དེ་རིང་གི་གསར་འགྱུར་ཁྲོད་དུ་༧རྒྱལ་བ་རིན་པོ་ཆེ་ཁ་སང་བོད་ཁྱིམ་སློབ་གྲྭའི་མཛད་སྒོའི་སྟེང་ཕེབས་ནས་མི་མང་ལ་བཀའ་སློབ་གནང་སྐབས། དབུ་མའི་ལམ་ལ་ཐུགས་རེ་ཇེ་ཆུང་ལ་འགྲོ་བཞིན་པ་དང་། དེ་བཞིན་མ་འོངས་བྱེད་ཕྱོགས་ཀྱང་བོད་མི་མང་ལ་ཇི་འགབ་ཞུ་གི་ཡིན་གསུངས་འདུག བོད་ཡིག་གི་གསར་ལམ་དག་ན་འདིའི་སྐོར་ལ་གནས་ཚུལ་མང་ཐག་ཆོད་ཡོད་ངེས།
ཡང་རྒྱལ་བ་རིན་པོ་ཆེས་གསུངས་དོན་ལ་ཁོང་གིས་དབུ་མའི་ལམ་ལ་རེ་བ་རྒྱག་མཚམས་བཞག་པ་ཡིན་ཟེར་བ་དང་། ངས་སྔོན་མ་སི་ཊར་སི་སྦག་གི་གསུང་བཤད་སྐབས་སུ་ཡང་མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད་ཅེས་བཤད་ཡོད་ཅེས་གསུངས་ལུགས་བཀོད་པ་སོགས་ཐོན་འདུག
ཏཱ་ལའི་བླ་མ་ཡང་རྒས་སོང་། དབུས་མའི་ལམ་ཡང་ཕམ་སོང་། བོད་མིས་རེ་བ་དང་བོད་ཀྱི་མ་འོངས་བ་ཏཱ་ལའི་བླ་མ་ཕུལ། ཏཱ་ལའི་བླ་མས་བོད་ཀྱི་མ་འོངས་བ་ཕྱིར་བོད་མི་ལ་སྤྲད། ད་ནི་བོད་མིས་ལོ་ན་མཐོ་བའི་ཏཱ་ལའི་བླ་མ་ཡར་ཕུལ་ཐབས་མེད་པས། འདི་ནི་བོད་ཚར་བར་སྔར་ལྟོས་ཤིག་ཡིན་ནམ། འཇམ་ནོར་གྱིས་ཏཱ་ལའི་བླ་མའི་དབུ་མའི་ལམ་ཕམ་ཉེས་འབྱུང་བཞིན་འདུག་བརྗོད་དུས། བོད་མས་མིག་བཀབ། རྣ་ཅོག་ཟུམ། སྤྱི་ཡོངས་ཀྱི་ཆབ་སྲིད་ཕྱོགས་ལ་ཁོ་ཚོ་ཞར་ར་གནམ་བསྟན་རེད…….
དང་པོར་རང་བཙན་གཙང་མར་རེ་བ་ཡོད། །
བར་དུ་དབུ་མའི་ལམ་ལ་རེ་བ་ཡོད། །
ད་ལྟ་ཅི་དང་གང་ལའང་རེ་བ་མེད། །
ཐ་མར་ང་ཚོར་གཅིག་ཀྱང་འཐོབ་རྒྱུ་མེད། །
༧གོང་ས་མཆོག་གིས་དགོངས་ལོ་བཅོ་ལྔ་ཙམ་ནས་དབུགས་ཆད་ལ་ཁད་ཀྱི་མི་རིགས་ཤིག་སྐུ་རྒྱབ་ཏུ་ཁུར། ད་དུང་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཚོས་བྱ་ཐབས་མ་རྙེད་པའི་དམར་ཕྱོགས་ཆེན་པོ་དེའི་ཁ་གཏད་དུ་ལངས་ཤིང་། ཤི་ལ་ཁད་ཀྱི་བོད་མི་རིགས་ལ་དབུགས་མཐུད་བརྒྱག་ཞོར་དང་ཆོས་རིགས་ལ་མེ་ཁ་གསོ་ཞོར་བྱས་ནས། ད་སྐབས་བོད་རིགས་ཟེར་ན་འགུལ་རྒྱུ་ཡོད་མཁན་ཞིག་དང་། བོད་ཀྱི་རིགས་གཞུང་ཟེར་ན་ཚང་མས་མཐོང་རྒྱུ་ཡོད་པ་ཞིག་བཟོ་མཁན་གྱི་སངས་རྒྱས་ཁོང་གི་དྲན་ལན་གྱི་ཟུར་ཙམ་ཡང་མི་ཚོར་མཁན་གྱི་ལོག་སྨོན་ཅན་འདི་ཚོར་ཅི་ཉེས། འདི་བཞིན་སྤྱི་མཐུན་གྱི་བསོད་ནམས་ཉམས། ཆིག་སྒྲིལ་གྱི་སྟོབས་ཤུགས་འཐོར། བདེ་སྐྱིད་ཀྱི་རེ་བརླག་པར་འདུག་གོ།།
ལན་འདི་གོང་གི་མི་རོ་ཟེར་བ་དེའི་མུན་ནག་གི་སྙིང་ལ་བཏབ་པའོ།།
༧གོང་ས་མཆོག་གིས་འདི་ལྟར་མི་མང་ལ་བཀའ་སློབ་གནང་བ་དང་། མི་མང་གི་ངོས་ནས། ༧སྐྱབས་མགོན་ཆེན་པོས་ད་བར་དུ་བོད་ཀྱི་བསྟན་པ་ཆབ་སྲིད་དགུང་ལ་བཏེགས་པ་འདིར་ཐུགས་རྗེ་ཆེ་ཞུས། དྲན་གསོ་བྱས། དེ་ནས་ད་ནི་བོད་མི་རིགས་འདི་མུ་མཐུད་དུ་གནས་རྒྱུ་ལ་ཡང་༧སྐྱབས་མགོན་ཆེན་པོས་ཐུགས་གཡེང་གནང་མི་དགོས། ང་ཚོས་སྤྱི་དོན་འདི་རང་དོན་བཞིན་སྒྲུབ་རྒྱུ་ཡིན་ཞེས་དམ་བཅའ་ཞིག་འབུལ་རན་པ་རེད་བསམས། གཞན་རྒྱ་རི་རྒྱ་ནག་ལ་འགྲོ་ཉེའི་མཚམས་འདིར་༧གོང་ས་མཆོག་གིས་འདི་ལྟར་གསུངས་པ་དེ་རྒྱ་རིས་ཕར་བཤད་རྒྱུ་ཞིག་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་ཅེས་བསྙད་འདོགས་བྱེད་མཁན་ཡོང་གི་འདུག དེ་ཚོ་ལ་ཡང་དྭོགས་པ་དང་བཅས་བལྟ་དགོས་པ་ཞིག་རེད།
སྟག་སྨྱོན་འདི་ལ་ཁ་རྩེད་བའམ་ལན་འདེབས་བྱས་ནས་། ང་ནི་སྨྱོན་པ་ནི་མིན། ཏཱ་ལའི་བླ་མའི་སྐུ་རྒྱབ་ཏུ་ཞོན་མཁན་ཁྱོད་གཙོ་བྱས་མིག་བཙུམ་ནས་སྐྱབས་སུ་མཆི་ཟེར་མཁན་བོད་མི་དེ་དག་རེད། མང་བོ་བཤད་འདོད་མི་འདུག
དབུ་མའི་ལམ་གྱི་གོ་དོན་ངོ་མ་ནི་ཡང་དག་པའི་ལམ་ལ་ཟེར་བ་རེད། ཚིག་དེ་མགོན་པོ་༸ཐྲྤཀླུ་གྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག་ཟེར་བ་དང་ལྷག་པར་དབུ་མ་རྩ་བ་ཤེས་རབ་ནས་ཡོང་བ་རེད། དབུ་མའི་ལམ་ནི་བོད་ཀྱི་རང་དབང་སྐྱར་གསོའི་ཐབ་ལམ་དང་མཐར་དབུ་མའི་ལམ་དེ་འབྲས་བུ་མཐར་ཐུག་བོད་རྒྱ་འོག་ནས་ཐར་པ་དང་རྒྱ་འོག་ནས་གྲོལ་བ་བཅས་ཀྱི་ངོ་བོས་འགྱུར་ཐུབ་པ་རེད། དབུ་མའི་ལམ་ནི་བོད་ཀྱི་རྩ་དོན་གྱི་གཞི་ལམ་འབྲས་གསུམ་ཀ་རེད། གཞི་དབུ་མ་དང་ལམ་དབུ་མ་དང་འབྲས་བུ་དབུ་མ་བཅས་ནི་ཡང་དག་པའི་གཞི་ལམ་འབྲ྄ྭས་གསུམ་རེད། དེ་འདྲ་ཡིན་དུས་རང་བཙན་དང་དབུ་མའི་ལམ་གྱི་འདམ་ཀའི་སྐད་ཆ་ནི་བལྟ་བ་དབུ་མ་དང་ཞི་བ་མྱང་འདས་གཉིས་གང་འདམ་ཟེར་བ་བལྟ་བུ་རེད། གཞི་ཡང་དག་པ་དབུ་མ་ལ་བརྟེན་ནས་ལམ་ཡང་དག་པ་དབུ་མ་དང་ལམ་ཡང་དག་པ་དབུ་མ་ལ་བརྟེན་ནས་འབྲས་བུ་ཡང་དག་པ་དབུ་མ་བཅས་དེ་རྣམས་གཅིག་ལ་གཅིག་རྟེན་ལས་འདམ་ཀ་ཡོང་ཐབ་མེད ། གྲོགས་པོ་ཚ།ོ དེ་འདྲ་མ་རེད་དམ།
འཇམ་གླིང་ལགས། ཁྱོའི་ཡིག་གཟུགས་ཀློག་ཐབས་མི་འདུག མེ་རི་ཡིན་ན་དེས་མཐུ་བཏང་བཞག་པ་མིན་ནམ། ཁོ་ཞྭ་མོ་བ་ལ་དེ་འདྲ་ཡིན་ན་མཐུ་ཆེན་པོ་དང་གྲིབ་ནག་པོ་ཡོད་རེད། ཁོའི་འོག་ནས་མ་འདུག མིན་ན་དགོངས་དག སྐད་ཆ་བཤད་སྟངས་ཕལ་ཆེར་དོལ་གྱལ་གི་བཟོ་འདྲ་བོ་ཞིག་འདུག
ཁོ་རེ་ཁྱོད་དཀོན་མཆོག་ཉོན། མེ་རི་ང་མཐུ་འདུག་ཟེར། མེ་རི་ང་མཐུ་ཡོད་ན།
ཕ་བསོད་ཀྱི་རྒྱ་མི་དང་། བོད་ཡིག་ལ་སྡང་ཆེ་བའི། གུང་ཁྲན་དེ་ཕར་བཞག་ནས།
རིགས་མཐུན་གྱི་བོད་མི་དང་། བོད་ཡིག་ལ་མཐུ་ཅི་གཏོང་། ཁ་བ་དེ་གངས་ཅན་ལྗོངས།
གནས་ཚུལ་ནི་ཛ་དྲག་སྐབས། ཁ་སང་དང་དེ་རིང་ལ། གངས་རི་ཡི་ཕར་ཕྱོགས་སུ།
གདོང་དམར་དེ་བོད་ཀྱི་མི། སྨྱོན་པ་ནི་ཇེ་མང་རེ། མེ་རི་ང་བོད་ཀྱི་མི།
མཐུ་དང་ནི་རྫུན་འཕྲུལ་ཞེས། རྣ་ཡིས་ནི་གོ་མྱོང་ལས། ཡིད་ཆེས་ཤིག་གཏན་ནས་མེད།
དཀོན་མཆོག་ཁྱེད་ཡིད་ཆེས་ན། ཕྱི་རོལ་གྱི་མི་སྨྱོན་ཚོ། མེ་རི་ངས་མཐུ་བཏང་རེད།
མེ་རི་ངས་མཐུ་མི་ཤེས། རང་མགོ་ནི་རང་མ་གཡོག། གཞན་མགོ་དེ་རང་མ་གཡོག
དོན་མཐུན་གྱི་གཏམ་ཤེས་ན། ཁ་བརྡ་འདིར་གླེང་བར་ཆོག
ངས་གོང་དུ་བརྗོད་ཟིན་པ་ལྟར། ལོ་ངོ་ལྔ་བཅུའི་གོང་དུ་བདུག་རྩུབ་ཅན་གྱི་དུད་ནག་འཁྲིགས་པའི་མེ་རི་དེ་ཤར་ཕྱོགས་ནས་མཆེད་དེ་གངས་ཅན་བོད་ཀྱི་བདེ་སྐྱིད་དང་ཚེ་སྲོག་གྲངས་མེད་ལ་ཉམས་ཆག་བཏང་། དེའི་ཕྱིར་ང་ནི་མེ་རི་ལ་མཁོན་ཞིང་མེ་རི་ལ་ཧ་ཅང་སྡང་། མེ་ལྕེ་དེ་ཡི་ཆ་ཤས་ཀྱི་མེ་རི་ཆུང་ཆུང་ཞིག་གཡོ་སྒྱུའི་འཛུམ་བག་དང་བཅས་ཏེ་དེ་རིང་ཁ་བརྡ་ཚང་ལ་མཆེད་བྱུང་། མེ་རི་དེ་གཉིས་ངོ་བོ་གཅིག་པས་ཐབས་ཇུས་ཡང་ཤིན་ཏུ་མཚུངས། མི་རིགས་འདི་ཡི་ཁེ་ཕན་ཁ་ལ་ཁྱེར་ནས་ལྐོག་གཡོ་ཁོག་ཏུ་སྦས་འདུག ཁྱེད་ཅག་གིས་ལོས་ཤེས།
མི་འདི་ཡང་སྨྱོ་འགོ་ཚུགས་སོང་བ་རེད། ཁ་སང་ནས་སྙིང་ཁམས་མ་བདེ་བར་འཆན་གཅིག་མུ་མཐུད་ནས་ཐེངས་བཅུ་ཙམ་བཀོད་འདུག དེ་དུས་ནས་དོ་སྣང་བྱུང་། བོད་མི་ཕྲུག་གུ་འདི་ཡང་སྨྱོས་བར་ཕངས་བ་ལ།
ཕྱི་སྣ་ནང་དུ་འདྲེན་པའི་རྒྱལ་འཚོང་བ་ཞིག་ལས་བསམ་ཤེས་རྣལ་དུ་མི་གནས་པའི་སྨྱོན་པ་ཞིག་ཏུ་གྱུར་ན་བཟང་།
འདིར་དབུ་མའི་ལམ་གྱི་སྐོར་ཅང་མི་བཤད་པར་མེ་རི་ཟེར་བ་འདྲ་བོ། མིའུ་ཕྲུག་ཟེར་བ་འདྲ་བོ་དེ་འདྲ་ཡོང་ནས་སྨྱོན་པ་ཞིག་ཏུ་གྱུར་ན་བཟང་མིན། མཐུ་ཡོད་མེད་ཀྱི་སྐོར་བཤད་ནས་བསྡད་འདུག་ག
ལམ་དབུ་མ་ཟེར་ན་ཡང་དག་པའི་ལམ་ཡིན་མིན་མི་ཤེས། མཐའ་གཉིས་སུ་མ་ལྷུངས་པའི་ལམ་དཀྱིལ་མ་ཟེར་བ་དང་འདྲ། གུང་ཁྲན་ལ་མཚོན་ན་བར་སྐབས་ཤིག་ལ་དར་ཆ་གསལ་སྟོན་མ་བྱས་པར་དཀྱིལ་དུ་སྡོད་མཁན་ལ་སྐབས་འཚོལ་རིང་ལུགས་པ་ཟེར་གྱི་ཡོད་པ་རེད། ལམ་དབུ་མ་བཟང་དང་གང་ཞིག་བཟང་ང་ཚོས་རྗེས་སུ་གླེང་།
མིའུ་ཕྲུག་འདིས་སོ་སོའི་འདོད་པ་དང་མ་མཐུན་པའི་སྐད་ཆ་བཤད་ན་དགྲ་ཁུངས་དང་སོ་བ་རེད་ཟེར་ཡ་ལ་དགའ་བོ་འདུག མེ་རི་འདིས་སྐད་ཆ་མ་འདྲ་བ་ཞིག་བཤད་ཀི་ཡོད་ཙང་ངས་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པ་ལས་མཐའ་གཅིག་ཏུ་ནག་པོ་ཨེ་ཡིན་ནམ་དྲན་གི་ཡོད།
དཀོན་མཆོག་དེ་ཡང་བདེན་དེ་སང་ཀླུ་སྨྱོན་གྱིས་ཟེར་བ་ལྟར་ང་ཚོ་གཉིས་མི་གཅིག་གི་ངོ་བོར་འགྱུར་གྱིན་ཡོད་པ་མིན་ནམ། ཧཧཧཧཧ
པོ་ཏོ་བས། དཔེར་ན་ངས་ཁྱེད་ཚོར་ད་ལྟ་རི་རྩེ་ཡ་གི་ན་གསེར་གྱི་ཁྲོན་པ་ཞིག་རྡོལ་ཡོད། ཁྱེད་རྣམས་ལེན་དུ་སོང་ཞེས་བཤད་ཀྱང་། ཁྱེད་ཚོས་ངའི་བཤད་པ་དེ་ཀུ་རེའམ་ངག་འཁྱལ་དུ་གོ་ནས་འགྲོ་རྒྱུ་མ་རེད། གལ་ཏེ། ང་རང་མྱུར་དུ་གསེར་དེ་ལེན་དུ་ཕྱིན་ན། ཁྱེད་ཚོ་ཡང་ངའི་རྗེས་སུ་འབྲངས་ནས་གསེར་ལེན་དུ་ཡོང་ངེས་རེད་ཅེས་གསུངས་ཡོད། དཔེར་ན། གོང་ས་མཆོག་གིས་དབུ་མའི་ལམ་དེ་རེ་བ་ཆེན་པོ་མི་འདུག་གསུངས་ན། བོད་མི་མང་ལ་ད་དུང་ཡང་ཚོར་སྣང་ཡོད་ཀྱི་མ་རེད། གོང་ས་མཆོག་གིས་ལམ་ཁ་གཞན་པ་ཞིག་འདེམས་རྒྱུ་ཡིན་གསུངས་ན། བོད་མི་མང་གོང་ས་མཆོག་གི་རྗེས་སུ་འགྲོ་ངེས་རེད།
བོད་མི་ཕྲུག་གི་འདིའི་སྐད་ཆ་གོ་རྒྱུ་ཡོད་དམ། སོ་སོ་རང་ལམ་མེད། རང་བློ་མེད། རང་གཤིས་མེད། མི་འདི་འདྲ་བ་དབང་ཐོབ་ཚེ། མའོ་ལྟར་མི་ཁྲི་ཕྲག་མི་གཅིག་གི་ངོ་བོར་བསྒྱུར་རྒྱུ་རང་རེད།
དྲུག་སྒྲ་བསྡུས་པ་རེད། བསྡུས་པའི་གཟུགས་ཅན་གྱི་ཚིག་གྲུབ་ཅིག་རེད། སྙན་ངག་མེ་ལོང་མའི་ནང་དུ། གཟུགས་རྒྱན་གྱི་ཉི་ཤུའི་ནང་དུ། བསྡུས་པའི་གཟུགས་ཅན་དང་མ་བསྡུས་པའི་གཟུགས་ཅན་ཟེར་པ་འདྲ་པོ་མང་པོ་ཡོད། ཨ་ལ་ཀུ་རེ་ཡིན།
༧གོང་ས་མཆོག་གི་གསུང་ངོ་མ་གཤམ་ན་ཡོད་པ་འདི་རེད། དུས་བབ་ནས་བཤུས།
ང་ཚོས་བོད་ནང་གི་དོན་རྐྱེན་ལ་བརྒྱུད་སྐུལ་བྱས་པ་རེད་ཟེར་བར་གསལ་བཤད་མཐིལ་ཕྱིན་བྱས་ཀྱང༌། ཡིད་ཆེས་བྱེད་ཀྱིན་མི་འདུག ཧ་ལམ་བོད་དོན་དཀའ་ངལ་སེལ་རྒྱུའི་ཚབ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་ལྟ་བུ་ཆགས་འདུག དེར་བརྟེན། ངས་སྤྱི་ཟླ་ ༩ ཚེས་ ༡༡ ནས་ཐག་གཅོད་དེ་བྱས་པ་ཡིན། ངེད་ཀྱི་ངོས་ནས་འགན་དེ་ཐེག་གིན་མི་འདུག་ལ། འགན་འཁུར་དགོས་པ་ཤིག་ལའང་མཐོང་གི་མི་འདུག དྲང་པོ་དྲང་བཞག་གི་སྐད་ཆ་བཤད་ན། ངས་འགན་འཁྱེར་ཐུབ་གི་རེད། ང་ལ་རྒྱུ་མཚན་བཤད་རྒྱུ་ཡོད། བསམ་པ་རྣམ་དག་ཡིན།
མེ་རི་མཆེད་པས་མཆུ་ཏོ་དམར་པོ་གྱུར།།
དུད་ནག་འཁྲིགས་པས་ལུས་བྱད་ནག་པོ་ཆགས།།
ཕྱག་གཉིས་སྦར་མོ་ནང་ལ་བགྲད་པ་སོགས།།
ཁ་བརྡ་འདི་ནི་ཁ་ཏྭ་གྱུར་ལ་ཉེ།།
ཀླུ་གདོན་སྨྱོས་པས་རིག་ཚོར་མ་ཟིན་ཅིང་།།
ཀླུ་གདོན་སྨྱོན་པ་འཆོལ་གཏམ་སྨྲ་ལ་དགའ།།
སྤོབས་པ་ཞི་བ་གཞན་གཡོག་རྒྱུག་ལ་བྲེལ།།
མགོན་པོ་ཕྱག་གཉིས་ཕྱགས་མ་མཁན་དུ་གྱུར།།
མི་ལུས་རིན་ཐང་རྙེད་པ་མི་ཕྲུག་ཙམ།།
མིའུ་ཕྲུག་ཟེར་བ་ཁྱི་ཕྲུག་བཞིན།།
ངུ་ཟུག་བྱེད་པར་དགའ་ལ་ལྟོས།།
མི་ལུས་ཐོབ་པ་བྱེད་ཀ་རེད།།
མི་སྐད་སྨྲ་བ་དོན་མེད་རེད།།
རི་ཁྲོད་དབེན་པ་མི་འགྲིམས་པར།།
གྲོང་པའི་སྒོ་ན་ཁྱི་བཞིན་ཉུལ།།
མགོན་པོ་ཕྱག་གཉིས་ཕྱགས་མ་ཡིས།།
གད་རྙིགས་མཉམ་དུ་ཕྱགས་ན་ཐང་།།