན་གྱི་ཡིག་འབྲུ་སུམ་སྟོང་ལས་མ་བརྒལ་བ་དགོས།
རྩོམ་ཡིག་རྣམས་ཕྱི་ཟླ་༡༢།༣ ནང་ཚུད་དུ་འབྱོར་བ་དགོས་རྒྱུ།
ཕྱི་ཟླ་༡༢།༡༠༸གོང་ ས་སྐྱབས་མགོན་ཆེན་པོའི་ཞི་བདེ་གཟེངས་རྟགས་ཉིན་མོའི་མཛད་སྒོ་དང་སྟབས་བསྟུན་ ཨང་རིམ་གསལ་བསྒྲགས་དང་བྱ་དགའ་ཕྱག་འཁྱེར་འབུལ་རྒྱུ།གཞན་ཡང་བརྒྱ་ཆ་མཐོ་གྲས་ གཉིས་ལ་རྟིང་སྐུལ་ལེགས་མཚོན་བྱ་དགའ་འབུལ་རྒྱུ།
དཔྱད་འདེམས་པ།
དཔལ་ལྡན་རང་གཞུང་ཤེས་རིག་ཉམས་ཞིབ་པ་ཆུང་ཚེ་རིང་།
ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག
སྒྲོན་མེ་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་འགན་འཛིན་རྨེའུ་དཀོན་རྒྱམ།
འབྲེལ་བ་གནང་ཡུལ།
Midpath2008@gmil.com
mogrut@yahoo.com
09805524202
དབུྲམའི་ལམ་གྱི་ལས་འགུལ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གཙོས་པའི་ཕྱག་ལས་པ་ཡོངས་ལ་དབུ་མའི་ལམ་གྱི་ལས་འགུལ་ལ་ནུས་པ་ཤུགས་ཆེ་རུ་གཏང་བ་དེ་ལ་ངོས་ནས་དགའ་བསུ་ཡོད། ཁྱེད་རྣམས་ཀྱི་ལས་འགུལ་དོན་སྙིང་ལྡན་པ་ཞིག་ཡིན་པར་ཤེས་དགོས་པ་ཡིན། ཡོངས་གྲགས་ཀྱི་བཤད་སྲོལ་ལ་དབུ་མའི་ལམ་ལ་ལས་འགུལ་དམིགས་བསལ་སྤེལ་རྒྱུ་གང་ཡང་མེད། བྱ་རྒྱུ་ཡོད་པ་ནི་རྒྱ་ནག་ལ་མཐེ་བོང་བཙུགས་ནས་ཞུ་བ་འཐེན་རྒྱུ་ཁོ་ན་ཡིན་པར་བཤད།
དབུ་མའི་ལམ་ལས་འགུལ་ཁང་ནས་འདི་ལྟར་འགྲན་རྩོམ་སྤེལ་ཡོང་དུས་དབུ་མའི་ལམ་ལ་གོ་རྟོགས་ཟབ་རུ་དང་ངེས་ཤེས་གསལ་དུ་འགྲོ་ཐག་ཆོད་རེད། རྒྱུ་མཚན་ནི་གཞན་དགོས་ཀྱི་མི་འདུག དཔྱད་འདེམས་པ་ཚོ་གཅིག་པུའི་ཆོག་གི ཧེ་ཧེ་ཧེ་ཧེ ་་་་་་་་་་་་་་་་་་་་་་་་་་
དབུ་མའི་ལམ་ལ་གོ་རྟོགས་ཟབ་རུ་དང་ངེས་ཤེས་གསལ་རུ་འགྲོ་རྒྱུ་གང་ཡང་མེད།
རྒྱུ་མཚན་ནི་ཆོལ་གསུམ་བོད་མི་ཚང་མ་འཛིན་སྐྱོངས་གཅིག་གི་འོག་རྒྱ་ནག་གི་མི་མང་བྱེད་རྒྱུ་ལས་གཞན་འབྲེལ་བཤད་མང་པོ་རྒྱབ་རྒྱུ་ལྷག་མེད་པས་སོ། ཡོད་ན་ཤོད་དང་ངས་ཉན་ནས་ཡོད་དྲ་གྲོགས་ཚོ།
དབུ་མའི་ལམ་གྱི་ལས་འགུལ་ཁང་ནས་ནུས་པ་ཆེ་རུ་བཏོན་ནས་མདོར་ན་དེ་ཆབ་སྲིད་ཚོགས་པ་གཅིག་ཏུ་འགྱུར་ཐབས་བྱེད་དགོས་ཀྱི་འདུག ཕྱོགས་གཞན་གཞོན་ནུ་ཚོགས་པ་ངོས་ནས་ཤུགས་ཇི་འདྲ་རྒྱབ་ཀྱིན་འདུག དཔེར་ན་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དེ་ཆབ་སྲིད་ཚོགས་པ་ཞིག་གི་མིང་ཐོག་ནས་བཙུགས་ཡོད་ནའང་དེ་ལ་ཁ་གཏད་གཅག་མཁན་གྱི་ཚོགས་པ་གཞན་ད་ལྟ་བར་མ་བྱུང་བ་ནི་དབུ་མའི་ལམ་རྩོད་མཁན་རྣམས་ཀྱི་སྐྱོན་ཆ་ཡིན་ དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་རྣམས་ནི་ཁ་ནས་རྒྱབ་སྐྱོར་ཡོད་སྒྲོགས་པ་ཙམ་ལས་དོན་དངོས་པོའི་ཆ་ནས་ཤུགས་རྒྱབ་ཀྱི་མེད་པ་ནི་ཡོངས་གྲགས་ཡིན་ ད་ནི་དུས་ལ་བབས་ཡོད་ དབུ་མའི་ལམ་གཅིག་སྒྲིལ་ཚོགས་པ་ཞེས་པ་ཞིག་བཙུགས་ནས་རྒྱལ་ཡོངས་ཚོགས་པ་དང་འགྲན་བསྡུར་གྱིས་མ་འོངས་བཀའ་སྤྱི་འོས་བསྡུ་སྐབས་སུ་ལས་འགུལ་སྤེལ་ཐུབ་ན་ཇི་འདྲ་འདུག འདི་ནི་ཁོ་བོའི་བསམ་འཆར་ཡིན་
འགྲན་རྩོད་ཡོད་ན་ལེགས་ཉེས་དབྱེ་བ་འབྱེད་ཐུབ་པ་མ་ཟད་དེས་བགྲོ་གླེང་སློང་གིན་རེད་ དེར་མ་ཟད་འགྲན་རྩོད་ཀྱིས་སྤྱི་ཚོགས་ཡར་རྒྱས་ཕྱོགས་སུ་བསྐྱོད་དུ་འཇུག་ འགྲན་རྩོད་མེད་ན་སྤྱི་ཚོགས་ཉོབ་ཏོ་ཡིན་
ཐོག་མར་ལས་འགུལ་འདི་ལྟ་བུ་རེ་སྤེལ་བར་ཐུགས་རྗེ་ཆེ་ཞུ་བ་ལགས།
དེ་ནས།
གཞན་གྱིས་ཅི་ཞིག་བཤད་ཀྱང་ལག་ལེན་གྱིས་ཡོང་གི་གསལ་བོ་རེད། ལྷག་པར་མིང་རྫུན་མ་རེའི་འོག་ནས་གཞན་ལ་བརྙས་བཅོས་དང་གཞི་མེད་གླེང་གཞི་བཟོ་བ་སོགས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཡར་རྒྱས་དང་གུ་ཡངས་ཅན་དུ་མ་གྱུར་བས་སྐྱོན་ཆེན་པོ་ཞིག་རེད།
དེ་འདྲ་ཡིན་དུས། བོད་དང་བོད་ཀྱི་ནུས་པ་སྲུང་སྐྱོབ་བྱེད་ཐབས་སུ་ལས་འགུལ་ཅི་ཞིག་བརྩམ་རུང་མ་རུང་ཁོག་བཅུག་དང་མ་དགའ་ན་ཚ་ཅན་ཚོའི་ག་དུས་ཡིན་རུང་། སྐྱོན་འཛུགས་དང་དམའ་འབེབས། བར་ཆད་བཟོ་ཐབས་དང་གཏོར་བརླག་གཏོང་ཐབས་དངོས་ཤུགས་གང་རུང་ནས་གླགས་འཚོལ་བྱེད་ཀྱིན་ཡོད་པ་ཚང་ཧ་གོ་གོ་བ་རེད། དེའི་སྟབས་ཀྱིས། བོད་དོན་ཕན་པའི་ལས་འགུལ་རྩོམ་མཁན་དང་མཉམ་ཞུགས་གང་ན་སུ་ཞིག་མཆིས་ན། དེར་རྒྱབ་སྐྱོར་དང་རྣམ་འགྱུར་ལེགས་པོ་སྟོན་དགོས་པ་བོད་ཀྱི་གནས་སྟངས་ཀྱིས་ཐག་བཅད་པ་རེད། ལྷག་པར་དུ་མཉམ་རུབ་དང་ཆིག་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མ་འོངས་པའི་རྩ་དོན་དང་ད་ལྟའི་ཛ་དྲག་གི་གནས་བབ་ཐག་ཆོད་བྱེད་དགོས་པ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འཁྲི་བའི་ལས་འགན་ཞིག་རེད།
བྱམས་པ་ལགས་ཀྱི་བསམ་ཚུལ་དེར་ང་ཡང་དགའ་བོ་ཡོད། བཙན་བྱོལ་སྤྱི་ཚཽགས་ནང་ཁ་གཏད་ཀྱི་ཚོགས་པ་མེད་པས་རྐྱེན་གྱིས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་སུ་ཆོལ་ཁ་དང་སྐྱིད་སྡུག དྭང་བླངས་སོགས་ཀྱི་མིང་ཐོག་ནས་འོས་མི་འདྲ་མིན་བཏོན། ལྷག་པར་དུ་འགན་འཁུར་མེད་པའི་འོས་མི་འདྲ་མིན་བཏོན་དེ་མང་ཚོགས་འཐོམ་དུ་བཅུག་གིན་འདུག
དེ་ལས་ཁ་གཏད་ཚོགས་པ་ཞིག་ཡོད་པ་ཡིན་ན་སོ་སོའི་ཁྱབ་ཁོངས་ཀྱི་མི་དེ་ཡི་འགན་སོ་སོས་འཁུར་ཐུབ་པ་ཞིག་ཡོང་གིན་རེད། ངས་ཀྱང་ཁྱེད་ཀྱི་བསམ་ཚུལ་གལ་ཆེན་པོར་མཐོང་།
བྱམས་པ་ལགས་ཀྱི་བསམ་ ཚུལ་དེར་ང་ཡང་དགའ་བོ་ཡོད། བཙན་བྱོལ་སྤྱི་ཚཽགས་ནང་ཁ་གཏད་ཀྱི་ཚོགས་པ་མེད་པས་རྐྱེན་གྱིས་བཀའ་ཁྲི་དང་ སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་སུ་ཆོལ་ཁ་དང་སྐྱིད་སྡུག དྭང་བླངས་སོགས་ཀྱི་མིང་ཐོག་ནས་འོས་མི་འདྲ་མིན་བཏོན། ལྷག་པར་དུ་འགན་འཁུར་མེད་པའི་འོས་མི་འདྲ་མིན་བཏོན་དེ་མང་ཚོགས་འཐོམ་དུ་བཅུག་ གིན་འདུག
དེ་ལས་ཁ་གཏད་ཚོགས་པ་ཞིག་ ཡོད་པ་ཡིན་ན་སོ་སོའི་ཁྱབ་ཁོངས་ཀྱི་མི་དེ་ཡི་འགན་སོ་སོས་འཁུར་ཐུབ་པ་ཞིག་ཡོང་ གིན་རེད། ངས་ཀྱང་ཁྱེད་ཀྱི་བསམ་ཚུལ་གལ་ཆེན་པོར་མཐོང་།
དབུ་མའི་ལམ་ལས་འགུལ་ཁང་ནས་ལས་འགུལ་འདི་ལྟར་སྤེལ་བར་དགའ་ཚོར་ཆེ།
ལས་འགུལ་ཁང་གསར་འཛུགས་ ཀྱི་སྐབས་སུ་༸གོང་ས་མཆོག་གིས་བཀའ་ཤོག་གནང་ཡོད་པ་མ་ཟད། ཐུགས་རེ་ཆེན་པོ་གནང་ཡོད། དབུ་མའི་ལམ་གྱི་ཚོགས་ཆེན་གྱི་སྐབས་སུ་བཀའ་བློན་ཁྲི་བས་ཀྱང་བསྔགས་བརྗོད་དང་ ཐུགས་རེ་ཆེན་པོ་གནང་སོང་། བཀའ་ཁྲི་མཆོག་གིས་གསུངས་ན་ལོ་གཅིག་ནང་འདི་འདྲའི་ལས་འགུལ་མང་ཞིག་སྤེལ་ཐུབ་ བསམ་བསམ་མེད་ཅེས་གདེང་འཇོག་ཀྱང་གནང་སོང་། གཅིག་བྱས་ན་དབུ་མའི་ལམ་གྱི་ལས་འགུལ་པ་ཚོས་དོན་ཆེན་ས་འོག་ནས་བསྒྲུབ་པ་ཡིན་ ཤས་ཆེ།
གང་ལྟར་ཀྱང་དེང་སང་གོ་རྒྱུ་ཚོར་རྒྱུ་མང་ཙམ་འདུག ཞེ་དྲག་ཡག་པོ་རེད།
ད་ལན་དཔྱད་རྩོམ་ཞིག་བྲིས་ནས་ཅིས་ཀྱང་བྱ་དགའ་འདྲ་ཡོད་ན་རེག་ཐབས་བྱ་རྒྱུ་ཡིན། བསམ་འཆར་ཡོད་མཁན་ཡོད་པས་་་་་་་
བཙན་བྱོལ་ནང་ལ། རྩོམ་ཡིག་འགྲན་བསྡུར་གྱི་རིགས་མང་པོ་ཡོད་པ་རེད། དེའི་ནང་ནས་ཉེ་བའི་ལོ་ཤས་ལ་བསམས་ན། ཀི་རྟི་གྲྭ་ཚང་གིས་ཐེངས་གཅིག་སྤེལ་སོང་བ་དེར་བྱ་དགའ་གཟིགས་གཟོས་ཀྱང་ཆེན་པོ་གནང་སོང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགྲན་བསྡུར་འདི་འདྲ་ཞིག་སྤེལ་བ་རེད། དེ་ཡང་བྱ་དགའ་ཆེན་པོ་གནང་སོང་། ད་འདི་ལྟར་བལྟས་སོང་ན། ད་རེས་དབུ་མའི་ལམ་གྱི་རྩོམ་ཡིག་འགྲན་བསྡུར་འདིར། བྱ་དགའ་གཟིགས་གཟོས་ཀྱི་སྐོར་ཅང་གསལ་མི་འདུག བྱ་དགའ་གཟིགས་གཟོས་ཀྱི་སྐོར་དེ་གསལ་བཤད་ཅིག་གནང་ན་ཕན་ཆེ་བ་ཡོད་ཀྱི་རེད་འདོད།
རྒྱང་སོ་བྱས་ནས་ལེགས་པར་དཔྱད་ན། ལས་གཞི་འདིའི་དགོས་པ་ཆུང་ལ་སྐྱོན་ཆ་ཆེ། དབུ་མའི་ལམ་མ་ཤེས་པའི་སྐྱོན་གྱིས་བོད་འདི་འཕོངས་མེད་ལ། དབུ་མའི་ལམ་ལ་མ་ཞུགས་པའི་རྐྱེན་གྱིས་ད་ཆའི་བོད་ཀྱི་ཆབ་སྲིད་གནས་སྟངས་འདི་ཐབས་སྡུག་འདི་འདྲར་འགྱུར་མེད། དེར་བརྟེན་སངས་རྒྱས་ལ་ཀ་ཁ་སློབ་པ་ལྟ་བུའི་ཆོ་མེད་ནུས་མེད་ཀྱི་ལས་ཀ་ཞིག་ལ་མཐོང་།
བོད་ཡིག་དང་བོད་སྐད་ཤེས་མཁན་ཡིན་ན་དབུ་མའི་ལམ་དང་དེའི་ཁྱད་ཆོས་རྣམས་གསལ་པོ་ཤེས་ཐུབ་ཚོད་དགོས། ཅིའི་ཕྱིར་ཞེ་ན་བོད་གཞུང་དང་རྒྱལ་བ་རིན་པོ་ཆེས་དབུ་མའི་སྐོར་ལ་ཆོས་བཤད་བཤད་གསལ་བཤད་ལེགས་པོ་གནང་སོང་། ད་བོད་ཡིག་དང་བོད་སྐད་མ་ཤེས་ན་ཡང་། དབུ་མའི་སྐོར་དེ་ཚོ་ལ་གསལ་བཤད་རྒྱ་ཡིག་དང་དབྱིན་ཡིག་ནང་མང་པོ་འདུག དེར་བརྟེན་འདི་དགོས་པ་ཆུང་ལ་སྤྲེལ་ལད་ལྟ་བུའི་ལས་གཞིར་འགྲོ་བའི་སྐྱོན་འདུག
ད་དུང་གནད་འགག་ཆེ་བ་ཞིག་ལ་དཔྱད་འདེམས་པའི་ནང་ཨ་མདོ་གཉིས་དང་དབུས་པ་གཅིག་ལས་ཁམས་པའི་མི་མིན་འདུག བྱས་ཙང་ཆོལ་ཁ་གསུམ་ལས་གྲུབ་པའི་བོད་ཀྱི་སྤྱི་ཚོགས་ནང་ཁམས་པའི་མི་མང་པོ་ཞིག་རྩོམ་འདིའི་ནང་ཞུགས་ཐུབ་མེད་སོམ་ཉིའི་ཚུལ་རེད།
གལ་ཏེ་ཁྱེད་ཚོས་བོད་ཀྱི་མངོན་འདོད་གྲུབ་ཆེད། ཐབས་ཤེས་ལེགས་ཤོས་ཀྱི་ཆབ་སྲིད་ཀྱི་ལམ་འཚོལ་བའི་རྩོམ་ཡིག་འབོད་སྐུལ་བྱས་ན། དེ་ངོ་མ་མཚར་ལ། ཀུན་གྱིས་རྒྱབ་སྐྱོར་བྱེད་དགོས་པའི་ལས་གཞིར་སོང་། ཐབས་ཤེས་འདི་ཕྱོགས་ལྷུང་ལ་མི་འགྲོ་ཞིང་། ཤེས་རྒྱ་ཆེན་པོའི་སྒོ་ནས་བོད་ཀྱི་མདུན་ལམ་འཚོལ་བའི་ཁྱད་ཆོས་ཆེན་པོར་སྣང་།
ཕྱི་ལོ ༡༩༤༩ གོང་དུ་མདོ་སྨད་ཀྱི་ས་ཁུལ་ཕལ་ཆེ་བ་དང་མདོ་སྟོད་ཀྱི་ས་ཁུལ་མང་བོ་ཞིག བོད་སིལ་བུར་འཐོར་ནས་བཟུང་བོད་གཞུང་གི་ཆབ་སྲིད་ཀྱི་དབང་ཤུགས་ཐད་ཀར་མ་སླེབས་པར་རང་བཙན་ལྟ་བུར་གནས་ཡོད ། རྒྱ་ཡི་ལོ་རྒྱུས་རྣམས་སུ་ས་ཁུལ་དེ་དག་རྒྱ་ཁོངས་ཡིན་པར་བསྙད་པ་ཏིལ་འབྲུ་ཙམ་ཡང་མེད་ལ་རིག་པས་ཀྱང་བསྒྲུབ་མི་ནུས ། འོན་ཀྱང་མདོ་ཁམས་ཀྱི་ས་ཁུལ་ཉུང་ཤས་ཞིག་ཕྱི་ལོ་༡༩༣༠ཡས་མས་ནས་རྒྱ་ཡིས་བཙན་བཟུང་བྱས་ཡོད ། དེས་ས་ཁུལ་དེ་དག་རྒྱ་ཁོངས་ཡིན་པར་གཏན་ནས་བསྒྲུབ་མི་ནུས ། རྒྱལ་སྤྱིའི་ཁྲིམས་ལུགས་ནང་ཕྱི་ལོ་༡༩༤༩ སྔོན་དུ་རང་བཙན་ཡིན་མིན་ལ་ལྟོས་ཏེ་རྒྱལ་ཁབ་ལ་ངོས་འཛིན་བྱས་པ་རེད ། ང་ཚོ་བོད་འདི་སིལ་བུར་འཐོར་བ་ལས་དེའི་ཡ་སྔོན་ཡ་སྔོན་ནས་རྒྱལ་ཁབ་གང་གི་དབང་འོག་ཏུ་མ་ཚུད་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད ། དེར་བརྟེན་བོད་ཀྱི་ས་ཆུང་ཙག་ཞིག་བཙན་བཟུང་བྱས་དེས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པར་ཁུངས་སྐྱེལ་ཕར་བཞག ། བཙན་བཟུང་བྱས་པའི་ས་ཁུལ་དེ་དག་གི་བདག་དབང་ཡང་རྒྱ་ནག་ལ་མེད་པ་བསྟན་ཡོད ། རྒྱལ་སྤྱིའི་ཁྲིམས་ཀྱི་ངོས་ནས་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ཁས་བླངས་ཀྱང་རུང་མབླངས་ཀྱང་རུང་ །ཕྱི་ལོ་༡༩༤༩ ཡ་སྔོན་དུ་བོད་འདི་རྒྱལ་ཁབ་གཞན་གྱི་དབང་འོག་ཏུ་མ་ཚུད་པའི་ཡུལ་ལུང་ཞིག་ཏུ་རྒྱལ་སྤྱི་ནས་ཀྱང་ཁས་ལེན་མི་བྱེད་ཐབས་མེད་ཡིན ། དེས་ན་ཡུལ་ལུང་འདིའི་བདག་དབང་ཐག་གཅོད་ཀྱི་དབང་ཚད་བོད་མི་རིགས་ཁོ་ནལས་གཞན་སུ་ལའང་མེད་པ་ཤེས་དགོས ། འོན་ཀྱང་ལོ་རྒྱུས་མཁྲེགས་འཛིན་གཙོར་བཟུང་མི་བྱེད་པར་མི་རིགས་སྐྱོབ་ཐབས་དང་རན་འཚམས་ཀྱི་སྲིད་ཇུས་དབུ་མའི་ལམ་ལྷག་པ་གང་དུའང་མ་མཐོང་ངོ་ ། གལ་ཏེ་དེ་ལས་ལྷག་པ་ཞིག་ཡོད་ཚེ་ཤེས་འདོད་ཡོད །
ཤེས་རབ་ལགས། ཁྱེད་ཀྱི་རྩོམ་ཡིག་དེ་འགོ་བཙུགས་མ་ཐག་ཏུ་ཕྱོགས་ལྷུང་གི་སྣེ་ནས་དྲངས་སོང་། དགོངས་འགལ་མེད་པར་ཞུ། མ་འོངས་པར་ལས་དོན་ཆེ་ཆུང་གང་འདྲ་བྱུང་ན་ཡང་ལམ་སེང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་གི་ཚིག་དེ་བེད་སྤྱོད་མ་བྱེད་ན་མི་ལེགས་སམ། ལར་ནས་ཁྱེད་ཤེས་རབ་ཀྱི་མིང་ཐོག་ནས་རྩོམ་གཅིག་སྤེལ་ན་དཔྱད་ཞིབ་པས་ཁྱེད་ཆོལ་ཁ་གང་གི་ཁོངས་གཏོགས་ཡིན་པ་ཇི་འདྲ་ཤེས། ཁོ་བོ་ལྟ་བུ་མཚོན་ན་ལས་ཀ་གང་འདྲ་སྤེལ་ན་ཡང་ཆོལ་ཁའི་ཞེ་ངན་དེ་གཏན་དུ་དོར་དགོས་པ་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་། དེར་མ་ཟད་ཚོགས་པའམ་ལས་འགུལ་གང་འདྲ་ཞིག་སྤེལ་ནའང་ཐོག་མར་ཀློག་འགོ་བརྩམས་མ་ཐག་སྐད་ཆ་དེའི་སྣེ་ནས་དྲངས་པ་ནི་མི་འགྲིག་པར་བསམ། འདི་ནི་ང་ཚོའི་སྤྱི་ཚོགས་ཀྱི་འགྱུར་བ་གཏོང་དགོས་པའི་གནད་དོན་གལ་ཆེ་ཤོས་དེ་ཡིན། ཁོ་བོ་ལྟ་བུ་མཚོན་ན་དཔྱད་འདེམས་པའི་ཁོངས་སུ་བོད་རིགས་ལ་ཁྱད་པར་མེད་པར་འོས་ཆོས་ཤེས་ཚད་ལྡན་པ་སུ་ཞིག་སླེབས་ན་ཡང་འགྲིག་པར་བསམ།
ཤེས་རབ་ཀྱི་བསམ་འཆར་མཐའ་མ་དེ་ལེགས། ངེད་ཚོས་ལྟ་བའི་དོནཏ་དུ་ཆབ་སྲིད་ལམ་ཁ་མི་འཚོལ་བར། ཆབ་སྲིད་ཀྱི་ལམ་ཁའི་དོན་དུ་ལྟ་བ་འཚོལ་ན་ལེགས།
ངེད་ཚོས་སྔོན་ལ་ཆབ་སྲིད་ཀྱི་ལྟ་བ་བདམས། ད་གཞི་ནས་དེས་ཆབ་སྲིད་ལམ་གུ་ཤངས་བྱེད་པ་འདི་སྨན་སྔོན་ལ་བཏང་། ད་གཞི་ནས་སྨན་དེ་ནད་གང་ལ་ཕན་པ་ཡོད་པ་བརྩད་པ་དང་མི་མཚུངས་སམ།
བུ་ དབུ་མའི་ལམ་ཞེས་པ་འདི་ང་ཚོས་ཨ་རི་ནས་བག་མར་བསླངས་པའི་མནའ་མ་རེད་ མནའ་མ་འདི་དབང་ཆེན་པོ་རེད་ ང་ཚོ་མ་བུ་གཉིས་་ཁ་ཐབས་ཆུང་བས་མིའི་བེད་སྤྱོད་འོག་མི་འགྲོ་མཐུ་མེད་ཆགས་པ་རེད་་ ད་ཡིན་ནས་ཨ་ཁུ་ཟླ་བས་མནའ་མའི་ཆེད་དུ་རྔ་འདི་འདྲ་བརྡུང་ན་ང་ཚོ་ངོ་ཡང་ཚ་
དབུ་མའི་ལམ་གྱི་འགྲན་རྩོམ་གྱི་བྱ་དགའི་དོན་ལ་རྡ་སར་ངོ་ཡོད་རྒྱུན་ལས་མང་འཛོམས་གནང་ཡོད། ཡིན་ཡང་བསམ་ཚུལ་མི་མཐུན་པ་ཁག་གཉིས་བྱུང་བ་རེད། ཁག་ཅིག་གིས་བྱ་དགའ་ཆེ་ཙམ་སྤྲོད་དགོས་པའི་བསམ་ཚུལ་དང་རེ་འདུན་བཏོན་པ་རེད། ཁག་ཅིག་གིས་རྩོམ་ཡིག་འགྲན་བསྡུར་བྱེད་རྒྱུ་དེ་ད་རེས་གཅིག་བུ་མིན་པ་དང་། ད་རེས་ཐེངས་དང་པོ་ཡིན་སྟབས་དེ་ཙམ་གྱིས་ཆེན་པོ་སྤྲད་རྒྱུ་མེད་པའི་བསམ་ཚུལ་བཏོན་པ་རེད། བསམ་ཚུལ་གཉིས་ཀྱི་ཐ་མར་མང་མོས་ཀྱིས་ཐག་གཅོད་ནི་ཨང་རིམ་དང་པོར་ཧིན་སྒོར་༣༠༠༠། ཨང་རིམ་གཉིས་པར་ཧིན་སྒོར་༢༠༠༠། ཨང་རིམ་གསུམ་པར་ཧིན་སྒོར་༡༥༠༠་དང་ཁོང་གསུམ་ལ་ཞི་བདེ་གཟེངས་རྟགས་ཉིན་ཕྱག་འཁྱེར་དང་བཅས་སྤྲོད་རྒྱུར་མང་མོས་བྱུང་བ་རེད།
བརྒྱ་ཆ་སྤྲོད་མཁན་ཐད་ཀྱང་ཆོལ་ཁ་གསུམ་ནས་དགོས་པའི་བསམ་ཚུལ་ཀྱང་ཐོན་པ་རེད། ཡིན་ཡང་། དོན་དག་ཆེ་མ་ཆུང་གསུམ་ཚང་མ་ལ་ཆོལ་ཁའི་རིས་སུ་བཅད་པ་དེས་ཕན་གནོད་གང་ཡིན་མི་ཤེས་པས་མི་དགོས་ཀྱང་འགྲིག་པར་བྱས་པ་རེད།
བཙན་བྱོལ་སྤྱི་ཚོགས་ནང་དབུ་མའི་ལམ་ཤེས་མཁན་དང་མི་ཤེས་མཁན་གཉིས་ཀྱིས་མི་ཤེས་མཁན་མང་བ་ཁ་ཚོན་བཅད་ནས་བརྗོད་ཐུབ། ཐག་ཉེ་ས་ནས་བཤད་ན་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ཞིག་ཡིན་ལ། རྒྱ་ཆེ་ས་ནས་བཤད་ན་འཛམ་བུ་གླིང་གི་རྒྱལ་ཁབ་དང་། ཚོགས་སྡེ། མི་སྒེར་སོགས་ཀྱི་དཀའ་རྙོག་ཡོད་ཚད་སེལ་བའི་ཐབས་ལམ་གྱི་ལྡེ་མིག་ཅིག་རེད། འདི་ནི་ལྟ་གྲུབ་ཡོད་པའི་གཞུང་ལུགས་ཤིག་ཡིན་ལ། གོ་ལ་རིལ་བོའི་སྤྱི་རྫས་ཤིག་ཀྱང་ཡིན།
སྔོན་ཐོན་དང་ཡར་རྒྱས་ཅན་གྱི་སྤྱི་ཚོགས་དང་མི་དྲགས་ཚོས་ཆེ་བསྟོད་ཀྱི་ནོར་ཝེ་རྟགས་མ་དང་། གསེར་མ་རྟགས་མ་འབུལ་སའི་ལམ་བུ་འདི་ལ་བོད་པ་ཅོལ་ཆུང་ཞིག་གིས་ཁྱད་བསལ་བྱས་པ་ནི་གད་མོ་ཤོར་བའི་གནས་ཙམ་ལས་གང་ཡོང་།
ང་ཚོས་ནང་ཁུལ་ཕན་ཚུན་ལ་རྩོད་པ་འདྲ་བོའི་རྣམ་པ་ཞེ་དྲག་ཡོང་གིན་འདུག དེ་ནང་ཁུལ་ཕན་ཚུན་ཚིག་རྩོད་རྒྱག་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་མ་རེད་བསམ་གྱིན་འདུག དབུ་མའི་ལམ་ངོས་ནས་བཤད་པ་ཡིན་ན། མི་མང་རང་གིས་བསམ་བློ་གཏོང་ཐུབ་པའི་གནས་སྟངས་ཤིག་རང་བཞིན་གྱི་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་ལས་འགུལ་སྤེལ་བའི་སྐབས་ལ་ཅི་ཙམ་ཚུར་ཞུགས་ཐུབ་ཐབས་ཅིག་དང་། ཚུར་སོ་སོའི་བསམ་བློའི་ནང་ལ་སླེབས་ཐུབ་པའི་འབད་བརྩོན་བྱེད་དགོས་པ་གནད་འགག་ཆེན་པོ་ཞིག་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་ལས་འགུལ་ཁང་བཙུགས་ནས་ལོ་གཅིག་ཙམ་མ་གཏོགས་ཕྱིན་ཡོད་པ་མ་རེད། མི་མང་གི་ལས་འགུལ་རེད། གཞུང་གིས་འདིའི་སྒང་ལ་ཐེ་གཏོགས་ཡོད་པ་མ་རེད། དེར་བརྟེན་གཟི་བརྗིད་ཆེན་པོ་རེད། ཐུགས་འགན་འཁུར་མཁན་ཚང་མར་བསྔགས་བརྗོད་ཡོད། མ་འོངས་པ་ལའང་ལས་འགུལ་དེ་ཚགས་ཚུད་པོ་ཡོང་བའི་སྨོན་འདུན་ཞུ་བ་ཡིན།
དབུ་མའི་ལམ་གྱི་མི་མང་ལས་འགུལ་གྱི་དྲིལ་བསྒྲགས་ཡིག་ཆ་དེབ་ཕྲེང་བཞི་བ་ལས་བཤུས།
xxxxxxxxxxxxx
སྤྱིར་ངོས་རང་དབུ་མའི་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་ན་ཡང་། ལས་འགུལ་འདི་འདྲ་སྤེལ་བ་ལ་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན། བོད་རྩ་དོན་དང་འབྲེལ་བའི་ལས་འགུལ་དེ་ཚོགས་པ་དང་གང་ཟག་སུས་སྤེལ་བ་ཡིན་ན་ཡང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་མ་གཏོགས་དེ་ལ་སྐྱོན་བརྗོད་གང་ཡང་མེད། མུ་མཐུད་ནས་ལས་འགུལ་སྤེལ་དགོས་པ་ཡིན། གཙོ་བོ་ནི་དྷ་སའི་བདེ་དོན་ཟླ་བ་ཚེ་རིང་གིས་འགན་འཁུར་བཞིན་འདུག་པས་ཁྱེད་ཀྱིས་ད་ལྟ་བར་དུ་བོད་པའི་སྤྱི་ཚོགས་ནང་དུ་སྤྱི་ཚོགས་ལ་ཕན་པའི་ལས་འགུལ་སྣ་མང་སྤེལ་བཞིན་པ་ནི་ཀུན་གྱིས་མིག་དཔེ་བལྟ་འོས་པ་ཞིག་ཡིན། ཐུགས་རྗེ་ཆེ།་
བླ་མའི་བུ། ཁྱེད་ཀྱིས་ཟེར་བ་བདེན་པ་རེད། དོན་དག་ཆེ་མ་ཆུང་གསུམ་ཚང་མ་ལ་ཆོལ་ཁའི་རིས་སུ་བཅད་པ་དེས་ཕན་གནོད་གང་ཡིན་མི་ཤེས་པས་མི་དགོས་ཀྱང་འགྲིག་པར་བྱས་པ་རེད། འདི་ལ་ང་མོས་མཐུན་ཡོད། སྤྱིར་ལས་དོན་ཆེ་མ་ཆུང་གསུམ་ཚང་མ་ལ་ཆོལ་ཁའི་མིང་བཏགས་པ་འདིས་འུ་ཅག་བོད་མི་རིགས་ཀྱི་ཁྲོད་དུ་རྣམ་རྟོག་སློང་རྐྱེན་ཞིག་ཏུ་འགྱུར་བ་མ་ཟད། དོགས་པ་ཆེས་པ་དང་ནང་ཁུལ་ཡིད་ཆེས་མེད་པ་ཡང་འདིས་མཚོན་ཐུབ་སྙམ། བྱས་ཙང་ལྟ་བ་དེ་ཡོངས་སུ་དོར་དགོས་པ་ནི་གནད་འགག་ཆེན་པོ་ཡིན།
ཆོལ་ཁ་ཞེས་པའི་མིང་དེ་ཡང་ཡག་པོ་ཞིག་མ་རེད། སོག་རྒན་མགོ་ལེབ་ཅིག་གིས་བོད་ལ་བདག་དབང་ཡོད་མདོག་གིས་བཏགས་པས་ཐ་སྙད་ཅིག་རེད། ཡིན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་གི་ནད་པ་ཚོས་ཆོལ་ཁ་ནི་སྲོག་རྩ་དང་འབྲེལ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་པས་གླེན་རྟགས་ནི་ཡ་མཚར་བ་ཞིག་རེད།
བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་ཆོལ་ཁའི་ཐ་སྙད་མི་དགོས་པའི་རྒྱ་ནག་ལ་ཟིན་ཐོ་ཕུལ་ཚར་བ་རེད། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གིས་ཀྱང་ཆོལ་ཁའི་ནད་རོ་དང་། ཆོལ་ཁའི་འཐེན་འཁྱེར། ཆོལ་ཁའི་ལ་བརྒྱ་སོགས་དམིགས་བསལ་གང་ལའང་ངོས་འཛིན་བྱེད་ཀྱིན་མེད་པ་རེད། བོད་པ་གཅིག་གི་རྩ་དོན་དེ་བོད་མི་ཚང་མས་སྙིང་ཁོངས་ཀྱི་འཛིན་ས་རེད།
བཙན་བྱོལ་དུ་དགོས་པའི་མི་རིགས་ཀྱི་འཐབ་རྩོད་དང་། རྩ་དོན་དེ་གལ་ཆེར་མི་བརྩི་བར། མི་དགོས་པའི་ཆོལ་ཁའི་ལ་བརྒྱ་དེ་གཙོར་བཟུང་བྱེད་ཀྱིན་ཡོད། ནད་རོ་འདི་མི་རྒན་ཁག་ཅིག་གི་སྙིང་རླུང་རེད། ནད་རོ་འདི་མི་རྒན་ཁག་ཅིག་གི་གོ་སྐབས་རེད། ནད་རོ་འདི་རྗེས་འབྲངས་པ་ཁག་ཅིག་གིས་སྐབས་འཚོལ་རེད། ཁྱེད་ཚོས་ཆོལ་ཁ་རྩོད་དང་། ཁྱེད་ཚོས་ཆོལ་ཁའི་ནང་ཁུལ་ནས་འཐབ་རྩོད་བྱོས་དང་། ལས་རྒྱུ་འབྲས་བལྟས་བལྟས་རིག་རིག་ཏུ་སྨིན་ཡོང་གིན་འདུག་གཱ།
ཆོལ་ཁའི་སྲོག་རླུང་ཅན་གྱི་འདྲེ་ཕྲུག་ཚོ།
ཆོལ་ཁའི་སྙིང་ཁམས་ཅན་གྱི་རུལ་བ་ཚོ།
ཆོལ་ཁ་སྐབས་སུ་བཟུང་བའི་སྙིང་རུལ་ཚོ།
ཉི་མ་ཞིག་ལ་རྒྱ་གོང་ཁྲིན་གྱིས་ཀྱང་དབུ་མའི་ལམ་ལ་ཡིད་ཆེ་ཡོད་ན་བོད་ལ་ཡོང་ན་འགྲིག་ལབ་འདོག་ཁ་བོ་རེད་།
དབུ་མའི་ལམ་གྱི་ཕན་ཡོན་དོར་བསྡུས་ཅིག་བརྗོད་ན།
དང་པོ། དབུ་མའི་ལམ་གྱི་འབྲས་བུ་སོན་པའི་རྗེས་ལའང་། རང་བཙན་རྩོད་དུས་ཡོད།
གཉིས་པ། རང་བཙན་སྡོན་ལ་དབུ་ལམ་འགྲོ་ཐུབ་ལ། རང་བཙན་དུས་ཚོད་ངེས་མེད་ཀྱི་བར་ལ་སླར་ཡང་དབུ་མའི་ལམ་ལ་འཇུག་དགོས་ན་ནོར་བ་རེད།
གསུམ་པ། དབུ་མའི་ལམ་གྱི་དོན་འབྲས་སྨིན་སོང་ན། ཆབ་སྲིད་པའི་བཙོན་མང་པོ་ཞིག་གློད་གྲོལ་ཐུབ་པ།
བཞི་བ།། དབུས་ལམ་གྱི་ནུས་པ་བརྒྱ་ཆ་༡༠༠འི་ནང་ནས་བྱེས་པ་གཞོན་ལྷན་སོགས་ཀྱིས་བརྒྱ་ཆ་༥ མར་བཅག གཞིས་སྡོད་འགས་བརྒྱ་༥ཙམ་མར་བཅག་ནས་ད་ལྟའི་དུས་ཐོག་ཏུ་དབུ་མའི་ལམ་གྱི་འབྲས་སོན་མ་ཐུབ་པ་ངའི་འདོད་ཚུལ་ཡིན།
ལྔ་བ། དབུ་མའི་ལམ་གྱི་རྒྱ་བོད་མོས་མཐུན་༸གོང་ས་མཆོག་གི་གུང་གྲངས་༨༠མ་ཟིན་སྔོན་དུ་བསྒྲུབས་ཟིན་པ་དགོས་འདུག་པས་ཚང་མས་ཡིད་གཟབ་དགོས་འདུག་སྙམ།
དྲུག་པ། རང་བཙན་ཞི་དྲག་གང་གིས་ཀྱང་ཐོབ་མི་ཐུབ་པ་སྲིད་པས། དེས་ན་དང་པོ་དབུ་ལམ་གྱི་འབྲས་བུ་སྨིན་དུ་བཅུགས་དང་། དེ་ནས་རྔ་ལ་དཔག་པའི་འཆམ་ཕག་མི་ཆོག་གམ།
རང་བཙན་ང་ཡང་འདོད་ཀྱང་། འདོད་པ་ཙམ་གྱིས་མི་ཕན་པར་དངོས་པོའི་འགྲོས་དང་བསྟུན་ནས་འགྲོ་དགོས་པར་རང་བཙན་རྩོད་འདོད་ཅན་གྱི་དྲྭ་གྲོགས་རྣམས་ཀྱི་ཆེད་དུ་ཡིན། ཡང་བཀའ་ཁྲིའི་འོས་མི་འགས་རང་ཐག་རང་གཅོད་དང་། རང་བཙན་ཕྱོགས་སུ་འགྲོ་སྲིད་པའི་རྣམ་འགྱུར་སྟོན་པ་ནི། སྐབས་དོན་འོས་གྲངས་ཐོབ་ཕྱིར་ཆབ་སྲིད་པའི་ཟློས་གར་ཙམ་ལས། གཞིས་བྱེས་གང་ལ་ཡང་མི་ཕན་པ་ནི། ངས་འདི་རིང་འདིར་སྡོམ་ཚིག་བརྒྱབ་ཐུབ། ང་ནི་རང་བཙན་མེད་ན་ཡང་བོད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཅིག་ཡོང་སའི་ལམ་ཁ་ཡོད་པ་འདོད་མཁན་གྱི་མི་ཅིག་ཡིན་པས། ཁ་ཤས་ཀྱི་བསམ་ཚུལ་དང་མ་མཐུནjན་དགོངས་དག་ཞུ་རྒྱུ་ཙམ་མོ། །
ལམ་དབུ་མའི་ཀ་ཕྲེང་མ་བཞུགས་སོ། །
ཀ་དག་དབྱིངས་ན་བཞུགས་པའི་སངས་རྒྱས་དང་། །
ཁ་ཡོད་ལག་ཡོད་ཕན་པའི་དམ་པའི་ཆོས། །
ག་ས་གར་ཡོད་དགེ་འདུན་ཚོས་རྣམས་ལ། །
ང་ཅག་ང་འདྲས་སྒོ་གསུམ་གུས་པས་འདུད། །
ཅ་དངོས་རིན་ཐང་ཕྱིར་ཡང་དམར་གསོད་དང་། །
ཆ་ཚང་ཡོངས་རྫོགས་རང་བཙན་སྨོས་ཅི་དགོས། །
ཇ་དང་གོས་ཆེན་དགའ་ཡང་འདི་སྐད་གྲག །
ཉ་མོ་ཆུ་ལ་འཁྱུག་ལྟར་མ་གོམས་པའི། །
ཏ་ཐྰ་ག་ཏའི་དམ་ཆོས་ཞི་བདེ་ལ། །
ཐ་སྙད་ཆོས་ཚིག་འགའ་ཤས་ཤེས་གྱུར་ཀྱང་། །
ན་ཚོད་རྒས་ཀྱང་ཉམས་ལེན་དམན་པ་ཡིས།
ད་གཟོད་དབུས་ལམ་གོ་དུས་དངངས་ཤིང་འཇིགས། །
པ་ཊ་ལྟ་བུའི་མཐུན་འབྲེལ་གཅིག་སྒྲིལ་དགོས། །
ཕ་བཟང་བུ་དང་བུ་མོའི་སྤྱོད་བཟང་དགོས། །
བ་གླང་དང་མཚུངས་སྤྱོད་ངན་དྭངས་སེལ་དགོས། །
མ་ཐུབ་མ་རན་རང་བཙན་མ་རྩོད་པར། ། །
ཙ་ཙིག་རང་བཙན་རང་ཐག་རང་གཅོད་སོགས། །
ཚ་བའི་ཡུལ་ནས་དབུས་ལམ་ཚབ་རྩོད་པ། །
ཛ་དྲག་ཆེ་བའི་གྲང་བསིལ་གངས་ལྗོངས་སུ། །
ཝ་ལྤགས་ཤུ་ལ་ངེས་པའི་གཉན་འཕྲང་འདིར། །
ཞྭ་ལྟར་མཛེས་པའི་ཏྰ་ལའི་བླ་མ་ཡིས། །
ཟ་ཆོག་འཐུང་ཆོག་སྩལ་བའི་དབུས་ལམ་ལ། །
འ་ཆད་འུ་ཐུག་གྱ་གྱུའི་ལམ་སྤངས་ནས། །
ཡ་མེད་རྩོད་མེད་ཉམས་མེད་དབུས་ལམ་རྒྱུགས། །
ར་སྐྱེས་ཁྱུ་ལྟར་ར་རྫི་ལུག་རྫི་ཡིས། །
ལ་ལུང་མང་པོའི་ཁྱུ་དེད་མི་དགོས་པར། །
ས་གཞི་རང་བདག་བོད་ལྗོངས་ཡོངས་སུ་རྫོགས། །
ཤ་རུས་གཅིག་བོད་མི་བདག་སུ་ལ་བདག །
ཧ་ཧྰ་རང་བཙན་དགའ་སྣང་མེད་ན་ཡང་། །
ཧི་ཧྰི་གཞན་སྨོད་དགོད་སྣང་དེ་བས་མེད། །
ཨ་ཤེ་ཁ་བཏགས་འཁྱེར་ནས་༧སྐུ་མདུན་དང་། །
ཨ་ཧ་དད་འདུན་དང་བཅས་ཇོ་བོར་འབུལ། །
གཉིས་སྨན་དབུ་མའི་འབྲས་བཟང་མྱུར་སྨིན་ཤོག །
ཁ་བའི་མེ་ཏོག་བཀོད་པའི་ཞིང་ཁམས་ཤིག་ཏུ།།
འདབ་གཤོག་གཉོམ་ལག་རྒྱས་པའི་གསེར་གྱི་སྦྲང་བུ།།
ལྷང་ལྷང་ཟེའུ་འབྲུ་འཐུང་བའི་བཅུད་དུ་རོལ་ན།།
དཔྱིད་ཀྱི་ལང་ཚོ་རྒྱས་པའི་རྟེན་འབྲེལ་ཆེའོ།
བྱམས་པ་ལགས་ནས་གསུངས་པ་དེ་བདེན་པ་ཡིན། བཙན་བྱོལ་གཞུང་ནས་དབུ་མའི་ལམ་གྱི་ཐོག་ནས་ལས་འགུལ་གང་ཡང་སྤེལ་མ་ཐུབ་པ་དེ་ཁ་གསལ་པོ་ཡིན། རྒྱ་ནག་གཞུང་ལ་མཐེ་བོང་སྟོན་ནས་འགུགས་བསྡད་རྒྱུ་མ་གཏོགས་གང་ཡང་བྱ་མི་ཐུབ། གང་ལ་ཞུས་ན་ཚང་མས་མཁྱེན་གསལ་བཞིན། བཙན་བྱོལ་གཞུང་གི་འགོ་བྱེད་ཁ་ཤས་ཞིག་གིས་གྲོས་ཐག་ཆོད་ནས་བོད་འཆོལ་ཁ་གསུམ་དེ་རྒྱ་ནག་གཞུང་ལ་བརྩི་སྤྲོད་བྱས་ཟིན་པ་ཡིན་པས། ལས་གུལ་སྤེལ་རྒྱུ་གང་ཡང་ལྷག་མེད། དེ་ལས་ལྡོག་ཏེ་བོད་རང་བཙན་ཞིག་ཡིན་པའི་གྲུབ་ནས་མ་འོངས་པར་རང་བཙན་ཐོབ་རྒྱུའི་ལས་གུལ་སྤེལ་ཆོག་ཐོག་ལ་བསམ་ཞིབ་བསྡུ་རུབ་བྱེད་ན་ལེགས་སམ་སྙམས། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་བླ་མ་ནས་ད་ལམ་ཉེ་ཆར་གསུང་དོན་ལ། སྔར་བོད་དེ་རང་བཙན་ཡིན་པ་ང་ལ་གང་ཡང་བཤོད་རྒྱུ་མེད། ཡིན་ཡང་ཁྱེད་རང་ཚོས་ངོས་ནས་བོད་དེ་རང་བཙན་ཞིག་ཡིན་པ་སྒྲུབ་ཐུབ་ན་ཡག་པོ་ཡིན་པ་དང༌། དེ་ལ་མཐུན་གྱུར་རོགས་རམ་སོགས་དགོས་ན་བཙན་བྱོལ་གཞུང་ནས་མཐུན་གྱུར་གནང་ཆོག་པ་སོགས་གང་དྲན་འདི་དྲན་གསུང་བཞིན་འདུག། དེར་རྟེན་ང་རང་ཚོ་བོད་གཞུང་ལ་ཁ་ཏད་ཚོགས་པ་ཞིག་ངེས་པར་དུ་དགོས་ཀྱི་འདུག། དེ་འདྲ་མེད་པའི་རྐྱེན་གྱི་བོད་དེ་སྔར་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ཀྱང་ཁོང་རང་ཚོས་གང་འདོད་ཀྱི་རྒྱ་ནག་གཞུང་ལ་བོད་དེ་བརྩི་སྤྲོད་བྱས་པ་ཡིན། ང་རང་ཡིན་ན་རང་བཙན་ཁོ་ན་མ་གཏོགས་དབུ་མའི་ལམ་ལ་ངོས་ལན་རྩ་བ་ནས་མེད། རྒྱ་ཕམ། བོད་རྒྱལ་ལོ།། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་གསུང་པ་བཞིན་ནོ།།།
ང་རང་ལམ་དབུ་མ་པའི་ལམ་ལུགས་པ་ཅིག་ཡིན་ཡང་། བཟང་པོ་སོགས་ཀྱིས་བོད་རང་བཙན་ལྟ་གྲུབ་བཟུང་བ་ནི། མི་རིགས་གཅིག་གི་ཐོབ་ཐང་ཡོད་རེད་སྙམ།
གཞན་དག་གང་ཡང་མ་རེད། མཛད་སྒོ་དེའི་ཐོག་ཏུ་སྤྱི་འཐུས་ཀྱི་འོས་གཞིའི་ནང་དུ་ཡོད་པ་ཁ་ཤས་ཤིག་གིས་གོ་སྐབས་བཟུང་ནས་ཁྱབ་བསྒྲགས་ཤིག་བྱ་འཆར་ཡོད་པ་རེད། ད་ལྟའི་དུས་འདིར་རྩོམ་འགྲན་གྱི་དུས་ཚོད་ཐད་ནས་བཤད་ཀྱང་དུས་ཚོད་ཧ་ཅང་ཐུང་ཐུང་ཞིག་ལས་མེད་པས་འཛུལ་ཞུགས་བྱེད་མཁན་མང་པོ་ཞིག་ཡོང་མི་སྲིད་པ་དང་། ཡིན་གཅིག་མིན་གཅིག་དུས་ཐུང་ནང་བྱེད་དགོས་སྟངས་ལ་བལྟས་ན་ཏན་ཏན་མི་ཁ་ཤས་ཤིག་གིས་སྤྱི་འཐུས་ཀྱི་འོས་ཤོག་རག་ཆེད་མི་མང་ནང་རང་ཉིད་ཁྱབ་བསྒྲགས་ཀྱི་ཆེད་དུ་རེད། དེ་མ་གཏོགས་དམིགས་བསལ་རྒྱུ་མཚན་གཞན་དག་ཅང་ཨེ་ཡོད།