ཟླ་འདིའི་ཚེས ༡༢ ནས་ཉིན་ལྔའི་རིང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཟབ་སྦྱོང་དང་ཚོགས་ཆེན་ཐེངས་གསུམ་པ་བཞུགས་སྒར་རྡ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་སྐོང་འཚོགས་གནང་བ་བཞིན། ༧རྒྱལ་བའི་སྐུ་ཕྱྭ་དང། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཙན་བྱོལ་ནང་ལས་འགུལ་སྤེལ་ཕྱོགས། དེ་བཞིན་རྒྱ་རིགས་དང་རྒྱལ་སྤྱིའི་མི་མང་ལ་བོད་ཀྱི་བདེན་དོན་ངོ་སྤྲོད་བྱ་ཚུལ་སོགས་བརྗོད་གཞི་འདྲ་མིན་ཐོག་མཁས་དབང་དང་སྲིད་དོན་ཁྱད་མཁས་པ་གདན་ཞུས་ཀྱིས་བགྲོ་གླེང་ཞིབ་ལྷུག་གནང་ཡོད། ཚོགས་འདུ་ཉིན་མཐའ་མར་དབུ་མའི་ལམ་ལས་འགུལ་ཁང་གི་སྒྲིག་གཞི་དོན་ཚན ༡༣ པའི་དགོངས་དོན་འོག་སྐབས་གསུམ་པའི་དབུས་རྒྱུན་གསར་འདེམས་གནང་ཡོད། སྐབས་དེར་སྒྲིག་གསལ་ལྟར་དབུས་རྒྱུན་གྲངས་ ༡༥ ལས་མ་མང་བ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་འོས་འཕེན་བརྒྱུད་འདེམས་ཐོན་བྱུང་ཡོད་པ་གཤམ་གསལ་ལྟར་ཡིན།
༼༡ ༽
༡ སྤྱི་འཐུས་ཟླ་བ་ཚེ་རིང་ལགས།
༢ སྤྱི་འཐུས་རྨོག་རུ་བསྟན་པ་ལགས།
༣ གཞིས་འགོ་ཟུར་པ་ཚེ་རིང་སྲི་བརྟན་ལགས། བལ་ཡུལ་སྤོག་ར།
༤ ཀརྨ་དགེ་ལེགས་ལགས། བྷན་རྡ་ར།
༥ སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས། མོན་གྷོ་ཌི།
༦ འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས། བལ་ཡུལ།
༧ ཤར་ཕྱོགས་ཁུག་རྟ་ལགས།
༨ དབུ་མཛད་ནོར་བཟང་ལགས། མོན་གྷོ་ཌི།
༩ བསོད་ནམས་ཕུན་ཚོགས་ལགས།
༡༠ ངག་དབང་བཟང་པོ་ལགས། མོན་གྷོ་ཌི།
༡༡ འཕེལ་རྒྱས་བློ་བཟང་དངོས་གྲུབ་ལགས།
༡༢ ཚེ་བརྟན་སྒྲོལ་མ་ལགས། ཏེ་ཛུ།
༡༣ འགུ་ལོག་དམ་ཆོས་དཔལ་བཟང་ལགས།
༡༤ སྤྱི་ཟུར་ཨ་མ་དཔལ་སྒྲོན་ལགས། ཤི་ལོང།
༡༥ སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས།
བཅས་འོས་ཐོན་བྱུང་ཁོངས་ནས་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་འགན་འཛིན་གཞོན་པ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས། དྲུང་ཆེ་ཚེ་བརྟན་སྒྲོལ་མ་ལགས་བཅས་སུ་གཏན་འཁེལ་བྱུང།
༼༢ ༽
དབུས་རྒྱུན་གྱི་ལས་འགན།
༡ ཆོས་དོན་འགན་འཛིན།
སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་རིན་པོ་ཆེ་ལགས།
ངག་དབང་བཟང་པོ་ལགས།
༢ ཤེས་ཡོན་དང་རིག་གཞུང་འགན་འཛིན།
ཤར་ཕྱོགས་ཁུག་རྟ་ལགས།
༣ དཔལ་འབྱོར་འགན་འཛིན།
སྤྱི་ཟུར་ཨ་མ་དཔལ་སྒྲོན་ལགས།
སྤྱི་ཟུར་སྒྲོལ་མ་མཚོ་མོ་འཕེལ་རྒྱས་ལགས།
འཕེལ་རྒྱས་བློ་བཟང་བཟོད་པ་ལགས།
དབུས་མཛད་ནོར་བཟང་ལགས།
༤ མི་མང་ནང་གོ་རྟོགས་ལས་འགུལ་སྤེལ་མཁན།
སྤྱི་ཟུར་བུ་ཡོན་ཏན་ལགས།
ཚེ་རིང་སྲི་བརྟན་ལགས།
ཀརྨ་དགེ་ལེགས་ལགས།
འགུ་ལོག་དམ་ཆོས་དཔལ་བཟང་ལགས་བཅས་ཡིན།
༼༣༽
གཏན་འཇགས་རྒྱུན་བཞུགས་དབུས་རྒྱུན།
ཤེས་ཡོན་དང་རིག་གཞུང་འགན་འཛིན་ཤར་ཕྱོགས་ཁུག་རྟ་དང་།
དྲུང་ཆེ་ཚེ་བརྟན་སྒྲོལ་མ་གཉིས་གཏན་འཁེལ་བྱུང་བ་བཅས།
དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས།
༢༠༡༢། ༤། ༡༩། ཉིན།
དབུ་མའི་ལམ་ལས་འགུལ་ཁང་ལ་རྟེན་འབྲེལ་ཞུ། དབུ་མའི་ལམ་གྱི་སྲིད་བྱུས་ཐད་ཕྱག་ལས་གནང་རྒྱུ་ཞེ་དྲག་ཡོད་པ་རེད། ཁྱེད་རྣམ་པས་ཚ་ཚ་འུར་འུར་གནང་རོགས།
I wish…..all the way in succesful and hopefully bring a quick result to the new memeber of middle way commetee…..
ཟླ་བ་ཚེ་རིང་བསྐྱར་དུ་སླེབས་པར་ཡོང་མཁན་དང་འདེམས་མཁན་གཉིས་ཀར་དགག་པ་ཡོད། ཡོངས་གླིང་སློབ་གྲའི་རྩོད་རྙོག་ལྕི་མོ་བཟོ་མཁན་འདི་འདྲ་ཞིག་གཞུང་དང་ཚོགས་པའི་གནད་ཡོད་མི་སྣར་སྡོད་རྒྱུ་འདི་མཐུས་ཤོར་དང་ཉེན་ཁའི་རང་བཞིན། དེ་བཞིན་ཆེ་མཐོང་ལའང་ལྡོག་ཏུ་མེད་པའི་རྨ་ཁ་ཆེན་པོ་བཟོ་རྒྱུ་ཉག་གཅིག་ཡིན། བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་ཏ་འདི་བོད་ནས་དང་སླེབས་སྐབས་སེམས་ཤུགས་དང་ལྒལ་ཚུགས་ཅན་ཞིག་ཏུ་མཐོང་ཡང་རིམ་བཞིན་རྡ་སའི་རི་ཁུག་གི་གཡོ་ཅན་འགའི་གཡོ་འོག་ཚུད་འདུག་པས་ད་ནི་ལག་ཆ་ཞིག་ཏུ་ངོས་འཛིན་བཞིན་ཡོད། འོན་ཀྱང་འབྱུང་འགྱུར་བོད་བསྟན་སྲིད་ལ་ཕན་པའི་ལས་དོན་སྣ་རེ་ཙམ་བསྒྲུབ་རྒྱུ་ལས་མི་གནོད་པའི་རེ་བ་ཡོད།
དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་རྣམས་ལ་བཀྲིས་བདེ་ལེགས་ཞུ།
མི་ཁ་ན་ཇི་ལྟར་གྲགས་ཀྱང་ཁྱེད་ཅག་གི་ལྷག་བསམ་དང་སྙིང་སྟོབས་ལ་གུས་འདུད་ཞུ།
སྐུ་ཞབས་རྣམ་པ། སྔར་བཞིན་འདས་སོང་ལ་སྐྱོན་བརྗོད་མེད་པ། འབྱུང་འགྱུར་ལ་བཀོད་སྒྲིག་ལྡན་པའི་འོད་སྟོང་གི་ལམ་བུ་ཞིག་བཙལ་དགོས་ཡ།
སྔར་བྱས་ལ་སྐྱོན་ཆ་མེད་ན།
ཕྱི་མ་ལ་བཤད་གྱུར་འོང་དོན།????
ཚོགས་ཆེན་ལམ་ལྷོང་དང་རྒྱུན་ལས་གསར་བདམས་རྣམ་པར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ལས་དོན་གསར་སྤེལ་ལེགས་འགྲུབ་ཡོང་བར་སྨོན།
སྤྱི་འཐུས་གལ་ཆེ་བ་རེད། དབུ་མའི་ལམ་པའི་ལས་བྱེད་གལ་ཆེ་བ་རེད། མི་གཅིག་གིས་ལས་དོན་གཉིས་ཀར་ཇི་ལྟར་བསྒྲུབ་ཐུབ་བམ།
བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་ཏས་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་འདུག། འོན་ཀྱང་ཟླ་བ་ཚེ་རིང་དང་མཉམ་དུ་ཚོགས་པ་གཅིག་ནང་ལས་ཀ་མཉམ་དུ་བྱ་བཞིན་པ་འདི་ཡ་མཚན་པ་རེད།
ཤར་ཁུག་གིས་རྒྱུད་ལམ་ག་གེ་མོ་ཞིག་ནས་ལུང་འདྲེན་བྱས་པའི་ཀྲང་ཡུང་ཅཱན་གྱི་རྩོམ་ཡིག་གཅིག་ཁ་ཉིན་རང་དྲ་སྟེང་འདིར་ཡོད་གིན་ཡོད་གིན་ག་པར་ཕྱིན་པ་རེད། དེའི་ནང་དབུ་མའི་ལམ་ལ་གོང་ཐང་ངེས་ཅན་ཞིག་བརྒྱབ་འདུག། བྱས་ན་ཤར་ཁུག་ལ་སོགས་པའི་མགོ་གཏད་རིང་ལུགས་པ་ཚོའི་གོང་ཐང་གླེང་གི་ཡོང་ཙང་རྩོམ་ཡིག་དེར་དགག་ལན་རྒྱག་ལོང་མེད་པར་བསྡུ་གསོག་རྒྱག་དགོས་དོན་ཅི་རེད།
རེད་རེད། ཚོག་ཆེན་ཚོགས་རྒྱུ་མང་གི། གྲོས་ཆོད་བཞག་མཁན་མང་གི། ལས་འགུལ་སྤེལ་ཚུལ་མང་གི། རྩ་དོན་འགྲུབ་དུས་མེད་ཀི། ད་ནི་ཅི་ཞིག་གིས་ལན་པ་རེད།
ཉེ་འཆར་གཞན་སྦྱོར་ཕུན་ཚོགས་ལ་ཕྲག་དོག་མི་བཟོད་པའི་མི་བུ་འགའ་ཤས་ཀྱིས་ག་དུས་ཡིན་ནའང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་མི་དགའ་ཞེ་འཛིན་དང་།གཟུགས་མེད་གྲིབ་བཟོའི་ནག་མེད་འགེལ་བྱེད་རྩིས་བྱས་པ་ནི་དངོས་གནས་ཆོལ་ཁའི་ཕུང་དཀྲུག་འབའ་ཞིག་ཏུ་མཐོང་།
༡)དེ་ཡང་སྤྱི་འཐུས་ཁོང་ནི་ཤེས་ཡོན་གྱི་ཚད་གཞི་ངེས་ཅན་ཞིག་བརྒྱུད་མྱོང་མེད་རུང་རང་བཞིན་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་།འཇོན་ཐང་ལྷག་བསམ་བཅས་ལྡན་ཞིང་།བཙན་བྱོལ་སྤྱི་ཚོགས་ནང་ལོ་མང་རིང་དམངས་ཁྲོད་དུ་གཞན་ཕན་གྱི་ལས་ཀ་འབོར་ཆེན་བསྒྲུབས་པ་མ་ཟད།རྡ་ས་བདེ་དོན་གྱི་ལས་འགན་བཞེས་སྐབས་སྤྱི་ཚོགས་སྤྱི་དང་ལྷག་པར་ཧིན་བོད་ཀྱི་འབྲེལ་ལམ་བཅས་ལ་བཞེངས་སུ་ཐོན་པའི་གྲུབ་འབྲས་དང་།གཡོ་བ་མེད་པའི་ལྷག་བསམ་ལ་གཞིགས་ནས་༧སྤྱི་ནོར་༧གོང་ས་མཆོག་གིས་ཀྱང་ཐད་བསྐོས་སྤྱི་འཐུས་སུ་བསྐོ་གཞག་མཛད།
༢༽དེ་ན་ཁོང་ལ་༧གོང་ས་མཆོག་གིས་ཆེ་མཐོང་གཟིགས་པ་ཆེན་པོ་ཡོད་པ་གློ་བུ་དུ་བྱུང་བ་མིན་པར་ཁོང་གིས་ལོ་མང་འབད་བརྩོན་བྱས་ནས་དམངས་ཕན་བྱ་གཞག་བསྒྲུབས་པའི་བྱས་རྗེས་ལ་ལ་༧གོང་ས་མཆོག་གིས་ཆེ་མཐོང་དང་གཟིགས་པ་ཆེན་པོ་གནང་བ་ཞིག་ཡིན་པས་སྤྱི་མི་ཚད་ལྡན་འདི་འདྲ་ཞིག་ལ་འཕྱ་སྨོད་བྱས་པ་ནི་༧གོང་ས་མཆོག་གི་གཟིགས་ཕྱོགས་ནོར་བ་ཡིན་པར་ངོས་འཛིན་བྱས་པ་དང་ཕལ་ཆེར་མཚུངས་པས་དོན་དེ་ནི་ཆུང་ཆུང་མིན།།
༣༽ཁོང་གིས་འཇོན་ཐང་དང་།ལྷག་བསམ་བཅས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དབུས་གཙང་མི་མང་གིས་མང་མོས་ཐོག་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ཞིག་ཡིན་པ་ལས་ཁོང་རང་ཉིད་ཀྱིས་དང་བླངས་ཀྱི་སྤྱི་འཐུས་ཆགས་པ་ཞིག་མིན་པས་ཁོང་ནི་བོད་མི་མང་གི་ཁྲིམས་མཐུན་གྱི་སྤྱི་མི་ཚད་ལྡན་ཞིག་ཡིན་པས་ཁོང་ལ་གཟུགས་མེད་གྲིབ་བཟོ་བྱས་ནས་དོན་མེད་གླེང་གཞི་བཟོས་པ་ནི་བོད་མི་ནང་ཁུལ་ཆོལ་ཁའི་ཕུང་དཀྲུག་བསླངས་བ་འབའ་ཞིག་ཏུ་མཐོང་།
༤༽ཁོང་གིས་ལོ་མང་རིང་ཡིད་ཐང་མ་ཆད་པར་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཇི་རྙེད་ཅིག་བསྒྲུབས་ཡོད་པ་ལས་ཐད་མདོ་ཙམ་གླེང་ན།ཧི་བོད་ཀྱི་མཛའ་འབྲེལ་ལས་དོན་ཐད་བར་སྐབས་ཤིག་ལ་རྡ་སར་ཧིན་བོད་མི་མང་དབར་རྙོག་ཕྲ་ཆུང་ཚགས་རིགས་ཐོན་སྐབས་ཟླ་ཚེ་མེད་ཐབས་མེད་པ་ཆགས་ཡོད།དེ་མིན་ཚོགས་པ་ཁག་དང་མི་སྒེར་གྱི་རྒྱ་གར་དང་འབྲེལ་དཀའ་ངལ་གྱི་རིགས་མང་པོ་ཞིག་ཟླ་ཚེས་བརྒྱུད་ནས་ས་གནས་རྒྱ་གར་ལས་ཁུངས་ལ་ཞུ་བྱེད་དགོས་པ་ཆགས་ཡོད།
༥]ལས་མེད་ཚོགས་པ་བཙུགས་ནས་བོད་མདོ་དབུས་ཁམས་གསུམ་ནས་ཡོང་བའི་གསར་འབྱོར་འགྲོ་ས་སྡོད་ས་ཕར་བཞག་ཉིན་རེའི་འཚོ་ཐབས་དང་གྲོད་ཁོག་རྒྱགས་རྒྱུར་དཀའ་ངལ་ཡོད་པའི་ཉམ་ཐག་མང་པོ་ཚོགས་པ་དེའི་ནང་བསྡུས་ནས་ལས་ཀ་ཐབས་འཚོལ་གྱིས་གསར་འབྱོར་དེ་དག་གི་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་པ།
༦]༧གོང་ས་མཆོག་དགོངས་གཞི་བཞིན་ནང་ཆོས་གོ་རྟོགས་ཀྱི་སྤེལ་རྒྱུའི་ལས་གཞི་གསར་པ་འགོ་བཙུགས་ནས་རེས་གཟའ་ཉི་མ་རྟག་པར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་སྤེལ་བ་མ་ཟད།ལོ་ལྟར་རྒྱ་གར་རྒྱལ་ཡོངས་ནང་གི་བོད་རིགས་སློབ་ཆེན་སློབ་མ་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་བརྩམས་དང་རྩོམ་བཞིན་པ།
༧]ཉེ་བའི་ལོ་ཤས་སྔོན་ནས་བོད་ནས་ཡོང་བའི་གསར་འབྱོར་བ་བཙུན་མ་མང་པོ་ཞིག་བཙན་བྱོལ་ནང་བཙུན་དགོན་ཁག་ཏུ་སྒྲིག་ཞུགས་མ་ཐུབ་པར་དཀའ་ངལ་ཆེན་པོ་འཕྲད་སྐབས་ཡང་སྤྱི་འཐུས་ཟླ་ཚེས་གནས་ཚུལ་དེ་ཤེས་རྗེས་ལམ་སེང་རང་ཉིད་ནས་མ་དངུལ་བཏོན་ནས་རྡ་ས་ཐར་འདོད་གླིང་གི་གཤམ་དུ་བཙུན་མ་དེ་དག་གི་བཞུགས་གནས་དང་།འཚོ་བའི་མཐུན་རྐྱེན་གོ་སྒྲིག་ཡང་དག་པ་གནང་སྐབས་བབ་དཀའ་ངལ་ལས་བསྐྱབས་ཐུབ་པ་བྱུང་།
༨]བོད་ཁྱིམ་གྱི་སློབ་གྲྭ་ཁག་ཏུ་དགུན་ཁའི་གུང་གསེང་སྐབས་གུང་སེང་ལ་ལེན་མཁན་མེད་པའི་གསར་འབྱོར་བུ་ཕྲུག་མང་པོ་ཞིག་རེས་མོས་ཀྱིས་རྡ་ས་ཡོངས་གླིང་དུ་གུང་གསེང་ལ་བླངས་པ་དང་།ཉིན་ལྟར་གཙུག་ལག་ཁང་སོགས་རྡ་སའི་གནད་ཡོད་ས་གནས་ཁག་ལ་གནས་མཇལ་དང་།བལྟ་སྐོར་ལ་ཁོང་རང་ངོ་མས་འཁྲིད་ནས་དེ་དང་དེའི་སྐོར་གྱི་གནས་ཚུལ་འགྲེལ་བཤད་བརྒྱབ་ཚུལ་རྣམས་ང་རང་ངོ་མས་མཐོང་བྱུང་།
༩]བར་ལམ་༧གོང་ས་མཆོག་གི་ཡང་དག་པའི་དགོངས་གཞིའི་འོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཏན་ལ་ཕབ་པའི་དབུ་མའི་ལམ་སྲིད་བྱུས་དེར་མི་མང་གིས་ཐད་ཁར་རྒྱབ་སྐྱོར་དང་།ལས་འགུལ་སྤེལ་སའི་ལམ་ཀ་ཞིག་མེད་པའི་དཀའ་ངལ་འཕྲད་པ་ཤེས་རྗེས་ཁོང་གིས་བོད་མི་མང་གིས་དབུ་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ལས་འགུལ་ནང་ཆ་ཤས་ལེན་སའི་ལྡིང་ཆའམ་ལས་འགུལ་ཞིག་དགོས་མཁོར་གཟིགས་ནས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་དངོས་སུ་དབུ་བཙུགས་བྱས་ནས་ད་ལམ་སྐབས་གསུམ་པ་བར་ཕྱིན།
༡༠]རྡ་ས་ཡོངས་གླིང་གི་གནས་རྙོག་ཡོད་པ་ཀུན་གྱི་ཤེས་ཀྱི་ཡོད་པ་རེད།དེའི་ཐོག་མའི་བྱུང་རྐྱེན་སྐོར་དང་།སློབ་གྲྭ་དེ་སུ་ལ་བདག་དབང་ཡོད་མེད་མ་གླེང་བར་ད་ལྟའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སུས་བདག་པོ་བརྒྱབ་ན་ཚགས་ཚུད་དང་ཡར་རྒྱས་ཀྱི་ཕྱོགས་སུ་གོམས་འགྲོས་སྤོས་ཐུབ་ས་རེད་དམ།དེའི་ཕྱོགས་ལ་བསམ་བློ་ཐོངས་དང་།འདས་པ་ལས་འབྱུང་འགྱུར་གལ་ཆེ་བས་འབྱུང་འགྱུར་གྱི་སློབ་གྲྭའི་མདུན་ལམ་ཐད་གཞུང་གིས་བདག་ཐོབ་བྱས་ན་ད་ལྟ་ནང་བཞིན་གྱི་འཛིན་སྐྱོང་ཚགས་ཚུད་ཡོང་གི་རེད་དམ།གལ་ཏེ་མ་བྱུང་ན་སྐབས་དེ་དུས་མི་མང་གི་གཞུང་ལ་ཁ་གཏོང་རྒྱུའི་གཞི་ཆགས་རྒྱུའི་ཉེན་ཁ་ཡོད་རེད།ཉེ་བའི་ལོ་ཤས་སྔོན་ནས་ཟླ་ཚེས་ཁྲིམས་ལ་འབྱོར་སྐབས་རྡ་སའི་ཁྱིམ་བདག་ཕ་མ་བརྒྱ་སྐོར་ཞིག་གིས་སྤྱི་འཐུས་ལྷན་ཁང་དང་བཀའ་ཤག་གི་མདུན་ལ་ཞུ་འབོད་ཀྱིས་ཟླ་ཚེར་རྒྱབ་སྐྱོར་བྱེད་དོན་གང་ཡིན་ནམ།ཕྱོགས་ཡོང་ནས་བསམ་བློ་ཐོངས་དང་།
གཞན་ཡང་ཟླ་ཚེས་བོད་གཞུང་ཁྲིམས་ཁང་གི་གྱོད་དོན་ཐག་གཅོད་ལ་མོས་མཐུན་མ་བྱུང་སྟབས་མངའ་སྡེའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པ་རེད།འགྲོ་སྟངས་དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་རེད།ཁྱེད་ཚོས་བཅའ་ཁྲིམས་མ་ཤེས་ན་བཅའ་ཁྲིམས་ལ་སློབ་བྱོས་དང་གཞི་ནས་བསམ་ཞིག་ཐུབ་ཀྱི་རེད།བཅའ་ཁྲིམས་ཀྱི་ལེའུ་དང་དོན་ཚན་ཚང་མའི་ནང་བཅའ་ཁྲིམས་དང་ཡུལ་ཁྲིམས་གཉིས་ལས་ཡུལ་ཁྲིམས་གལ་ཆེ་བ་དང་།བཅའ་ཁྲིམས་ཀྱི་མཐར་གཏུགས་ཁུངས་གཏུགས་ས་ནི་ཡུལ་ཁྲིམས་ཡིན་ཞེས་གསལ་པོ་བཀོད་ཡོད་པ་རེད།
མཐའ་དོན་སྤྱི་འཐུས་ཟླ་བ་ཚེ་རིང་ནི་༧གོང་ས་མཆོག་གིས་ཐད་བསྐོས་སྤྱི་འཐུས་ཟུར་པ་དང།རྡ་ས་བདེ་དོན་ཟུར་པ།དབུས་གཙང་མི་མང་གིས་འོས་འཕེན་གྱི་ལམ་ནས་འདེམས་ཐོན་བྱས་པའི་ཁྲིམས་མཐུན་སྤྱི་མི་ཚད་ལྡན་ཞིག་ཡིན་པས་
ཁོང་ལ་འཕྱ་སྨོད་དང་།ཟུར་ཟ།སྐྱོན་བརྗོད་བྱས་པ་ནི་༧གོང་ས་མཆོག་ལ་མ་གུས་པ་དང།བོད་མི་མང་སྤྱི་འཐུས་ལདམའ་འབེབས།དབུས་གཙང་མི་མང་ལ་མཐོང་ཆུང་དང་ཁྱད་གསོད་བཅས་ཀྱི་བཙན་བྱོལ་སྤྱི་ཚོགས་དཀྲུགས་ཤིང་གི་ལས་ངན་ཁོ་ནར་མཐོང་བས།གནས་ཚུལ་དེ་རིགས་མུ་མཐུད་ནས་བཀོད་སྤེལ་བྱེད་མཁན་རྣམས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཡིད་གཟབ་བྱེད་དགོས་པར་མཐོང་ངོ།མི་དེ་རིགས་ཀྱིས་དངོས་སུ་ཆོལ་ཁའི་དཀྲུག་ཤིང་བརྒྱབ་མ་ཐུབ་སྟབས་གླེང་གཞི་མེད་སར་གླེང་གཞི་བཟོས་ང་ཚོའི་སྤྱི་ཚོགས་གཏོར་བརླག་གཏོང་རྒྱུའི་ངན་སེམས་འཆང་ཡོད་པ་གསལ་པོ་རེད།
གོང་གསལ་གྱི་སྤྱི་འཐུས་ཟླ་བ་ཚེ་རིང་སྐོར་དེ་ནི་གུས་པ་ངོ་མས་གང་ཤེས་རྣམས་མདོར་བསྡུས་ནས་གླེང་བ་ཙམ་ཡིན་ཞིག་ཡིན་པས་གུས་མ་ཤེས་མ་ཐོས་པའི་ཁོང་གི་བྱས་རྗེས་དང་གྲུབ་འབྲས་མི་ཉུང་བ་ཡོད་སྲིད་ན་དེ་དག་ཁ་སྣོན་སྐྱོན་མཁན་ཡོད་ན་དགའ་བསུ་ཞུ།
ཞུ་དག་ཞིབ་ཚགས་བྱེད་ཁོམ་མ་བྱུང་བས་དག་ནོར་ཡོད་ན་དགོངས་སེམ་ཞུ།
ད་དུང་ཞུ་རྒྱུར།སྤྱི་འཐུས་ཟླ་བ་ཚེ་རིང་ནི་དེང་སྐབས་དབུས་གཙང་མི་མང་གིས་བདམས་པའི་དབུས་གཙང་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཡིན།དབུས་གཙང་མི་མང་གིས་བསམ་བློ་གཅིག་ཀྱང་མ་གཏང་བ་དང་རྣམ་དཔྱོད་རྩ་བ་ནས་མེད་པར་བདམས་ཡོད་ཀྱི་མ་རེད།དེར་བརྟེན་མི་སྣ་གལ་ཆེན་དེ་འདྲ་ཞིག་སྐྱོན་བརྗོད་བྱས་ན་མཇུག་འབྲས་གང་དུ་སླེབས་སོང་ངམ།ཁོང་ལ་དམའ་འབེབས་པ་ནི་དབུས་གཙང་མི་མང་ལ་མཐོང་ཆུང་བྱས་པ་ཁོ་ན་རེད།
སྐབས་གསུམ་པའི་རྒྱུན་ཚང་མར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱི་འཐུས་ཟླ་བ་ཚེ་རིང་མིང་ཅན་དེ་སྤྱི་རྒྱུ་སྒེར་བདག་བྱས་པར་མ་ཟད་གཞན་དབང་སྟབས་བཏུན་ངང་འགྲོ་བཟོ་སྡོད་མཁས་སུ་གནས་བཞིན་བོད་མི་ས་ཡ་དྲུག་གི་གཟི་བརྗིད་དུ་བརྩི་བའི་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་བཙན་་བྱོལ་གཞུང་འདི་ཉིད་རྒྱ་གར་ཁྲིམས་ཁང་དུ་བསྐྱལ་ནས་ད་བར་དགྲ་བོ་རྒྱ་མིས་ཀྱང་བྱེད་མ་མྱོང་བའི་ལས་ཀ་ཐབས་སྡུག་དེ་འདྲ་བྱས་པ་སྨྱོན་པ་མིན་པའི་རང་རིགས་ཀུན་གྱི་མཁྱེན་པའི་ཡོ་གོར་མངའ་གསལ་ལ་སྐྱག་པའི་རྒྱབ་རྩ་སྨྱང་མས་བྱས་ཀྱང་དྲི་ངང་མིན་པའི་ངོམ་རྒྱུ་ཅི་ཡོད།
ལ་རྒྱའི་བདག་པོས་སྐད་ཆ་མི་ཉུང་བ་ཞིག་གཏན་ཚིགས་གཞིར་བཞག་ཐོག་གསུངས་འདུག་པས་དགའ་བསུ་ཡོད། ནོར་འཁྲུལ་ལ་སྐྱོན་བརྗོད་དང་བྱས་རྗེས་ལ་ཡིད་རང་དང་བསྔགས་བརྗོད་བྱེད་དགོས་པ་རེད། འོན་ཀྱང་ཟླ་ཚེ་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་དབུས་གཙང་མི་མང་ལ་མཐོང་ཆུང་བྱེད་གཞིར་སྒྲུབ་ལུགས་དེ་ནི་ཡང་དག་ཞིག་མཐོང་མ་སོང་། གང་ཟག་སྒེར་གཅིག་ལ་སྐྱོན་བརྗོད་བྱས་པ་རྒྱུ་མཚན་དུ་བྱས་ནས་ལུང་ཚན་རིང་ལུགས་པ་ཡིན་ལུགས་གསུངས་ཚེ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་དེའི་གནས་ཡོད་མི་སྣ་སུ་ཞིག་ལའང་སྐྱོན་བརྗོད་བྱེད་ས་མེད་པར་འགྱུར་ངེས་ཡིན། དེ་ལྟར་ཡིན་ཚེ་ད་རེས་བུད་མེད་ཚོགས་གཙོའི་ལྐོག་ཟའི་དོན་རྐྱེན་དེ་ལ་བརྟེན་ནས་ཁོ་མོར་སྐྱོན་བརྗོད་བྱེད་པ་དེ་ཡང་མདོ་སྨད་མི་མང་ལ་མཐོང་ཆུང་བྱས་པ་དང་གཅིག་མཚུངས་སུ་མིན་ནམ། ང་ཚོས་གང་ཟག་ལ་མ་ལྟོས་ཆོས་ལ་ལྟོས་ཞེས་པའི་གདམས་ངག་གཞི་ལ་བཞག་ནས་དྲང་བདེན་བརྡར་ན་མི་སྒེར་ལ་སྐྱོན་བརྗོད་བྱས་པ་དེ་ཆོལ་ཁའི་གནད་དོན་ལ་འགྱུར་མི་སྲིད།
ཚོགས་པ་ག་འདྲ་ཞིག་ཡིན་རུང་མཛད་སྒོའི་གཏམ་བཤད་ཇི་ལྟར་གནང་མིན་ཙམ་ལ་མ་ལྟས་བར་དོན་དངོས་ཕན་ཐོག་ཡོད་མེད་གཟིགས་གལ་ཆེ་པོ་འདུག། ཡིན་ནས་ཚོགས་པ་དེ་དང་འདི་ཡག་པོ་ཡོད་ཚུལ་གླེང་སྐབས་ཚོགས་པ་དེ་ཆོལ་ཁོང་སུའི་བདག་བཟུང་བྱེད་ཡོད་མེད་ལྟས་པ་དང་དེ་འདྲའི་གནས་ལུགས་ཐོག་ནས་གསུངས་ན་ཆེས་མ་འོས་པ་རེད་། འོན་ཀྱང་ཚོགས་པ་དེ་དང་འདི་ལབ་དུས་དམིགས་ཡུལ་དང་རྒྱབ་ལྗོངས་ཇི་ལྟར་ཡོད་མེད་སོགས་ལ་ཞིབ་དཔྱད་བྱེད་རྒྱུ་དེ་བོད་མི་ཙམ་ཟིན་ཡོངས་ཀྱི་འོས་འགན་རེད་དྲན་། གོང་ཏུ་ལ་རྒྱའི་བདག་པོ་ནས་ཟླ་བ་ཚེ་རིང་སྐོར་མང་པོ་ཞིག་བཤད་འདུག། ཁོང་དང་ཀི་རྟི་སྒྲོན་དཀར་ལྷ་མོ་གཉིས་ཀྱི་གནས་ཚུལ་བཤད་ཆོག་ཆོག་ཡིན་ན་རང་གཞུང་ནས་གསལ་བཤད་ངེས་པ་ཏུ་དགོས་ཀྱི་འདུག། འདི་མ་འོངས་པ་དོལ་རྒྱལ་ཚོགས་པའི་གནས་ཚུལ་ལས་སྡུག་པ་ཞིག་ཆགས་མི་སྲིད་པ་རེད་མི་འདུག། གལ་སྲིད་ང་ཚོའི་མིག་མདུན་ལྷག་པའི་དཀའ་རྙོག་འདི་མུ་མཐུད་བཞག་པ་ཡིན་ན་རྒྱ་ནག་སྲིད་གཞུང་ལས་སྡུག་པའི་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཆགས་ས་རེད་། ཉིན་ཆར་རང་རྒྱ་གཞུང་གི་ག་རེ་བྱས་སོང་། རྒྱ་དཔོན་པོ་ཤི་ལེན་གྱི་གནས་ཚུལ་ལྟར་བུ་ང་ཚོའི་བྱས་མ་ནུས་དགོས་དོན་ཅི་ཡིན་ནམ། དམངས་གཙོའི་སྒྲིག་འཛུགས་ཀྱི་སྐྱོན་ཡིན་ནམ། འཛིན་སྐྱོང་བཀའ་ཤག་གི་སྟོབས་ཤུགས་མ་འདང་བ་རེད་། ཡང་ན་ ཡང་ན་། འདི་ནི་བོད་ནང་རང་ལུས་མཆོད་པ་འབུལ་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་རྣམ་ཤེས་ལ་འཛམ་གླིང་མི་མང་གི་དྲི་བའི་ཁ་ཕྱོགས་དངོས་གསལ་ཡོད་པ་ཞིག་རེད་།
བདེ་དོན་ཟླ་བ་ཚེ་རིང་ལགས་ཟེར་བ་དེ་སྔ་ནས་མཚན་སྙན་གོ་ཡང་། ཁོང་གི་བྱས་རྗེས་ངོ་མ་རྣམས་གསལ་པོ་ཤེས་ཀྱི་མེད། ད་ཐེངས་ལ་རྒྱའི་བདག་པོས་ཁོང་གི་མཛད་རྗེས་མང་པོ་ཞིག་བགྲངས་འདུག དེས་ངའི་བློ་མིག་ཆེ་རུ་བཏང་སོང་། འོན་ཀྱང་། སྐྱུ་རྩིས་ཟླ་ཚེ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་རེད་ཟེར་བཤད་འདུག ད་དངོས་གནས་མགོ་བོ་ཐོམ་སོང་། སུས་ཤེས་ཀྱང་། འགྲེལ་བཤད་ངོ་མ་ཞིག་སྐྱོན་རོགས། ཨ་རོགས་ཚོ།
གང་ལྟར་ཁྱེད་ཅག་ཚང་མར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། བྱང་རྩེའི་དབུ་མཛད་ཆེན་མོ་ཡང་སྲིད་དོན་ནང་ཕེབས་ཚར་འདུག
སྐབས་རྗེས་མར་སྤྱི་འཐུས་འོས་འཕེན་ཐག་ཆོད་ཡིན། སེམས་ཤུགས་མ་ཆག
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་གསུམ་པའི་རྒྱུན་ལས་ལྷན་རྒྱས་ལ་འཚམས་འདྲི་ཞུ།
ཁྱེད་ཅག་གི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།
གང་ལྟར་ཡང་དབུ་མའི་ལམ་ལས་འགུལ་ཁང་དེ་དྲང་པོ་འདུག བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བརྗིད་ཆེ་བ་ཞིག་ཁྱེད་ཚོའི་ལས་ཁུངས་ནང་མཇལ་རྒྱུ་འདུག རྟེན་འབྲེལ་འགོ་ནས་འགྲིག་འདུག
ཁ་བྲོ། ཁྱེད་ཅག་ལས་འབྲས་ལ་བརྩི་མཁན་ཡིན་པ་འདྲ།
ཕལ་ཆེར་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་དགོངས་གཞི་ཡིན་གྱི་རེད། གང་ལྟར་སུས་འགྲིག་ཀྱང་ཆོག རྟེན་འབྲེལ་ཤིན་ཏུ་བཟང་།
ཨ་རོགས་ཚོ་ཁ་བྲོ།
ད་ཐེངས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་པར་ཞིག་རྡ་རམ་ས་ལའི་ལས་ཁུངས་ནས་མཇལ་སོང་། བོད་ལ་ཡག་རྟགས་ཤར་འདུག
ཚང་མ་བཟང་།
པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་པར་འདི་འདྲ་ཞིག་ག་ནས་ཐོབ་སོང་ངམ། རྡ་རམ་ས་ལའི་སྐུ་ངོས་ཚོས་མཁྱེན་ན། བཙོན་ཁང་ནང་བླུགས་ཡོང་། གཟབ་གཟབ་བྱེད་རོགས། ཨ་རོགས་ཚོ།
ངོ་མ་བཟང་གི།
པཎ་ཆེན་རིན་པོ་ཆེའི་བཀའ་དྲིན་དྲན་ཐུབ་ན་ཡག་ནི་རེད།
བླ་མ་འདིས་བོད་ལ་བཀའ་དྲིན་ཆེ། ཆོལ་ཁ་གསུམ་ལ་ཆེ། ཆོས་ལུགས་ཚང་མར་ཆེ། མཐོ་དམན་ཕོ་མོ་སྐྱ་སེར་ཚང་མར་ཆེ།
ཁོང་དྲན་ཚེ་སྣ་གཟེར་ནས་མིག་ཆུ་ཤོར་ཚད་གདའ།
དབུ་ལམ་ལས་འགུལ་ཚོགས་པ་རྟེན་འབྲེལ་བཟང་། ངོ་མ་རྟེན་འབྲེལ་བཟང་། བྱ་བ་ལམ་འགྲོ་གཏོང་། ལས་འབྲས་བརྩི་པོ་ཁྱོད་ཚོར།
ཨ་རོགས་གཞིས་ཞོལ་ཁྱོད་ཚོ་མིག་རྣོ་ཡ།
པཎ་ཆེན་བླ་མའི་སྐུ་དཔར་གཟི་བརྗིད་ཆེན་པོ་ད་འདྲ་ཞིག་དོ་སྣང་མ་བྱུང་བ་ང་འདྲེ་ཕྲུག་གི་སྡུག་མིག་འདི་ཞར་བ་འདྲ།
ངོ་མ་བོད་ལ་ཡག་པོ་ཡོང་ས་རེད།
བོད་མིས་བླ་མ་འདིའི་དྲིན་ལན་འཇལ་རྒྱུར་ལྷག་ཡོད།
རྒྱུན་ལས་གསར་འདེམས་ཚང་མར་འཚམས་འདྲི་ཞུ། གནས་ཚུལ་དེ་དང་འབྲེལ་ནས་ལུང་ཚན་དང་ཆོལ་ཁ་ཕྱོགས་ཞེན་གྱི་གནས་ལུགས་དང་འགོ་འཁྲིད་ལ་ནོར་འཕྲུལ་སྐྱོན་བརྗོད་བྱེད་མི་ཆོག་པ་ལྟ་བུའི་གསུངས་སྟངས་འདི་ངན་པ་ལངས་ཤོར་ལ་གཏོང་བ་དང་ཅིག་མཚུངས་སོ། སྐྱོན་བརྗོད་ཇི་བྱས་དྲང་མིན་དང་དངོས་ཡོད་གནས་ཚུལ་ཞིག་མིན་ཚེ་དོ་དག་ནས་གདོང་ལེན་བྱེད་ངེས་དང་དེ་འབྲེལ་གྱིས་ཁྲིམས་ཐོག་ནས་དཀར་ནག་དབྱེ་འབྱེད་ཀྱིས་དཀར་པོར་ལེགས་གསོལ་དང་ནག་པོར་འོས་འཚམས་ཀྱི་ཉེ་ཆད་གཏོང་དགོས། དེ་བཞིན་མང་ཚོགས་ནས་ཀྱང་གཞན་ཅི་ཟེར་ལ་མ་ལྟོས་པར་རང་ཚུགས་བརྟེན་པོའི་ཐོག་ནས་གནས་ཚུལ་ལ་ཉམས་ཞིབ་དང་དངོས་ཡོད་བདེན་པར་རྒྱབ་བསྐྱོར་བྱེད་དོགས་པ་ཡིན།
སྐད་ཆ་མགོ་རྔ་མེད་པ་ཞིག་བཤད་འདུག་གཱ། འཕེལ་རྒྱལ་བློ་བཟང་དངོས་གྲུབ་དང་འཕེལ་རྒྱས་བློ་བཟང་བཟོད་ཟེར་བ་གཉིས་མི་གཅིག་མ་རེད་པས། དབུ་མའི་ལམ་ལས་ཁུངས་ཀྱིས་ལན་འདེབས་གནང་རོགས།
འཕེལ་རྒྱལ་བློ་བཟང་དངོས་གྲུབ་དང་འཕེལ་རྒྱས་བློ་བཟང་བཟོད་ཟེར་བ་གཉིས་མི་གཅིག་མ་རེད་པས། དབུ་མའི་ལམ་ལས་ཁུངས་ཀྱིས་ལན་འདེབས་གནང་རོགས།
ཟླ་བ་ཚེ་རིང་ལ་བདེན་པ་མེད་ན་བོད་གཞུང་གིས་རང་དགར་འཇོག་གི་མ་རེད། ལྷག་པར་དུ་སྐབས་དེའི་ཁྲིམས་དཔོན་བྱ་དུར་བཟང་པོས་ག་ལ་འཇོག་གི་རེད། ཡིན་ནའང། བདེན་པ་ཡོད་ཙང། རྗེས་སུ་བྱ་དུར་བཟང་པོ་འུ་ཐུག་པ་རེད། བྱ་དུར་བཟང་པོ་སོགས་ཀྱིས་སྤྱིར་སྐུ་དྲག་དང་དེ་ནས་དབུས་གཙང་བ་རྣམས་གཙོས་དགའ་ལྡན་ཕོ་བྲང་ལ་ཞེ་འཁོན་ལྟ་བུ་རྩད་ཡོད་པ་ནི་བཙན་བྱོལ་ནང་གི་ལོ་རྒྱུས་ཆགས་བསྡད་ཡོད་པ་རེད། དབུས་གཙང་ནང་ནས་དྲག་གྲས་ཤིག་ལ་འདི་ལྟར་སྤྱི་རྒྱུ་སྒེར་བདག་ཟེར་བའི་གླེང་འདེབས་པ་ལ་ལོས་ཁག་ཁྱོན་ནས་མེད་པ་རེད།
དེ་དེ་བཞིན་༧གོང་ས་མཆོག་གི་བཀའ་ཡིག་སྔ་ཕྱིར་སྤྱི་འཐུས་ཟླ་བ་ཚེ་རིང་གི་ལྷག་བསམ་དང་སེམས་ཤུགས་སོགས་ལ་ངོས་འཛིན་བླ་ན་མེད་པ་གནང་འདུག་ལ། ཁོང་གི་མི་ཚེའི་ལས་དོན་བྱ་ཕྱོགས་ལ་བསྟོད་བསྡགས་ཀྱང་གནང་འདུག ད་དུང་ཐད་བསྐོས་སྤྱི་འཐུས་འདེམས་ཡོད་པ་རེད། དེས་ན་ཚང་མ་འཐོམས་ནས་མ་འདུག་ལགས།
དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་གསར་འདེམས་ཀྱི་ཕྱོགས་ནས་བཤད་རྒྱུ་ཅི་ཡང་མེད།་་་ཡིན་ན་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པ་ལ་བརྟེན་ནས་ཁྲིམས་ཁང་དུ་གཏུགས་པ་ཡང་དངོས་བདེན་རེད།་་་དེ་ལ་ཡར་བཤད་མར་བཤད་གང་བྱས་ཀྱང་བདེན་པ་ནི་བདེན་པ་རང་ཡིན་པས་བཟོ་བཅོས་བྱ་ཐབས་ཡོད་པ་མ་རེད།་་་གལ་སྲིད་ཟླ་བ་ཚེ་རིང་ཁོང་ལ་དེ་འདྲའི་སྐྱོན་ཆ་ཞིག་མེད་པ་ཡིན་ན་ཁྲིམས་ཁང་ལ་གཏུགས་དགོས་པའི་རྒྱུ་མཚན་ག་རེ་ཡོད་པ་རེད།་་་ཡང་དྲ་གྲོགས་འགས།་་་ཁོང་ལ་སྐྱོན་བརྗོད་བྱས་པ་ནི་དབུས་གཙང་མི་དམངས་ལ་སྐྱོན་བརྗོད་བྱས་པ་རེད་ཅེས་ཟེར་གྱི་འདུག་་་དེ་ནི་ངོ་མ་གད་མོ་ཤོར་དགོས་པའི་སྐད་ཆ་རེད།་་་མི་སྒེར་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་ཆོལ་ཁ་ཆོས་ལུགས་ལ་སྐྱོན་བརྗོད་པ་ཡིན་ན་ང་ཚོ་ནི་ཉེས་སྐྱོན་བྲལ་བའི་སངས་རྒྱས་རང་མིན་ལས་ཆེ།་་་དེ་མིན་ན་ཉེས་སྐྱོན་ཡོད་པ་ནི་བཤད་མ་དགོས་པས་ཉེས་སྐྱོན་ལ་ཉེས་སྐྱོན་དུ་བརྗོད་པ་ནི་ཡང་དག་པའི་བདེན་པ་ཡིན།
དང་པོ།དྲ་གྲོགས་བཙན་པོའི་བུ་ལ་ཞུ་རྒྱུར།དབུས་གཙང་མི་མང་གིས་མང་མོས་ཀྱིས་གུས་བཀུར་དང་།ཡིད་ཆེས།ཆེ་མཐོང་ཞུ་ས་དེར་གཞན་ཞིག་གིས་དགག་པ་བརྒྱབ་ན་རྒྱ་ཆེའི་དབུས་གཙང་མི་མང་ལ་མཐོང་ཆུང་བྱས་པ་འདྲ་མཚུངས་མི་ཆགས་པའི་རྒྱུ་མཚན་གསུངས་དང་།
གཉིས་པ།བུད་མེད་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཟླ་ཚེ་གཉིས་གྲལ་གནས་གཅིག་ཏུ་བཞག་ཅི་ལ་རུང་།བེུད་ཚོགས་གཙོས་ལྐོག་བཟའ་བྱས་པའི་ནག་ཉེས་མཐའ་གསལ་མཐིལ་བརྟོལ་བྱུང་བ་རེད།སྤྱི་འཐུས་ཟླ་ཚེའི་ཡོངས་གླིང་གི་གནས་རྙོག་དེ་ནི་བསམ་བཞིན་མི་དགའ་ཞེ་འཛིན་དང་གཟུགས་མེད་གྲིབ་བཟོས་ཡིན་པ་ལས་དོན་དངོས་ག་ལ་ཡིན།དོན་དངོས་ཡིན་ན་བཀའ་ཤག་སྐབས་བཅུ་བར་དུ་སོང་ཡོད་པས་བཀའ་ཤག་རིམ་པས་གཙང་སེལ་མ་བཟོ་པའི་རྒྱུ་མཚན་གང་ཡིན་ནམ།གནད་དོན་ཆེན་པོ་ཡིན་ན་ད་ལྟའི་བཀའ་ཁྲིས་གཙང་སེལ་བཟོ་རྩིས་མ་བྱས་པ་གང་ཡིན་ནམ།དྲི་བར་ལན་རྒྱོབ།
གསུམ་པ།དྲ་གྲོགས་སྐྱུར་རྩིས་སྐྱུར་དད་ཆེ་དྲགས་ནས་ངའི་མཆན་བུ་ཞིབ་ཚགས་བཀླགས་མི་འདུག་ངའི་མཆན་དེའི་ནང་
(གཞན་ཡང་ཟླ་ཚེས་བོད་གཞུང་ཁྲིམས་ཁང་གི་གྱོད་དོན་ཐག་གཅོད་ལ་མོས་མཐུན་མ་བྱུང་སྟབས་མངའ་སྡེའི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པ་རེད།འགྲོ་སྟངས་དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་རེད།ཁྱེད་ཚོས་བཅའ་ཁྲིམས་མ་ཤེས་ན་བཅའ་ཁྲིམས་ལ་སློབ་བྱོས་དང་གཞི་ནས་བསམ་ཞིག་ཐུབ་ཀྱི་རེད།བཅའ་ཁྲིམས་ཀྱི་ལེའུ་དང་དོན་ཚན་ཚང་མའི་ནང་བཅའ་ཁྲིམས་དང་ཡུལ་ཁྲིམས་གཉིས་ལས་ཡུལ་ཁྲིམས་གལ་ཆེ་བ་དང་།བཅའ་ཁྲིམས་ཀྱི་མཐར་གཏུགས་ཁུངས་གཏུགས་ས་ནི་ཡུལ་ཁྲིམས་ཡིན་ཞེས་གསལ་པོ་བཀོད་ཡོད་པ་རེད།)ཅེས་བཀོད་ཡོད་པ་དེས་སྐྱུར་རྩིར་ར་དྭང་པའི་ལན་ཞིག་རེག་ངེས་རེད།
ཨ་རྩི་ཀུ་རེའི་ཚུལ་དུ་ཞུས།།
སྐྱུ་རྩི་མ་མཇལ་བ་ཡུན་རིང་སོང་།།
སྐྱུར་རྩི་བདེ་མོ་ཡོད་ཤག་ལགས།།
སླར་མཇལ་ཡོང་བའི་སྨོན་ལམ་ཞུ།།
བཞི་པ།ང་ཚོས་མི་མཐོ་དམའ་བར་གསུམ་སུ་ཡིན་རུང་སྐྱོན་མཚང་སྔོག་ནས་ཐེར་འདོན་བྱེད་དགོས་པ་གལ་ཆེ་མོད།གཟུགས་མེད་གྲིབ་བཟོ་དང་།ནག་མེད་ཉེས་འགེལ།སྐྱོན་མེད་གླེང་གཞི་བྱས་ན་སྤྱི་ཚོགས་འཁྲུགས་གཞིར་འགྲོ་བ་ལས་ཕན་པ་གང་ཡང་མེད།ལྷག་པར་སྲིད་དོན་དེ་ཚོས་རང་ཉིད་ལ་འཇོན་ཐང་ངོམས་རྒྱུ་མེད་ན་གླེང་གཞི་ངན་པ་དེ་འདྲ་ཆེ་མངགས་མི་མང་ཁྲོད་གཡུགས་ཏེ་རང་ཉིད་འཇོན་མདོག་དང་ལེགས་མདོག་སྟོན་གྱི་ཡོད་པ་རེད།ང་ཚོས་ངེས་པར་སྲིད་དོན་པ་དེ་ཚོའི་རྐུབ་གཡོག་ཏུ་མ་སོང་བར་དོན་ངོ་མ་བརྟག་དཔྱད་བྱས་ནས་སྐད་ཆ་ཤོད་དགོས།
ལྔ་པ།རྡ་རམ་ས་ལར་ལོ་ནས་ལོ་བསྟུད་ནས་བསྡད་ན་གཞི་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ལྷག་བསམ་ཇི་འདྲ་བྱས་ཚུལ།འཇོན་ཐང་ཅི་འདྲ་ཡོད་ཚུལ།བྱ་བ་ཇི་ལྟར་བྱས་ཚུལ།མི་གང་འདྲ་ཡིན་མི་ཤེས་ངེས་རེད།དེ་མིན་དྲ་རྒྱའི་ནང་ནས་གླེང་གཞི་མཐོང་ཙམ་ནས་དེའི་རྐུབ་ལ་རྒྱུགས་ཕྱིན་ན་སྤྱི་ཚོགས་འདིར་ཕན་ལས་གནོད་ཆེ་བ་ཡོང་གི་རེད།
གོང་གི་དེར་(བཀའ་ཤག་སྐབས་བཅུ་གསུམ་)ཞེས་པར་བཅོས་རོགས།ལས་འབྲེལ་ཆེ་བས་ཞུ་བཅོས་བྱ་ཁོམ་མི་འདུག
དྲ་གྲོགས་བྲོ་འཚལ་ལགས།
ཁྱོད་ཀྱིས་ཟླ་བ་ཚེ་རིང་གིས་སྤྱི་སྒེར་བདག་བྱས་པ་དོན་དངོས་རེད་ཅེས་གསུངས་པ་ཙམ་གྱི་མི་ཆོག་དོན་དངོས་ཡིན་ཚུལ་གྱི་ལོ་རྒྱུས་རྒྱུད་རིམ་ཞིབ་གསལ་དང་མཐའ་གསལ་མཐིལ་རྟོལ་ཞིག་གསུངས་དང་།ཁྱོད་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་དཔང་པོར་བཞག་ནས་རྒྱུ་མཚན་ཁུངས་ལྡན་གསུངས་རྒྱུ་ཡོད་ན་ངས་ཀྱང་ཁྱོད་ཐེ་བོང་སྐེར་ནས་རྒྱབ་སྐྱོར་བྱེད་ངེས་ཡིན།
ཟླ་བ་ཚེ་རིང་ལགས་ཀྱི་ཡོངས་གླིང་སློབ་གྲྭའི་སྐོར་ལ་བོད་གཞུང་གི་ཁྲིམས་ཁང་དང་། དེས་མ་ཚད་རྒྱ་གར་གཞུང་གི་ཁྲིམས་ཁང་ཆེ་ཤོས་ཅིག་ཡིན་པ་Simlaསིམ་ལ་ལ་གྱོད་གཏུགས་བྱས་ཚར་པ་རེད་དོ། སུ་ཐོབ་དང་སུ་ཤོར་ངས་གསལ་པོ་རང་མི་ཤེས་ལགས།
དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་གསར་པ་རྣམས་ལ་བཀྲིས་བདེ་ལེཌ་ཞུ།
དྲ་གྲོགས་མང་པོ་ཞིག་གི་དགོངས་ཚུལ་ལྷུག་པོར་བརྗོད་འདུག ག་རེ་གནང་ཡང་འགྲིག་པ་ནི་མང་གཙོའི་ཁྱད་ཆོས་གཙོ་བོ་རེད། ཡིན་ཡང་སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་སྐབས་སྤྱི་ཚོགས་ཀྱི་འགན་འཁུར་དགོས་པ་གལ་ཆེན་པོ་རེད་བསམ་གྱིན་འདུག
དྲ་གྲོགས་ཕུན་རོན་གྱིས་འཕེལ་རྒྱས་བློ་བཟང་དངོས་གྲུབ་དང་། འཕེལ་རྒྱས་བཟོད་གཉིས་མི་གཅིག་ཡིན་མིན་སྐད་ཆ་དྲིས་སོང་། དེ་གཉིས་གཅིག་པ་རེད། ཡོངས་གྲགས་སུ་འཕེལ་རྒྱས་བློ་བཟང་ངམ་བློ་བཟང་དངོས་གྲུབ་ཞུ་བ་དེ་རེད།
སྤྱི་ཚོགས་ནང་གོ་གོ་རིག་རིག་གཉིས་ཀ་བཤད་རྐྱང་བྱས་ན་སྤྱི་ཚོགས་འདི་འུར་འགྲོགས་བྱེད་ཆོག་ཆོག་ཅིག་ཡོད་པ་རེད། མི་ཞིག་ལ་སྐྱོན་བརྗོད་བྱེད་དགོས་ན་བཟང་ཕྱོགས་ནས་ཀྱང་བྱས་རྗེས་ཡོད་མེད་ལྟ་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་སྐྱོན་གཅིག་ཡོད་པ་དེ་རང་གིས་གདོང་ལ་འཛུབ་མོ་ཁོ་ན་བཙུགས་ན་དེ་ཙམ་འོས་འཚམ་འེ་ཡིན་སྙམ།
སྤྱི་འཐུས་ཟླ་བ་ཚེ་རིང་ལ་མཚོན་ནའང་ཡོངས་གླིང་སློབ་གྲྭ་དང་འབྲེལ་བའི་རྩོད་རྙོག་ཅིག་བྱུང་བ་བདེན་པ་རེད། རྩོད་རྙོག་དེ་ཞི་འགྲིག་གི་ཆེད་དུ་མ་བྱས་པར་མི་རེ་ཟུང་སྒེར་གྱི་འཁོན་རྩོད་ལ་ཁ་བསྒྱུར་ཏེ་ཕ་རོལ་པོ་རྩ་མེད་གཏོང་རྒྱུའི་ཐབས་ཤེས་འཐེན་པ་རེད།
དེ་ནས་ཚུར་ཕྱོགས་པོ་ཀྱང་ངར་བ་རེད། མཐའ་དོན་གཏིང་རིང་བའི་ཁྲིམས་ཁང་གི་རྙོག་ཅིག་ཆགས་པ་རེད། ཟླ་བ་ཚེ་རིང་གིས་ཤེས་རིག་ལས་ཁུངས་སུ་ཐེངས་གཉིས་གསུམ་ལ་ཡི་གེ་ཕུལ་ཏེ་ཡོངས་གླིང་སློབ་གྲྭ་གཞུང་གིས་བདག་གཉེར་བྱེད་ཚེ་རྩིས་ལེན་དུ་ཤོག་ཅེས་བརྗོད་པ་རེད། གཞུང་གིས་རྩིས་གཞེས་མ་གནང་བ་རེད། རྩོད་རྙོག་འདི་ལ་ཁ་གཡར་ཏེ་གང་ཟག་སྒེར་པ་ཁ་ཤས་ཀྱིས་ཕྱོགས་གཏོགས་བཟོས་ཏེ་ཟླ་ཚེས་སྤྱི་རྒྱུ་སྒེར་བདག་སོགས་མིང་འདྲ་མིན་བཏགས་པ་རེད་མ་གཏོགས། དོན་དངོས་ཟླ་ཚེས་དང་འབྲེལ་བའི་རྙོག་གླེང་འདི་སེལ་མི་ཐུབ་པའི་གནད་འགག་ཅིག་མ་རེད།
ཟླ་བ་ཚེ་རིང་ནི་ས་གནས་འགོ་འཛིན་དུ་སྡོད་རིང་དཔེ་བཟང་ཅན་གྱི་ས་གནས་འགོ་འཛིན་ཞེས་མང་གཙོ་ཚགས་པར་ནང་ཐོན་ཡོད་པ་རེད། དེ་ནས་བཟུང་ཁོས་སྤྱི་ཚོགས་ཀྱི་ཆེད་དུ་ལས་ཀ་གང་མང་ཞིག་བྱས་པ་མ་ཟད་༸གོང་ས་མཆོག་གིས་སྤྱི་འཐུས་སུ་ཐད་བསྐོ་གནང་བ་རེད། ད་ལྟའི་ཆར་ཡང་ཡོངས་གླིང་སློབ་གྲྭའི་དབུ་འཛིན་དང་། ལས་མེད་ཚོགས་པའི་དབུ་འཛིན། དབུས་གཙང་སྤྱི་འཐུས། དབུས་གཙང་ཚོགས་གཙོ། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགན་འཛིན་བཅས་རེད།
ལས་འབྲས་དབང་དུ་བཞག་ནས་བཤད་ན་ཁོང་ལྟ་བུར་ལས་ཀ་བྱེད་ཐུབ་མཁན་བོད་པའི་སྤྱི་ཚོགས་ནང་ཉུང་ཉུང་རེད། གྲ་མ་འགྲིག་པའི་ལས་དོན་གཅིག་ལ་བརྟེན་ནས་མི་དེ་རྩ་མེད་བཟོ་རྒྱུར་བཤད་ན་བོད་པའི་སྤྱི་ཚོགས་འདི་ཡག་པོ་མ་རེད། སྒེར་གྱི་འཁོན་འཛིན་ཁོ་ནས་དབང་དུ་བྱས་པ་དང་། གོ་བརྡ་འཕྲོད་ཙམ་མ་འཕྲོད་པའི་ཐོག་ནས་རྒྱབ་བཤད་རྒྱབ་པར་དེ་ཙམ་ཆོ་ཡོད་པ་མ་རེད།
ཕྱི་ཚེས་༢༤་ཉིན་ཟླ་བ་ཚེ་རིང་ཁེ་ན་ཀྲར་ཚོགས་འདུར་ཕེབས་ཀྱིན་ཡོད་པས་དུས་ཚོད་མེད་མོད། ཕྱིར་འཁོར་མཚམས་ཡོངས་གླིང་དང་འབྲེལ་བའི་རྩོད་རྙོག་དེ་ཐད་ཀར་བཀའ་འདྲི་ཞུས་ཏེ་དྲ་གྲོགས་ཚོས་སྤྱན་སྔར་འབུལ་བ་ལགས་ན་ཉ་དང་ཉུང་མ་མཉམ་བསྲེས་མི་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།
དྲྭ་གྲོགས་ཚོ་ངའི་དྲི་བ་ཞིག་ཉན་རོགས་
དབུ་མའི་ལམ་གྱི་ལོང་ཕྱོགས་ངོས་བཟུང་གནང་ནས་་་་་་་
ཆོལ་ཁའི་ཞེན་ཁོག་ཅན་ཞིག་གིས་དབུ་འཛིན་འོང་ངམ།???????????????
བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། བརྒྱ་བཤད་ཚིག་གི་མདོ་རྩ། ༸གོང་ས་མཆོག་དང་གཞུང་གི་ལམ་ཕྱོགས་སུ་བསྐྱོད་མཁན་ཡིན་ཙང་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།
སྙིང་རྩ་ལྕགས་སྤུག་ཏུ་བསྒྱུར་ནས་༸གོང་ས་མཆོག་དང་གཞུང་ལ་རྒྱབ་གཏོད་མཁན་ཚོའི་མིག་ཚ། སྙིང་འདར་ན་ཡང་སྡིག་ཀྱོང་རེད།
ཞེན་ཁོག་ཅན་གྱི་བོད་པའི་སྤྱི་འཐུས་
སྙན་གྲགས་ཅན་གྱི་དབུ་མའི་ལམ་གྱི་འགན་འཛིན་
ཕྱོགས་ཁག་ཅན་དབུས་གཙང་ཆོལ་ཁའི་འཚོགས་གཙོ་སོགས་་་་་་་་་་་
ཁ་གཅིག་གི་ཉ་དུ་མ་ཞིག་བཟུང་ནུས་སམ་་་་་་་་་་་་????????
རྣམ་པ་ཚོ་རླུང་ལངས་མ་ལངས་ག་རེ་ཡོད་པ་རེད། དབུས་རྒྱུན་མང་ཆེ་བ་ཡག་པོ་འདུག ཡིན་ནའང། འདིའི་ནང་ཨ་ལགས་འཇིགས་མེད་སྡོམ་ཤོར་ལྟས་ངན་དེའི་ཨབ་ཕྲུག་སྤྱི་འཐུས་རྨོག་རུ་བསྟན་པ་ཟེར་བ་དེ་འདུག་པ་འདི་ཡག་པོ་མ་རེད། ཁོང་ཚོས་དཔུང་སྒྲིལ་ནས་དེ་སྔ་ཀླུ་མཁར་བྱམས་ལ་བགྲོ་གླེང་མི་བྱེད་པར་སྤྱི་འཐུས་སུ་འདེམས་རྒྱུའི་མཚོན་མདུན་ལམ་ལ་གཏོར་བཤིག་བཏང་བ་རེད། འདི་འདྲའི་མགོ་གཉིས་ཅན་རྣམས་དབུ་མའི་ལམ་གྱི་དབུས་རྒྱུན་དུ་སླེབས་པ་རྟེན་འབྲེལ་ཡག་པོ་མ་རེད། དེ་ལ་ལས་འགུལ་ཁང་གི་ངོས་ནས་གཟབ་གཟབ་དང་ཞབས་བརྟན་རེ་སྒྲུབ་ན་ཡག་པོ་རེད།
སྤྱི་འཐུས་རྨོག་རུ་བསྟན་པས་བཤད་སྟངས་བྱས་ན། ཤར་ཕྱོགས་ཁུག་རྟ་དྲུང་ཆེར་བསྐོས་ཙང་ཁོང་གིས་བཀའ་ཁྲི་ཁྲིམས་ཁང་དུ་མི་བསྐྱལ་བ་བྱས་པ་རེད་ཟེར། དེ་བདེན་པ་རེད་དམ། དབུ་མའི་ལམ་ལས་འགུལ་ཁང་དང་སྒོས་སུ་ཤར་ཕྱོགས་ཁུག་རྟ་ལ་དྲི་བ་ཡིན། འདི་བདེན་པ་རེད་དམ།
རྣམ་པ་ཚོ་མང་ཤོས་དབུ་ལམ་ཚང་ལ་སྡང་ཟུག་ཆེན་པོ་བྱེད་དོན་ངོ་མ་གང་ཡིན་གསུང་རོགས་ཀྱིས་དང་།
སྡང་ཟུག་ཆེན་པོ་བྱེད་ཡུལ་ནི་འཚོགས་པའི་ངོ་བོར་ཡིན་ནམ་???’འཚོགས་པའི་འགན་འཛིན་ལ་ཡིན་མིན་དཔྱད་རོགས་་་་བདག་རྣམ་རྟོག་ལ་རྣམ་རྟོག་ཞིག
དབུ་མའི་ལམ་གྱི་ཚོགས་པ་འདི་ནི་ནང་ཁུལ་རྙོག་དྲ་ཡོང་བའི་རྐྱེན་རྩ་་ཞིག་ཆགས་ཉེན་འདུག དང་པོའི་ཀུན་སློང་དེ་ལྟར་མིན་ཡང་དེ་ལྟར་ཆགས་ཉེན་འདུག ཚོགས་གཙོ་ནས་མར་བལྟ་དུས་མི་དེ་ཚོ་སླེབས་པ་ཙམ་གྱིས་ཁམས་པ་ཚོས་དགའ་པོ་བྱེད་ཀྱི་མ་རེད་ལ་ག་དུས་ཡིན་ནའང་གནོད་བསྐྱེལ་ཁ་བརྡུང་གཏོང་གི་རེད། ག་རེ་ཟེ་ན་ཁོང་ཚོའི་བར་སྔར་ནས་འཆམ་པོ་མེད་པ་གསལ་རེད་ལ་ཁམས་པའི་རྒྱུས་མངའ་ཡོད་ཡོད་རེད། དེ་ལྟར་བྱུང་ན་བོད་སྤྱི་དང་རྩ་དོན་ལ་ཕན་རྒྱུའི་ཚབ་ཏུ་གནོད་རྒྱུ་ལས་མ་འདས། སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་མཁན་དེ་ལ་ཀུན་ཀྱི་སྤྱི་མོས་ཡོད་པའི་མི་ཞིག་དང་ཚོགས་པ་དགོས་པ་གལ་ཆེ། དེ་མིན་ཚོགས་པ་དང་མི་ངོ་ལ་བལྟས་ནས་དབུ་མའི་ལམ་ལ་ཡང་ཅག་ཅག་བྱེད་ཉེན་ཡོད། བསམ་བློ་ཡག་པོ་གཏོང་དགོས།
ངོ་མ་དབུ་མའི་ལས་འགུལ་ཁང་འདིིའི་སྔ་ཕྱི་བར་གསུམ་གྱི་ལས་དོན་སྐོར་ནས་བལྟས་ན་ཧ་ལས་བའི་ནུས་པ་ཞིག་གཏན་ནས་ཐོན་གྱི་མེད། དེ་ནི་གཙོ་བོ་ཚོགས་གཙོ་ཟླ་བ་ཚེ་རིང་གིས་ཕྱོགས་ལྷུང་འཐེན་འཁྱེར་གྱི་རྣམ་པ་འདིས་མི་མང་པོ་ཞིག་གི་སེམས་སུ་སུབ་ཏུ་མེད་པའི་རྨ་ཁ་བཟོས་ཡོད་ལ། དེ་མིན་ཤར་ཕྱོགས་ཁུག་རྟས་ད་བར་བོད་གཞུང་མང་གཉིས་ཀྱི་ཆབ་སྲིད་དབུ་ཁྲིད་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་སྐྱོན་འཛུགས་མང་དག་གཅིག་བྱེད་ཀྱི་ཡོད་པ་སོགས་ཀྱིས་ངོ་མ་ལས་འགུལ་ཁང་འདིར་གནོད་པ་ཆེན་པོ་འཐེབས་ཀྱི་འདུག ད་རེས་ལས་བྱེད་གསར་འདེམས་བྱུང་བ་ཡག་པོ་བྱུང་ཡང་། ཚོགས་གཙོ་བསྐྱར་དུ་འདེམས་པ་ཕམ་ཁ་ཆེན་པོ་ཞིག་དང་། ཤར་ཁུག་ཕམ་ཁ་བྱུང་བ་ལས་འགུལ་ཁང་གི་རྒྱལ་ཁ་ཡིན། དེ་མིན་རྨོག་རུ་བསྟན་པ་ཚོགས་གཞོན་དུ་སླེབས་པ་ཡག་ཕྱོགས་ཀྱི་རྣམ་པ་ཞིག་རེད།
དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་འདུ་རྒྱལ་ཁའི་ངང་ཚོགས་ཐུབ་པ་བྱུང་བ་དང་། ལས་བྱེད་གསར་པ་གསར་འདེམས་བྱུང་བར་སྙིང་ཐག་པ་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་བར་ཕྱི་ནང་བར་གསུམ་དུ་ལས་འགུལ་ཐོག་ཕྱག་ལས་མང་དག་གཅིག་གནང་བར་རྒྱབ་སྐྱོར་དང། མ་འོངས་བར་མི་མཐུད་ནས་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་ནས་མིང་དོན་མཚུངས་པའི་དབུ་མའི་ལམ་ཞིག་བསྐྲུན་ཐུབ་པའི་རེ་བ་ཆེན་པོ་ཡོད།
མདོ་སྨད་པ་བླུན་པོ་ཟེར་བ་འདི་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཡིན་ས་རེད། ཡོངས་གྲགས་ཁོང་ལ་མགོ་གཉིས་མ་ཟེར་གྱི་ཡོད་པ་དེ་ངོ་ནས་ཡིན་ས་རེད། ཤར་ཕྱོགས་ཁུག་རྟའི་ཡོན་ཏན་ལ་རྨོག་རུ་བསྟན་པས་ལོ་བརྒྱ་ལ་སྦྱངས་ཀྱང་འགྲན་བསྡུར་ག་ནས་ཐུབ། དངོས་གནས་རྨོག་རུ་བསྟན་པས་ད་བར་རང་གི་ལས་གྲོགས་དག་ལ་རྒྱབ་བཤད་གནང་སྟེ་ཡར་མར་གང་དུའང་འབྱར་ཆོག་ཆོག་པ་དེ་ཁོང་གི་གཤིས་ཀ་རེད།
ཨ་ལགས་འཇིགས་མེད་ལྟས་ངན་དེའི་ཨབ་ཕྲུག་ཡིན་ན་དངོས་གནས་སྙིང་རྗེ་བ་ལ། ཨ་ལགས་འཇིགས་མེད་ཀྱིས་དགའ་ལྡན་ཀླུ་འབུམ་ཁམས་ཚན་དུ་ཁ་པར་བཏང་ནས་རྨོག་རུ་བསྟན་པ་འོས་ཤོག་འཕེན་དུ་བཅུག རྨོག་རུ་བསྟན་པས་ཨ་ལགས་འཇིགས་མེད་ལ་རྒྱབ་རྩ་བྱས་ཏེ་ཁམས་ཚན་ཁག་ནས་ས་ཡིག་རྫུན་མ་བསྡུས་ཏེ་ཀླུ་མཁར་བྱམས་སྤྱི་འཐུས་སུ་སླེབས་རྒྱུར་བར་ཆད་བྱས། དངོས་གནས་མདོ་སྨད་ཚང་གི་བྱབ་ཆུང་དེ་ཚོའི་བྱ་བ་སྤྱོད་པ། ད་དུང་རྒྱབ་ལ་གཟན་ཤབས་འདྲ་གྱོན་ནས་འདུག་པ་ནི་ཡི་མུག་པ་ཞིག་མ་རེད་དམ།
མདོ་སྨད་པ་ལ་སྟག་འདྲ་གཟིག་འདྲ་ཡོད་ནའང། འདི་འདྲའི་སྐྱ་མིན་སེར་མིན་མང་པོ་ཞིག་དུས་སྙིགས་མར་མང་དུ་འགྲོ་བ་འདི་ཅི་ཞིག་ཡིན་ཨང།
ད་བྱས་ན་འུ་ཚོས་འོས་ཤོག་ཞིག་འཕེན་དང་། དེ་ནས་ཤེས་ཡོང་།
ང་ནི་སྤྱི་འཐུས་ཟླ་བ་ཚེ་རིང་ལ་རྒྱབ་སྐྱོར་ཡོད།
མ་ཟད་དབུ་མའི་ལམ་མི་མང་ལས་འགུལ་ཁང་འདི་ཚོགས་གཙོའི་འཇོན་ཐང་ལ་བརྟེན་ནས་ཏན་ཏན་རྡ་སའི་ནང་གི་ཚོགས་པ་ཚགས་ཚུད་ཤོས་ཤིག་ཆགས་ངེས་རེད།
ཁྱོད་ཚོས་རྗེས་ལ་ལྟོས་ཤིག
ཁ་ཐུག་ཞུས་ན། བྱང་རྩེའི་དབུ་མཛད་ནོར་བཟང་ཟེར་བ་ནི། གཞུང་སེམས་ཁ་ལ་འཁྱེར་ནས། རང་དོན་ཁོག་བཅུག་བྱེད་མཁན་ཞིག་རེད། དཔེར་ན་དེ་སྔ་ཁོ་རང་དགའ་ལྡན་དགོན་པའི་འཁྲབ་སྟོན་ཕྱིར་བསྐྱོད་བྱས་པའི་ཁོ་རང་གི་སྤ་སེའི་ཐོག་སྤུན་མཆེད་མཚེ་ཕྲུག་དེ་སུད་སིར་བཏང་བ་རེད། དེ་འདྲ་དགའ་ལྡན་དགོན་པ་དང་རྒྱ་གར་གཞུང་། སུད་སི་གཞུང་བཅས་ལ་མགོ་སྐོར་བཏང་ཚར་བ་རེད། ད་དུང་བོད་གཞུང་ལ་མགོ་སྐོར་གཏོང་བཞིན་ཡོད་པ་རེད། ཁོ་དང་ཁོའི་སྤུན་མཆེད་གཉིས་ཀྱིས་ལས་ཀ་བྱེད་ཚད་རྒྱལ་བ་རིན་པོ་ཆེས་ནང་མོལ་བཀའ་ཕེབས་སོང་ཟེར་མི་དམངས་ལ་མགོ་སྐོར་བཏང་དང་གཏོང་བཞིན་ཡོད་པ་རེད།
ཚང་མས་གཟབ་གཟབ་གནང་རོགས།
གང་ལྟར་ལས་རོགས་ཚོས་གཟབ་དགོས། དེ་མིན་དབུ་མའི་ལམ་ཁ་ལ་འཁྱེར་ནས་ཕྱི་རྒྱལ་ལ་སྤུན་མཆེད་དང་ཨ་ནི་དགའ་པོ་དེ་ཚོ་ཕྱི་རྒྱལ་ལ་བཏང་ཨེ་ཐུབ་བལྟ་གི་རེད།
དྲང་པོ་ཞུས་ན་ཟླ་བ་ཚེ་རིང་ལ་བྱས་རྗེས་དང་བྱེད་ཉེས་གཉིས་ཀ་འདུག མཐའ་གཅིག་ཏུ་བཟང་པོ་རེད་དང་ངན་པ་རེད་ཅེས་བཤད་ན་དེ་གཉིས་ཀ་ཕྱོགས་ལྷུང་གི་སྐད་ཆ་རེད་འདོད། དེས་ན་ཕྱོགས་སུ་མ་ལྷུང་བའི་སྐད་ཆ་རེ་ཤོད། གཞུང་དམངས་གཉིས་ཀ་ལ་དེས་ཕན་རྒྱུ་རེད།
སྤྱི་འཐུས་ཟླ་བ་ཚེ་རིང་གི་ལྷག་བསམ་དང་བྱས་རྗེས་ལ་གཟིགས་སྙིང་བྲོ་གི་ཡོད་ན། རྡ་སར་ཕེབས་ནས་རྡ་སའི་ཆོལ་གསུམ་སྤུན་ཟླ་མི་མང་དཀྱུས་མ་རྣམས་ཀྱི་མཉམ་དུ་སྒྲིལ་གཤིབས་བྱས་ནས་སྐད་ཆ་ཉན་དང་ཤེས་ཀྱིས་རེད། སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྐྱོན་བརྗོད་དང་དམའ་འབེབས་གནང་སྙིང་བྲོ་གི་ཡོད་ན་སྤྱི་ཟུར་གཡུང་དྲུང་རྒྱལ་མཚན་དང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་སོགས་ཀྱི་ཞབས་ལ་སྟུགས་ནས་ཉམས་ལེན་བགྱིས་དང་ལམ་སེང་རྟོགས་པ་རྙེད་སྲིད། དེར་རྟེན་ཕྱོགས་གཉིས་ནས་དགོངས་པ་བཞེས་དགོས།
སྤྱི་འཐུས་ཟླ་བ་ཚེ་རིང་སྤྱི་དོན་ལྷག་བསམ་ཆེ་བས། རྡ་སའི་ལྐོག་བཟའ་རུལ་སུངས་བྱེད་མཁན་ཚོར་གནོད་ཡོད། དེར་བརྟེན་ཁོང་ལ་གཟུགས་མེད་གྲིབ་བཟོའི་སྐྱོབ་བརྗོད་བྱས་པ་རེད།
ད་ཡང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱབ་ལོག་ཏུ་ལྟས་ངན་ཨ་ལགས་འཇིགས་མེད་ཟེར་བ་དེ་སླེབས་ཚར་ཤག
དངོས་གནས་ཡིན་ནམ། གཡང་བྱམས་ཁོ་རེ།
བླ་རྒན་བུ་མོར་དགའ་པོ་དེས་རྡ་སར་ངོ་སྤྲོད་ཤོག་བུ་ཞིག་ལེན་ཞོར་ངའི་སྐྱེ་དམན་ལ་འོ་ཞིག་ཨུ་ཚུགས་ཀྱིས་བརྒྱབ་འདུག རྡ་རམ་ས་ལ་ཁོའི་དངུལ་གྱིས་ཉོས་ཟིན་ཀྱང་། ཡུལ་ཁྲིམས་ལ་ཐུག་ན་བཙན་གཤེད་བཏང་བའི་ཉེས་པ་གཏོང་ངེས་རེད། འོན་ཀྱང་བོད་པ་ཚང་དང་རྒྱལ་བ་རིན་པོ་ཆེའི་མཚན་ཤས་ལ་འགྲོ་རྒྱུར་དོགས་ནས་ངས་ཁ་མཆུ་རྒྱབ་མེད།
ལ་རྒྱའི་བདག་པོ་ལགས། ཁྱེད་ཀྱིས་ཁྱད་ཆོས་བཅུ་ལྡན་གྱི་སྒོ་ནས་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་མངོན་པར་གནང་འདུག་པར་བསམ་ཚུལ་མདོར་བསྡུས་ཞུ་འདོད་བྱུང་། ༢པའི་ལན། ༧གོང་ས་མཆོག་གིས་ཆེ་མཐོང་གནང་མྱོང་བའི་མིར་སྐྱོན་བརྗོད་པར་༧གོང་ས་མཆོག་གིས་གཟིགས་ཕྱོགས་ནོར་བ་ཡིན་པར་ངོས་འཛིན་དགོས་ན་མགོན་པོ་གང་གིས་ཐད་བསྐོས་གནང་བའི་རྣམ་གྲ་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེའི་རྙོག་གླེང་དང་ལྷག་པར་མགོན་པོ་གང་ཉིད་ཀྱིས་དངོས་སུ་བསྟེན་མྱོང་བའི་དོལ་རྒྱལ་ལ་དམའ་ཇི་ལྟར་འབེབས། ༣པའི་ལན། མི་དམངས་ཀྱིས་བདམས་པའི་སྤྱི་འཐུས་ཤིག་ལ་སྐྱོན་བརྗོད་པར་ཆོལ་ཁའི་དཀྲུགས་ཤིང་དུ་འགྱུར་ན་མདོ་སྨད་མི་དམངས་ཀྱིས་བདམས་པའི་སྤྱི་འཐུས་སྒྲོལ་དཀར་ལྷ་མོའི་སྐོར་ཡང་གླེང་མི་ཆོག་པས་ད་ནས་བཟུང་བདམས་ཟིན་པའི་དཔོན་པོར་ཅི་མཛད་ལེགས་པར་ལྟ་རྒྱུ་དང་ཅི་གསུང་ཚད་མར་འཛིན་རྒྱུ་ལས་གཞན་ཅི་ཡོད། ༡༠པའི་ལན། གལ་སྲིད་གཞུང་རྒྱུ་སྒེར་བདག་གིས་འཛིན་སྐྱོང་ཚགས་ཅུང་ཚུད་པོ་ཡོད་པ་ཙམ་གྱིས་དོན་ལྡན་དང་ཁྲིམས་མཐུན་དུ་འགྱུར་དགོས་ན་རྒྱ་གར་ལྷོ་ཕྱོགས་ཀྱི་ཇག་པ་གྲགས་ཅན་འདས་པ་ཝི་རབ་པིས་ཟེར་བ་དེས་གཞུང་དངུལ་དང་ཚོགས་སྡེ་འདྲ་མིན་གྱི་དངུལ་རྐུ་འཕྲོགས་བཅོམ་གསུམ་བྱས་ནས་དངུལ་དེ་དག་མི་དམངས་ཉམ་ཐག་ལ་བགོ་འགྲེམས་བྱས་པ་དེའང་ཁྲིམས་འཐུན་དང་དོན་ལྡན་གྱི་བྱ་བ་ཞིག་ཁོང་ཡང་སྤྱི་མི་ཚད་ལྡན་ཞིག་ཏུ་མི་འགྱུར་རམ། དེ་བཞིན་རྡ་སའི་ཁྱིམ་བདག་ཕ་མ་བརྒྱ་སྐོར་ཞིག་གིས་སྤྱི་འཐུས་ལྷན་ཁང་དང་བཀའ་ཤག་གི་མདུན་ལ་ཞུ་འབོད་ཀྱིས་ཟླ་ཚེར་རྒྱབ་སྐྱོར་བྱེད་དོན་ཡང་ཁོས་འཇིགས་བསྐུལ་གྱི་འོག་ནས་བྱས་པ་ལས་རང་སྟོབས་ཀྱིས་མ་ཡིན་པ་ཡོངས་གྲགས་ཡིན་པས་ཉི་ཤར་སྦར་མོས་ཇི་ལྟར་ཁེབ། སྤྱིར་ན་ངེད་ཅག་གིས་ཁོ་སྐྱོན་གྱི་ཕུང་པོ་ཙམ་ལས་བྱས་རྗེས་དང་འཇོན་ཐང་གང་ཡང་མེད་ཅེས་བརྗོད་མེད། ཁྲིམས་འགལ་གྱི་བྱ་སྤྱོད་འདི་ཁྲིམས་འགལ་རང་དུ་བརྩིས་ཏེ་གྲོས་ཚོགས་དང་ཚོགས་སྡེ་ཁག་གི་མཚན་མཐོང་གི་ཆེད་དུ་ཁོ་བཞག་ན་མི་འོས་ཚུལ་གཙོ་བོ་བརྗོད་པ་ཡིན། ཁོང་འདིར་སླེབས་པ་ཁོང་གི་སྐྱོན་མ་ཡིན་པར་འདེམས་མཁན་ཚོས་ནོར་འཁྲུལ་མི་འདྲ་བ་གསུམ་གྱི་སྒོ་ནས་ཡིན། མ་རྟོགས། ལོག་རྟོག དྲི་མ་ཅན་གསུམ་ལས་དང་པོ་མ་རྟོགས་པ་ནི་ཁོས་སྤྱི་ཚོགས་ཁྲོད་ལས་འགུལ་སྣ་མང་རྩོམ་པའི་གཟང་ཕྱོགས་ཙམ་མཐོང་ཡང་ངན་ཕྱོགས་མ་མཐོང་བའི་རིགས་ཁ་གཅིག་ནི་མ་རྟོགས་པའི་སྐྱོན་ཅན་དང་། ལ་རྒྱའི་བདག་པོ་ལྟ་བུ་འཇོན་ན་གཞུང་རྒྱུ་སྒེར་བདག་བྱས་པའང་ཡང་དག་པར་འཛིན་པ་ཁག་གཅིག་ནི་ལོག་པར་རྟོག་པའི་སྐྱོན་ཅན། དེ་བཞིན་གནས་ཚུལ་ཆ་ཚང་རྟོགས་ཀྱང་རང་ཉིད་དང་ཐག་ཉེ་བ་དང་། སྡེ་ཚན་ག་གེ་མོར་ཤ་ཚ་དང་ཞེན་ཁོག་ཡོད་པ་ཙམ་རྒྱུ་མཚན་དུ་བྱ་མཁན་དྲི་མ་ཅན་གྱི་རིགས་ཁག་གཅིག་བཅས་ཀྱིས་མི་འདི་གྲོས་ཚོགས་ར་བ་དང་དེ་བཞིན་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣར་བསྐོས་པ་ཡིན་པ་ཁྱེད་ཀྱིས་ཤེས་ན་ལེགས། ཁྱེད་ཀྱི་བཅའ་ཁྲིམས་ཞེས་བརྗོད་བཞིན་འདུག བཅའ་ཁྲིམས་གང་ཞིག་ཏུ་གཞུང་རྒྱུ་སྒེར་བདག་བྱ་ཆོག་པ་གསལ་ཡོད། ད་ལེན་དུས་ཚོད་རྐྱེན་པས་འདི་ཙམ་ཡིན།
ཡུལ་འགྱར་བ་ཟེར་བ་འདི། བསྡུས་གྲའི་རིགས་ལམ་ཏོག་ཙམ་སྦྱངས་མྱོང་ཡོད་པ་འདྲ། རིགས་པ་འདྲ་ཏོག་ཙམ་གཏོང་མདོག་བྱས་འདུག་འོན་ཀྱང་དངོས་ཡོད་གནས་ཚུལ་ལ་རིགས་འདྲེ་མང་པོ་བྱས་ན་མཐའ་མི་འཁྱོལ། དཔེར་ན། ༧གོང་ས་མཆོག་གིས་གཟིགས་སྐྱོང་གནང་སའི་མི་ལ་རབ་འབྲིང་ཐ་གསུམ་ཡོད། དེ་ཚོ་ཚང་མ་གཅིག་ཏུ་བསྲེས་ན་ག་པར་སླེབས་སོང་། དེ་བཞིན་མི་དམངས་ཀྱིས་འདེམས་པའི་སྤྱི་མཐུས་ལ་ཡང་སྐྱོན་ཡོད་མེད་གཉིས་ཀ་ཡོད། སྐྱོན་ཡོད་པ་ཞིག་ལ་སྐྱོན་བརྗོད་བྱས་ན་དེ་ཆོལ་ཁ་དང་མི་དམངས་ཕན་ཚུན་དཀྲུགས་ཤིང་དུ་མི་འགྱུར་ཡང་། སྐྱོན་མེད་པ་ཞིག་ལ་སྐྱོན་བརྗོད་བྱས་ན་གོང་གི་དེ་ལས་ལྡོག་ཕྱོགས་ཀྱི་འབྲས་བུ་སྨིན་སྲིད།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com