འཕན་པོ་སྐལ་ལྡན།
དབུ་མའི་ལམ་ནི་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་རྣམས་བོད་དུ་ཕྱིར་ལོག་བྱེད་རྒྱུའི་གནད་དོན་ཙམ་མ་ཡིན་པར་བོད་ནང་དུ་ཡོད་པའི་བོད་མི་རྣམས་རང་དབང་ཐོབ་ཐང་དང་བོད་ཀྱི་ཆོས་དང་རིགས་གཞུང་སྐད་ཡིག་ཡུལ་སྲོལ་གོམ་ཤེས་བཟང་པོ་སོགས་མ་ཉམ་གོང་འཕེལ་ཡོངས་ཐབས་དང་བོད་རྒྱ་གཉིས་ཞི་མོལ་གྱི་ལམ་ནས་ཕྱོགས་གཉིས་ཀར་གཉིས་སྨན་དབུ་མའི་ལམ་ཞིག་་ཡིན་དགོས་པ་ལས་བཙན་བྱོལ་ནང་གི་བཤད་སྲོལ་ལྟར་༸གོང་ས་མཆོག་གི་དགོངས་བཞེས་ཀྱི་དབུ་མའི་ལམ་དང་། ཟམ་གདོང་རིན་པོ་ཆེའི་དབུ་མའི་ལམ། བཀའ་ཤག་ལ་བདག་དབང་ཡོད་པའི་དབུ་མའི་ལམ། དབུ་མའི་ལམ་ཀྱི་མི་མང་ལས་འགུལ་ཁང་། གཞོན་ནུའི་ལང་ཕྱོགས་འཛིན་པའི་དབུ་མའི་ལམ། མི་མང་གྱི་དབུ་མའི་ལམ་སོགས་གྲངས་འགྲེལ་མང་དག་ཞིག་བྱེད་གི་འདུག་པས། དེ་ནི་བཙན་བྱོལ་ནང་ཡོད་པའི་བོད་མི་ཉུང་ཤས་དེ་ཡང་ཁ་མཐོར་དུ་འགྲོ་རྒྱུ་ལས་ཕན་ཐོག་གང་ཡང་མེད་དེ་ཚོ་ནི་དབུ་མའི་ལམ་གྱི་ལང་ཕྱོགས་ལ་རྒྱུད་མངའ་དང་གོ་རྟོག་གང་ཡང་མེད་པའི་སྐད་ཆ་ཞིག་རེད། དེ་བཞིན་དབུ་མའི་ལམ་ལ་བགྲེལ་བཤད་རྒྱབ་པའི་སྐབས་རང་བཙན་གྱི་ལྟ་བ་འཛིན་མཁན་རྣམས་ལ་ཟུར་ཟ་དང་༸གོང་ས་མཆོག་གི་བཀའ་དགོངས་ལ་རྩིས་མེད་བྱེད་མཁན་ཞིག་ཏུ་མཐོང་མཁན་ཡང་གང་མང་འདུག་པས་རང་བཙན་ནི་བོད་མི་ས་ཡ་དྲུག་གི་ཐོབ་ཐང་ཡིན་པ་དང་དེ་ནི་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ་པ་ཞིག་ཡིན་གསལ་པོར་བརྗོད་ན་རང་བཙན་ནི་ང་ཚོའི་ཐོབ་ཐང་དང་དབུ་མའི་ལམ་ནི་ཐབས་ལམ་ཞིག་ཡིན་པ་བཅས།
འཕན་པོ་སྐལ་ལྡན་ནས།
༄༅། འཕན་པོ་སྐལ་ལྡན་ལགས།
དབུ་རང་གཉིས་ཀ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རེད།
ག་དུས་ཡིན་ཡང་གཡས་གཡོན་རྒྱབ་མདུན། ཤར་ལྷོ་ནུབ་བྱང་ཚང་མར་བལྟ་དགོས་པ་རེད།
རང་བཙན་རང་བཙན་ཟེར་ནས་རང་ཁྱིམ་ནང་ནས་སྐད་འབོད་བརྒྱབ་པས་མི་ཕན།
རང་བཙན་རྩོད་པར་མེད་དུ་མ་རུང་གསུམ་ཡོད་མེད་ངེས་པར་བལྟ་དགོས།
༡) མི་འབོར།
༢དཔལ་འབྱོར།
༣) མཚོན་ཆ་གསུམ་རེད་་་་དེ་མེད་ན་ཚར་བ་རེད། ང་ཚོ་ལ་ག་རེ་ཚང་ཡོད་།
ཁྱེད་རང་ཆབ་སྲིད་པ་ཡིན་ན་རྒྱ་དམར་པོས་ག་རེ་བཤད་ཀྱི་འདུག་ཉན་དང།
ABHARU JIGWANG ལགས་
རྒྱ་གར་གྱི་མེས་པོ་དམ་པ་གྷན་དྡི་ཡི་ཕྱག་ཏུ་མཚོན་ཆ་མཁྱེར་ནས་རང་བཙན་ལེན་ཡོད་དམ་ལ་།།
བོད་རང་བཙན་ལོན་པར་མི་འབོར་མི་དགོས་ཀྱང་། ཐ་་གཅིག་ཏུ་དགྲ་བོར་ཅིག་སྒྲིལ་གྱིས་སྡང་ཟུག་དང་དེ་བྱེད་པར། ཐོག་མར་ཆོལ་ཁ་གསུང་གྱི་བོད་རིགས་ཚང་མ་ཅིག་སྒྲིལ་དགོས་པ་ལ་དེ་ཙམ་གྱི་ཆིག་སྒྲིལ་ཁག་པོ་རེད།
རང་བཙན་ལོན་ས་རྒྱ་དཔག་ཚོད་ཀྱི་ཆེན་པོ་ཞིག་དགོས་པ་ལས་དཔལ་འབྱོར་ཡར་རྒྱས་ཆེན་པོ་མི་དགོས་ཀྱང་། ས་རྒྱ་ཡོད་ཀྱང་དེ་དག་ཏུ་བོད་རིགས་ཚང་མ་བཅའ་སྡོད་དཀའ་ཞིང་། གཞན་ཡུལ་འགྲིམས་ལ་དགའ་བས་རང་བཙན་ལོན་དཀའ་བའོ།
རང་བཙན་ལོན་པར་མཆོན་ཆ་གྲི་ཆུང་ཞིག་ཀྱང་བདེ་སྐྱོད་བྱེད་དགོས་མི་དགོས་ཀྱང་། ཚད་མེད་ཞི་བའི་ཐབས་ལམ་ཚད་མཐོ་བོ་དགོས་ཀྱང་། བོད་པ་སྣ་ཐུང་ཐུང་དང་། ཁོང་ཁྲོ་ཟ་ཆོག་ཆོག་ཅིག་གིས། དེ་ཡང་ཁག་པོ་མིན་འགྲོ་ལགས།། །།
བོད་རང་བཙན་ལེན་པ་ལ་ཆོད་སེམས་དང་འགན་
འཁུར་ཆིག་སྒྲིལ་དང་མདུན་བསྐྱོད་འཆར་གཞི་དང་
འབྲེལ་གཏུགས་རྒྱུད་ལམ་སོགས་འགོ་འཇུག་དང་སྒྲིགས་
ལམ་བྱ་སྤུ་གནོན་འོག་ནས་བོད་ཀྱི་རང་བཙན་ལེན་དགོས་
པ་དེ་ཐབས་ལམ་གལ་ཆེན་ཞིག་མ་རེད་དམ།
ཆོད་སེམས་དང་འགན་འཁུར་འཆར་གཞི་དང་སྒྲིག་ལམ་ཆིག་བསྒྲིལ་
དང་མདུན་སྐྱོད་འབྲེལ་གཏུགས་སོགས་བྱ་སྤུ་གནོན་གྱི་འགོ་འཇུག་
མེད་པར་མི་རེའི་ལག་ཏུ་དར་ཆ་རེ་ཕྱར་ནས་ཁ་དམག་འགན་འཁུར་
འོག་ནས་བོད་རང་བཙན་ལེན་ཐུབ་མིན་ནི་འདས་པའི་མི་ལོ་དྲུག་བཅུའི་
ལས་འགུལ་ལ་ཕྱི་མིག་བལྟ་ན་ཤེས་ཐུབ་པ་མ་རེད་དམ།