(བོད་ཀྱི་དུས་བབ་ནས་དྲངས།)
ཞི་ཅིན་ཕིན་གྱིས་བོད་རྒྱ་ནག་ནས་ཁ་བྲལ་དུ་གཏོང་མཁན་ལ་མུ་མཐུད་ཁ་གཏད་གཅག་སྟེ་བོད་ནང་རྒྱ་ནག་གཞུང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་སྐོར་བསྒྲགས་འདུག
ཟླ་འདིའི་ཚེས་ ༢༤ ནས་ཉིན་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་ནག་གི་མཐོ་རིམ་དཔོན་རིགས་འདུ་འཛོམས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཞི་ཅིན་ཕིན་གྱིས་༧གོང་ས་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མུ་མཐུད་ཁ་གཏད་གཅོག་དགོས་པ་དང་། བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་པ་བྱས་ཏེ། བོད་ནང་དུ་རྒྱ་གཞུང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་སྐོར་བརྗོད་ཡོད་པ་མ་ཟད། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དྲ་བའི་ཐོག་དབུ་མའི་ལམ་ལ་ངོས་ལེན་མེད་པའི་དཔྱད་རྩོམ་སྤེལ་འདུག
ཚོགས་ཐོག་ཏུ་ཞི་ཅིན་ཕིན་གྱིས་མ་འོངས་བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གཏམ་བཤད་བྱས་དོན། བོད་ཀྱི་ལས་དོན་དེ་རྒྱ་ནག་གཞུང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། རྒྱ་ནག་གཞུང་གིས་སྔར་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་ངོ་ ༦༠ ལྷག་གི་ལག་ལེན་གྱི་བརྒྱུད་རིམ་ནང་ང་ཚོར་ཏང་གི་བོད་སྐྱོང་ཐབས་ཇུས་ཆགས་པ་དེ་ནི་ངེས་པར་དུ་རྒྱ་ནག་གཞུང་གི་མགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ཡང་དག་པའི་ངང་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། རྒྱ་ནག་གི་མི་རིགས་དང་རིག་གནས། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཟམ་མི་ཆད་པར་ཇེ་ཟབ་ཏུ་གཏོང་དགོས་པ། ངེས་པར་དུ་རྒྱ་ནག་གཞུང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་པོ་སྤྱི་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་རྒྱ་ནག་གཞུང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ཞེས་དང་།
ཡང་ཁོ་བོས་བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་པ་བྱེད་དགོས་སྐོར་བརྗོད་དོན། བོད་བརྒྱུད་ནང་བསྟན་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་བླང་བྱར་གཞིགས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་དགོངས་འགྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ངང་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་སོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་གཅིག་འགྲིལ་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་མེས་རྒྱལ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ཞེས་སོགས་བརྗོད་འདུག
མདང་དགོང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྐད་འཕྲིན་དྲ་ཚིགས་ཐོག་སྨྱུག་མིང་ལ་སྐལ་བཟང་ཟེར་བ་ཞིག་གིས། ༼རྒྱ་ནག་གཞུང་གིས་ནམ་ཡང་ཏཱ་ལའི་བླ་མས་བཏོན་གནང་མཛད་པའི་དབུ་མའི་ལམ་ལ་ཁས་ལེན་བྱ་མི་སྲིད༽ཅེས་པ་ཞིག་བཀོད་དེ། སྔོན་ཆད་རྒྱ་ནག་དབུས་གཞུང་གིས་དབུ་མའི་ལམ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུར་ཁས་ལེན་བྱས་མེད་པ་མ་ཟད། ད་ལྟ་དང་མ་འོངས་པའང་བྱ་མི་སྲིད། ང་ཚོར་ཏཱ་ལའི་བླ་མས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་དགོས་པའི་དགོས་འདུན་འདོན་དགོས་དོན་ནི། བོད་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་ལས་བྲལ་ནས་རྒྱལ་ཁབ་གཅིག་ནང་རྒྱལ་ཁབ་གཞན་ཞིག་འཛུགས་ཆེད་ཡིན་སྟབས། ང་ཚོས་དབུ་མའི་ལམ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུར་ཁས་ལེན་བྱ་མི་སྲིད། ཅེས་སོགས་བརྗོད་འདུག
དེ་རིང་རོའུ་ཌར་གསར་ལམ་གྱིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྐད་ཆ་ཞིག་ལུང་འདྲེན་བྱས་པའི་ནང་། ཏཱ་ལའི་བླ་མ་དང་ཡུལ་གྱར་སྲིད་གཞུང་གིས་བཏོན་པའི་དབུ་མའི་ལམ་ནི། རྒྱ་ནག་གི་བཞི་ཆ་གཅིག་དུམ་བུར་བཏང་སྟེ། ལོ་རྒྱུས་ཐོག་རྒྱ་ནག་གི་ཞིང་ཆེན་ཁག་ནང་ཚུད་པའི་བོད་ཁུལ་ཁག་ཚུར་ལེན་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཐབས་ཇུས་ཤིག་ཀྱང་ཡིན་སྟབས། ང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མིན། ཞེས་བརྗོད་འདུག
གསར་འགོད་པ། དོན་གྲུབ།
ཆབ་སྲིད་པས། སང་ཉིན་ངོས་ལེན་བྱ་རྒྱུ་ཡིན་ན་ཡང་། དེ་རིང་ངོས་ལེན་མེད་ཟེར་རྒྱུ་དེ། ཁོང་ཚོས་ལས་འགན་རེད། སེམས་ཤུགས་ཆག་མི་ཉན་ནོ།།
ཨ་ཁོ་རེ་ཀརྡོ། ཆབ་སྲིད་པས་སང་ཉིན་ངོས་ལེན་བྱེད་རྒྱུ་དེ་རིང་མིན་ཟེར་ན། སང་ཉིན་ག་དུས་སླེབས་ཀྱི་རེད། འདིའི་མིང་ལ་རྒྱ་དོགས་པས་ཕུངས། བོད་རེ་བས་ཕུངས་ཟེར་ལེ་མ་རེད་པས།?
རྒྱ་ནག་གཞུང་གི་ངོས་ནས་རང་བཙན་དང་དབུ་མ་གཉིས་ལ་ངོས་ལེན་མེད་པ་གཅིག་མཚུང་ཡིན་ཟེར་དུས་ང་ཚོས་ལམ་དབུ་མ་བཤད་ན། བོད་མི་ནང་ཁུལ་འགལ་བ་བཟོ་བྱེད་ལས་ཕན་ཐོག་མི་འདུག
དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོབ་ན། ད་ང་ཚོས་འགྱུར་བ་གཏོང་རྒྱུ་ལས་གཞན་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྐད་ཆ་ཐར་ཐོར་རེ་སྣ་བས་ཐོས་པ་ཙམ་གྱིས་སེམས་ཤུགས་ཆག་མི་རུང་། མ་གཞི་བོད་རིགས་ཡོངས་རྫོགས་རང་སྐྱོང་ཚད་མཐོན་པོ་ཞིག་ཐོབ་རྒྱུ་རྒྱ་ནག་ལ་གནམ་ས་འགྱུར་བ་ལྟ་བུ་ཞིག་བྱུང་ན་མ་གཏོགས་ཧ་ཅང་ཁག་པོ་རེད། སྡེ་དགེ་འབྲུ་ཆུའི་ཡན་ལ་རང་སྐྱོང་ཚད་ལྡན་ཞིག་ཐོབ་ནའང་ཆོག་པར་སྙམ། བོད་རིགས་ཡོངས་རྫོགས་ཟེར་དུས་རྒྱ་ནག་གི་མངའ་སྡེའི་མང་བོའི་ནང་ན་ཡོད་སྟབས་གང་ཇི་ཐད་ནས་སྟབས་བདེའི་མ་རེད། །
ཆབ་སྲིད་རིག་པས་ཆབ་སྲིད་ནོར་།
ལོ་རྒྱུས་རིག་པས་ལོ་རྒྱུས་ནོར་།
མང་གཙོ་རིག་པས་མང་གཙོ་ནོར་།
དཔལ་འབྱོར་རིག་པས་དཔལ་འབྱོར་ནོར་།
ཤེས་ཡོན་རིག་པས་ཤེས་ཡོན་ནོར་།
ཚན་རྩལ་རིག་པས་ཚན་རིག་
ནོར་།
སོ་ནམས་རིག་པས་ཞིང་ལས་ནོར་།
འཛུགས་བསྐྲུན་རིག་པས་འཆར་
གཞི་ནོར་།
ཧ་ཧ་ཧ་ནོར་བ་ལ་མགོ་འཁོར་
མངྈའདུག་།
དབུ་མའི་ལམ་ནི་རྒྱ་ནག་གིས་ངེས་ལེན་མེད་པར་མི་ལོ་སུམ་ཅུ་བཞི་བཅུའི་རིང་གི་རྒྱ་བོད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནས་གསལ་གསལ་དག་དག་ཡིན་པ་ངས་ལན་མང་ཞུས་ཟིན། དེང་སྐབས་དབུ་མེད་ལམ་ནི་བོད་མི་ནང་ཁུལ་མགོ་རྡུང་བྱེད་ཀྱི་ཐབ་ལམ་ཞིག་ཡིན་པ་ལས་རྒྱ་དམར་ཚང་གིས་སྐྱག་པ་དོར་བ་ནང་བཞིན་གཏོང་ཚ་བ་རེད། དབུ་མེད་ལམ་གྱིས་བོད་ལ་ཕན་རྒྱུ་ལས་གནོད་སྐྱེས་པ་ཛབ་ཆེ་བ་ཡིན་པ་ནི་ལོ་རྒྱུས་ཀྱིས་བརྩི་རྒྱབ་ཡོང་གི་རེད།
ཡུལ་གྱར་སྲིད་གཞུང་གིས་བཏོན་པའི་དབུ་མའི་ལམ་ནི། རྒྱ་ནག་གི་བཞི་ཆ་གཅིག་དུམ་བུར་བཏང་སྟེ། ལོ་རྒྱུས་ཐོག་རྒྱ་ནག་གི་ཞིང་ཆེན་ཁག་ནང་ཚུད་པའི་བོད་ཁུལ་ཁག་ཚུར་ལེན་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཐབས་ཇུས་ཤིག་ཀྱང་ཡིན་སྟབས། ང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མིན་ཟེར་ལབ་འདུག་པ་དེ་དོན་ངོ་མ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུད་ངོ་མ་རྒྱ་ནག་གཞུང་ནས་ཧ་གསལ་པོ་གོ་འདུག།
ཀར་རྡོས་བཤད་པ་བདེན་པ་རེད། ཆབ་སྲིད་པ་ནི་ཁ་ལག་མི་མཚུངས་མཁན་ཨང་དང་པོ་དེ་རེད། ཁོ་ཚོའི་ཁ་ལ་ལྟ་རྒྱུ་ཅི་ཡང་མེད།
ཞིང་ཆེན་ག་ཚོད་ནང་ན་བོད་མི་ཡོད་པ་རེད། ཞིང་ཆེན་ལྔ་ཡིན་ནམ། ༡ བོད་རང་སྐྱོངས་ལྗོངས། ༢ མཚོ་སྔོན་ཞིང་ཆེན། ༣ སི་ཁྲོན་ཞིང་ཆེན། ༤ ཀན་སུའུ་ཞིང་ཆེན། ༥ ཡུན་ནན་ཞིང་ཆེན། ད་ཞིང་ཆེན་གཞན་ཡོད་དམ།
རྒྱ་གཞུང་གི་བྱེད་སྟངས་འདི་ལས་དོན་དག་གསུམ་རྟོགས་དགོས་ཀྱི་ཡོད།
གཅིག་ནས་ཕྱི་ལོ༢༠༠༨ལོར་ངྷ་སས་པེ་ཅིན་ལ་སྤྲད་པའི་ཡིག་ཆ་དེ་ནས་བོད་དོན་དེ་བཞིན་རྒྱ་གཞུང་གི་ནང་སྲིད་ངོ་བོར་ཕར་བསྒྱུར་ཚར་བ་དང་། དེ་ནས་རྒྱ་ནག་ལ་ཚོང་འབྲེལ་ཡོད་མཁན་ཚང་མར་དེ་ལུགས་བརྗོད་ནས་བོད་དོན་ལ་རྒྱབ་བསྐྱོར་རྒྱག་ཐབས་མེད་པའི་གནས་སུ་བསྐྱལ་ཡོད་པ་རེད། དཔེར་མཚོན་ཡག་ཤོས་སུ་དབྱིན་གཞུང་གིས་ལོ་དེ་བར་དུ་རྒྱ་གཞུང་ལ་བོད་ཐོག་མིང་ཙམ་དབང་བསྒྱུར་ལས་མེད་ཅེས་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་རེད།
ཕྱོགས་གཞན་གཅིག་ནས་ནུབ་ཕྱོགས་ཀྱི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དར་ཆ་ཕྱར་བཞིན་པའི་རྒྱལ་ཁབ་ཚོས་རྒྱ་གཞུང་ལ་ཚོང་རྒྱག་ཞོར་ཚོང་ལ་གནོད་པ་ཆེར་མེད་པའི་སྐད་ཆ་ནི་རྒྱལ་བ་རིན་པོ་ཆེ་དང་མཉམ་དུ་སྐད་ཆ་བཤད་རོགས་ཟེར་བ་ཙམ་ལས་སྐད་ཆ་མ་བཤད་ན་ལས་ཀ་འདི་བྱེད་ཀྱི་ཡིན་བཤད་ཕོད་ཀྱི་མེད་ལ། དེ་ལྟ་བུའི་ཚིག་སྐམ་པོ་ཞིག་ལ་འབྲས་བུ་ཐོན་ཐབས་མེད།
དེའང་དོན་དག་གཉིས་ལ་ཐུག་ཡོད། ༡ དེང་གི་བར་ངྷ་ས་ནས་བོད་དོན་དེ་བཞིན་རྒྱ་གཞུང་གི་ནང་སྲིད་མིན་ཞེས་ལབ་ཐུབ་མེད། ༢ ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཚོང་གི་ཁེ་ཕན་ཨང་དང་པོ་བཞག་ཡོད། དེའང་ནུབ་ཕྱོགས་སུ་ཕྱུག་པོ་ཚོར་བོད་ཀྱི་སྤྱི་ཚོགས་ནང་གི་བླ་མ་རྣམ་པ་ལྟ་བུའི་ནུས་པ་ཡོད་པས་ཡིན།
གཞན་དེ་ནི་ཞིས་ཅིན་ཕེན་ཟླ༩ནང་ཨ་རིར་འཚམས་འདྲིར་ཡོང་བཞིན་པས། ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཅེས་པའི་སྔོན་བརྡ་དང་། མི་འགྱངས་པར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ༥༠འཁོར་བའི་མཛད་སྒོ་ཡིན་པའི་སྔོན་འགྲོ་དང་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་མ་འོངས་ཁ་ཕྱོགས་ཀྱང་ཡིན།
ཚང་མས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ། བློ་རྩེ་ཉི་ཤུ་རྩ་ལྔ་བཀོལ་ནས་ཕན་ཚུན་བར་ལ་གོར་མོ་རྔ་འདྲའི་གྲོས་ཤིག་དང་། གྲུ་བཞི་ཤོ་འདྲའི་གདམ་ག་ཞིག་ཡོང་བ་གནང་རོགས།
ད་ཡིན་ན་གུང་བྲན་ཏང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་ནས་གྲ་སྒྲིག་དང་འཆར་གཞི་གསར་པ་གང་དང་གང་ཡོད་དམ། གནས་དགའ་གཉིས་སྤྱན་འདྲེན་གྱིས་དང་ཡང་ལུང་བསྟན་ཐིག་པོ་ཅིག་རྒྱག་ཀི་རེད། དེང་དུས་བོད་ཟེར་བ་དེ་དབུགས་ཆད་ཚར་རེད། ལོ་གྲངས་དེ་འདྲ་ནང་ལ་ཕར་ཕྱོགས་ནས་བསམ་ཤེས་གང་ཡང་གནང་ཡོད་མ་རེད། ད་དུང་རེ་བ་བཅངས་ནས་སྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་ནས་མཐའ་སངས་རྒྱས་ཟེར་བ་དེ་གསུངས་ཚད་མ་རང་རེད་འདུག་་་་་་་་་་ད་རེ་བ་ཅིག་ཡོད་པ་དེ་བསྐྱར་དུ་ཕྱིར་ལོག་ནས་ཀླུ་མཁས་གསུང་པ་དེར་རྩོད་ན་རེ་བ་འགྲུབ་ན་ལྷ་རབ་དང་མ་འགྲུབ་ན་འཆི་དུས་མིག་བཙུམ་ཁར་བློ་བདེ་ནས་འགྲོ་ཆོག་ཡོད།
ངས་ངོས་ནས་ལོ་ལྔ་ཡི་གོང་ནས་གུན་ཁྲན་ཏང་གིས་དབུ་མའི་ལམ་ལ་ངོས་ལེན་བྱེད་ཀྱི་མ་རེད་ཅེས་བཤད་ཡོད། གུན་ཁྲན་ཏང་མ་ཤི་བར་དུ་བོད་ལ་རང་བཙན་དང་རང་སྐྱོང་གང་ཡང་སྤྲོད་མི་སྲིད་པ་གསལ་གསལ་དག་དག་རེད། དབུ་མའི་ལམ་པ་ཡིན་ཟེར་མཁན་གྱི་ལྟ་བ་མཁྲེགས་འཛིན་པ་དེ་དག་གིས་ཁས་ལེན་བཞིན་མེད། རེ་བ་ཡོད་མདོག་མདོག་བཤད་ནས་བོད་ཕུང་ལ་སྦྱར་གྱི་ཡོད།
དབུ་མའི་ལམ་འདིས་བོད་མི་ནང་ཁུལ་དུ་མི་མཐུན་པ་བཟོ་ཐུབ་པ་ཙམ་ལས་ནུས་པ་སྤུ་ཙམ་མེད། དབུ་མའི་ལམ་ཡོད་པ་ལས་མེད་ན་བོད་ལ་ཁེ་ཕན་ཆེ་བ་ཡོད། ཉུང་མཐའ་ཡང་བོད་མི་ནང་ཁུལ་དུ་མི་མཐུན་པ་ཡོང་གཞི་འདི་མེད་ན་ཕན་ཐོགས་ཆེ་བ་ཡོད།
ལྟ་བ་མཁྲེགས་འཛིན་ཅན་གྱི་དབུ་མ་པ་དེ་དག་གིས་མུ་མཐུད་ནས་རེ་བ་ཡོད་མདོག་མདོག་བཤད་ནས་བོད་མི་རྨོངས་དད་ཅན་རྣམས་མགོ་སྐོར་གཏོང་ནས་བསྡད་པ་ཡིན་ན་བོད་རྒྱལ་ཁབ་ཀྱི་མདུན་ལམ་རྩ་མེད་དུ་འགྲོ་ངེས་རེད། ལྟ་བ་མཁྲེགས་འདི་འདྲ་བྱས་ནས་སེམས་ཀྱིས་བཟོད་པ་ཡ་མཚན་རེད་་་་ཡ།
བོད་རྒྱལ་ཁབ་དང་བོད་རང་བཙན་ལ་དགའ་བའི་བོད་མི་མང་པོ་བཙན་བྱོལ་བོད་གཞུང་སྒོ་བརྒྱབ་ནས་སྒྲིག་འཛུགས་ཆུང་ཆུང་ཞིག་ལ་བསྒྱུར་པ་ནས་བཟུང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མིའི་ཁུངས་ནས་ཕྱིར་འཐེན་བྱས་ཡོད། དང་བླང་བཅའ་ཁྲལ་མི་སྤྲོད་མཁན་མང་རེ་ཕྱིན་ཡོད།
ཕྱོགས་གང་ལ་བསམ་ཀྱང་ལྟ་བ་མཁྲེགས་འཛིན་བྱས་ནས་བསྡད་ན་ཡག་པོ་མི་ཡོང་ཐག་ཆད་ཡིན། མུ་མཐུད་ནས་ཨུ་ཚུགས་བརྒྱབ་ནས་དབུ་མའི་ལམ་དུ་ཕྱིན་ན་བོད་མི་དམངས་ཁ་འཐོར་ཡ་བྲལ་འགྲོ་ངེས་ཡིན། ནང་ཁུལ་དུ་འཐབ་རྩོད་ཡ་ང་ཡིད་སྐྱོ་དགོས་པ་ཞིག་འོང་ནས་བོད་ཚར་འགྲོ་ངེས་རེད་དོ། ད་དུང་བཤད་ན་མང་ཡོད།
ད་ང་ཚོ་བོད་པས་རང་སོ་སོའི་མིག་གི་བཀབ་རས་དེ་བླང་ནས། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོ་ནས་མགོ་བཙུགས་ཏེ། རྒྱལ་ཁབ་ཚང་མ་ལ་མིག་ཅེར་ནས་ལྟོས་དང་། ཚང་མས་དགྱ་གུང་ཁྲན་ཚང་ལ་ངོ་དགའ་སྤྲེའུ་ལད་བྱས་ནས་རང་རང་གི་ཁེ་ཕན་འཚོལ་གི་ཡོད་པ་ལས། བོད་ལ་རྒྱལ་ཁབ་གཅིག་གིས་ཀྱང་རོགས་པ་གནང་གི་མེད།
བོད་པ་ཚོ་གཉིད་སོད་ཅིག གཉིད་སོད་ཅིག གཉིད་སོད་ཡ་འཕྱི་མེད་ན་སྔ་མེད།
ད་ང་ཚོས་ཤིན་ཅང་ལ་སློབ་སྦྱོང་བྱེད་པའི་དུས་སླེབས་འདུག
ཕོན་པོ་བློ་བཟང་ལགས། གོང་ས་ཏ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་བསྒྲགས་ཀྱི་ནང་དུ་གང་བཀོད་མེད་ཤེས་ཀྱི་ཡོད་པེ། ཁམས་དང་ཨ་མདོ་གཉིས་བོད་སྡེ་བ་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁུངས་མིན་པའི་རྒྱུ་མཚན་དང་ལོ་རྒྱུས་ཅི་བཤད་ཡོད་དམ། མི་ཤེས་མདོག་བྱས་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ནག་ཐིག་བཏབ་མ་འོང་ཨ།
ཕོན་པོ་བློ་བཟང་ལགས། གོང་ས་ཏ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་བསྒྲགས་ཀྱི་ནང་དུ་གང་བཀོད་ཡོད་མེད་ཤེས་ཀྱི་ཡོད་པེ། ཁམས་དང་ཨ་མདོ་གཉིས་བོད་སྡེ་བ་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁུངས་མིན་པའི་རྒྱུ་མཚན་དང་ལོ་རྒྱུས་ཅི་བཤད་ཀྱི་ཡོད་དམ། མི་ཤེས་ཤེས་མདོག་བྱས་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ནག་ཐིག་བཏབ་མ་འོང་ཨ།་་་ཅེས་བཅོས།
རྒྱ་གཞུང་གི་སྐད་འདིའི་ནང་གསར་པ་གང་ཡང་མི་འདུག སྔོན་མ་ཏིན་ཤི་རྗེས་ནས་བཟུང་སྐད་ཆ་གཅིག་པ་རེད།ཡིན་ཡང་བལྟ་སྟངས་གསར་བ་ཞིག་ནི་༢༠༠༨ཡར་སྔོན་ཞིང་ཆེན་བཞིའི་ནང་གི་བོད་རིགས་ཟེར་བའི་ཚིག་འདི་རྩ་བ་ནས་བེད་སྤྱོད་གཏོང་གི་མེད་པར་བོད་རང་སྐྱོང་ལྗོངས་ཁོ་ན་གླེང་གི་ཡོད།ཡིན་ཡང་དེང་སང་ཞིང་ཆེན་བཞིའི་ནང་གི་བོད་རིགས་ཅེས་གླེང་འདུག འདི་ནི་༢༠༠༨ལོའི་ཞི་རྒོལ་གྱི་ནུས་པ་ཐོན་པའི་འབྲས་བུ་རེད་སྙམ།
དབུ་མའི་ལམ་ནི་རྒྱ་ལ་མི་རན་བོད་ལ་མི་རན། དབུ་མའི་ལམ་ནི་རྒྱ་ཡིས་མི་འདོད་བོད་ཀྱིས་མི་འདོད། དབུ་མའི་ལམ་གྱིས་ཁ་གཡང་སྒྲགས་ནས་མི་སྒེར་འགའ་ཡིས་ཁེ་གྲགས་གཉེར། དབུ་མའི་ལམ་གྱིས་སྟོང་གཏམ་བཤད་ནས་བོད་མིའི་ལོ་རྒྱུས་རྩ་མེད་བཏང་། དབུ་མའི་ལམ་གྱིས་སྟོང་བསམ་འཁོར་ནས་རྒྱ་ནག་དམར་པོའི་རྒྱུ་ལ་རེ། དབུ་མའི་ལམ་གྱིས་གཡོ་སྒྱུར་སྤྱོད་ནས་བཙན་པའི་ལོ་རྒྱུས་རྒྱ་ལ་སྒྱུར། དབུ་མའི་ལམ་གྱིས་མཐུན་རབས་བཤད་ནས་རྒྱ་ཕྲུག་འགའ་ལ་གསོལ་སྟོན་གཤམས། དབུ་མའི་ལམ་གྱིས་མོས་རབས་བཤད་ནས་བོད་མི་ནང་ཁུལ་འབུ་འཇོམས་བཏང་།
གསར་འགྱུར་འདི་གནས་སྐབས་ཀྱི་འཁྲབ་སྟོན་ཙམ་ལ་ངོས་འཛིན་ཐུབ་ཐབས་མེད། དེའི་རྒྱུ་མཚན་ནི། ད་བར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་འདུ་འཛོམས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་ཚོགས་ཡོད་པ་དང་། ཚོགས་ཐེངས་རེ་རེ་བཞིན་རྣམ་འགྱུར་ཇེ་འཁྲེག་རེད། འདི་ཡང་ཁོང་ཚོ་ལ་བསམ་བློ་གཏོང་ས་ཞིག་ཡོད་ཙང་རྣམ་འགྱུར་དེ་ལྟར་ཡོང་གི་ཡོད་པ་རེད། འོ་ན་ཁོང་ཚོའི་བསམ་བློ་གཏོང་ས་དེ་གང་རེད། འདི་ནི་ཁྱོན་ཡོངས་ནས་འཚོལ་ཞིབ་བྱེད་དགོས་པ་ཞིག་རེད།
ད་ལྟ་རྒྱ་ནག་ལ་དམག་དོན་དང་། དཔལ་འབྱོར། རྒྱ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་སྟོབས་ཤུགས་སོགས་ཡོད་པ་རེད། འོ་ན་ང་ཚོ་ལ་ག་རེ་ཡོད་པ་རེད། ང་ཚོའི་སྟོབས་ཤུགས་དེ་གང་རེད། ད་ལྟ་ང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་ལ་བདག་སྤྲོད་ཐུབ་ཀྱི་ཡོད་རེད་དང་མ་རེད། མེད་ན་ཅིས་ལན་སོང་བ་རེད། དཱ་སྟོབས་ཤུགས་ལ་ཇི་ལྟར་བདག་སྤྲོད་བྱེད་དགོས་ཀྱི་འདུག འདི་ཚོ་དྲི་བ་ཞིག་རེད།
ང་ཚོ་འགྲོ་བ་མི་ཞིག་རེད། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་དེ་ག་རེ་བྱས་ནས་རྩོད་ཀྱི་ཡོད་མ་རེད། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་རྩོད་ལེན་བྱས་ན་ང་ཚོ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནས་བབ་འོག་ནས་སྐང་ཆ་ཤོད་ས་མེད་པ་རེད་པས། ཡོད་ན་ག་རེ་བྱས་ནས་ང་ཚོ་ལམ་འདིར་འགྲོ་གི་ཡོད་མ་རེད།
བོད་ནང་གི་དཀའ་ངལ་ཆེ་ཤོས་དེ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་དང་བསྒྱུར་བཞིན་པ་དེ་རེད། དེ་ཡིན་དུས་བོད་ནང་དུ་རྒྱ་ནག་གི་ཁྲིམས་དང་མཐུན་པ། ཡང་ན་མང་ཚོགས་རང་བཞིན་གྱི་ཞི་བའི་སྒོ་ནས་བོད་ཁུལ་དུ་རྒྱ་རིགས་གནས་སྤོ་བ་བོད་དུ་སྡོད་མི་ཐུབ་པའི་ལས་དོན་ལག་བསྟར་ག་རེ་བྱས་ནས་བྱེད་ཐུབ་ཀྱི་མེད་པ་རེད། གནས་སྐབས་ཀྱི་གནད་འགག་གང་ལ་ཐུག་ཡོད་པ་རེད། དཱ་དཀའ་ངལ་དེ་ཚོ་སེལ་ཐབས་ལ་ཐབས་ལམ་གང་དང་གང་ཡོད་པ་རེད།
ང་ཚོ་ལ་ལོ་རྒྱུས་ཀྱི་སྟོབས་ཤུགས་ཡོད། ང་ཚོ་ལ་དྲང་བདེན་གྱི་སྟོབས་ཤུགས། ང་ཚོ་ལ་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཡོད། ང་ཚོ་ལ་ཆོས་ལུགས་ཀྱི་སྟོབས་ཤུགས་ཡོད། ང་ཚོ་ལ་དཔའ་ངར་གྱི་སྟོབས་ཤུགས་ཡོད། ང་ཚོ་ལ་ཁྲིམས་གཏུག་གྱི་སྟོབས་ཤུགས་ཡོད། ང་ཚོ་ལ་སྐད་མང་ཤེས་པའི་སྟོབས་ཤུགས་ཡོད།
ཡིན་ཀྱང་དབུ་མའི་ལམ་ཚང་གིས་སོ་སོའི་སྟོབས་ཤུགས་སོ་སོས་བཅག སོ་སོའི་ལོ་རྒྱུས་སོ་སོས་བསུབས། སོ་སོའི་དྲང་བདེན་ལ་སོ་སོས་རྡོག་རོལ་བཏང་། སོ་སོའི་མི་རིགས་ཀྱི་དཔའ་ངར་སོ་སོས་བཅག སོ་སོའི་རྒྱབ་སྐྱོར་བ་སོ་སོས་ཕུད། སོ་སོའི་སྲིད་གཞུང་སོ་སོས་སྒོ་བརྒྱབ། སོ་སོའི་ཁྲིམས་གཏུག་ཀྱི་མདུན་ལམ་སོ་སོས་བཀག་འོང་དུས་ཕྱིའི་དགྲ་བོ་བལྟས་ན་དགོད་མོ་ཤོར་ཡ་དང་། ནང་ཕུ་ནུས་བལྟས་ན་མིག་ཆུ་ཤོར་དགོས་པའི་གནད་དོན་མ་གཏོགས་བཟང་ཕྱོགས་སུ་རྩ་ནས་འགྲོ་བཞིན་མེད།
ཡ་དྲ་གྲོགས་ཚོ་ད་མུ་འཐུད་དུ་བསམ་ཚུལ་ཤོད་དང་། གནས་ཚུལ་ཚ་པོ་ཚ་པོ་གཏང་ཡོད། ད་ག་འདྲ་འདུག????
འདོན་སྤེལ། ༢༠༡༥/༠༨/༢༧
ཞི་ཅིན་ཕིན་གྱིས་རྒྱ་ནག་ནང་དཔལ་འབྱོར་ཉམ་ཉེས་ཚབས་ཆེན་བྱུང་བ་དེ་༧གོང་ས་མཆོག་དང་བཙན་བྱོལ་བོད་མིར་འབྲེལ་བ་ཡོད་སྐོར་གྱི་སྐྱོན་འཛུགས་བྱས་འདུག
ཨ་རིའི་འཛམ་གླིང་ཉིན་རེའི་གསར་འགྱུར་དྲ་བ་ (WNDR) ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་འདིའི་ནང་གཅིག་པུ་ཙམ་ལ་རྒྱ་ནག་གི་དཔལ་འབྱོར་ཁྲོམ་རའི་མ་དངུལ་བསྡུ་འབབ་བརྒྱ་ཆའི་ ༢༥ མར་ཆག་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་སྲིད་འཛིན་ཞི་ཅིན་ཕིན་གྱིས་དཔལ་འབྱོར་ཁྲོམ་རའི་མ་དངུལ་འཛུགས་མཁན་ཚོར། དེང་སང་ལས་དོན་ཅི་ཞིག་སྒྲུབ་ཀྱང་གཙོ་བོ་བོད་ཀྱི་གནད་དོན་ལ་ཡིད་གཟབ་བྱེད་དགོས་པའི་གསལ་འདེབས་བྱས་ཡོད་པ་མ་ཟད། གནད་དོན་དེ་ཁོ་རང་གིས་ཀྱང་ཁ་སང་གཞི་ནས་ཤེས་རྟོགས་བྱུང་སྐོར་བརྗོད་ཡོད་འདུག
སྐབས་དེར་སྲིད་འཛིན་ཞི་ཅིན་ཕིན་གྱིས་ང་ཚོས་ཏཱ་ལའི་བླ་མ་དང་བོད་མི་ཁ་བྲལ་རིང་ལུགས་པ་ཚོའི་སྡིགས་ར་ལ་འཐབ་རྩོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཏཱ་ལའི་བླ་མ་དང་བོད་མི་ཁ་བྲལ་བ་ཚོས་རྒྱ་ནག་མི་མང་དང་རྒྱ་ནག་གི་དཔལ་འབྱོར་ཉམ་ཉེས་གཏོང་ཐབས་ཀྱི་དྲག་པོའི་སྦྱོར་བ་མཚམས་མ་བཞག་བར་དུ། རྒྱ་ནག་གཞུང་དྲག་སྤྱོད་རིང་ལུགས་པའི་ཁ་གཏད་དུ་ལངས་ནས་བརྡ་ལན་མེད་པའི་གཡུལ་འཁྲུག་ཅིག་ལ་འཐད་རྩོད་བྱེད་དགོས་པ་རེད། ཅེས་བརྗོད་འདུག
རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ལོའུ་ཧེ་ཡང་ (Liu Huy Yang) ཟེར་བ་ཞིག་གིས། ཏཱ་ལའི་བླ་མས་དྲིལ་བསྒྲགས་དང་འཇབ་རྒོལ་གྱི་ཐབས་ཇུས་སྤྱད་ནས་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ལ་གཏོར་བཤིག་གཏོང་གི་ཡོད་སྟབས། ཁོ་རྒྱ་ནག་མི་མང་གི་དགྲ་བོ་ངོ་མ་དེ་ཡིན། ནུབ་གླིང་གི་རྒྱལ་ཁབ་ཁག་གིས་ཏཱ་ལའི་བླ་མ་ནི་ཞི་བདེ་དང་བྱམས་བརྩེའི་དབུ་ཁྲིད་ཅིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་ནའང་། ཁོང་གི་མི་ཚེའི་བྱ་གཞག་ཡོད་ཚད་རྒྱ་ནག་གི་ཆེ་མཐོང་དང་མི་རིགས་རིང་ལུགས་ལ་གཏོར་བརླག་བྱེད་རྒྱུ་དེ་རེད། ཅེས་བརྗོད་འདུག
ཡང་གོང་བརྗོད་གསར་འགྱུར་དྲ་བ་དེའི་ཐོག རྒྱ་གཞུང་གི་གཞི་མེད་སྐྱོན་འཛུགས་དེར་༧གོང་ས་མཆོག་གིས་བཀའ་ལན་གནང་ཡོད་སྐོར་བཀོད་པའི་ནང་། ངོས་རང་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོད་ལ། དུས་རྒྱུན་སྒོམ་ཉམས་ལེན་དང་གསོལ་འདེབས་ཀྱི་ལས་ཁོ་ནར་གཞོལ་གྱིན་ཡོད། ངོས་ནས་གསར་གནས་དེ་ཀློག་དུས། མི་མང་ཐེར་འབུམ་ཆེན་པོ་ཞིག་གི་དཔལ་འབྱོར་ཉམ་ཉེས་དེ་ངོས་ལ་སྐྱོན་འཛུགས་བྱས་འདུག་པ་དེ་དངོས་གནས་དགོད་བྲོ་བ་ཞིག་ཏུ་ཚོར་སོང་། གཅིག་བྱས་ན་སྲིད་འཛིན་ཞི་ཅིན་ཕིན་ལའང་བདེན་ཁ་ཡོད་སྲིད་དེ། སྣོད་བཅུད་ཀྱི་འཇིག་རྟེན་འདིའི་ནང་ཡོད་ཚད་དགའ་ཉེའི་རྟེན་འབྲེལ་དུ་གྲུབ་ཡོད་སྟབས། ང་རང་ལ་འཇིག་རྟེན་འདིའི་སྟེང་གི་སྡུག་བསྔལ་ཡོད་རྒུ་དང་། ལྷོ་ཨ་རིར་བྱུང་བའི་ས་འགུལ་གྱི་གོད་ཆག དེ་བཞིན་རྒྱ་ནག་གི་དཔལ་འབྱོར་ཉམ་ཉེས་སོགས་ཀྱི་འགན་འཁུར་ཅི་ནས་ཀྱང་ཡོད་སྲིད་པ་རེད། ཅེས་གསུངས་ཡོད་འདུག
དབུ་ལམ་པ་ཚོས་དེ་ཚོར་འགའ་མ་བཤད་མ་གཏོག་རྒྱ་མི་རིགས་རྣམས་ལ་མཐུན་ལམ་བཟོ་དགོས་ནི་རེད། ཧཧཧཧཧ།
རྒྱུགས་རྒྱུགས་ཀྱིས་མཐའ་མར་རོགས་རྗེས་མ་ཟིན། ངུ་ངུ་ཡི་མཐའ་མར་རྒྱ་ངོ་མ་ལེན་ཟེར་བའི་གཏམ་དཔེར་དོན་ཐོག་བབ་འདུག་ག་་་་་་ཨ་ཁཁཁཁཁཁཁཁཁཁཁཁ རྒྱ་ངོ་སྲུང་སྟངས་གཞན་ཞིག་གཏན་འབེབས་བྱེད་རན་འདུག་ག
ཡ་མ་ཚེ་རིང་གིས་དུས་བབ་ནས་དྲངས་པའི་མཆན་དེ་ངས་ཀྱང་མཐོང་སོང་།འོན་ཀྱང་ད་ལྟ་དུས་བབ་ཚང་གིས་བསུབ་འདུག གོང་གི་མཆན་དེ་མཐོང་ནས་གད་མོ་གཏིང་ནས་ཤོར་སོང་། གུང་ཁྲན་ཏང་གི་ནོར་འཛོལ་ཆ་ཚང་མི་ཞིག་བཙལ་ནས་དེའི་སྒང་གཡུགས་དགོས་པ་རེད། དེ་ཡིན་ན་ཁ་སང་ཐེ་ཅིན་གི་འབར་གས་དེ་ཅང་ཙེ་མེན་གྱི་ཕྱོགས་གཏོགས་ཀྲོའུ་ཡོ་ཁེང་དང་པོ་ཞེ་ལེ་སོགས་མི་བཞི་ཕྱོགས་ཁག་གསར་བ་དེ་ཚོ་ཡིན་དགོས་རེད་ལ།ངོ་མ་འུ་ཐུག་ཐབས་ཟད་ཀྱི་སྐད
་ཆ་རེད།ཧཧཧ་ད་ཞིན་ཅིན་ཕེན་ལྷ་འདྲ་ཟིག་བབ་འདུག
དབུ་མའི་ལམ་ཟེར་བ་དེ་ཚད་ལས་བརྒལ་བའི་ལྷམ་ཆེན་པོ་ཞིག་རེད་འདུག རྒྱ་བོད་སུའི་རྐང་པར་རན་གྱི་མི་འདུག དེ་གོན་ནས་འགྲོ་དགོས་ན་ཁག་ཙམ་ཡོད་ས་རེད་ད། ཧ་ཧ།
ཞིས་ཅན་ཕིས་ཀྱིས་༧ གོང་ས་མཆོག་ལ་ཉེས་མེད་ཉེས་འཛུགས་བྱས་པ་དང་དབུ་མའི་ལམ་ངོས་ལེན་མེད་པའི་གཏམ་བཤད་སྤེལ་བ་སོགས་ནི་ང་ཚོ་སྔུག་དགོས་པའི་གནས་ཚུལ་ཞིག་མ་ཡིན་པར་སྤོབས་པ་སྐྱེ་དགོས་པའི་གནས་ཚུལ་ཞིག་རེད་བསམ་ཀི། གང་ཡིན་ཟེར་ན། གལ་ཏེ་བདེན་པ་ཡིན་ན་ང་ཚོ་ལ་སྟོབས་ཆེན་རྒྱ་ནག་ཉམ་ཉེས་གཏོང་བའི་ནུས་པ་ཡོད་པ་མ་ཟད་རྒྱ་ནག་དུམ་བུ་བཞི་ལ་བཏང་ནས་ཆ་གཅིག་ལེན་པའི་འཆར་གཞི་ཡོད་པར་དོགས་ནས་ཞེད་སྣང་སྐྱེས་ཡོད་པ་རྟོགས་ཐུབ། མ་གཞི་ནས་རྒྱ་ནག་གི་སྲིདའཛིན་་རིམ་པས་ཡོངས་གྲགས་འདི་ལྟ་བུ་ཕལ་ཆེར་བྱས་མྱོང་མེད་བསམ་སོང་།
ཅོ་རེ་ཉི་མ་ལགས། ཐ་སྙད་ཙམ་ལ་ཡང་ཆིག་སྒྲིལ་མེད་པའི་བོད་ཟེར་བ་དེ་ཁྱེད་ནས་ཧ་གོ་གི་ཡོད་ཞག་ཡིན་ད་དུང་ཁྱེད་ནས་
༧ གོང་ས་ཏ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་བསྒྲགས་ཟེར་པ་དེ་གསུས་དགའ་ལྡན་ཕོ་བྲང་རང་བཙན་མ་རེད་གསུང་འདུག།
འདོད་པ་རི་འདྲ་བ་ཞིག་བཤད་ནས། ཐོབ་པ་མཛོ་འདྲ་བ་ཞིག་ལ་རེ་དགོས། དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་ན་བོད་དོན་གྱི་འཐབ་རྩོད་མཇུག་རྫོགས་སོང་བ་མ་རེད། ང་ཚོས་མུ་མཐུད་ནས་རྒྱ་གཞུང་གིས་ངོས་ལེན་བྱེད་སྲིད་པའི་ཐབས་ཤེས་འཚོལ་དགོས་པ་མ་གཏོགས་རྒྱ་གཞུང་ལ་ལེ་བདའ་བྱེད་རན་མ་རེད་ཤ་ཉན་ཚོ།
# 7 འཕན་པོ་བ་བློ་བཟང་་ལགས་ཀྱིས་མཆན་བཏབ་པ།:
August 26th, 2015 at 9:47 PM
ཡུལ་གྱར་སྲིད་གཞུང་གིས་བཏོན་པའི་དབུ་མའི་ལམ་ནི། རྒྱ་ནག་གི་བཞི་ཆ་གཅིག་དུམ་བུར་བཏང་སྟེ། ལོ་རྒྱུས་ཐོག་རྒྱ་ནག་གི་ཞིང་ཆེན་ཁག་ནང་ཚུད་པའི་བོད་ཁུལ་ཁག་ཚུར་ལེན་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཐབས་ཇུས་ཤིག་ཀྱང་ཡིན་སྟབས། ང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མིན་ཟེར་ལབ་འདུག་པ་དེ་དོན་ངོ་མ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུད་ངོ་མ་རྒྱ་ནག་གཞུང་ནས་ཧ་གསལ་པོ་གོ་འདུག།ཅེས་ཁྱོད་ཀྱིས་བསད་འདུག་
རྒྱ་ནག་གཞུང་གིས་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ངོ་མར་ཧ་གསལ་པོ་གོ་ཡོད་སྟངས་ག་འདྲ་རེད་དམ། འཕན་པོ་ལགས། ཁྱོད་ཀྱིས་རྒྱ་ནག་གི་ཞིང་ཆེན་བཞིའི་ནང་དུ་བཙན་གྱིས་བཅུག་ཡོད་པའི་བོད་ཀྱི་ས་ཁུལ་དེ་དག་དགའ་ལྡན་ཕོ་བྲང་གི་མངའ་ཁུངས་མ་རེད་མདོག་མདོག་དང་། མིན་པར་རྒྱ་གཞུང་གིས་ཧ་གསལ་པོ་གོ་འདུག་མདོག་མདོག་བཤད་ཀྱི་ཡོད་མིན་ནམ། མིན་ན་ངེད་བར་དུ་བརྩད་པ་མེད།ཡིན་ན་ངས་ཁྱོད་ལ་དགག་པ་ཚད་ལྡན་ཞིག་རྒྱབ་ཆོག
ཐ་སྙད་ཙམ་ལ་ཡང་ཆིག་སྒྲིལ་མེད་པའི་བོད་ཟེར་བ་དེར་ངས་ཧ་གོ་ཡི་མེད་་་ཁྱོད་ཀྱིས་འགྲེལ་བཤད་ཤིག་གྱིས་དང་། དེ་ནས་བརྩད་ཆོག
རྒྱ་རྒན་ཚོས་མི་བཤད་པ་སྣ་གཅིག་ཡོད་མ་རེད། ལྟོས་དང་རྒྱ་རྒན་ཞིས་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་དེ་ཡང་བོད་པ་ཚོས་བཟོས་པ་རེད་ཅེས་བཤད་འདུག་སྐད་ཆ་འདི་འདྲ་ལ་ཡིད་ཆེས་མཁན་སུ་ཡོད། དབུ་མའི་ལམ་ལ་ངོས་ལེན་མེད་ཟེར་བ་ཡང་སྐད་ཆ་འདི་དང་རིགས་གཅིག་པ་རེད། ཁོ་ཚོས་སྡུག་སྐད་ཤོར་སྟངས་འདི་ལ་ལྟས་ན་དབུ་མའི་ལམ་གྱིས་ནུས་པ་ཐོན་གི་ཡོད་པའི་རྟག་རེད། འདིར་དྲ་འབུ་ལ་ལས་རང་བཙན་པ་ཡིན་མདོག་གིས་དབུ་ལམ་ལ་གཅིག་བཤད་ཁུལ་བྱེད་མཁན་འདི་ཚོ་ཡང་དོན་ངོ་མ་རང་བཙན་རྩོད་མཁན་མ་རེད། ཁོ་ཚོ་ནི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་ནས་དབུ་ལམ་གྱི་སྟོན་པ་གོང་ས་མཆོག་དང་། དབུ་ལམ་ལ་འགྲོ་མཁན་བཙན་བྱོལ་སྒྲིག་འཛུགས་གཉིས་ལ་མི་མང་གི་ཡིད་ཆེས་བརླག་ཐབས་ཀྱི་ངན་ཇུས་གཤམ་མཁན་རེད།
དྲ་ལུག་ལགས། ཁྱོད་ཚོས་ཞིང་ཅིན་པིང་གི་འདྲ་དཔར་མགོ་ཐོག་ཏུ་ཁུར་ནས་ལྷ་གསོལ་གསོལ་བྱས་པའི་གྲུབ་འབྲས་འདི་རེད། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ངོ་གདོང་ཆུ་ལ་གཡུགས་ནས་ད་རག་ཡ་འདི་རེད། ཏ་ལའི་བླ་མ་དར་ཆ་ཕྱར་ཕྱར་བྱས་ནས་བོད་མི་དམངས་མགོ་སྐོར་བཏང་བསྡད་ཡའི་དུས་རྫོགས་འགྲོ་གི་ཡོད་ས་རེད་ད།
ཅོ་རི་ཉི་མ་ལགས། ཐ་སྙད་ཙམ་ལ་ཡང་ཆིག་སྒྲིལ་མེད་པའི་བོད།
དེང་སང་བོད་པའི་ཤེས་ཡོན་པ་དག་གི་ངག་ན་མཐུན་སྒྲིལ་ཟེར་བའི་ཐ་སྙད་ཀྱི་མེ་ཏོག་དེ་ས་གད་རྡོ་གད་ཡིན་མོད། དོན་དངོས་ལ་བཅར་ན། ཐ་སྙད་དེ་དག་ནི་སྒྲོབ་ཉམས་དོད་བྱེད་ལས་ལག་ལེན་དངོས་ཀྱི་ནང་དུ་མདོ་དབུས་ཁམས་གསུམ་ཟེར་བའི་སེམས་པ་ཆིག་སྒྲིལ་དུ་སོང་བ་ཞིག་ཡོད་པའི་དན་རྟགས་ཤིན་ཏུ་རྙེད་དཀའ་བར་མ་ཟད། རིག་གནས་རྒྱུན་འཛིན་དང་དར་སྤེལ་ཟེར་བའི་གཡང་འབོད་དེ་ཡང་ཕྱིའི་རྣམ་པ་ཙམ་ཞིག་ལས་མ་འདས་ཏེ། ཐ་ན་གསར་བྱུང་གི་དངོས་པོ་དག་ལ་བཏགས་པའི་ཐ་སྙད་ཙམ་ཡང་མདོ་དབུས་ཁམས་གསུམ་ནས་གཅིག་གྱུར་ཞིག་མི་འདུག དབུས་གཙང་ནས་བསྒྱུར་བ་ཨ་མདོས་བཀོལ་སྤྱོད་མི་བྱེད་ལ། དེ་བཞིན་དུ་གཞན་གཉིས་ཡང་དེ་དང་འདྲ་མཚུངས་ཡིན་འདུག དེང་སང་རྒྱ་ནག་ལྟ་བུར་ཆ་མཚོན་ན། གསར་བྱུང་གི་དངོས་པོ་གཅིག་ལ་མིང་གཅིག་གཏན་འབེབས་བྱས་ཚར་བ་ནས་དེ་ལས་གཞན་བྲིས་ན་ཡིག་ནོར་དུ་བརྩི་ངེས། དཔེར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་མིང་ལ།奥巴马 ཞེས་མ་བྲིས་པར་熬巴嘛ཞེས་བྲིས་ན་དེ་ནི་ནོར་འདུག་ཟེར་མཁན་ལས། རྒྱ་ནག་བྱང་ཤར་ནས་འབྲི་ཚུལ་དང་ལྷོ་ཕྱོགས་ནས་འབྲི་ཚུལ་ཡིན་ཞེས་པ་འདྲ་བའི་སྐོར་ལོག་གི་ལས་ཀ་དེ་ཁྱོན་ནས་མཐོང་རྒྱུ་མི་འདུག ང་ཚོ་ཡང་མགོ་ཡོད་ལུས་ཡོད་ཀྱི་སྐབས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལྟ་བུས་གཏན་ལ་ཕབས་ཏེ་རྒྱལ་བོས་བཀས་བཅད་པ་ནས་གཅིག་གྱུར་གྱི་ཐ་སྙད་བྱུང་བས། བསྟན་བཅོས་གཅིག་སྒྱུར་མཁན་བརྒྱ་དང་སྟོང་གིས་བསྒྱུར་ཀྱང་ཐ་སྙད་མི་འདྲ་བ་བྱུང་མ་མྱོང་བ་ད་ལྟའི་དུས་སུའང་མིག་གི་སྤྱོད་ཡོད་པ་དེ་ཡིན་མོད། དེང་སང་སྒྱུར་མཁན་གཅིག་གིས་ཤོག་ལེབ་གཅིག་གི་ནང་ལ་ཡང་ཐ་སྙད་མི་འདྲ་བ་གང་བྱུང་གིས་འབོད་ཀྱིན་འདུག་པ། ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གནང་ཡུལ་དུ་ཕ་ཁི་སི་ཐན་གྱི་བུ་མོ་ཞིག་གཏན་ཁེལ་བྱུང་བ་དེའི་སྐོར། མུ་ཏིག་ཟེར་བ་ཞིག་གིས་དབྱིན་ཡིག་ལས་བསྡུ་བསྒྲིགས་བྱས་པ་དེའི་ནང་དུ་གོང་ནས་塔利班ཞེས་པ་དེ་ད་ལེན་པེན་དུ་བསྒྱུར་འདུག་པ། དེའི་འོག་ནས་ཐིག་ཤར་བཞི་པའི་ནང་དུ་ཡང་ཏཱ་ལེན་པེན་ཞེས་བསྒྱུར་འདུག རྒྱ་བོད་ཤན་སྦྱར་ལས་巴基斯坦ལ་ཕ་ཁི་སི་ཐན་དུ་བསྒྱུར་ཡོད་མོད། ཁོང་གིས་དང་བོ་པཱ་ཁེ་སི་ཐན་ཞེས་བསྒྱུར་ལ་དེའི་འོག་ཏུ་པ་ཀི་སི་ཐན་ཞེས་བསྒྱུར་འདུག་པས་རྩོམ་ཡིག་ཤོག་ངོས་གཅིག་གི་ནང་དུ་ཡང་ཡུལ་གཅིག་ལ་ཐ་སྙད་གང་བྱུང་གིས་འབོད་པ་མཐོང་དུས། དུས་རབས་འདིའི་ནང་དུ་ང་ཚོས་རིག་གཞུང་གསར་བ་ནང་འདྲེན་གྱི་ལས་ཀ་ནི་རྨི་ལམ་ཙམ་དང་རང་གི་རིག་གཞུང་ལ་གཅེས་སྤྲས་ཟེར་བ་ཡང་ཁ་ཙམ་ཚིག་ཙམ་དུ་སོང་བ་མིན་ནམ། ད་ལྟ་དྲྭ་ལམ་ཁག་ན་༢༠༡༤/༡༠/༡༠གཟེངས་རྟགས་ཐོབ་པའི་བུ་མོ་འདིའི་གནས་ཚུལ་རྒྱ་བོད་གཉིས་ཀའི་ཡིག་ཐོག་ན་ཡོད་མོད། རྒྱ་འགྱུར་བརྒྱ་ལ་མིང་གཅིག་དང་བོད་འགྱུར་གཅིག་ལ་མིང་བརྒྱ་ཡོང་དགོས་པའི་རྒྱུ་མཚན་དེར་གཟིགས་དང་། ང་ཚོས་མཐུན་སྒྲིལ་སོགས་བཟང་བཟང་རྒྱན་རྒྱན་གྱི་གཡང་འབོད་བྱས་པ་ལས། དོན་དངོས་ཐོག་ཐ་སྙད་ཙམ་ལ་ཡང་མཐུན་སྒྲིལ་དང་དོ་སྣང་མི་བྱེད་པ་འདི་ངས་བསམ་ན་ང་ཚོ་རྒུད་པ་ལས་མི་ཐར་བའི་ན་ཚ་ཆེ་ཤོས་རེད་སྣང་བྱུང་།
ཐུགས་རྗེ་ཆེ། ཡག་པོ་གསུངས་བྱུང་། འདིའི་སྐོར་དུ་ལོ་མང་པོའི་རིང་དུ་རང་ནུས་གང་ཡོད་ཀྱི་ཅིག་བཤད་མདོག་མདོག་བྱས་པ་ཡིན། ངས་བྱས་ན་བཙན་བྱོལ་སྒྲིག་འཛུགས་ཀྱིས་གཏན་འབེབས་བྱས་པ་དེ་ལ་བོད་མི་ཡོངས་ཀྱིས་གཞི་འཛིན་དགོས་ཀྱི་ཡོད་ཅེས་སྔོན་མ་ནས་ལན་མང་ཞུས་ཡོད། ཡིན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བོད་ཀྱི་གཞུང་རིག་གི་དྲི་མ་ཡལ་ཟིན་པའི་མི་ཞིག་སྲིད་ཁྲི་ཐོག་ཏུ་བསླེབས་བྱུང་། ཁོས་འུར་ཤ་སྟག་བརྒྱབ་ནས་བསྡད་པ་ལས་ཐ་སྙད་གཅིག་གྱུར་གལ་ཆེན་ཡིན་མིན་མི་ཤེས། རིག་གནས་ནང་འདྲེན་གྱི་ཐོག་ཏུ་བསམ་བློ་གཏོང་མ་ཤེས། ལོ་ལྔའི་དུས་ཚོད་ཤོར་སོང་། ཀླུ་མཁར་བྱམས་ལ་འོས་ཐོབ་སོང་ན་གཞུང་གིས་ངོས་ནས་ལས་གཞི་རྒྱ་ཆེན་ཞིག་བྱེད་ཐུབ་པའི་རེ་བ་ཡོད་ལ་་་རེ་སྐུལ་བྱ་ངེས་ཡིན། མུ་མཐུད་ནས་གནད་དོན་འདིའི་ཐོག་ཤུགས་རྒྱབ་རོགས་ཀྱིས་ཅེས་ཞུའོ
ཅོ་རི། ཞི་ཅིན་ཕིན་མགོ་ཐོག་ལ་ཁུར་ནས་བོད་ཆེན་པོའི་ངོ་གདོང་ཆུ་ལ་གཡུག་མཁན་ཁྱོད་ཚོ་དོལ་ཚོགས་ཡིན་པ་ལས་ང་ཚོ་མིན། གོང་ས་མཆོག་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པའི་གནས་བབ་འདི་ལ་སུས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། བསམ་ངན་འཆང་མཁན་ཡོད་ཀྱང་ངལ་བའི་རྒྱུ་ལས་ཅི་ཡང་མེད།
ཨ་རི་བས་སྐྱུག་རྫོབ་ཀྱི་ཨ་རི་བ་བྲིས་ཡོད་པ་དང་། འཇར་པན་པས་སྐྱུག་རྫོབ་ཀྱི་འཇར་པན་པ་བྲིས་ཡོད། སྐུ་ཞབས་པོ་ཡང་གིས་ཀྱང་སྐྱུག་རྫོབ་ཀྱི་རྒྱ་རིགས་བྲིས་ཡོད་པ་རེད། དེས་ན་ང་ཚོས་ཅིའི་ཕྱིར་སྐྱུག་རྫོབ་ཀྱི་བོད་རིགས་ཞེས་པ་འབྲི་མི་ཐུབ་པ་རེད། དངོས་ནས་ང་ཚོའི་མི་རིགས་ནི་དེ་འདྲའི་ཕུལ་དུ་བྱུང་བའི་མི་རིགས་ཞིག་ཡིན་ནམ། རྩོམ་པ་པོས་བལྟས་ན་ང་ཚོའི་མི་རིགས་ནི་མི་རིགས་གཞན་པ་འདི་དག་ལས་ཀྱང་སྐྱུག་རྫོབ་ཞིག་རེད། ངས་སྐད་ཆ་འདི་བཤད་མ་ཐག་ངའི་སེམས་ནས་གསལ་པོར་ཤེས་ཐུབ་པ་ནི་སྤུན་ཟླ་མང་པོས་ང་ལ་མཆིལ་ཞགས་འཕེན་ངེས་པ་མ་ཟད། ཐ་ན་ང་ལ་མི་རིགས་ཀྱི་ཞབས་འདྲེན་རེད་ཅེས་སྡིགས་ངེས་ཡིན། རྒྱུ་མཚན་ང་ཚོའི་མི་རིགས་འདི་ལ་གནའ་ནས་སྐྱོན་བརྗོད་དང་ནོར་འཁྲུལ་ངོས་ལེན་བྱེད་ཕོད་པའི་བློ་ཁོག་མེད་པས་རེད། གྲོགས་པོ་ལགས། ཁྱོད་ཀྱིས་བསམ་བློ་བཏང་ཨེ་མྱོང་། དུས་རབས་ཉེར་གཅིག་པའི་ང་ཚོ་ཅིའི་ཕྱིར་གཞན་མི་རིགས་ཀྱི་རྗེས་མ་ཆོད་པ་རེད། བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་ང་ཚོའི་མི་རིགས་ནི་ལོ་རྒྱུས་རྒྱུན་རིང་ལྡན་པའི་མི་རིགས་ཞིག་ཡིན་པ་དང་། ང་ཚོའི་མི་རིགས་ནི་གཞུང་དྲང་སྙིང་རྗེ་ལྡན་པའི་མི་རིགས་ཞིག་ཡིན་ཞེས་གླེང་རྒྱུར་དགའ། གཅིག་བྱས་ན་ལོ་བརྒྱ་ཕྲག་འགའི་སྔོན་དུ་དེ་འདྲ་ཡིན་ཡང་སྲིད། འོན་ཀྱང་ད་ལྟ་བོད་རིགས་ཡོངས་སུ་འགྱུར་ཚར་ཡོད། སྐུ་ཞབས་པོ་ཡང་ལགས་ཀྱིས། གལ་ཏེ་མི་རྣམས་བླ་མེད་ཀྱི་སྤྱོད་བཟང་དང་མི་གཤིས་ལ་ཁ་བྲལ་ཚེ། དུས་འགྲོ་དང་གཉིས་སུ་དབྱེར་མེད་ཅེས་བཤད། ད་ཆ་ང་ཚོའི་མི་རིགས་ཀྱི་གཤིས་རྒྱུད་ངན་རུལ་དུ་གྱུར་ནས་སྐྱོབ་ཐབས་བྲལ་བའི་གནས་སུ་ལྷུང་འདུག འོན་ཀྱང་དོན་དངོས་ཀྱི་གནས་ཚུལ་འདི་ཁས་ལེན་མཁན་ག་ཚོད་ཡོད་དམ། སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དཔེ་ལྟར་ཡང་དག་བསམ་འཆར་བསྡུ་ལེན་བྱེད་ཕྱིར་ངས་རྩོམ་ཐུང་འདི་འབྲི་བའི་སེམས་ཐག་བཅད་པ་ཡིན། གལ་ཏེ་བོད་རིགས་ཚོར་ད་དུང་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པའི་མཁས་པ་རེ་ཡོད་ན་གཏིང་ཟབ་པའི་ངང་ནས་ཞིབ་འཇུག་དང་གྲོས་བསྡུར་བྱེད་པའི་རེ་བ་ཡོད། གཅིག དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་འདོད་ཀྱི་བསམ་བློ་ཤིན་ཏུ་ཚབས་ཆེ་བ། གང་ལྟར་འབྱོར་ཕྱུག་རྒྱས་པའི་ནང་ལོག་གམ། ཡང་ན་ལྷིང་འཇགས་ཀྱི་སྤུ་ཧྲེང་རྫོང་ཡིན་ན་ཆོག ངས་ག་དུས་ཡིན་ནའང་ལྷ་སའི་སྲང་ལམ་གྱི་ལག་གཉིས་བསྲིངས་ནས་གཞན་ལ་སྒོར་མོ་སློང་བ་དང་ཟ་མ་སློང་བའི་གཞོན་ནུ་ཁྱུ་ཚོ་དེ་དག་དྲན་འོངས། ཁོ་ཚོས་ཅིའི་ཕྱིར་རང་གི་ལག་གཉིས་ལ་བརྟེན་ནས་རང་གི་ཁ་མི་གསོ་བ་རེད། ཁོ་ཚོར་ཅིའི་ཕྱིར་ཆེས་མ་མཐའི་ལ་རྒྱ་དང་རང་བརྩིའི་བསམ་པ་ཅུང་ཙམ་ཡང་མེད་པ་རེད། ངས་བསམ་ན་འདི་ནི་གནད་དོན་སླ་མོ་ཞིག་མ་རེད། འདི་ནི་བོད་མི་རིགས་སྤྱི་ལ་ཡོད་པའི་དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་འདོད་ཀྱི་བསམ་བློ་དེ་ཡིན་ངེས། ཆེས་མཐོ་སར་འགྱིང་ནས་ཕུལ་བྱུང་བ་ཡིན་ཟེར་མཁན་(སློབ་གྲྭ་ཆེན་མོ་མི་འདྲ་བ་ནས་ཐོན་པའི་རྒྱལ་ཁབ་ལས་བྱེད་པ)ནས་ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་ཞིང་འབྲོག་དམངས་ཚོགས་ཀྱི་བར་ཚང་མ་ལ་དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་འདོད་ཀྱི་བསམ་བློའི་བག་ཆགས་སྟུག་པོ་ཡོད་པས། མི་རིགས་འདི་སྔར་ལས་རྗེས་ལུས་དང་ངན་རུལ་གྱི་གནས་སུ་བསྐྱལ་བཞིན་པ་རེད། གཉིས། སྐྱུག་བྲོ་བ་དང་། ལེ་ལོ་ཆེ་བ། རྗེས་ལུས་ཀྱི་མི་རིགས། ང་ཚོས། ང་ཚོའི་མི་རིགས་འདི་གཙང་སྦྲ་ལ་མི་དགའ་བའི་མི་རིགས་ཞིག་ཡིན་པ་ཁས་ལེན་དགོས། ཞིང་སྡེ་དང་འབྲོག་ཁུལ་གང་ཡིན་རུང་ང་ཚོའི་མི་མང་ཆེ་བར་ལུས་པོ་འཁྲུ་བའི་གོམས་གཤིས་རྩ་བ་ནས་ཡོད་པ་མ་རེད། ཐ་ན་ཞིང་སྡེ་མང་པོ་ཞིག་གི་ཕོ་གསར་ཚོས་ཀྱང་རྐང་བ་གཏན་ནས་མི་འཁྲུ་བས་རྐང་རུལ་སྣས་མི་བཟོད་པ་འཐུལ་ནས་ཡོང་། ང་ཚོས་ཞིབ་ཚགས་དགོས་རང་གི་ལུས་ཡོངས་ལ་ཞིབ་ལྟ་ཅིག་བྱོས་དང་། ཚང་མ་ཧ་ཅང་བཙོག་པ་ཨེ་རེད། བོད་རིགས་གཞོན་ནུ་མང་པོ་ཞིག་སྐྲ་རིང་པོ་འཇོག་པར་དགའ། འོན་ཀྱང་སྐྲ་བཀྲུ་བར་མི་དགའ་བས་མི་ལ་ཧ་ཅང་སྐྱུག་རྫོབ་དང་ཟ་ངེ་ཟིང་ངེའི་སྣང་བ་སྟེར། སེན་མོ་རིང་པོ་དེ་ཡང་ནག་ཤར་སེ་ཡོད། བོད་རིགས་གྲོགས་པོ་མང་པོས་ང་ལ། ཁོ་ཚོའི་གྱོན་པ་དང་ཕྱི་ལུས་ཧ་ཅང་བཙོག་ན་ཡང་ནང་སེམས་དྭངས་གཙང་ཡིན་ཟེར། ངས་བསམ་བློ་ཡང་ཡང་བཏང་མཐར། ཁོ་ཚོས་སྐད་ཆ་འདི་བཤད་པའི་དམིགས་ཡུལ་ཅི་ཡིན་པ་ཧ་གོ་སོང་། དམིགས་ཡུལ་ཧ་ཅང་གསལ་པོ་རེད། ཁོ་ཚོས་འདི་ལྟར་བཤད་དོན་དོན་དངོས་ལ་གཡོལ་ཐབས་བྱེད་ཆེད་ཁ་གཡོལ་ས་ཞིག་བཙལ་བ་ལས་གནས་ལུགས་ཀྱི་རིན་ཐང་ཅི་ཡང་མི་འདུག གལ་ཏེ་ནང་སེམས་དྭངས་གཙང་ཡིན་ན། ཕྱི་ཚུལ་དྭངས་གཙང་མིན་ན་ཆོག་པ་རེད་དམ། གང་ལྟར་ནང་སེམས་དང་ཕྱི་ཚུལ་གང་ཡིན་ཡང་གཉིས་ཀ་གཙང་མ་ཡིན་ན་ཧ་ཅང་བཟང་བ་མ་ཡིན་ནམ། ངས་ང་ཚོའི་འབྲོག་ཁུལ་གྱི་ས་ཆ་མང་པོར་གློ་གཅོང་གི་ནད་ཕོག་པའི་མི་ཧ་ཅང་མང་པོ་ཡོད་པ་ཤེས་རྟོགས་བྱུང་། ནད་འདིའི་རྐྱེན་རྩ་གཙོ་བོ་དེད་ན་འཕྲོད་བསྟེན་ལ་དོ་སྣང་མ་བྱས་པ་ལས་བྱུང་བ་མངོན་གསལ་རེད། ད་དུང་། སྤུན་ཟླ་མང་པོས་ང་ཚོའི་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཞིག་ཡིན་ཞེས་སྟོང་ལབ་རྒྱག་པར་དགའ། ང་ཚོའི་ལས་ལ་བརྩོན་པ་གང་དུ་འདུག ཇ་ཁང་ནང་དུ་ཡོད་པ་རེད་དམ། ཆང་ཁང་ནང་དུ་ཡོད་པ་རེད་དམ། ཉལ་སའི་ནང་དུ་ཡོད་པ་རེད་དམ། ངས་ཤེས་རྟོགས་བྱུང་བར་གཞིགས་ན་ང་ཚོའི་བོད་རིགས་ཀྱི་ཡར་ཐོན་བརྩོན་སེམས་ནི་མི་རིགས་གཞན་གང་ལས་ཀྱང་ཧ་ཅང་ཆུང་། མཐོ་ཤེས་ཡོན་པ་ནས་འོག་དམངས་ཚོགས་ཀྱི་བར་དུ། གྲུབ་འབྲས་ཏིལ་འབྲུ་ཙམ་ཞིག་གིས་བློ་བདེ་བག་ཕེབས་དང་ཡིད་སེམས་ཚིམས། དགའ་ལྷང་ལྷང་། གང་སར་འུར་བསྟོད་བྱས་ཏེ་ད་ནས་ཁེངས་སྐྱུང་གིས་སློབ་སྦྱོང་མི་བྱེད་པ་མ་ཟད། རིམ་པ་གཅིག་གིས་ཡར་རྒྱས་གོང་འཕེལ་གཏོང་བའི་བསམ་པ་དེ་བས་ཀྱང་མེད་དོ།། ལོ་འདི་དག་གི་རིང་ལ་བསམ་བློའི་རིན་ཐང་ལྡན་པའི་དཔེ་ཚོགས་མི་ཉུང་བ་ཞིག་དཔར་སྐྲུན་བྱས་ཡོད་ཀྱང་། དཔེ་ཚོགས་འདི་དག་བཀླགས་མྱོང་མཁན་གྱི་མི་བཅུ་གྲངས་ཀྱང་ཡོད་མེད་ཙམ་རེད། འདི་ལས་མཐོང་ཐུབ་པ་ནི་ང་ཚོའི་མི་རིགས་ནི་ཡར་ཐོན་བརྩོན་སེམས་མེད་པའི་མི་རིགས་ཞིག་ཡིན་པ་དང་། ཡར་ཐོན་བརྩོན་སེམས་མེད་པའི་མི་རིགས་ཞིག་ལ་ཡར་རྒྱས་འབྱུང་སྲིད་དམ། གསུམ། ཐབས་རྡུགས་དང་ལ་རྒྱ་མི་འདུག ང་ཚོ་ནི་ལ་རྒྱ་མེད་པའི་མི་རིགས་ཞིག་རེད། གང་ལྟར་ཤེས་ཡོན་པ་དང་སྤྱིར་བཏང་གི་དམངས་ཚོགས་ཡིན་ནའང་ཆོག ཚང་མ་ལ་རྒྱ་མེད་པའི་མི་ཏག་ཏག་རེད། ལག་ཏུ་དབང་ཆ་ཡོད་པའི་མི་ཞིག་དང་འཕྲད་ན། ང་ཚོས་ལྕེ་ནར་ནར་བསྣར་ནས་རང་གི་མགོ་ལ་རེག་རེག་བྱས་ཏེ་ཁ་ཡག་ངོ་དགའ་སྤྲེལ་ལད་ཀྱིས་བཟང་སྒྲིག་ཨེ་ཡོང་བལྟ་བ་ལས། གཞན་ཅི་བྱེད་ཐུབ་བམ། ངས་ངའི་ཉེ་འཁོར་གྱི་བོད་རིགས་མང་པོ་ཞིག་གིས། མི་ཞིག་གིས་ཁོ་ལ་ཁེ་བཟང་ཧ་ཅང་ཆུང་ཆུང་དང་དངུལ་ཕྲན་བུ་ཞིག་སྦྱིན་ཚེ། ཁོ་ཚོ་ནི་ཁྱི་ཕྲུག་ཞིག་མཚུངས་པར་གཞན་གྱིས་ནམ་འབོད་ན་ནམ་ཐོན་པའི་གཡོག་པོ་བྱེད་པ་མཐོང་། ཐ་ན་གཞན་ལ་མིའི་གཞི་རྩའི་ཀུན་སྤྱོད་དང་འགལ་བའི་བྱ་བའང་སྒྲུབ་གྱིན་འདུག དབང་ཆ་ཡོད་པའི་མི་(བླ་མ་དང་གྲྭ་བ་ཡང་ཐེ)སུ་ཞིག་གིས་ཁོ་ཚོར་དོན་དག་བསྒྲུབ་པར་བཀའ་ཕབ་ཚེ། ཁོ་ཚོས་ནམ་ཡང་བཟང་ངན་དབྱེ་འབྱེད་མི་བྱེད་པ་མ་ཟད། མགོ་སྒུར་པུས་བཙུགས་ཀྱིས་ཡོངས་འགྲུབ་བྱེད་ཅི་ཐུབ་བྱེད། ཐོ་འར་ཆིས། རྐང་བ་གཉིས་ལ་བརྟེན་ནས་དྲང་མོར་ལངས་པའི་མི་དཀྱུས་མ་ནི། ཉྭ་གུག་སྒྱིད་ལྷེམ་གྱི་མི་གྲགས་ཅན་ལས་རླབས་ཆེ་ཞེས་བཤད་མྱོང་། ད་ཆ་ང་ཚོའི་མི་རིགས་ཀྱི་ནང་དུ་རང་གི་རྐང་བ་གཉིས་ལ་བརྟེན་ནས་དྲང་མོར་ལངས་ཐུབ་མཁན་གྱི་མི་ག་ཚོད་ཡོད་དམ། བཞི། ཁ་ནས་གང་ཐོན་བཤད་ཅིང་ཁ་དན་ཚིག་ལ་མི་གནས། བོད་རིགས་ནི་མནའ་བསྐྱལ་ལ་དགའ་བའི་མི་རིགས་ཞིག་རེད། མནའ་རྟེན་དུ་རང་གི་དད་མོས་བྱེད་ཡུལ་དཀོན་མཆོག་གསུམ་དང་བླ་མ། ཡང་ན་རང་གི་དྲིན་ཆེན་ཕ་མ་འཇོག ངས་དབྱེ་ཞིབ་བྱས་པ་ལྟར་ན་མི་མང་པོ་ཞིག་གིས་མནའ་བསྐྱལ་དོན་ནི་མི་གཞན་པ་རང་ཉིད་ཀྱི་སྐྱག་རྫུན་ལ་ཡིད་ཆེས་པའི་ཆེད་དུ་རེད། ད་ལྟ་བོད་རིགས་ཧ་ཅང་མང་པོ་ཞིག་ལ་རང་དགར་མནའ་བསྐྱལ་བའི་གོམས་གཤིས་ཆགས་བཞིན་པ་དང་། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་གང་སར་ཐོས་རྒྱུ་འདུག མི་ཤེས་ཤེས་མདོག་དང་། སྨྱོ་ལབ་རྒྱག་པ་ལས། གནའ་སྲོལ་བཟང་པོ། ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ལྟ་བུ་ཧ་ཅང་དཀོན། ནོར་པེ་འར་གྱིས་བཤད་རྒྱུར། རྫུན་གཏམ་ནི་ངན་དགུའི་སྣ་འདྲེན་ཡིན་ཞེས་གསུངས། རེད་ཡ། ཁྱོད་རང་མི་རིགས་ཞིག་ལ་ཆེས་མ་མཐའི་ཁ་དན་ཚིག་གནས་ཀྱང་མེད་ན། མི་རིགས་འདིའི་འཛམ་གླིང་གི་མི་རིགས་གཞན་གྱི་མདུན་དུ་ཇི་ལྟ་བའི་སྣང་བརྙན་ཞིག་བསྐྲུན་ཡོད་པ་ནི་མ་བཤད་ན་ཡང་ཤེས་པ་ཞིག་རེད། མ་ཁུ་ཐོ་བུན་གྱིས་བཤད་རྒྱུར། རང་སྐྱོན་ངོས་ལེན་ནི་གཞུང་དྲང་དང་སྙིང་སྟོབས་ཀྱི་ཐོན་དངོས་སམ་འབྲས་བུ་ཡིན་ཞེས་གསུངས། དེས་ང་ཚོའི་མི་རིགས་འདི་གཞུང་དྲང་མ་ཡིན་པ་མ་ཟད། ད་དུང་སྙིང་སྟོབས་མེད་པའི་མི་རིགས་ཞིག་ཡིན་པ་གསལ་བཤད་བྱས་འདུག སྤུན་ཟླ་ཚོ། དེས་ན་རླབས་ཆེན་གྱི་རྩོམ་རིག་པ་ལེ་ཧྥུ་ཐོ་འར་སི་ཡི་སྐད་ཆ་འདི་ལ་ཉོན་དང་། ཁོས་བཤད་རྒྱུར། རྫུན་གཏམ་མ་བཤད། བདེན་དོན་ལ་མ་སྐྲག་ཞེས་གསུངས། ལྔ། མ་རབས་ཐ་ཤལ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཞན་པ་ཚབས་ཆེ། ཚང་མས་ཤེས་གསལ་ལྟར། བོད་ལྭ་རིགས་གཅིག་ནི་རི་སྐྱེས་སྲོགས་ཆགས་གང་རུང་གི་པགས་པས་བཟོས་པ་རེད། བོད་རིགས་ཚོས་ལྷ་ཁང་དུ་ལྷ་ལ་ཕྱག་འཚལ་བ། ཡང་ན་ཁྱིམ་དུ་དུས་སྟོན་རོལ་བ་གང་ཡིན་ཡང་། ཚང་མས་རི་སྐྱེས་སྲོག་ཆགས་ཀྱི་པགས་པས་བཟོས་པའི་ལྭ་བ་འདི་གོན་ནས་ཁོ་ཚོའི་རྒྱུ་སྟོབས་ངོམ་རེས་དང་དཔལ་འབྱོར་གྱི་ཆ་རྐྱེན་བཟང་མདོག་སྟོན་པར་དགའ། དོན་དངོས་སུ་ཁོ་ཚོའི་བྱ་སྤྱོད་འདིས་ཁོ་ཚོ་ནི་ཅི་འདྲའི་རིག་གནས་མེད་པ་དང་བླུན་རྨོངས་ཡིན་པ་མཚོན་གྱིན་པ་མ་ཟད། འདིས་ཁོ་ཚོ་ཅི་འདྲའི་རྗེས་ལུས་དང་གདུག་རྩུབ་ཆེ་བ་ཡང་གསལ་སྟོན་བྱས་ཡོད། ཁོ་ཚོས་འདིས་བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེ་དང་མར་གྱུར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་གསུངས་པའི་ལྟ་གྲུབ་དང་འགལ་ཡོད་པ་གཏན་ནས་ཤེས་ཀྱི་མེད། དོན་དངོས་སུ་འདི་ནི་བོད་རིགས་ནུས་མེད་ཡིན་པས་བཟོ་གྲྭ་སྣ་ཚོགས་འཛུགས་པའི་ཆ་རྐྱེན་མེད་པ་མ་གཏོགས། གལ་ཏེ་བཟོ་གྲྭ་འཛུགས་པའི་ནུས་པ་ཡོད་ཚེ། བོད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ད་ལྟ་ཧ་ཅང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་ཁོ་ཐག་ཡིན་ནོ།། རང་གི་རིག་གནས་ཆུ་ཚད་དང་དུས་ཚོད་ཀྱི་དབང་གིས། གནད་དོན་ལྔ་ཙམ་མ་གཏོགས་འབྲི་མ་ཐུབ། བོད་མི་རིགས་ཀྱི་སྟེང་དུ་ད་དུང་སྐྱུག་རྫོབ་ཀྱི་གནས་དང་མི་འདང་ས་མང་པོ་ཡོད་པས། ངའི་རེ་བར་མི་མང་པོ་མཉམ་ཞུགས་ཀྱིས་ང་ཚོའི་སྐྱོན་ཆ་དང་མི་འདང་ས་གླེང་ནས། བོད་རིགས་ཀྱི་མི་རེ་རེས་ང་ཚོའི་མི་རིགས་འདིའི་སྐྱོན་ཆ་དང་མི་འདང་ས་ཤེས་རྟོགས་ཡོང་བར་བྱེད་པ་དང་མཉམ་དུ། ང་ཚོས་དངོས་སུ་གཞན་ལ་ཁག་དཀྲི་ས་མེད་པའི་གནད་དོན་འདི་དག་བསྒྱུར་བཅོས་བྱས་ཏེ། བོད་རིགས་མི་དམངས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་མུ་མཐུད་འཕེལ་རྒྱས་དང་། གནའ་བོའི་མི་རིགས་འདི་མིང་དོན་མཚུངས་པའི་སྟོབས་ལྡན་དང་བྱམས་སེམས་ཅན་གྱི་མི་རིགས་ཞིག་བྱེད་དགོས། ད་དུང་ཁམས་པ་ཡིན་ཟེར་གཅིག་ཇོན་གྱི་ཡོད་འདོག་འདོག་ཨམ་འདོ་བས་རྒྱ་མི་ལས་འདུག་པ་དགའ་ལྡན་ཕོ་བྲང་གི་ལོ་རྒྱུད་ནག་པོ་ཟོ་བ་སོགས།