ལྷ་སྲས་གཞོན་པ།
བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་པའི་རིང་བོད་རྒྱ་འབྲེལ་མོལ་ལ་གྲགས་འགུལ་ཅི་ཡང་མ་བྱུང་བ་ནི་དངོས་ཡོད་ཡིན་ཅིང་། འདིའི་ཐོག་ནས་མང་ཚོགས་ནང་བསམ་ཚུལ་འདྲ་མིན་ཡོད། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཐུབ་མིན་ནི་རང་ཕྱོགས་ཁོ་ནར་རག་ལུས་པ་ཞིག་མ་ཡིན་པས་དེའི་རྒྱུ་རྐྱེན་གནད་དོན་ཡོངས་རྫོགས་བཀའ་ཤག་གི་དབུ་ཐོག་ཏུ་སྤུང་རྒྱུ་དེ་ཡང་ཡང་དག་པའི་གཟིགས་ཚུལ་ཞིག་མིན། བཀའ་ཤག་ནས་ཀྱང་བོད་རྒྱ་འབྲེལ་མོལ་མཇུག་མཐུད་མི་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་གྱི་དྲི་བར་ལན་འབུལ་རྒྱུའི་ཆེད་དུ་གནས་ཚུལ་འདྲ་མིན་ལ་འབྲེལ་བཏགས་ཏེ་བཀབ་དགོས་པ་དེ་འདྲ་གང་ཡང་མེད་སྙམ། དེའི་བར་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལེ་ཁག་དཀྲིས་གནང་ན་འགྲིག་གི་མེད། ཕྱི་ལོ་ ༢༠༠༡ ནས་ཆབ་སྲིད་ཀྱི་དབུ་ཁྲིད་མི་མང་ནས་ཐད་ཀར་འོས་འདེམས་བྱས་ཤིང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱེད་བགྲེས་ཡོལ་དུ་ཕེབས་ཏེ་ཆབ་སྲིད་དང་འབྲེལ་བའི་ཐད་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་ཐུགས་འགན་བཞེས་ཀྱི་ཡོད། ཕྱི་ལོ་ ༢༠༡༡ སྔོན་ལ་བོད་རྒྱ་འབྲེལ་མོལ་དང་ཞི་མོལ་གྱི་གནས་བབས་གང་འདྲ་ཡིན་མིན་ལ་མ་ལྟོས་པར་ལོ་འདི་ནས་བཟུང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲད་ཟིན་པའི་ཉིན་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནང་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་སྐུ་དབང་གང་ཡང་ལྷག་མེད་པ་དེ་གསལ་པོ་ཡིན། དེས་ན་སྲིད་སྐྱོང་མཆོག་གིས་རང་ཉིད་༸གོང་ས་མཆོག་གི་བཀའ་སྒྲུབ་རྒྱུ་ལས་ལྷག་པའི་བྱེད་རྒྱུ་གང་ཡང་མེད་པའི་རྣམ་འགྱུར་བསྟན་ནས་ད་དུང་ཆབ་སྲིད་ཀྱི་སྐུ་དབང་གོང་ས་མཆོག་གི་ཕྱག་ལ་ཡོད་འདྲ་བཤད་བསྡད་ན་ཁྲིམས་དང་བཟང་སྤྱོད་གང་གི་ཆ་ནས་ཀྱང་འགྲིག་གི་མེད།
ལོ་འདི་ནས་བཟུང་གོང་ས་མཆོག་ནས་རྒྱ་དང་། བོད། རྒྱལ་སྤྱི་དང་བཅས་པ་གང་དུ་ཡང་བོད་དོན་ཆབ་སྲིད་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གསུང་འཕྲིན་གང་ཡང་གནང་གི་མེད་པ་དེ་རྒྱལ་སྤྱིའི་མཐོ་རིམ་མི་སྣ་ཁག་གིས་ངོས་འཛིན་གསལ་པོ་གནང་གི་ཡོད་པར་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་ཀྱང་དེང་སྐབས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་དང་འབྲེལ་བའི་ཕྱག་ལས་གནང་གི་མེད་པ་དེར་ངོས་འཛིན་གསལ་པོ་ཐོབ་ཡོད། རྒྱ་ནག་དམར་གཞུང་གིས་འདི་ལྟར་ངོས་འཛིན་གསལ་པོ་བྱས་པ་དེ་ཡང་བོད་རྒྱ་འབྲེལ་མོལ་མཐུད་མ་ཐུབ་པའི་རྒྱུ་རྐྱེན་གཅིག་ཡིན་སྲིད། ཡིན་ནའང་དཔལ་ལྡན་སྲིད་སྐྱོང་གི་ཐོག་ནས་སྐབས་འགར་བཀའ་ཤག་དབུ་མའི་ལམ་དང་འབྲེལ་བའི་བོད་རྒྱ་འབྲེལ་མོལ་གྱི་གོ་སྒྲིག་པ་ཙམ་ལས་ལྷག་པའི་འབྲེལ་བ་མེད་ཚུལ་ཤོད་པ་དང་། ཡང་སྐབས་རེ་དབུ་མའི་ལམ་གྱི་བདག་དབང་ཆ་ཚང་བཀའ་ཤག་ལ་ཡོད་པ་ལས་གཞན་སུ་ལའང་མེད་ཟེར་བ་སོགས་བཀའ་མོལ་རིང་ཐུང་མང་པོ་ཞིག་གསུངས་དང་གསུང་བཞིན་པའི་ངོ་ལྐོག་ལ་བལྟས་ན། དབུ་མའི་ལམ་དང་འབྲེལ་བའི་བོད་རྒྱ་འབྲེལ་མོལ་མཐུད་ཐུབ་ན་བཀའ་ཤག་གི་གཟི་བརྗིད་དང་། དོན་འབྲས་མ་བྱུང་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ནག་ཉེས་བཟོ་རྒྱུའི་རྣམ་པ་ཞིག་ཟ་དང་ཟུར་ནས་མངོན་ཡོང་གི་འདུག་པས། རིམ་པས་ཚོགས་འཆར་ཡོད་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དང་། དམིགས་བསལ་ཚོགས་ཆེན་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་དབུ་མའི་ལམ་དང་འབྲེལ་བའི་ཆབ་སྲིད་ཀྱི་སྐུ་དབང་སུ་ལ་ཡོད་མེད་གསལ་པོ་བཟོས་ཏེ། ༸རྒྱལ་དབང་རིན་པོ་ཆེའི་མཚན་གནས་དང་འབྲེལ་བའི་ཐོག་ནས་ལོ་རྒྱུས་ཀྱི་ནག་ཐིག་མ་ལྷག་པ་གསལ་པོ་བཟོ་རྒྱུ་དེ་འབྱུང་འགྱུར་ཚོགས་ལ་ཉེ་བའི་བོད་རྒྱ་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དང་། དམིགས་བསལ་ཚོགས་ཆེན་ཐོག་ནས་གསལ་པོ་བཟོ་ཐུབ་པ་གནང་རྒྱུ་གལ་ཆེན་ཡིན།
བཀའ་ཤག་སྐབས་བཅུ་བཞི་པའི་ལས་ཡུན་རིང་རྒྱ་རི་རིན་པོ་ཆེ་དང་སྲིད་སྐྱོང་རྣམ་པ་གཉིས་ཀྱི་བར་འཐབ་རྩོད་ཅིག་བྱུང་ཡོད་འདྲ། འཐབ་རྩོད་དེའི་བར་ནས་བོད་རྒྱ་འབྲེལ་མོལ་མཇུག་མཐུད་ལ་གཏོར་སྐྱོན་ཆེན་པོ་བྱུང་ཡོད་པ་རེད་སྙམ། སྐབས་དེའི་འཐབ་རྩོད་ནི་རྒྱ་རི་རིན་པོ་ཆེས་དབུ་ཁྲིད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རིའི་སྐུ་ཚབ་དོན་གཅོད་གཉིས་བར་གྱི་འཐབ་རྩོད་ཅིག་རེད། དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་ནི་ཨ་རིའི་གཞུང་དང་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་པར་མ་ཟད། མཐོ་རིམ་གནད་ཡོད་མི་སྣ་མང་པོར་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པས་ཨ་བོད་བར་རྒྱ་རི་རིན་པོ་ཆེའི་གཟུགས་བརྙན་དེ་ནུས་ཤུགས་ལྡན་པ་ཞིག་རེད། རྒྱ་རི་རིན་པོ་ཆེས་དབུ་ཁྲིད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དེ་ཨ་རིའི་ནང་ནུས་ཤུགས་ཆེན་པོ་ཡོད་པས། གསར་དུ་ཕེབས་པའི་སྲིད་སྐྱོང་དང་ཁོང་གིས་བསྐོ་བཞག་གནང་བའི་སྐུ་ཚབ་དོན་གཅོད་གསར་པ་གཉིས་ཀྱི་གཟུགས་བརྙན་མངོན་ཐུབ་ཀྱི་མེད། དཔལ་ལྡན་སྲིད་སྐྱོང་མཆོག་ལ་དང་པོ་ནས་འཆར་གཞི་གཅིག་ཡོད་པ་ནི་ཨ་རིའི་ནང་རང་ཉིད་ཀྱི་གཟུགས་བརྙན་ཆེན་པོ་བཟོ་རྒྱུ་དེ་ཡིན། གཅིག་བྱས་ན་འདིའི་ཆེད་དུ་ཁོང་སྲིད་སྐྱོང་ལ་ལངས་པ་ཡིན་སྲིད་པ་རེད། གང་ལྟར་ཡང་ཁོང་གིས་དང་པོ་ནས་དེའི་ཐད་དམིགས་ཡུལ་ཆེན་པོ་ཞིག་འཛིན་གྱི་ཡོད་པ་གསལ་པོ་རེད།
ཁོང་གི་འཆར་གཞི་འདི་ལག་ཐོག་ཏུ་འཁྱོལ་བ་བྱེད་དགོས་ན་རྒྱ་རི་རིན་པོ་ཆེ་དང་ཁོང་གིས་དབུ་ཁྲིད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཟུགས་བརྙན་ཆེན་པོ་དེ་མེད་པ་བཟོ་དགོས། ཨ་རིའི་གཞུང་དང་གཞུང་འབྲེལ་མིན་པའི་མཐོ་རེིམ་སྤྱི་ཚོགས་གང་སར་ཤུགས་རྐྱེན་མངོན་གསལ་ཆགས་ཟིན་པའི་གཟུགས་བརྙན་འདི་མེད་པ་བཟོ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པར་སོང་། དུས་ཡུན་རིང་པོའི་ནང་བཟང་ངན་གྱི་ཐབས་ལམ་སྣ་ཚོགས་དཔྱད་དེ་འཐབ་རྩོད་བྱེད་དགོས་པས། དུས་ཡུན་དེའི་ནང་རྒྱ་རི་རིན་པོ་ཆེར་རུལ་སུངས་སོགས་ཀྱི་སྐད་ཆ་མང་པོ་བྱུང་ཡོད། ཚངས་པའི་མགོ་བོ་བཅད་ཀྱང་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་རང་འཇགས་ལས་མཐུ་ནུས་ལྷག་པོ་གང་ཡང་མེད་ཅེས་པའི་དཔེ་ལྟར། འཐབས་རྩོད་འདིའི་བར་ནས་རྒྱ་རི་རིན་པོ་ཆེའི་དབང་ཤུགས་ཉམས་རྒྱུ་ཕར་ཟད། ཨ་བོད་བར་གྱི་འབྲེལ་ལམ་དང་རྒྱ་བོད་བར་གྱི་འབྲེལ་ལམ་སོགས་བོད་དོན་སྤྱིའི་འགངས་ཆེའི་དོན་དག་མང་པོར་འགོག་རྐྱེན་བྱུང་ཡོད། དེས་ན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། སྐུ་ཚབ་དོན་གཅོད་བར་གྱི་འཐབ་རྩོད་འདིར་བཀའ་ཤག་སྐབས་བཅུ་བཞི་པས་མི་རྒྱུ་དུས་ཚོད་བཅས་མང་པོ་ཞིག་བཏང་དགོས་བྱུང་ཡོད་པས། སྐབས་བཅུ་བཞི་པའི་བཀའ་ཤག་གིས་རྒྱ་རི་རིན་པོ་ཆེར་ཁ་གཏད་བཅག་རྒྱུར་མགོ་འཁོར་ནས་བསྡད་པ་ལྟར་སྣང་། ངས་འདིར་ཞུ་དགོས་དོན་ནི་འདི་ཡང་བོད་རྒྱ་འབྲེལ་མོལ་མཇུག་མཐུད་མ་ཐུབ་པའི་རྒྱུ་རྐྱེན་ཞིག་ཏུ་མཐོང་གི་འདུག་པས། འདི་ཚོ་ངོས་ཟིན་པ་གནང་རྒྱུ་དེ་གལ་ཆེན་པོ་མིན་ནམ་སྙམ། མདོར་ན་བཀའ་ཤག་སྐབས་བཅུ་བཞི་པས་རྒྱ་རི་རིན་པོ་ཆེ་ལ་ཁ་གཏད་བཅག་པའི་བར་ནས་བོད་རྒྱ་འབྲེལ་མོལ་གོ་རྒྱུ་ཚོར་རྒྱུ་མེད་པར་གྱུར་ཅིང་། བཀའ་ཤག་སྐབས་བཅོ་ལྔ་པས་སྤེན་པ་ཚེ་རིང་ལ་ཁ་གཏད་བཅག་ནས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ས་གཏོར་གནམ་གཏོར་བཟོས་ཤིང་། མཐའ་མ་དེར་མི་ལོ་བཅུ་ལ་ཉེ་བའི་ནང་གྱོང་གུན་ཆེ་ཤོས་དེ་བོད་སྤྱིའི་རྩ་དོན་ལ་རག་པ་ནི་བཙན་བྱོལ་བོད་མིའི་མི་ལོ་དྲུག་བཅུའི་ལོ་རྒྱུས་ཀྱི་སྐྱོ་གར་ཆེ་ཤོས་དེ་རེད། ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་ཡོད་པའི་མི་མང་གི་གཞུང་སྐབས་གཉིས་ཀྱི་དུས་ཡུན་ནང་མ་འོངས་པའི་བོད་མིའི་རྩ་དོན་དང་ཆིག་སྒྲིལ་ལ་ཚོད་བགམ་ཆེན་པོ་བྱུང་ཞིང་། ༸གོང་ས་སྐྱབས་མགོན་ཆེན་པོའི་ཆབ་སྲིད་དབུ་ཁྲིད་ཀྱི་བཀའ་དྲིན་དང་། དགའ་ལྡན་ཕོ་བྲང་པའི་སྲིད་གཞུང་ལམ་ལུགས་ཀྱི་བཀའ་དྲིན་བསྐྱར་དྲན་བྱེད་དགོས་པའི་ཚད་དུ་སླེབས་ཡོད། འདི་ལྟར་བསམ་བློ་གཏོང་སྐབས་བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་པ་འདི་བཞིན་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་བྱུང་བ་རེད། ཅེས་སྐད་གསང་མཐོན་པོས་ཤོད་པར་ཡང་རྒྱུ་མཚན་ངེས་ཅན་ཞིག་འདུག་སྙམ་མོ།། །།
དེ་སྔ་རྒྱ་རི་དང་བློ་སེང་བར་མི་མཐུན་པ་ཞིག་ཡོད་པ་གོ་བ་ཙམ་ལས་འདི་འདྲའི་འཐབ་རྩོད་ཡོད་པ་ཤེས་མ་བྱུང་།
དབུ་མའི་ལམ་གྱི་བདག་དབང་བཀའ་ཤག་ལ་ཡོད་ན་དེའི་འགན་
འཁུར་ཡང་བཀའ་ཤག་ལ་ཡོད་དགོས་པ་དེ་གཡོལ་ཐབས་མེད་པའི་ཁྲིམས་མཐུན་ཞིག་ཡིན་པ་དང་གལ་ཆེ་བཤོས་དེ་ད་ཡོད་དབུ་མའི་ལམ་གྱི་བདག་དབང་དེ་བཀའ་ཤག་ལ་ཡོད་ན་རང་བཙན་གྱི་བདག་དབང་དེ་
སུ་ལ་ཡོད་གསལ་པོ་བཟོ་མ་ཐུབ་ཚེ་མ་འོངས་བོད་ཀྱི་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་ནག་ཐིག་ཞིག་ལྷག་སྲིད་པ་མ་རེད་དམ།
བོད་མི་དམངས་སྤྱི་མཐུས་ལྷན་ཁང་གི་དབུ་མི་ལམ་དང་འབྲེལ་བའི་བོད་རྒྱ་འབྲེལ་མོས་ཀྱི་་དབང་ཚད་ཆ་ཚང་ཡེ་ཤེས་དབྱིངས་གཟིགས་གནང་རོགས་ཟེར་ནས་༧ གོང་ས་མཆོག་ལ་མང་མོས་ཐོག་ཕུལ་བཞག་ཡོད་པ་རེད། བཀག་ཤག་ལ་འདི་ལ་དབང་ཚད་ཡོད་པ་མ་རེད།
༄༅། དབུ་མའི་ལམ་གྱི་བདག་དབང་སུ་ལ་ཡོད་པ་རེད་་་ཅེས་ལས་སླ་མདོག་གི་དྲི་བ་འདི་ནི་
ཁ་བདེ་བོའི་དྲི་བ་རེད། རྒྱ་ཆེ་ལ་གཏིང་ཟབ་པ་་་་དབུ་མའི་ལམ་ཞེས་པ་འདི་་་བོད་རྒྱ་གཉིས་ལ་
སྨན་པའི་ཚིག་བརྗོད་ཞིག་རེད།
དཔེར་ན། མི་གཉིས་ལ་དཔེ་བཞག་ནས་བཤད་ན་་་་མི་གཉིས་ཀ་ལ་ཕན་ཐོགས་ངེས་ཅན་ཞིག་
ཡོང་བའི་སླད་རེད། དེ་ཡིན་དུས་འགན་དབང་དེ་ཕན་ཚུན་གཉིས་ཀ་ཡོད་པ་རེད། དེ་ལས་ལྷག་
པའི་འགན་དེ་དབུ་མའི་ལམ་བསྟན་མཁན་བོད་ཕྱོགས་ནས་ཡིན་པར་བརྟེན་་་མོས་མཐུན་ངོས་ལེན་
གནང་མཁན་ཕར་ཕྱོགས་(རྒྱ་ཕྱོགས་ལ་) འགན་ཆེན་པོ་ཞིག་ཡོད་པ་ཞིག་རེད།
བཀའ་ཤག་ནས་གསལ་པོ་གསུངས་སོང། གྲོས་མོན་ཁས་ལེན་རྒྱ་ཕྱོགས་ནས་གནང་ན་་་བོད་ཕྱོགས་ནས་
དུས་ཚོད་དང། ས་གནས་གང་དུ་ཡིན་ཡང་སྒུག་ནས་བསྡད་ཡོད་གསུངས་སོང།
ད་ལབ་རྒྱུ་དང་བ།ཤད་རྒྱུ་ཡོད་ན་་་་རྒྱ་དམར་ལ་བཤད་དགོས་པ་ལས་་་རང་ཕྱོགས་ལ་སྤུ་ཙམ་ཡང་
མེད་པ་ལོང་བས་བསྟས་ཀྱང་ཁམས་གསུམ་མཐོང་བའི་དཔེ་་་ལྟར་རོ།
རྒྱ་དམར་ཕྱོགས་ནས་་་བཟང་ལན་དང་ངན་ལན་་ཡང་མེད་པར་བརྟེན་འདི་མུར་ལྷག་བསྡད་ཡོད་
པ་རེད། སྲིད་སྐྱོང་ནས་མ་འབྱོན་པ་གཏན་ནས་མིན་། ཨ་ཅོ་་རྒྱ་ནག་ལ་འགན་ཆེ་ཡོད་པ་ལོས་ཡིན།
གང་ལྟར་བློ་བཟང་སངས་རྒྱས་ཀྱིས་བཙན་བྱོལ་སྤྱི་ཚོགས་འདི་ཉིད་ལ་དཀྲུག་ལུང་དཀྲུག་བྱས་སོང་པ་ནི་ལོ་རྒྱུས་ཀྱིས་བདེན་དབང་བྱ་ངེས་ན། སྐབས་འདིར་ཕྱོགས་ཞེན་གྱིས་ལུས་ངག་ཡིད་གསུམ་སྨྱོན་པར་གྱུར་པ་འབའ་ཞིག་གིས་བློ་སངས་འུར་བསྟོད་ཇི་འདྲ་བྱས་ཀྱང་ཁོ་བའི་ནག་ཉེས་འདག་ཐབས་ཡོད་མ་རེད། ཁོ་བའི་བྱས་ཉེས་ཀྱིས་གྱོང་གུད་རག་ས་ནི་བོད་སྤྱི་ཡིན་པ་ལས། ས་གནས་དང་ལུང་ཚན་བྱེ་བྲག་པ་ཞིག་ལར་མིན།
་་་་་་་་་་་་་་་ དབུ་མའི་ལམ་དང་འབྲེལ་བའི་བོད་རྒྱ་འབྲེལ་མོལ་མཐུད་ཐུབ་ན་བཀའ་ཤག་གི་གཟི་བརྗིད་དང་། དོན་འབྲས་མ་བྱུང་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ནག་ཉེས་བཟོ་རྒྱུའི་རྣམ་པ་ཞིག་ཟ་དང་ཟུར་ནས་མངོན་ཡོང་གི་འདུག་པས། ་་་་་་་་་་་་་་་་་ ཟེར།
འབྲོང་བུ་སོག་ཚ་ཟེར་མཁན་ཨ་མའི་རྐུབ་འདག་མཁན་ཞིག་ཡིན་ས་འདུག་་་་ཧཧཧཧ་རྩེད་མོ་ཡིན། དགོངས་འགཀ་མེད་པ་ཞུ་་ཡག་ཡིན། ཁྱོད་ཀྱིས་སྐུ་སྒེར་ཡིག་ཚང་ཟེར་དུས་སུ་ལ་གོ་གིས་ཡོད། ཧ་མ་གོ་ན་་༧ གོང་ས་མཆོག་ལ་ཐུག་ཡོད་རེད་་་དེ་ནས་གོང་ས་མཆོག་མ་འགྲིག་རེད་པས། ཁར་གོ་ནག་པོ་དེ་བདག་པོ་རྒྱགས་ན་ཡག་ཡོང་། དེ་མིན་གོང་ནས་ལབ་པ་ལྟར་མངོན་སུམ་ལག་ལེན་ཞུ། ༧ གོང་ས་མཆོག་འཛམ་གླིང་ཕལ་མོ་ཆེས་དད་བསྐུར་ཞུ་ས་ཞིག་ཡིན་་་་ཁྱོད་དང་་ཁྱོད་རང་ནང་མི་མ་འགྲིག་ན་རྒྱ་མི་གཞུང་ཚབ་ལ་སོངས་དང་་་་བཀྲིས་བདེ་ལེགས་ཞུ་གིས་རེད། ཤེས་སོང་བས།
དབུ་མའི་ལམ་ལ་འགྱུར་བ་གཏོང་བའི་དབང་ཚད་སུ་ལ་ཡོད་ན་དེར་དབུ་མའི་ལམ་གྱི་བདག་དབང་ཡོད་པ་རེད། དེ་མིན་ཆབ་སྲིད་པ་ཚོས་མང་ཚོགས་མགོ་སྐོར་གཏོར་ཆེད་ག་རེ་ཡིན་ནའང་བཤད་སྲིད་པ་རེད། ད་ལྟ་ང་ཚོའི་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་དུམ་བུ་གཉིས་ཆགས་ནས་ཡོད་པའང་དོན་ལ་ཆབ་སྲིད་པས་མང་ཚོགས་ལ་མགོ་སྐོར་བཏང་བའི་འབྲས་བུ་ཆགས་ཡོད། སྤྱི་ལོ་ ༢༠༢༡ ལོའི་འོས་བསྡུ་ཆེན་མོ་ནི་ ༢༠༡༦ ལོ་ལས་འཁྲུག་ཆ་དོད་པོ་ཆགས་ཀྱི་རེད། གང་ལ་ཟེར་ན། མང་ཚོགས་འཁྲུགས་ཐེབས་བསྡད་ཡོད་པའི་སྟེང་ལ། ཡང་སྐྱར་འཁྲུག་ཅིག་ཐེབས་དགོས་པ་རེད།
ཁྱེད་ཚོས་དབུ་མའི་ལམ་གྱི་བདག་དབང་སུ་ལ་ཡོད་མེད་ད་དུང་ཤེས་ཀྱིན་མེད་ན། དེ་ནི་ངོ་ཚ་དགོས་པ་ཞིག་ཀྱང་རེད། དབུ་མའི་ལམ་གྱི་བདག་དབང་ངོ་མ་དེ་༸་གོང་ས་མཆོག་གིས་ཁོང་གི་སྐུ་དབང་མི་མང་ལ་གནང་བ་ནས་བཟུང་སྟེ་མི་མང་རེད། མི་མང་ལས་ལྷག་གཞན་སུ་ཞིག་ཡོད་པ་མ་རེད། སྲིད་སྐྱོང་ལའང་ཡོད་པ་མ་རེད། འོན་ཀྱང་སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་ཡིན་ཕྱིར་བདག་དབང་ཡོད་པ་རེད། །
ཆབ་སྲིད་པ་ཞིག་ཡིན་ན། རང་འདོད་ཚ་བོ། ཆོག་ཤེས་མེད་པ། སྒེར་སེམས་ཅན། གང་ལའང་འཇིགས་སྐྲག་མེད་པ། དཀའ་ངལ་ཅི་ཞིག་འཕྲད་ཀྱང་དུས་དང་འཚམས་པའི་གདོང་ལེན་བྱེད་ཤེས་པ་ཞིག་ཡིན་དགོས། ཆོས་ལུགས་པ་ནི། དེ་ལས་ལྡོག་སྟེ། རང་ལས་གཞན་གཅེས་པ། འདོད་པ་ཆུང་ཞིང་ཆོག་ཤེས་པ། སྒེར་སེམས་མེད་པ། བྱ་བ་ཅི་ཞིག་བྱས་ཀྱང་གཞན་དོན་ཁོ་ནར་དམིགས་པ་ཞིག་ཡིན་དགོས་པས། འདི་གཉིས་མཉམ་དུ་གནས་ཐབས་བྲལ། རྒྱུ་མཚན་འདི་དག་ལ་བརྟེན་ནས་༧ གོང་ས་མཆོག་ནི་ཆབ་སྲིད་པ་ཞིག་ལ་ཅིས་ཀྱང་མི་འོས། ཁོང་ནི་བླ་མ་བཟང་པོ་ཞིན་ཡིན་པ་བསྙོན་མེད་རེད། ཁོང་གིས་གསུངས་པའི་དབུ་མའི་ལམ་ནི་ནོར་འཁྲུལ་ཡིན། འོན་ཀྱང་ངས་རང་བཙན་ལེན་ཐུབ་ཀྱི་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། དང་པོ་ཉིད་ནས་ང་ཚོར་རང་བཙན་དགོས་ཞེས་འུ་བཙུགས་ངང་ནས་ད་བར་དུ་བསྡད་ཡོད་ན། རྒྱ་ནག་གིས་ངོས་ནས་རང་བཙན་མ་ཡིན་པ་རང་སྐྱོང་སྟེར་ཅེས་ཟེར་གྱི་རེད། ཅ་ལག་ཅིག་ཉོས་ནའང་རིན་གོང་མར་ཕབ་དགོས་པ་བཞིན། རང་བཙན་ཡང་ག་ལེར་མར་ཕབ་ནས་རང་སྐྱོང་ལ་མོས་མཐུན་བྱུང་ན་འགྲིག་པར་སྙམ། ཡིན་ཡང་ང་ཚོས་དང་པོ་ཉིད་ནས་གོང་མར་ཕབ་ཚར་བ་རེད། དེ་ནི་ཆབ་སྲིད་ཀྱི་གཡོ་སྒྱུས་འཁྲབ་མ་ཤེས་པའི་སྐྱོན་རེད་ཀོ། །
བོད་ནང་དཔལ་འབྱོར་དགོས་ན། དབུས་ལམ་དགོས། རྒྱ་རིགས་གཉེན་དུ་དཀུག་དགོས་ན། དབུས་ལམ་དང་། རྒྱ་བོད་འཐབ་རྫིང་ནང་ལ་འཆི་འདོད་མེད་ན། དབུ་མ་ལས་ལྷག་པ་གང་ཡང་མེད། འོནད་ཀྱང་ད་ལྟའི་རྒྱ་གཞུང་ནི། ངོ་ཚ་ཁྲེལ་གུང་མེད་པའི་འུ་ཐུག་པའི་བཀྲ་མི་ཤིས་པ་ཞིག་ཡིན་པ་ཀུན་གྱིས་མཐོང་བ་དེ་རེད་དོ།།
མི་མང་གི་ཆེད་ ཆབ་སྲིད་པ་ཞིག་དགོས་ན་ཆབ་སྲིད་པ་ཚན་རིག་དང་མཐུན་པ་ཞིག་དགོས་
རང་འདོད་དོན་དུ་་གཉེར་བ་མེན་པ་ རང་ཉིང་ཆེད་་ཆོག་ཤེས་ཡོད་པ་ སྒེར་སེམས་ཅན་མེན་པ་ ལས་ངན་གང་ཡིནའང་འཇིག་ཀྲག་ཡོད་པ་ དཀའ་ངལ་ཅི་རིག་འཕྲད་ཀྱངགདོང་ལེན་ཕོད་པ་ ཆོས་པ་ནི་རང་དོན་དོན་དུ་གཉེར་ཅན་ཁོ་ན་ཡིན་རང་ཉིན་སྡུག་ངལ་ནས་སྐྱབས་བྱེད་ཁོ་ན་དམིགས་ཡུལ་གཙོ་བོ་བཟུང་ནས་གཞན་དོན་དེ་གྲུབ་པའི་ཡན་ལགས་རེད
རང་བཙན་ནི་ དགེ་དག་དང ་ཕུ་དབང་སོགས་ནས་༡༩༥༩ གོང་ནས་རེན་གོང་མར་ཕབ་པ་ཙམ་མ་ཟད་ཡོང་སུ་སྐྱལ་ཟིན་ནས་་ལོ་རྒྱུད་གི་ཟིན་ཐོ་ནག་པོའི་ནང་བཞག་ཡོད་བསམས་་་་་་ད
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བཞི་ཡན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་རྣམས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་རེད། ཉིས་སྟོང་གཅིག་ནས་བཅུ་བར་ཟམ་གདོང་རིན་པོ་ཆེའི་དབུ་མའི་ལམ་རེད། ཉིས་སྟོང་བཅུ་གཅིག་ནས་ད་བར་བློ་བཟང་སེངྒེའི་དབུ་མའི་ལམ་རེད། དབུ་མའི་ལམ་དེ་གཙང་ཆུ་ནང་བཞིན་མང་པོ་རྒྱུགས་ཚར་བ་རེད།
བཀྲིས་ལགས། ཁྱེད་རང་ད་དུང་མགོ་མ་ཚོས་ོ་ཧང་ཡིན་ནམ། སྒྲིག་འཛུག་སུས་དབུ་འཛིན་ཡིན་ན་དེ་མཚན་ཞབས་ལ་གོ་དགོས་པ་དེ་རྒྱལ་ཁབ་ཚང་མའི་ལམ་ལུགས་རེད། དཔེར་ན། རྒྱ་གར་ལྟ་བུ་ལ་ཆ་བཞགས་ན། མི་དི་གཞུང་འཛིན་་་ཟེར་བ་ལྟ་བུ་དག་། ཨ་རི་ལྟ་བུ་ཀའང་ཨོ་བ་མ་གཞུང་འཛིན་་་ཊམ་གཞུང་འཛིན་ཟེར་བ་ལྟ་བུ་རེད།
དབུ་མའི་ལམ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་
བའི་བོད་དོན་བདེན་མཐའ་སེལ་ཐབས་ཟེར་བའི་ཐ་སྙད་དེ་སྒྲུབ་
རྒྱུའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཡིན་པ་ལས་དབུ་མའི་ལམ་གྱི་
བདག་དབང་བཀའ་ཤག་ལ་ཡོད་ན་ད་ལྟ་བར་དབུ་མའི་ལམ་ལ་དོན་
འབྲས་མ་གསོན་པ་དེའི་འགན་ཡང་བཀའ་ཤག་ལ་ཡོད་དགོས་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མ་གསལ་བའི་ཐ་སྙད་རང་བཙན་གྱི་བདག་དབང་དེ་སུ་ལ་ཡོད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ནས་མི་མང་ལ་གསལ་བཤད་གནང་མ་ཐུབ་ཚེ་ང་ཚོའི་ལས་ཀ་ཡོངས་རྫོགས་ཕྲུ་གུའི་རྩེད་ཆས་དང་གཉིས་སུ་མེད་པ་ཞིག་ཆགས་སྲིད་པ་མ་རེད་དམ།
༡༩༧༤ ནས་དབུ་མའི་ལམ་དེ་གསར་བཅོས་གནང་བ་རེད། དེ་ཡན་ཆད་དུ་ ༡༩༡༡ ནས་ ༡༩༥༡ བོད་རང་བཙན་ཡིན་པ་དང་། སྤྱི་ལོ་ ༡༩༥༡ ནས་ ༡༩༧༤ བར་བོད་རང་བཙན་གཙང་མ་རག་ཐབས་ལ་བརྩོན་པ་དང་།
༡༩༧༤ ནས་རྒྱ་གཞུང་དང་གྲོས་མོལ་ཆེད་དུ་རང་བཙན་བཞག་ནས་དབུ་ལམ་གྱི་སྲིད་བྱུས་བཟུང་བ་རེད། ༢༠༠༡ ལོ་ནས་༸གོང་ས་མཆོག་ཕྱེད་རྒན་ཡོལ་སྐབས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་སྐབས་ལ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐུ་ངལ་མང་པོ་བསྐྱོན་པ་རེད།
དེ་ནས་ ༢༠༡༡ ནས་སྲིད་སྐྱོང་བློ་བཟང་སེང་གེའི་སྐབས་དང་པོའི་སྐབས་ལ་ཡང་དབུ་མའི་ལམ་ལ་ཕྱིན་པ་མ་ཟད། སྲིད་སྐྱོང་བློ་སེང་ལོ་དུས་གཉིས་པའི་སྐབས་འདིར་ཡང་དབུ་མའི་ལམ་ཤར་བསྐྱོད་བྱེད་བཞིན་ཡོད་རེད་དོ།།
ཨ་ཤོ་ཀ ལགས། བཀའ་བློན་ཁྲི་ཟུར་སྐུ་ངོ་འཇུ་ཆེན་གྱིས་དེ་སྔོན་ནས་དེབ་གསེར་པོ་ཞིག་དང་ལྗང་མདོག་ཅིག་འཁྱེར་ནས་འདི་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་རེད། འདི་བཀའ་ཤག་གི་དབུ་མའི་ལམ་རེད། ཅེས་མང་ཚོགས་ལ་གསལ་སྟོན་གནང་བ་རེད།
དོན་ངོ་མ་རང་བཙན་བཤད་ཀྱང་རུང་དབུ་མའི་ལམ་བཤད་ཀྱང་
རུང་བོད་ཡུལ་བོད་མིར་དབང་དགོས་པ་ནས་བོད་ཀྱི་ཆབ་དཔལ་
རིག་གསུམ་ལ་བོད་མི་རང་ནས་འགན་དབང་འཁུར་སའི་གདེངས་ཆ་
བསྐྲུན་དགོས་པ་ལས་རང་བཙན་དང་དབུ་མའི་ལམ་ཁ་ལ་ཁྱེར་ནས་
ནང་འཁྲུགས་རྒྱག་ཐུབ་ཙམ་དང་དུས་ཚོད་སྐྱེལ་ཐུབ་ཙམ་ལ་རང་བཙན་
དང་དབུ་མའི་ལམ་ཟེར་བའི་ཐ་སྙད་དེ་གཉིས་ནམ་ཡང་རྟགས་འོས་པ་
མ་མཐོང།