བར་སྐབས་ཤིག་ནས་རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱང་རང་གི་དབུ་མའི་ལམ་དེ་ལམ་ཁ་མ་ནོར་པ་ཞིག་ཡིན་པར་དྭོགས་གཞི་ཟོས་པའམ་དམངས་གཙོའི་རྣམ་པ་སྟོན་ཆེད་དུ། སྔ་ཕྱིར་མི་མང་གི་བསམ་ཤོག་བསྡུས་པ་རེད། བོད་ཀྱི་རྩ་དོན་ལ་བགྲོ་གླེང་གི་ཆེད་དུ་ཚོགས་འདུ་སྔ་ཕྱིར་འཚོགས་པ་རེད། དེ་ལྟར་དམངས་གཙོའི་ལམ་ཁ་བརྒྱུད་ནས་བོད་མི་མང་ཆེ་བའི་རྒྱབ་སྐྱོར་ཐོབ་པ་དང། གྲོས་ཚོགས་སུའང་མང་མོས་ཀྱི་ལམ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐག་ཆོད་བྱུང་བ་རེད། དེ་ནས་ཚུར་དབུ་མའི་ལམ་ཟེར་བ་དེ་རྒྱལ་བའི་དགོངས་གཞི་གཅིག་པོ་མིན་པར་བོད་མི་མང་གི་བསམ་ཚུལ་ཆགས་པ་རེད། དེ་བདེན་པ་རེད། དེ་ལ་ངས་རྩོད་པ་རྒྱག་གི་མེད།
ཡིན་ནའང་ཅིའི་ཕྱིར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་པ་རེད། དེ་ལ་ང་ཚོས་སྐྱར་ཞིབ་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་། བཙན་བྱོལ་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་རྩིས་བརྒྱབ་ན་ད་རུང་མང་མི་འདུག་སྙམ། དེ་ལྟར་བྱས་ན་དབུ་མའི་ལམ་མ་ཡིན་པའི་ལྟ་བ་ལོགས་སུ་འཛིན་མཁན་མི་ཁྲི་གཅིག་ལ་འབུད། དེ་ཧ་ཅང་མང་བ་རེད། དོན་དངོས་སུ་དེ་འདྲ་ཞིག་ལོངས་རྒྱུ་མ་རེད་འདོད།
དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། བོད་གཞུང་གིས་ཀྱང་རྒྱ་གུང་ཁྲན་ཏང་གིས་ཏང་གི་སྲིད་བྱུས་གཅིག་པོ་དྲིལ་བསྒྲགས་བྱས་ནས་མི་མང་ཚང་མ་ཞ་ར་བཟོས་ཡོད་པ་བཞིན་དབུ་མའི་ལམ་གཅིག་པོ་དྲིལ་བསྒྲགས་རྒྱ་ཆེར་བྱེད་པ་མ་ཟད་གཞན་མགོ་སྐོར་བའི་རྫུན་ཡང་བརྗོད་ཀྱི་ཡོད་པ་རེད། མི་མང་ནང་ལངས་ཕྱོགས་གཞན་པ་རྣམས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་འདྲ་མཉམ་རེག་ཡོད་པ་མ་རེད། དེར་མ་ཟད་ད་རུང་རང་བཙན་རྩོད་མཁན་ཚོར་མཚོན་ན། འགའ་རེས་བསམ་བཙུགས་ནས་ཁོང་ཚོར་མཐོང་ཕྱོགས་ངན་པ་བཟོས་ཏེ་འགའ་རེའི་མིག་གི་ནང་གི་ཚེར་མ་ལྟ་བུ་ཆགས་ཡོད་པ་རེད། ད་གཞན་པའི་རང་ཐག་རང་གཅོད་སོགས་གླེང་སློང་བྱེད་མཁན་ཕལ་ཆེར་མེད་པ་རེད།
གཞུང་དེ་མི་མང་གི་སྐུ་ཚབ་ངོ་མ་དེ་ཡིན་པ་ཡིན་ན། རང་གིས་ལངས་ཕྱོགས་ཤིག་བཟུང་ནས་དེ་ཁོ་ན་ཁྱབ་བསྒྲགས་བྱས་ཏེ་མི་མང་གི་ཀླད་པ་གཙང་རིལ་རིལ་བཀྲུས་འགྲོ་བ་དེ་ནི་དམངས་གཙོའི་འགྲོ་སྟངས་ངོ་མ་ཞིག་རེད་དམ། གཞུང་རང་གི་ངོས་ནས་ལངས་ཕྱོགས་གང་ཡང་མ་བཟུང་པར་མི་མང་ནང་ཆབ་སྲིད་ལངས་ཕྱོགས་ཚང་མའི་ཐོག་སློབ་སྦྱོང་བྱེད་པའི་གོ་སྐབས་འདྲ་མཉམ་ཕུལ་ཡོད་ན་དེ་ལ་བཤད་རྒྱུ་མི་འདུག ངེད་ཚོ་མི་མང་ཚོར་ལམ་དབུ་མའི་སྐོར་ཤེས་འདོད་ཡོད་པ་ནང་བཞིན་རང་བཙན་དང་རང་ཐག་རང་གཅོད། ས་གནས་རང་སྐྱོང་སོགས་ཚང་མ་ཤེས་འདོད་ཡོད། དེའི་འགན་དེ་གཙོ་བོ་གཞུང་ལ་ཡོད་པ་དང་གཞན་པའི་ཚོགས་པ་ཚོལའང་ཡོད་པ་རེད།
ད་འདི་ནས་མར་བོད་གཞུང་གིས་སྐྱ་སེར་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གི་ཀླད་པ་ཇི་ལྟར་བཀྲུས་པའི་སྐོར་བཤད་རྒྱུ་ཡིན། དབུ་མའི་ལམ་ཁྱབ་བསྒྲགས་བྱེད་སྐབས་སྐད་ཆ་གཙོ་བོ་ཞིག་ག་རེ་བཤད་ཀྱི་ཡོད་པ་རེད་ཟེར་ན། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཟེར་ནས་ཁྱབ་བསྒྲགས་ཁ་མེད་སྣ་མེད་དུ་བྱེད་ཀྱི་ཡོད་པ་རེད། དེས་རྒྱ་ཆེའི་དད་ལྡན་སེར་སྐྱ་མི་མང་བརྒྱ་ཆའི་མང་ཆེ་བའི་བསམ་བློ་དབུ་མའི་ལམ་ལ་བསྒྱུར་ཐུབ་ཀྱི་ཡོད་པ་རེད། ད་ད་རུང་དེ་ཙམ་གྱིས་ཀླད་པ་ཆེར་བསྒྱུར་མི་ཐུབ་མཁན་སྐོར་ཞིག་ཡོད་པ་རེད། དེ་ནི་དེང་དུས་ཀྱི་སློབ་སྦྱོང་ཅུང་ཡོད་པ། རང་ཉིད་ལ་རང་གི་ཀླད་པ་ཡོད་པའི་ཤེས་ལྡན་མི་སྣའི་གྲས་རེད། དེ་ཚོའི་བསམ་པ་རྫུན་བཤད་ནས་བསྒྱུར་འགྲོ་གི་ཡོད་པ་རེད།
འདི་རུ་རྫུན་ག་འདྲར་བཤད་པ་མ་དྲངས་ན་ངས་བོད་གཞུང་ལ་ཡ་ལ་དཀྲི་གི་ཡོད་པ་འདྲ་ཞིག་ཡོད་པ་རེད། རྫུན་བཤད་མཁན་སུ་རེད་ཟེར་ན། རྒྱ་ནག་ལ་གྲོས་མོལ་བྱེད་དུ་འགྲོ་མཁན་ཚོ་རེད། སྔོན་མ་རྒྱ་ལོ་དོན་གྲུབ་འགྲོ་གི་ཡོད་པ་རེད། ཁོང་ཚུར་ཡོང་ན་རྟག་པར་རེ་བ་འདུག རྒྱ་ནག་སྔོན་མ་ལས་ཡར་རྒྱས་ཆེན་པོ་ཕྱིན་ཤག་ཟེར་ནས་མི་མང་ལ་རྫུན་བཤད་བསླུ་བྲིད་བྱས་པ་མ་ཟད་རྒྱལ་བ་རིན་པོ་ཆེ་ལའང་དབུ་སྐོར་གཏོང་གི་ཡོད་པ་རེད། དཔེ་བཞག་ན། རྒྱ་ལོ་དང་སྲས་མཁས་གྲུབ་གཉིས་ཐེངས་གཅིག་རྒྱལ་བ་རིན་པོ་ཆེར་མཇལ་དུས་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཧུ་ཅིང་ཐའོ་ཡག་པོ་འདུག་ཟེར་ནས་ཞུས་པ་ལྟར་རེད། དེའི་རྗེས་ནས་རྒྱ་རི་རིན་པོ་ཆེ་ཕྱིན་པ་རེད། དེ་ལྟར་རེད། ཡག་ག་ཟིག་མ་གཏོགས་སྡུག་ག་ཟིག་བཤད་རྒྱུ་མེད་པ་རེད། ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་སླེབས་ནས་ཀྱང་རེ་བ་ཡོད་པ་རྐྱང་བཤད་ནས་བཅའ་ཁྲིམས་ཀྱི་ནང་ཚུད་ཆད་ལ་བསྒྱུར་བཅོས་བཏང་བ་རེད། མང་པོ་ཞིག་ནས་རྒྱ་བོད་གྲོས་མོལ་ལ་གྲུབ་འབྲས་མ་ཐོབ་པར་རྒྱ་རི་དང་ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད་མང་པོ་གནང་སོང་། ངས་བལྟས་ན་དེའི་ཐོག་ནས་ཁོང་གཉིས་ལ་སྐྱོན་བརྗོད་འབབ་ཀྱི་མི་འདུག དེ་གཙོ་བོ་རྒྱ་ནག་ལ་རག་ལུས་ཡོད་པ་རེད། ཡིན་ནའང་། རེ་བ་མེད་ནའང་ཡོད་པ་ལྟ་བུ་བཤད་པ། སྡུག་པའི་ཕྱོགས་མི་བཤད་པར་ཡག་ཕྱོགས་རྐྱང་བཤད་ནས་མི་རྣམས་ལ་མགོ་སྐོར་བསླུ་བྲིས་ཐེབས་འཇུག་པ་དེ་ལན་པོར་མཐོང་མ་སོང་།
ཕྱོགས་གཅིག་ནས་ཁོང་རྣམས་ལའང་ཁག་མི་འདུག ཁོང་ཚོ་རང་ཉིད་རྒྱ་ནག་གི་གཡོ་སྒྱུའི་འོག་ཚུད་པ་རེད། མགོ་སྐོར་ཐེབས་པ་རེད། ཁོང་ཚོ་ཚུར་ཡོང་ནས་མི་མང་རྣམས་མགོ་སྐོར་འོག་བཙུད་པ་རེད། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བོད་མི་མང་ཆེ་བ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཆགས་པ་རེད། མི་མང་ནང་ལ་ཆབ་སྲིད་ལངས་ཕྱོགས་ཐད་སློབ་སྦྱོང་གི་གོ་སྐབས་འདྲ་མཉམ་ཞིག་མ་སྤྲད་པ་དེ་སྲིད་དུ་ཚོགས་འདུ་ག་ཚོད་ཀྱི་རྒྱ་ཆེན་པོ་བསྡུས་ནའང་ང་ཧང་སང་གི་མི་འདུག ཚོགས་འདུར་བཅར་མཁན་ཕལ་ཆེ་བའི་ཀླད་པ་བཅོས་མ་རེད། བཀའ་ཤག་གི་དབུ་མའི་ལམ་གྱི་ཐོ་བ་སྤྱད་ནས་ཁོ་ཚོའི་ཀླད་པ་སྦྱངས་རྡུང་ཡག་པོ་བྱས་ཡོད་པ་རེད། ཟམ་གདོང་རིན་པོ་ཆེ་དེའི་ནང་གི་ཀླད་པ་སྦྱངས་རྡུང་ལ་མཁས་ཤོས་ཀྱི་མགར་རའི་གྲས་ཤིག་རེད།
སྔོན་བོད་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་སྐབས། རྒྱལ་བ་རིན་པོ་ཆེས་ཚོགས་འདུ་འདི་འདྲ་ལོ་རེ་བཞིན་འཚོགས་ཐུབ་ན་ཡག་པོ་འདུག་གསུངས་པ་ལྟར། དེ་ལྟར་མ་ཐུབ་ཀྱང་དྲ་ཐོག་དང་སྤྱི་ཚོགས་ནང་ལངས་ཕྱོགས་འདྲ་མིན་ཐོག་ཕན་ཚུན་བགྲོ་གླེང་དང་ཕན་ཚུན་དྭོགས་སློང་། སྦྱངས་བཤད་ག་ཚོད་བྱེད་ཐུབ་ན་ཡག་པོར་མཐོང་།
མུ་མཐུད་དུ་ཡིན།
ད་དྲ་གྲོགས་ཚོ་བགྲོ་གླེང་ལ་ཕེབས་ཤོག
མདའ་ཚན་པས་འདི་ན་གནད་དོན་གལ་ཆེན་ཞིག་གླེང་སློང་བཞིན་འདུག
ཁྱེད་རང་གི་བསམ་ཚུལ་དེ་ཡང་བསམ་ཚུལ་ཞིག་ཡིན་པའི་ཆ་ནས་དེ་བརྩི་བཀུར་བྱེད་ཀྱིན་ཡོད། ཡིན་ན་ཡང་ཁྱེད་རང་གི་བཤད་པའི་སྐད་ཆ་འམ་རྩོམ་ཡིག་འདིས་མགོ་ནས་སྔ་མ་བར་དུ་འདི་འོ་སྙམ་པའི་དོན་ཞིག་ངས་ནི་གོ་མ་སོང་། ཁྱོད་ལ་ཡང་རང་ཚུགས་སམ་ལངས་ཕྱོགས་དེའི་རྒྱབ་སྟེན་ཚད་མ་ཞིག་མི་འདུག གང་ལྟར་དོན་དེ་ལྟ་བུ་ལ་དཔྱོད་ན་བསམ་བློ་བཞི་གསུམ་བཅུ་གཉིས་སྔོན་འགྲོར་དགོས་པ་དངོས་ཡོད་རེད། གང་འདོད་ལ་གང་བྱུང་མ་བཤད་རོགས། རིག་གནས་པ་ཞེས་པའི་མིང་ཚིག་ཙམ་གྱི་མགོ་སྔ་རེ་བསྒྲིགས་ཐུབ་པ་ཙམ་གྱིས་སྐད་ཆ་ཆེན་པོ་དག་མཛའ་མིན་རང་གིས་ཤེས་གསལ་རེད། གང་ལྟར་བསམ་བློ་ཡག་པོ་ཐོངས། འདི་ངའི་རེ་བ་ལགས ད་དུང་ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན་དེའི་ཚད་ན་མི་འདུག རང་གི་སློབ་སྦྱོང་ཡག་པོ་ཞིག་བྱས་ནས་སྐད་ཆ་འདིས་རིག་བཤད་ན་འཕྱི་མི་འདུག་སྙམ། ཁ་ཡོད་པ་ཙམ་གྱི་གང་བྱུང་བཤད་སྟངས་འདི་མང་གཙོའི་ལུགས་སྲོལ་ཡིན་མིན་སེམས་ལ་ངེས་དགོས་སོ།
སྐད་ཆ་ཆེན་པོ་ཅང་མ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དཔུང་ཁག་ཆེན་པོ་དེ་ཇི་ལྟར་བྱུང་བ་བཤད་ཀྱི་ཡོད་རེད། དེའི་ཤུགས་སུ། ང་ཚོ་མི་མང་ཕལ་བ་ཉམ་ཐག་ཚོར་དབུ་མའི་ལམ་གཅིག་པོ་མིན་པར་ཆབ་སྲིད་ཀྱི་ལངས་ཕྱོགས་གཞན་དང་གཞན་པའི་སྐོར་ཡང་ཤེས་འདོད་ཡོད། དེ་ལྟར་གོ་སྐབས་འདྲ་མཉམ་གནང་རོགས་གནང་ཟེར་གྱི་ཡོད་པ་རེད།
རྒྱལ་ཡོངས་ཚོགས་ཆེན་ནི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་ལས་མི་མང་གི་འདོད་འདུན་མིན། ང་ངར་སྡ་སར་ཡོད་སྐབས་དགོན་སྡེ་ཕལ་ཆེར་གྱི་འགན་འཛིན་གྱིས་གྲྭ་ཚང་ལ་བཀའ་བཏང་ནས་དེ་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། མ་བྱེད་ན་གྲྭ་ཚང་བོད་གཞུང་དང་འགལ་བ་ཆགས་པས་ག་པོ་མེད་ཚུལ་ངོས་སུ་གོ་ལ། དེ་ལྟར་ལས་དོན་བསྒྲུབས་པ་ངོས་སུ་མཐོང་། ཚོགས་འདུའི་སྐབས་ཚོགས་བཅར་བརྒྱ་ཆ་༨༠ཙམ་བོད་གཞུང་གི་གཞུང་ཞབས་ཡིན། གཞུང་ཞབས་པས་དབུ་མར་སྐྱོབ་སྐྱོར་མ་གནང་ཚེ་མ་འོངས་བའི་མདུན་ལམ་གནོད་པ་མ་ཟད་ལས་གནས་ཤོར་ཉེན་ཆེ་བས་མང་ཤོས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། ལས་གནས་ཤོར་ཚེ་རྒྱ་གར་དབུལ་བོའི་ལུང་པ་ནས་རྐང་བ་འཛུགས་རྒྱཡ་དཀའ་བས་རེད། གལ་སྲིད་རྒྱ་གར་དེ་ལས་ཅུང་ཡར་རྒྱས་ཀྱི་ལུང་པ་ཞིག་ཡིན་ཚེ་དབུ་མའི་ལམ་ལ་དེ་ལྟར་རྒྱབ་སྐྱོར་ཐོབ་མི་སྲིད།
དབུ་མའི་ལམ་ལུགས་ནི་བོད་མི་རིགས་ཀྱི་རིག་གཞུང་གི་མ་ལག་ཆ་ཚང་བའི་བསམ་བློའི་རྨང་གཞི་གཞིར་བཞག་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་རེད་ཟེར་ནས་ཤོད་ན་རང་ཉིད་སྤོབས་པ་སྐྱེད་ཆོག་པ་ཡིན།
༼་དུས་ཡུན་ཟླ་གཅིག་མ་ཟིན་ཙམ་ལ་རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་གདན་དུ་དུས་དབང་ཞུ་བར་ཕྱིན་པས་ཁ་བརྡ་དང་དྲ་ཚུགས་གཞན་གང་ལའང་བལྟ་ཀློག་ཐུབ་པ་བྱུང་མ་སོང་། ཡིན་ཡང་།དེ་རིང་། རྩིས་འཁོར་ཁ་ཕྱེས་པ་དང་མཁྱེན་ཡངས་དྲ་གྲོགས་ལྷན་རྒྱས་ནས་མིའི་རིགས་ཀྱི་རྩ་དོན་གི་རྩ་བར་འཇུས་ནས་རྩོད་གླེང་བྱེད་པ་མཐོང་བས་ཡིད་ཤིན་ཏུ་སྤྲོ།༽
དབུ་མའི་ལམ་ལུགས་ནི་སྔོན་ཆད་མ་བྱུང་བའི་ད་ལྟའི་སྤྱི་ཚོགས་གི་ཆབ་སྲིད་ཀྱི་ལམ་ལུགས་གསར་བ་ཅིག་ལ་ངོས་འཛིན་དགོས་པ་མ་ཟད། བོད་མི་རིགས་ཀྱི་བསམ་བློ་དང་། བོད་མི་རིགས་ཀྱི་སྤྱི་ཚོགས་དང་ཡང་ཧ་ཅང་མཐུན་པོ་ཡོད་ཐོག ལོ་རྒྱུས་ཐོག་གི་ཆེས་ཆ་ཚང་བའི་ཆབ་སྲིད་ལམ་ལུགས་ཅིག་དང་། ཆེས་དུས་དང་མཐུན་པ་ཅིག་ཀྱང་རེད་ཟེར་ན་ཚན་རིག་དང་ཆོས་ཉིད་གང་ལའང་འགལ་བ་མེད།
ཡིན་ནའང་། མི་མི་འདྲ་བར་ལྟ་ཚུལ་མི་འདྲ་བ་རེ་ཡོད་པས་ངེད་མཐོང་ཚུལ་དང་ཁྱེད་མཐོང་ཚུལ་གཉིས་གཅིག་པ་མིན།
༠༠༠༠༠༠
མང་པོ་ཞིག་གིས་དབུ་མའི་ལམ་གྱི་ཁྱད་ཆོས་དང་ཡོན་ཏན་གླེང་བ་མ་གཏོགས། དབུ་མའི་ལམ་གྱི་འབྲས་བུ་རང་སྐྱོང་མངོན་འདོད་དེ་འཐོབ་རྒྱུ་ཞིག་ཡོད་མེད་དང་། སྤྲོད་རྒྱུ་ཞིག་ཡོད་མེད། སྤྲོད་རྒྱུ་ཞིག་ཡོད་ན་སྤྲོད་པ་པོས་ཇི་ལྟར་སྤྲོད་མིན་། ལེན་པ་པོས་ཇི་ལྟར་ལེན་དགོས་མིན་སོགས་རྩ་བ་ནས་མི་གླེང་བར་དབུ་ལམ་གྱི་ཁྱད་ཆོས་དང་ཡོན་ཏན་རྐྱང་རྐྱང་གླེང་ནས་སྡོད་པ་ནི་ཅི་འདྲའི་ཡ་མཚན་པ་ལ། དབུ་མའི་ལྟ་གྲུབ་ཁོ་ན་ཁྱབ་སྤེལ་གཏོང་རྒྱུར་དམིགས་པ་ཞིག་མིན་ན་ཅི་རེད།
བཤད་ན་ཀུན་ལ་བདེ་བའི་བོད་མི་ལམ།།
སྒྲུབ་ན་ཀུན་གྱི་ཕོད་པའི་དབུ་མའི་ལམ།།
རྒྱལ་ཚོང་རྒྱལ་ཞེན་འགྲོ་སའི་དབུ་མའི་ལམ།།
དགྲ་གཉེན་དབྱེ་བ་མེད་པའི་དབུ་མའི་ལམ།།
མཆན་ ༧ ༽ ཡ་གྲོགས་པོ་ལགས། ཁྱེད་རང་གིས་བོད་དོན་་བདེན་མཐའ་གསལ་ཐབས་ཀྱིས་སྲིད་ཇུས་ཇི་ལྟར་ཡིན་འགྲེལ་བཤད་གནང་རོགས་ཞུ། ངས་ཤེས་ན་འདོད། ????
འཇིག་རྟེན་ཐོག་གི་དངོས་པོ་ག་རེ་ཡིན་ན་ཡང་དེ་ཡི་ཁྱད་ཆོས་ངོ་ཤེས་པའི་ཐོག་ནས་དེ་ཡི་ཡོན་ཏན་ལ་ཡིད་དྭངས་པས་རྗེས་སུ་ཞུགས་ན་མཁས་པའི་མཚན་མི་ཐོགས་ཀྱང་བླུན་པོའི་མིང་མི་ཐོབ་པ་ཡིན།
ལམ་དུ་ཞུགས་མ་ཐག་ཏུ་ཡུལ་ལ་བསླེབས་པ་ཞིག་མེད། མི་དགོས། དེ་དགོས་ན་འཛམ་གླིང་ཐོག་གི་ནང་པ་ས་ཡ་མང་པོས་ལོ་ངོ་བརྒྱ་ཕྲག་པོར་ནང་པའི་ཆོས་ལ་དད་པ་བྱས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་རེ་བ་བྱས་པ་རེད། ཡིན་ནའང་། སངས་རྒྱས་ཀྱི་གོ་འཕང་ཐོབ་མཁན་སངས་རྒྱས་རང་ཉིད་ལས་གཞན་ང་ཚོས་མཐོང་མེད། ཡིན་ན་ཡང་ང་ཚོས་སངས་རྒྱས་ཀྱི་ལྟ་གྲུབ་ལ་སྦྱངས་བརྩོན་དང་དད་པ་བྱས་པ་དེར་གྲུབ་འབྲས་མེད་པ་མིན་ལ། འགྱོད་བློ་སྐྱེས་དགོས་པའང་དེ་བས་མེད། དཔེ་དེ་བཞིན་ཡིན་པས། ཐོག་མར་ཡོན་ཏན་ཤེས་པར་བྱོས་ནས་དེ་རྗེས་འབད་པས་བསྒྲུབ་ན་འབྲས་བུ་མི་སྨྀན་པ་མི་སྲིད།
ད་གྲོགས་པོས་སྐད་ཆ་ཐལ་ཆ་ཅན་བཤད་ཀྱིན་འདུག་ག
༡༽”ང་ཚོ་མི་མང་ཕལ་བ་ཉམ་ཐག་ཚོར་དབུ་མའི་ལམ་གཅིག་པོ་མིན་པར་ཆབ་སྲིད་ཀྱི་ལངས་ཕྱོགས་གཞན་དང་གཞན་པའི་སྐོར་ཡང་ཤེས་འདོད་ཡོད། དེ་ལྟར་གོ་སྐབས་འདྲ་མཉམ་གནང་རོགས་གནང་ཟེར་གྱི་ཡོད་པ་རེད” སྡུག་སྐད་འདི་རྒྱ་ནག་གཞུང་གི་འོག་ལ་ཡོད་པའི་མི་དམངས་ཀྱི་སྡུག་སྐད་དང་གཅིག་པ་མ་རེད་དམ། ༸གོང་ས་མཆོག་དང་བོད་གཞུང་གིས་ཉམ་ཆུང་མི་མང་ལ་བཀའ་ག་རེ་བཏང་སོང། དབུ་མའི་ལམ་ལ་མ་སོང་ན་མི་ཆོག་གསུངས་སོང་ངམ། མ་སོང་བ་ཅི་ཙམ་ཞིག་ཁྲིམས་ལ་སྦྱར་སོང། གོ་སྐབས་རང་རང་གིས་ལེན་རྒྱུ་ཞིག་རེད། བསམ་བློ་རང་གིས་བཏང་ནས་ཐག་རང་གིས་གཅོད་པའི་དབང་ཚད་ཁྱེད་རང་ལ་མི་འདུག་གམ། སུ་ལ་མི་འདུག གཞུང་གི་ལངས་ཕྱོགས་གང་ཡིན་མི་དམངས་ལ་གསལ་བཤད་བྱེད་པ་དེ་གཞུང་གི་འོས་འགན་རེད། ནམ་ཡང་བཀའ་བཏང་བ་མེད། བཀའ་གཏོང་ས་ཡང་མི་འགྲོ འདི་ལྟར་གླེང་བཀལ་ན་རྒྱུ་འབྲས་རྒྱུག་གི་རེད་ད།
༢༽ “བཙན་བྱོལ་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་རྩིས་བརྒྱབ་ན་ད་རུང་མང་མི་འདུག་སྙམ། དེ་ལྟར་བྱས་ན་དབུ་མའི་ལམ་མ་ཡིན་པའི་ལྟ་བ་ལོགས་སུ་འཛིན་མཁན་མི་ཁྲི་གཅིག་ལ་འབུད།” གྲོགས་པོ་རྩིས་རིག་གི་སློབ་ཆེན་ལ་སོང་ན་ཡང་བརྒྱ་ཆ་འགུགས་སྟངས་སྦྱངས་མེད་པ་འདྲ། ཁྱོད་ཀྱིས་རང་བཙན་མ་ཡིན་པའི་ལྟ་བ་འཛིན་མཁན་༡༠༠༠༠དེ་བརྒྱ་ཆའི་གཅིག་ལ་བརྩིས་པ་ཡིན་ན་བཙན་བྱོལ་བོད་མི་༡༠༠༠༠༠༠ཡོད་པ་མ་རེད་དམ། (བཅུ་ཆའི་རྩིས་ན་ཅུང་འོས།)དེ་ཀུ་རེ་ཡང་ཡིན།
དོན་ངོ་མར་དབུ་མ་དང་རང་བཙན་གྱི་མི་གྲངས་ཅི་ཙམ་ཡོད་མེད་ཞིབ་བཤེར་བྱས་མྱོང་མེད། འདི་གཉིས་ཀྱི་བར་ན་ལྟ་བ་གང་ཡང་མེད་པར་མགོ་འཁོར་བ་ཡང་བཅུ་ཆའི་གཉིས་གསུམ་ཞིག་ཡོད་ཁོ་ཐག་ཡིན། དེ་བས་བརྒྱ་ཆའི་གོ་དགུ་ལས་མང་བས་དབུ་མར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར་ན་རྦད་དེ་ནོར་བ་རེད།
ཡང་རིག་པའི་བུ་ཞེས་པས། རྒྱལ་ཡོངས་ཚོགས་ཆེན་གྱི་བརྒྱ་ཆའི་༨༠་ཙམ་གཞུང་ཞབས་པ་ཡིན་ཟེར་བ་ཡང་མི་བདེན། མ་གཞི་ནས་ཚོགས་ཆེན་འདིའི་མིང་ལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་པོ་ཟེར། འདིའི་ངོ་བོ་ཡང་ལས་འཁོར་ལས་སྡོམ་ཚོགས་ཆེན་ལྟ་བུ་ཡིན་ལ། གྲོས་གཞིའི་ནང་ན་ཡང་ཆབ་སྲིད་ཀྱི་ལང་ཕྱོགས་ཐག་གཅོད་ཀྱི་གྲོས་དོན་མེད་པས་གང་ཞིག་ལ་རྒྱབ་སྐྱོར་ཐོབ་མིན་དང་བྱེད་དགོས་མིན་ཞིག་ཀྱང་མེད།
མ་གཞི་ནས་ཚོགས་ཆེན་མང་པོ་ཞིག་འཚོགས་ཡོད་མ་རེད་ལ། ཚོགས་ཆེན་གང་གི་སྐབས་སུ་ཡང་གཏམ་བརྗོད་རང་དབང་བརྒྱ་ཆའི་བརྒྱ་ཡོད་པ་རེད། འདི་ལ་གནོན་ཤུགས་ཡོད་པ་དང་འགོག་རྐྱེན་ཡོད་པའི་མཐོང་སྣང་དེ་དག་ངོ་མ་ཡ་མཚན་རེད། རང་རང་གི་བསམ་ཚུལ་སུས་གསལ་བརྗོད་ཐུབ་མིན་དང་ཁ་ཤུགས་ཀྱི་དབང་གིས་མ་འདང་བ་ཡིན་ན་དེ་ལ་སྡུག་སྐད་བཏོན་ནས་མི་ཕན།
ད་བོད་དོན་འཐབ་རྩོད་བྱས་ནས་ལོ་ལྔ་བཅུ་ལྷག་ཕྱིན་སོང། བོད་མི་ཚོ་རྒྱ་གར་དམངས་གཙོའི་ལུང་པ་ནས་བསྡད་ཅིང་ལོ་བཞི་བཅུ་མན་ཚང་མ་རྒྱ་གར་གཞུང་གི་སློབ་སྦྱོང་ཡང་རག་ཡོད་པ་རེད། ཆབ་སྲིད་ཀྱི་གོ་རྟོགས་ཡིན་ན་འདྲ། རིག་གནས་ཀྱི་ཤེས་ཚད་ཡིན་ན་འདྲ། གོ་རྒྱ་དང་མཐོང་རྒྱ་ཡོད་ས་ན་ཡོད། བསམ་ཤེས་ན་ཆོག་ཡོད། ད་དུང་ཡང་རང་ཐག་རང་གཅོད་གང་འདྲ་ཡིན་མིན་མི་ཤེས་པ། རང་བཙན་ཅི་ཡིན་མི་ཤེས་པ་དེ་འདྲ་ཞིག་ཡོད་རྒྱུ་མ་རེད་འདོད། ཐོག་མར་དབུ་མའི་ལམ་ལ་འཁྲིད་གནང་མཁན་༸རྒྱལ་བ་རིན་པོ་ཆེ་ཡིན་པས། མི་དམངས་ལ་འདི་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ཅེས་བཤད་ལོས་དགོས། བཤད་ལོས་ཆོག འོན་ཀྱང་རྗེས་སུ་མི་འདོད་པའི་རྣམ་འགྱུར་ཡང་ཤུགས་ཆེ་ཙམ་བྱུང་བས་དམངས་གཙོའི་འོས་འཕེན་གྱི་གོ་སྐབས་ཀྱང་སྤྲད་པ་རེད་ལ། དེ་དུས་གདམ་བྱ་བཞི་ཡང་བཏོན་པ་རེད་མ་གཏོགས། དབུ་མའི་ལམ་གཅིག་པུ་གཅིག་བསྒྲགས་ཡོད་མ་རེད། དེ་ནས་བཟུང་གཞུང་གིས་ལངས་ཕྱོགས་འདིའི་ཐད་ལ་ནུས་པ་གང་ཡོད་བཏོན་པ་རེད། དེ་ཧ་ཅང་འགྲིགས་པ་རེད། མི་དམངས་ཀྱིས་འོས་བླུགས་ནས་ཐག་བཅད་པ་ཞིག་མི་དམངས་ཀྱི་གཞུང་གིས་བསྒྲུབས་པ་རེད། གལ་ཏེ་མི་དམངས་ཀྱི་ཀླད་པ་དེ་དབུ་མའི་ཀླད་པ་ཞིག་སྦྱངས་རྡུང་ཐུབ་ཡོད་ན། དེ་གཞུང་གི་གྲུབ་འབྲས་གལ་ཆེ་ཤོས་དེ་རེད། འོན་ཀྱང་གཞུང་གིས་གཞོན་ནུ་ཚོགས་པ་སོགས་ལ་གནོན་ཤུགས་སྤྲད་མེད་ལ་མི་དམངས་ལ་བཀའ་ཡང་བཏང་མྱོང་མེད། རང་དབང་མ་ཡིན་པའི་ཚོགས་པ་ཆེན་པོ་བརྒྱད་སོགས་ཀྱིས་ལྟ་བ་གང་བཟུང་ནས་ལས་འགུལ་ཅི་སྤེལ་ལ་རང་དབང་དང་གོ་སྐབས་གཉིས་ཀ་ཡོད་ཡོད་པ་རེད།
མདོར་ན་དེང་སང་གཞི་གཞུང་གིས་ཆབ་སྲིད་ལྟ་གྲུབ་ཁག་ལ་སློབ་སྦྱོང་གི་གོ་སྐབས་འདྲ་མཉམ་སྤྲད་ནས་སྦྱོང་བརྡར་བྱེད་འཇུག་དགོས་པའི་གནས་བབ་ཅིག་ན་བསྡད་མེད། གལ་ཏེ་གཞུང་གི་ལངས་ཕྱོགས་མི་འགྲིགས་ན་མི་འགྲིགས་ཚུལ་ཇི་ལྟར་བཤད་རྒྱུ་ཡོད་ན་བཤད་ན་བཟང། ངས་དེ་སྔོན་ནས་བཤད་མྱོང། རང་བཙན་རྩོད་མཁན་གྱི་དབུ་ཁྲིད་རྣམ་པ་དང་གཚོན་ནུ་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པ་སོགས་ལྟ་བ་མཐུན་པ་དག་མཉམ་འབྲེལ་བྱས་ནས་ཚོགས་འདུ་བསྡུས། གྲོས་མོལ་བྱོས། འཆར་གཞི་བཟོས། ལས་འགུལ་སྤེལ། དེ་བྱས་ན་ནུས་པ་ཞིག་འདོན་རྒྱུ་ཡོད་ན་འབྲས་བུ་ཡང་ཆེ་ཙམ་ཐོན་གི་རེད་ལབ་ཡོད། གོ་སྐབས་རང་གིས་བླངས་ནས་ནུས་པ་རང་གིས་འདོན་མ་ཐུབ་པར་གཞུང་གིས་དབུ་མ་ཁོ་ན་བཤད་ཀྱིན་འདུག་ཅེས་སྨརེ་ངག་འདོན་པ་འདི་འུ་ཐུག་རེད། ཁོ་ཆད་རེད། དེང་སང་བཀའ་ཁྲི་ལ་སྐྱོན་ཅུང་རེ་བརྗོད་ན་ཡང་ངར་ངར་བྱེད་མཁན་མང་གི ད་ཡིད་བཞིན་ནོར་བུ་དང་ཟམ་གདོང་རིན་པོ་ཆེ། རྒྱ་རི་ཚང། གསང་བ་ཆེན་མོ་བཅས་ལ་སྐྱོན་ཆེན་པོ་བཀལ་ན་ཡང་མ་གོ་བ་དང་མི་ཤེས་ཁུ་བྱས་ནས་འདུག་གི ད་ངོ་མ་ཁོ་འཆད་ནི་ཟིག་རེད། ༸རྒྱལ་བ་རིན་པོ་ཆེས་དགོངས་པ་ཞུས་བཞག་པ་འདི་དུས་ཚོད་ཏག་ཏག་ཅིག་རེད། མཁྱེན་སོང་བ་ལོས་ཡིན།་སྐྱབས་སུ་མཆི།
་་གཞུང་གི་ལངས་ཕྱོགས་གང་ཡིན་མི་དམངས་ལ་གསལ་བཤད་བྱེད་པ་དེ་གཞུང་གི་འོས་འགན་རེད།་་ ཚིག་འདི་དབུ་མའི་ལམ་དྲིལ་བསྒྲགས་བྱེད་པ་ལ་གོ་ཡི་ཡོད་ན། ངས་འདི་འགྲིགས་ཀྱི་མི་འདུག་ཟེར་གྱི་ཡོད་པ་རེད། གཞུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་ནས་དེ་མི་མང་ནང་དྲིལ་བསྒྲགས་ཁ་མེད་སྣ་མེད་དུ་བྱས་ཏེ་མིའི་ཀླད་པ་གྲོད་པུའི་ནང་ཤུན་བཀྲུ་བཀྲུ་བྱས་པ་དེ་འགྲིགས་ཀྱི་མི་འདུག དམངས་གཙོའི་རྒྱལ་ཁབ་གང་ཞིག་ནས་དེ་འདྲ་བྱེད་ཀྱི་འདུག
ད་བསམ་གི་བསམ་ན་ང་འདི་མི་ལས་ངན་ཞིག་རེད། རྒྱ་འོག་ཏུ་ཏང་གི་མི་རིགས་སྲིད་བྱུས་ཟེར་བ་འདྲ་བོ། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་ཟེར་བ་གཅིག་པོ་སྦྱངས་ནས་ཡོང་། དེ་ཡང་མགོ་མ་ཚོས་པ་དང་སུན་སྣང་སྐྱེས་ཏེ་བཙན་བྱོལ་དུ་ཡོང་། ཡང་སྐྱར་དབུ་མའི་ལམ་ཟེར་བ་ཡག་རབས་བརྒྱན་རབས་ཟེར་ནས་དེ་གཅིག་པོའི་ནང་ཚུད་དེ་མཐའ་བཞི་མཐའ་བརྒྱད་ཟེར་བ་དེ་ཚོ་མ་ཤེས་པར་མགོ་བོ་མགལ་མེ་བཞིན་དུ་འཁོར།
དེ་ནས་ནུབ་ཕྱོགས་སུ་བྲོས་ཡོང་པ་ཡིན། ནུབ་ཕྱོགས་ཀྱི་གུ་ཡངས་པའི་སྲིད་བྱུས་དང་སློབ་སྦྱོང་སྤྲོད་སྟངས་དེ་ཅིག་མཐོང་ནས་གཞི་ནས་ང་རང་མགོ་སྐོར་འོག་ཚུད་པ་མཐོང་བ་མ་ཟད་རང་ཉིད་ཀླད་པ་སྟོང་བ་ཡིན་པ་གཞི་ནས་ཤེས་སོང་། ངའི་ཀླད་པའི་ནང་དུ། ཏང་གི་མི་རིགས་སྲིད་བྱུས་ཡག་པོ་ཡོད་ཟེར་བའི་ཚིག་དང་དབུ་མའི་ལམ་ཡག་པོ་ཡོད་པ་རེད་ཟེར་བ་གཅིག་པོ་ལས་ལྷག་མི་འདུག
་༧གོང་ས་མཆོག་ནས་དབུ་མའི་ལམ་འདི་ངའི་བཀའ་ཡིན་བོད་མི་ཚང་མས་ཁས་ལེན་དགོས་ཡོད་གསུངས་ཡོད་མ་རེད། བསམ་ཚུལ་གསུངས་པ་རེད། སྔ་ས་ནས་མཐའ་མའི་ཐག་གཅོད་བོད་མི་དམངས་ཀྱི་བྱེད་ཀྱི་རེད་གསུངས་ཟིན་པ་ལྟར་དམངས་གཙོའི་འགྲོ་ལམ་ཐོག་ནས་གདམ་བྱ་བཞི་ནས་ལམ་དབུ་མ་འདེམས་པ་རེད། མང་བར་རྒྱལ་ཁ་འཐོབ་པ་རེད། ད་ལྟ་ཁྱེད་རང་སུན་སྣང་སྐྱེས་ནའི་ཐབས་ཤེས་ཡོད་མ་རེད། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། དབུ་མའི་ལམ་སོགས་ཀྱི་གནས་ཚུལ་མགོ་མ་ཚོས་ན་སུན་སྣང་སྐྱེ་ཡག་ཡོད་མ་རེད། གཙོ་བོ་ཁྱེད་རང་འདོད་པ་ཆེ་དྲགས་པའི་རྐྱེན་གྱི་ཡིན་གྱི་རེད།
ལས་དོན་གང་ཞིག་བྱས་ཀྱང་སྔ་བསམ་ཕྱི་བསམ་གྱི་དགོངས་པ་ཡག་པོ་བཞེས་དགོས། གྲྭ་པར་མནའ་མ་བླངས་པའི་དཔེ་འདྲ་པོ་བྱེད་རྒྱུ་མེད། ནུབ་ཕྱོགས་ཁུལ་ནས་ཀླད་པ་ཁེངས་པ་ཞིག་དང་མི་བཟང་པོ་ཞིག་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན།
བཀྲིས་བདེ་ལེགས།
དབུ་མའི་ལམ་ནི་གཉིས་ཕན་གྱི་ཐབས་ལམ་དང་གུ་ཡངས་ཀྱི་ཐབས་ལམ། ཁོངས་ཡངས་ཤོང་རྒྱ་ཅན་གྱི་ཐབས་ལམ། རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་བ་དང་མཐུན་པའི་ཐབས་ལམ་ཞིག་བཅས་ཡིན་པར་ཐེ་ཚོམ་མི་འདུག
ང་ཚོས་དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོན་པ་ཙམ་གྱིས་དབུ་མའི་ལམ་ཡང་དག་མིན་པ་སྒྲུབ་མི་ཐུབ་ལ། གལ་ཏེ་དེ་ལ་སྐྱོན་ཆ་ཡོད་དུ་ཆུག་ཀྱང་། དེ་ལས་ལྷག་པའི་ལམ་ཁ་ཞིག་གཏོད་པ་ནི་ཅུང་དཀའ་བའི་གནས་སུ་འཁུམ།
གལ་ཏེ་རང་བཙན་རྩོད་ཟེར་ན། རང་ཐག་རང་གཅོད་ཀྱི་ལམ་ནས་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་ལྟ་བུ་འདི་རིགས་ཀྱི་ཐོག་ནས་ཐ་མའི་ཐག་གཅོད་རང་གིས་བྱེད་པ་ནི་ཅིས་ཀྱང་ཡོང་སྲིད་པ་ཞིག་ཡིན་ན་ཡང་། དེ་ནི་མི་རེ་ངོ་རེ་ནས་རང་ངོས་ནས་ཐག་གཅོད་དགོས་པ་ཞིག་ཡིན། གཞན་རྒྱུ་མཚན་དང་རིགས་འགྲེ་སོགས་ལོ་རྒྱུས་ཀྱི་གཏན་ཚིགས་ཀྱི་ལམ་ནས་རྩོད་པ་ནི་ཅིས་ཀྱང་དཀའ་བའི་གནས་ཡིན། འདིའི་རྒྱུ་མཚན་ཧ་ཅང་མང་པོ་བཤད་རྒྱུ་ཡོད།
ཁྱོད་ལ་ངེས་པར་དབུ་མའི་ལམ་ལ་དེ་ཙམ་དུ་ཐུགས་ཁ་མ་གང་བ་མཆིས་ན་མ་མཐའ་ཡང་ཉིད་ཀྱིས་གདམ་ཀ་དེ་ཉིད་ཁོ་ན་གནང་འོས་པ་ཞིག་རེད། འདི་ལ་ངས་ཀྱང་རྒྱབ་བསྐྱོར་དང་གུས་བརྩི་ཡོད། འོན་ཀྱང་ཁྱེད་ཀྱི་གདམ་ཀ་དེ་ངས་མཐོང་འདོད་ཆེན་པོ་ཡོད།
ལར། སྲིད་བློན་ནའེ་རུ་ཡིས། བོད་ཀྱི་གནད་དོན་ཐག་གཅོད་ཀྱི་ཐ་མའི་ཐག་གཅོད་དེ་བོད་པ་རང་གིས་བྱེད་ཀྱི་རེད་ཅེས་པ་འདི་ངས་ནམ་ཡང་ཚིག་རྩ་ཆེན་ཞིག་ཏུ་རྩི་གིན་ཡོད།
འདས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་ཁོ་ནས་བོད་ཡོངས་ལ་རང་བཙན་ཐོབ་པའི་ལམ་ཁ་ཞིག་གཏན་ནས་མེད་པ་ཡིན་ཞེས་ངས་ངེས་པར་བཤད་ཀྱི་ཡིན།
འོན་ཀྱང་མི་རེ་ངོ་རེ་ནས་རྒྱ་ནག་གི་འོག་ཏུ་འདུག་འདོད་མེད་པའི་གདམ་ཀ་དེ་ལྟོས་མེད་དུ་མཚོན་པར་བྱས་ན་དེ་ནས་རང་བཞིན་གྱིས་འགྱུར་བ་འགྲོ་གི་རེད། དེ་ནི་རང་ཐག་རང་གཅོད་ཀྱི་གོ་དོན་ཡང་རེད།
དེ་ལས་གཞན་དབུ་མའི་ལམ་ལ་དམའ་འབེབས་དང་། དེས་བཅིངས་བསྡད་པ་ལྟ་བུར་བཤད་པ་ནི་ཁ་གཡར་ས་ཙམ་ཞིག་རེད།
གལ་ཏེ་མིན་ན་ཁྱེད་ཀྱིས་མ་མཐའ་ཡང་ཁྱེད་རང་ལ་ཡོད་པའི་འཆར་སྣང་གི་གདམ་ཀ་ཨང་གཉིས་པ་དེ་སྟོན་རོགས་གནང་།
ངས་ཀྱང་བསམ་ཚུལ་ཅིག་ཞུ་འདོད་བྱུང་།
སུ་ཡང་རང་ཕྲག་རང་གི་རང་དབང་ དང་། རང་ཐག་རང་སྤྱོད་ལུས་ཡིན། སྤྱི་ཏེ་རང་བཙན་གཙང་མ་རྩོད་ལན་དགོས་ཚེ་གངས་རི་ར་བ་འདིས་རྒྱ་བག་སྐམ་ས་དང་མ་བརྟེན་བར་ཅི་སྟེ་ཡོངས་ཐབས་བྲལ། དེ་བས་དབུ་མའི་ལམ་འདི་གངས་ཅན་པའི་ཆོད་དང་རིག་གཞུང་ཡང་མ་བརླག་པ་དང། ཕྱིའི་རྒྱལ་ཁྲིམས་མཐའ་སྲུང་སོགས་སྐམས་ས་རྒྱ་ནག་ལ་རྟེན་ནས་རྒྱ་ནག་ཀྲུང་ཧ་གཞུང་ཡང་བློ་བདེ་དང་དོགས་སློང་མི་དགོས། རང་རེ་བོད་རྒྱུད་ནང་བསྟན་འདི་ཡང་སྐམ་ས་མི་མང་ལ་དར་ཁྱབ་ཕན་བདེ་སྐྲུན་པ་སོགས། སྒོ་དུ་མ་ལ་ཕན་ས་རེད། སྙམས་མ་གཞི་སོ་སོས་རང་ཐག་རང་དཔྱོད་བྱོས་དང། ཡང་ན་ཁ་ཆེ་རྒྱབ་རྒོལ་བ་ལྟ་བུ་རང་སྲོག་ཡང་ཕུལ་གཞུང་གི་ལྟེ་གནས་སོགས་སྟིར་གཤིག་བྱོས་དང་། གནམ་སྡེ་སྒོ་མོ་ལ་སོང་དང་། སྐད་ཆ་ཤོད་དང། ཧ་གོ ཡོང་། འཛམ གླིང་མི་མང་གིས རྒྱབ་སྐྱོར་ག་ཚད་ལང་སོང་བལྟས་མོ ལྟ་ཆོག།
ང་ཚོ་རྒྱལ་ཁབ་གཞན་པ་དང་གཏན་ནས་མི་འདྲ། རྒྱལ་ཁབ་གཞན་པ་དག་ལ་རྒྱལ་ཁབ་ཡོད་པས་སྲིད་འབྱོར་རིག་གསུམ་ཡར་རྒྱས་གཏོང་བའི་འགན་ལས་ཅིག་རྩོད་དགོས་པ་དང་ལེན་དགོས་པའི་འགན་མེད། དེ་བས་ཁོ་ཚོར་དམངས་གཙོ་ཡར་རྒྱས་བཏང་བས་འཐུས། ང་ཚོ་ལ་རྒྱལ་ཁབ་མེད་རང་དབང་མེད། ས་ཆ་མེད། ང་ཚོའི་འོས་འགན་དེ་ཅིག་རaོཅ་དགོས་པ་དང་ལེན་དགོས་པའི་གནད་དོན་ཞིག་ཡིན་པས། ངེས་པར་དུ་མི་དམངས་ཀྱི་མངོན་འདོད་དང་དོན་དངོས་དང་ཐག་ཉེ་བ། སྟོང་བསམ་རང་མ་ཡིན་པའི་ལངས་ཕྱོགས་ཤིག་གཏན་འབེབས་དགོས་ངེས་རེད། དེ་མེད་ན་འགྲོ་ལམ་གཏན་འཁེལ་མེད་པ་འདྲ་བོ་རེད། ཡར་མར་གང་སར་རྒྱུགས་ནས་སླེབས་ཀྱི་མ་རེད་པ། དེ་བས་གདམ་བྱ་བཞི་ལས་དབུ་མ་བདམས་ཏེ་ཐག་བཅད་པ་རེད། དེ་ཡང་དབུ་མའི་ལམ་དེ་ཐ་སྙད་དང་དེའི་ངོ་བོ་དང་བྱུང་སྟངས། རྩོད་སྟངས། ཁེ་ཕན་སོགས་ནས་གསལ་བཤད་མ་བྱས་ན་མི་མང་པོས་མི་ཤེས་པ་རེད། དེ་བས་དབུ་མའི་ལམ་གྱི་ཟབ་སྦྱོང་འདྲ་བོ་རེ་དང། གཞིས་ཆགས་ཁག་ལ་སྐོར་སྐྱོད་ཙམ་རེ་བྱས་ནས་དེ་དོན་གསལ་བཤད་རེ་གནང་ཡོད་པ་ལས། གུང་ཁྲན་ཏང་གི་ཆབ་སྲིད་སློབ་གསོ་སྤྲོད་སྤྲོད་ཅིག་བྱས་མྱོང་མེད་པ་རེད། ད་དུང་ཡིན་ཡང་དབུ་མའི་ལམ་ཡག་པོ་མགོ་མི་ཚོས་མཁན་མང་པོ་ཡོད་པ་རེད། དེ་བས་དམངས་གཙོའི་གཞུང་གཞན་དང་མི་འདྲ་བར་ང་ཚོར་ལམ་གང་ལ་འགྲོ་དགོས་པ་དང་ཇི་ལྟར་འགྲོ་དགོས་པའི་སྲིད་བྱུས་འདི་འཐབ་རྩོད་ཀྱི་རྩ་དོན་ལ་བཟུང་ནས་དྲིལ་བསྒྲགས་བྱ་དགོས་པ་ཞིག་ཆགས་ཡོད། གལ་ཏེ་བོད་ལ་རང་དབང་རང་བཙན་འདྲ་བོ་ཞིག་ཐོབ་ཚར་ན་དེ་ནས་ལངས་ཕྱོགས་ཀྱི་རྩོད་པ་དང་སྲིད་ཇུས་དྲིལ་བསྒྲགས་ཆེན་པོ་སོགས་ཀྱང་རང་བཞིན་གྱིས་མི་དགོས་པ་ཆགས་ངེས་རེད། དེ་བས་གནས་སྟངས་མི་འདྲ་བའི་དབང་གི་གནད་དོན་འདི་གནད་དོན་ཞིག་པར་མ་ཟད་གནད་དོན་གྱི་གནད་དོན་ཞིག་ཡིན་པ་ཤེས་དགོས།
གྲོགས་པོ་ཕྱི་གླིང་ནས་རང་དབང་ཐོབ་སྟེ་ཀླད་པའི་རྒྱ་གྲོལ་བ་བཟང་གི རང་དབང་གི་གཏམ་བརྗོད་ཀྱང་འདི་ལྟར་མུ་མཐུད་བྱས་ན་བཟང་གི རྩོད་པ་བྱས་ནས་བསམ་ཚུལ་མི་མཐུན་པ་མང་པོ་བཏོན་ན་གང་འོས་དང་གང་མི་འོས་ཀྱི་གནད་དོན་གསལ་རྟོགས་ལ་ཕན། ངའི་ཀླད་པའི་ནང་ནས་ཏང་གི་མི་རིགས་སྲིད་ཇུས་ཟེར་བ་དེ་ལ་ད་བར་དུ་ངན་བརྗོད་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ཡོད་པ་མི་དྲན། དབུ་མའི་ལམ་ཐོག་མ་ནས་ད་བར་དུ་ཁ་འཐབ་ཙམ་དུ་མ་ཟད་ལྡོག་ཕྱོགས་སུ་ལངས་ནས་ལས་ཀ་བྱས་བསྡད་ཡོད་པ་ཡང་མང་པོ་ཡོད་པས་འདི་ཏང་གི་མི་རིགས་སྲིད་ཇུས་སྤེལ་སྟངས་དང་གཅིག་པ་འདྲ་བོར་བཤད་ན་བདེན་པ་མ་རེད།
གྲོགས་པོའི་ཀླད་པའི་ནང་ན་དབུ་མ་ལས་གཞན་མེད་ཟེར་བ་ཡང་མི་བདེན་གི གལ་ཏེ་ཁྱོད་རང་འདྲ་བ་ཡང་ད་བར་དབུ་མར་མགོ་འཁོར་ནས་བསྡད་པ་ཡིན་ན་འོ་ན་མི་དམངས་ལ་ཁག་མེད། ཡང་གཅིག་བཤད་ན་མགོ་འཁོར་ཚུལ་འདི་མགོ་འཁོར་ན་འོས་པ་ཞིག་ཡིན་རྒྱུ་རེད།
ཆབ་བྲག་ལགས།
རྒྱལ་ཡོངས་་ཚོགས་ཆེན་གྱི་སྐབས་གཞུང་ཞབས་བརྒྱ་ཆ༨༠ཙམ་ཡོད་པ་བདེན་པ་མིན་ཚུལ་གསུངས་བ་ལས་ཚད་ལྡན་གྱི་སྒྲུབ་བྱེད་མི་འདུག གང་ལྟར་བརྒྱ་ཆ་༨༠ལས་ཉུང་དུ་བཅུག་ཀྱང་མང་ཤོས་གཞུང་ཞབས་པ་རེད། གཞུང་ཞབས་ཀྱི་ཡོང་འབབ་སྐུ་མདུན་གྱིས་གནང་བས་དབུ་མ་རྒོལ་ལན་སློག་ཚེ། དྲིན་ལན་མཇལ་རྒྱུ་གོམས་པའི་བོད་པ་རྣམས་ལ་ཾམཚོན་ན་དྲིན་ལོག་རེད་ལ། འཚོ་བ་གཉེར་མཁན་ཚོར་མཚོན་ན་འཚོ་རྟེན་རེད། འཚོ་རྟེན་དང་དྲིན་ལན་གཉིས་ཆ་བློས་བཏང་ནས་རང་ཉིད་ཀྱི་བསམ་ཚུལ་སྨྲ་མཁན་དཀོན་པ་མ་ཟད། སྤྱི་དོན་བསམ་མཁན་དེ་བས་ཉུང་བས་བརྒྱ་ཆའི་་མང་ཚོགས་ཀྱིས་བརྒྱ་སྐྱོར་ཐོབ་པ་རེད། ༼ཚོགས་འདུ་མ་ཚོགས་གོང་ནས་སྒྲིག་གཞི་ཀུན་གཏན་འིབེབ་ཟིན་ཅིང་། མི་མང་སྐད་བཏང་ནས་སྒོ་འབྱེད་ཀྱི་མཛད་སྒོ་ཚོགས་པ་ལྟ་བུའི་ཟློས་གར་ལས་ཅི་ཡང་མེད་ཚུལ་ཚོགས་བཅར་པ་རྩོམ་པ་པོ་འཇམ་ནོར་གྱིས་གླེང་།༽གང་ལྟར་ངས་གོང་དུ་བཤད་པའི་བཀག་རྒྱ་དེ་ཉིས་ཀྱི་འོག་ནས་ཟམ་གདོང་ཡང་ཐར་ཐུབ་རེད། ཟམ་གདོང་གིས། ངས་ད་བར་དུ་བཀའ་ཁྲི་གནང་བ་ནི་བླ་སློབ་ཀྱི་དམ་ཚིག་བསམ་ནས་བླ་མ་ཐུགས་མཉེས་བའི་མཆོད་པ་བསྒྲུབས་པ་ལས་མང་ཚོགས་དགའ་ཡུལ་གཙོ་བཟུང་བྱེད་མེད་ཅེས་གསུངས། གནས་ཚུལ་དེ་ལས་ཤེས་གསལ། ཟམ་གདོང་བླ་མས་བཀའ་དྲིན་མཇལ་རྒྱུ་གཙོ་བཟུང་གིས་ཕྱག་ལས་གནང་བ་གསལ་པོ་བསྟན་ཡོད།
བདེན་པ་རེད། རྒྱ་ནག་གི་རྒྱ་ཡོངས་མང་ཚོགས་དང་བོད་ཀྱི་རྒྱལ་ཡོངས་མང་ཚོགས་ཟེར་བ་ཐ་དད་རེད། རྒྱ་ནག་གིས་བཙན་དབང་གིས་མི་མང་ལ་བསམ་ཚུལ་སྟོན་དུ་མི་བཅུག་པ་གཞུང་གིས་ཅི་འདོད་བྱེད། འོན་ཀྱང་། བཙན་བྱོལ་བོད་གཞུང་གིས་སྐུ་མདུན་ཁ་འཁྱེར་ནས་མི་མང་གི་བློ་ཁ་བསྒྱུར་ནས་ཅི་འདོད་བྱེད་ཀྱིན་ཡོད། གཅིག་བཙན་དབང་གི་ཐབས་ལམ་རེད། གཅིག་ནི ཞི་བའི་ཐབས་ལམ་རེད། དེ་གཉིས་ཐ་དད་རེད། གཅིག་པ་ནི་དམར་གཞུང་གིས་བཙན་དབང་མ་བཏང་ན་འདོད་འདུན་མི་འགྲུབ་པ་ཤེས་ནས་དེ་ལྟར་གནང་བ་རེད་ལ། རང་གཞུང་གིས་སྐུ་མདུན་མ་གླེང་ན་མི་མང་གིས་རྒྱབ་སྐྱོར་མི་ཐོབ་ཤེས་བས་དེ་ལྟར་གནང་བ་གཅིག་པ་རེད།
མི་མང་ལ་རང་གིས་དཔྱད་པ་གནང་རྒྱུ་དང་འོས་ཤོག་བླུགས་རྒྱུ།བསམ་ཚུལ་བཤད་རྒྱུ་སོགས་ཀྱི་རང་དབང་ནི་ཆ་ཚང་ཡོད་རེད།དེ་ཡོད་པའི་མངོན་རྟགས་ལ་འཇམ་ནོར་དང་ལྷ་བཟང་།ཀླུ་མཁར་སོགས་ཁོམ་བསྡད་པ་མང་པོ་ཅིག་གིས་༧རྒྱལ་བ་རིན་པོ་ཆེར་རྒྱལ་བཙོང་པ་དང་འགན་མི་འཁུར་མཁན།མཐའ་ན་བོད་ཀྱི་ལོ་རྒྱུས་ཐོག་ཉག་ཉེས་ཆེ་ཤོས་མི་སྣ་རེད་ཚུན་ཆད་བརྗོད་སོང་ང་།དེ་ལ་ཁོང་རང་ཚོ་དང་རིགས་མཐུན་པ་མང་པོས་དགའ་བསུའང་ཤུགས་ཆེ་གནང་གི་འདུག་མ་གཏོགས།གཞུང་དང་མི་སྒེར་སུས་ཀྱང་གནོན་ཤུགས་སྤྲོད་པ་དང་འཇིགས་སྐུལ་སོགས་ཅི་གང་མི་འདུག་ག
ལར་རྡ་ས་ནས་ལོ་བཅུ་གྲངས་ཤིག་ལ་བསྡད་ཡིན་ཏེ་དབུ་མའི་ལམ་ཐོག་གོ་རྟོགས་སྤེལ་པ་དང་གཞོན་ནུ་དང་སློབ་ཕྲུག་ཚོགས་པ།དགུ་བཅུ་གསུམ་སོགས་ནས་རང་བཙན་ཐོག་གཏམ་བཤད་སྤེལ་བ་གཉིས་བསྡུར་ན་ལྡབ་བཅུ་ལོག་གིས་རང་བཙན་གཏམ་གླེང་མང་ང་འདུག་ད།
དེ་འདྲ་ཡིན་རུང་གནད་ལ་ཐུག་དུས་བོད་མི་མང་གིས་རང་ཐག་རང་གཅོད་བྱས་ཏེ་༧གོང་ས་མཆོག་གི་དགོངས་འཆར་ལ་རྒྱབ་སྐྱོར་བྱས་པར།མི་མང་གླེན་རྨོངས་དང་རང་ཚུགས་མེད་པར་སྒྲོག་པ་ནི་བོད་མི་མང་ལ་མཐོང་ཆུང་དང་སྒེར་གཅོད་ཁོ་ན་རེད།མི་དེ་རིགས་མདོར་དེད་ན་ང་ཁོ་ན་བདེན་གྱི་གཞན་ཚང་མ་གཏུ་མུག་གོ་ཟེར་ནི་ཅན་པོ་རེད།
དང་པོ་ནས་བོད་མི་མང་ལ་མཐོང་ཆུང་ཁྱད་བསོད་ཀྱི་བསམ་བློ་ཡོད་མཁན་ཚོས་བོད་མིའི་མངོན་འདོད་ངོ་མ་དེ་རྟོགས་མི་ཐུབ།ཞིབ་ཏུ་སོམས་དང་།རྒྱ་ནག་དམར་གཞུང་གིས་ཕྱིའི་བརྒྱུད་ལམ་ཡོངས་བཀག་སྡོམ་གྱིས་ལོ་༥༠རིང་ཀླད་པ་འཁྲུས་རུང་བོད་མིའི་བསམ་བློ་ལ་འགྱུར་བ་གཏོང་མི་ཐུབ་ཀ།ཁྱེད་ཚོ་ཕྱི་རྒྱལ་ན་ཡོད་པའི་བོད་པ་ཁག་ཅིག་ཙམ་མིན་པར་བོད་མི་སྤྱིར་བདེན་རྫུན་དབྱེ་འབྱེད་ཀྱི་རྣམ་དཔྱོད་ཅིག་མི་སྤྱི་མཚུངས་ལྟར་ཡོད་རེད་ད།
རིག་པའི་བུ། ༸རྒྱལ་བ་རིན་པོ་ཆེ་བོད་ཀྱི་རླབས་ཆེ་བའི་གཙོ་འཛིན་ཡིན་པ་ཁས་ལེན་ནམ། ཁོང་གི་དགོངས་དོན་དང་ལམ་སྟོན་དག་མི་དམངས་ལ་ཁྱབ་བསྒྲགས་བྱས་ན་དེ་སྐྱོན་ཡིན་ནམ། ལམ་དེ་ཇི་ལྟར་བྱུང་ཚུལ་བརྗོད་ན་ངེས་པར་དུ་ལམ་སྟོན་པའི་དགོངས་གཞི་ནས་མི་གླེང་ཀ་མེད་རེད་པ། ཡིན་ན་ཡང་རྗེས་སུ་མི་དམངས་ལ་གདམ་བྱ་བཞིའི་ལམ་གཞན་ལ་འགྲོ་དབང་ཡོད་པ་གནང་སོང་ང། དེ་ནས་བཟུང་དབུ་མའི་ལམ་ནི་མི་དམངས་ཀྱི་མངོན་འདོད་ཡིན། གྲོས་ཚོགས་ཀྱི་གཏན་འབེབས་ཡིན་ཞེས་བཤད་ཀྱིན་འདུག་ག
ཚོགས་ཆེན་གང་ཞིག་ཡིན་ཡང་མ་ཚོགས་གོང་ནས་ནང་དོན་དང་མཛད་རིམ་གྲ་སྒྲིག་བྱེད་དགོས་པ་རེད། དེ་བས་ཚོགས་ཆེན་ལ་ཡོང་ན་ཆོ་ཡོད་མེད་དེ་སྔོན་མ་ནས་ཤེས་པས་ཆོ་མི་འདུག་བསམ་ན་མ་ཡོང་ན་འགྲིག་གི་རེད་པ། སྔོན་ལ་གཞན་ཞིག་བཤད་ནས་དངོས་གཞིའི་སྐབས་སུ་འགྱུར་བ་བཏང་ན་དེ་མ་དྲང་པ་རེད།
རིག་པའི་བུས་ཟེར་ན་ཡིད་བཞིན་ནོར་བུའི་བཀའ་དྲིན་བསམ་ཤེས་བྱེད་མཁན་དེ་གཞུང་ཞབས་ཁ་ཤས་ཙམ་ལས་མེད་པ་རེད་དམ། ངོ་མ་སྙིང་རྗེ།
ཟམ་གདོང་རིན་པོ་ཆེས་སྐུ་ཚེ་གང་པོར་ཅི་ཞིག་གནང་ཡོད་པ་ང་ཅག་ལྟ་བུ་བརྒྱ་ཕྲག་གིས་ཀྱང་མི་འཇོན་པ་ཞིག་རེད། དེ་དག་གིས་བོད་གཞུང་དམངས་ལ་གང་ནས་གནོད་འདུག ཡིད་བཞིན་ནོར་བུའི་དགོངས་པ་བསྒྲུབས་པ་དེ་གང་ཟག་ཅིག་གི་ཞབས་གཡོག་མ་རེད་ད། བྱང་ཆུབ་སེམས་དཔའི་དགོངས་པ་རེད། སེམས་ཅན་སྤྱི་དང་སྒོས་སུ་རྒྱ་ཆེའི་བོད་མི་དམངས་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རེད།
ངས་བཤད་རྒྱུ། བཏང་རག་ཕུལ་མཁན་གཞུང་ཞབས་ཙམ་ཡིན་པ་སྨོས་སྨོས་མེད་ལ། ཡོད་པ་ནི་བོད་གྱི་གནད་དོན་བཀའ་དྲན་བཏང་དང་སྤྲེའུ་ལེ་བརྗེ་མི་ཉན་ཟེར་བཞིན་ཡོད། དྲིན་ལན་ཁོ་ན་སེམས་ཚེ་རྒྱ་ནག་གི་བཀའ་དྲིན་ཐོབ་པའི་བོད་མི་ཚོས་ཀྱང་དེ་ལྟར་སྒྲུབ་དགོས་བས་མཐར་བོད་ཀྱི་གནད་དོན་དྲིན་བསབ་ཀྱི་འོག་ཏུ་ཡལ་ངེས་རེད། དོན་དངོས་བོད་ཀྱི་གནད་དོན་བཀའ་དྲིན་བསམ་ཤེས་དང་སྤྲེའུ་ལེ། གནས་སྐབས་ཀྱི་ཁེ་ཕན་ཀུན་ལས་ཁྱད་དུ་འཕགས་པས་བཀའ་དྲིན་ཙམ་ལ་བརྗེ་ག་ལ་རུང་། བཀའ་དྲིན་ལ་བརྗེ་ཚེ་མི རིགས་འདི་འཇིགས་ངེས་རེད། ཞིབ་ཏུ་བཤད་ཚེ། སྐུ་མདུན་དང་བོད་གཉིས་ནི་ཁ་དང་ལག་པ་རེད། ལག་པ་དང་ཁ་གཉིས་བཀྲ་དྲིན་སུས་ཆེ་བསྡུར་བ་ནི་བླུན་པའི་རྒྱུ་ལས་མ་འདས།
དབུ་མ་ཟེར་བ་ནི་བཙན་བྱོལ་མ་གཏོགས་བོད་ནང་གི་མི་མང་གིས་ཤེས་རྟོགས་ཞན་ལ་བརྒྱ་ཆ་༢༠ལས་ཉུང་ཅེས་བཤད་ན་ཆོག ཅེས་ཕྱིར་ལམ་དབུ་མ་བོད་མིའི་མངོན འདོད་ཆགས་པ་རེད།
དབང་ཤུགས་ཀྱིས་ཆགས་པ་རེད། གང་ན་དབང་ཆ་ཡོད་ན་དེ་རུ་བདེན་པ་ཡོད་པ་སྔ་མོ་ནས་ངེས་ཤེས་རྙེད་ཡོད།
སྐུ་མདུན་ཀྱིས་བོད་ཀྱི་དབུ་ཁྲིད་ལས་དགོངས་པ་ཞུས་ཟིན་པས་ཁོང་བོད་ཀྱི་དབུ་ཁྲིད་ཡིན་མིན་གྱི་དྲི་ལན་དགོས་གལ་མ་མཐོང་། ཁོང་གིས་དབུ་མ་མང་ཚོགས་སུ་བསྒྲགས་པ་སྐུ་མདུན་གྱི་ནོར་འཁྲུལ་ཡེ་ནས་མིན་ཡང་། ལག་ལེན་བསྟར་མཁན་ནམ་སྣེ་ཁྲིད་གྱི་མི་ཉུང་པ ཞིག་གིས་རང་གི་གོ་གནས་སྲ་བརྟན་དང་མཚན་སྙན་རྒྱས་སླད། དཔལ་འབྱོར་གྱི་འདུ་སྒོ་ཐོབ་ཆེད་སྐུ་མདུན་ལ་འགྱུར་མེད་ཀྱི་དད་ཞེན་ཡོད་མདོག་གིས་དབུ་མར་རྒྱབ་སྐྱོར་མེད་མཁན་ཚོ་སྐུ་མདུན་ལ་དད་པ་མེད་ཚུལ་བསྒྲགས་པ་ནི་ནོར་འཁྲུལ་རེད། དེ་ནི་དབུ་མ་མི་འདོད་མཁན་གྱི་ཆོས་དད་པ་ཚོར་མཚོན་ན་ཆེས་འདེགས་པ་དཀའ་བའི་གནོད་ཤུགས་ཤིག་མ་ཡིན་ནམ། ཆབ་བྲག་ལགས། ངས་འདོད་པ་མེད་ཤོས་ཀྱི་རྩ་བའང་དེ་ཡིན།
་་མི་དམངས་ཀྱི་མངོན་འདོད་དང་དོན་དངོས་དང་ཐག་ཉེ་བ།་་ དེ་རང་ཐག་རང་གཅོད་རེད།
དྲིལ་བསྒྲགས་བྱེད་སྟངས་ལ་གནམ་སའི་ཁྱད་པར་ཡོད་པ་རེད། དཔེ་བཞག རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ངོ་མ་དེ་རང་ཐག་རང་གཅོད་རེད། རྒྱ་བོད་གཉིས་མོལ་གྱི་ལམ་དེ་གནས་སྐབས་ཀྱི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཤིག་ལས་ཅང་མ་རེད་ཟེར་ནས་བཀའ་སྤྱི་ཚང་མ་ལོགས། བཀའ་ཟུར་ཚང་མ་ལོགས། དེ་ནས་རྒྱ་ནག་ལ་གྲོས་མོལ་དུ་འགྲོ་མཁན་ཚོས་ཀྱང་རྫུན་མ་བཤད་པར་རྒྱ་མི་ལ་སྐད་ཆ་བཤད་ས་མི་འདུག ཁོ་ཚོས་ཡ་བྱེད་ཀྱི་མི་འདུག ད་ང་ཚོས་མི་མང་རང་གི་བསམ་ཚུལ་གཞི་རྩ་བཞག་ནས་རང་ཐག་རང་གཅོད་རྩོད་པ་ལས་གཞན་གྱི་ལམ་ཁ་མི་འདུག་ཅེས་དྲིལ་བསྒྲགས་བྱས་ན། དེ་རིང་དབུ་མའི་ལམ་གྱི་དགེ་མཚན་བརྗོད་མཁན་ཁྱེད་ཚོས་ཀྱང་རང་ཐག་རང་གཅོད་ཀྱི་དགེ་མཚན་བརྗོད་བསྡད་ཡོད་པར་ང་ལ་ཐེ་ཚེམ་ཁྱོད་ནས་མེད། ཡིན་ནའང་། གཞུང་ངོས་ནས་དེ་ལྟར་ལངས་ཕྱོགས་གཅིག་ཁོ་ན་དྲིལ་བསྒྲགས་བྱེད་པ་དེ་མ་འགྲིགས་པ་རེད།
ངས་རྩོམ་འདིའི་ནང་དབུ་མའི་ལམ་ལ་དགེ་མཚན་ཡོད་མེད་སྐོར་གླེང་གི་མེད། དབུ་མའི་ལམ་ལ་རྒྱབ་སྐྱོར་མང་པོ་དེ་ཇི་ལྟར་ཐོབ་པའི་སྐོར་གླེང་གི་ཡོད། བགྲོ་གླེང་མ་བྱས་སྔོན་གྱི་ལོ་མང་པོའི་རིང་རྒྱལ་ཁ་ཐོབ་པའི་ལམ་ཁ་དྲིལ་བསྒྲགས་ལ་བསྟེན་ནས་བཟོས་ཚར་ཡོད་པ་རེད། དེ་གཅིག་གཅོད་དང་གུང་ཁྲན་གྱི་དྲིལ་བསྒྲགས་བྱེད་སྟངས་རེད། རྒྱལ་བ་རིན་པོ་ཆེས་ཀྱང་། ཁྱེད་ཚོས་ངའི་དབུ་མའི་ལམ་རླབས་པོ་ཆེ་འདིའི་དགེ་མཚན་མི་མང་ནང་ཁ་མེད་སྣ་མེད་དུ་དྲིལ་བསྒྲགས་བྱས་ཏེ་མ་ཤེས་མཁན་མེད་པ་བཟོས་ཤོག་ཨ་དེ་འདྲ་གསུངས་ཡོད་རྒྱུ་མ་རེད།
ཁྱེད་ཚོས་འདིར་མཆན་བཏབ་པ་ཐུགས་རྗེ་ཆེ།
ཡིན་ནའང་སྐད་ཆ་གསར་པ་ཅང་མེད་གི བཀའ་སྤྱི་བཀའ་ཟུར་ཚང་མ་ལོགས་ནས་མི་མང་གི་སྐད་པ་སྦྱངས་རྡུང་བྱེད་སྐབས་ཀྱི་གཏམ་རིང་དེ་ཚོ་འདི་རུ་སྐྱར་དུ་བསྣར་ཡོང་གི་ཡོད་པ་ཙམ་རེད། ཁྱེད་ཚོ་རེ་ཟུང་གི་ཀླད་པ་སྦྱངས་རྡུངས་ཡག་པོ་གྲུབ་འདུག དེ་ཟམ་གདོང་བླ་མ་སོགས་ཀྱི་བྱས་རྗེས་རེད།
མི་མང་གི་ཀླད་པ་བཀའ་ཤག་གིས་སྦྱངས་རྡུང་བྱས་ནས་གྲུབ་མ་གྲུབ་དེ་འདིའི་རྩོད་གཞི་དང་པོ་དེ་རེད། ཤུགས་སུ་ངའི་གྲོགས་པོ་ཆབ་བྲག་ཕོ་ཉས་དེར་ངོས་ལེན་བྱས་འདུག་པ་མ་ཟད་དེ་ནི་གཞུང་གི་ལངས་ཕྱོགས་ཡིན་པ་དང་དེ་ལྟར་བྱས་པ་འགྲིགས་ཡོད་ཚུལ་བརྗོད་འདུག ད་ང་གཉིས་ཀྱི་བར་རྩོད་གཞི་གཅིག་ལྷག་ཡོད་པ་ནི་དེ་འགྲིགས་མི་འགྲིགས་གཅིག་པོ་རེད།
ཧོ་ཧོ་ཡ།དབུ་མ་དང་རང་ཐག་རང་གཅོད་རང་བཙན་སོགས་ཆབ་སྲིད་ལངས་ཕྱོགས་གང་འདྲ་ཅིག་བརྩད་ཀྱང་སོ་སོ་ཉེན་ཁ་མེད་ས་ཅིག་ཏུ་འཛུལ་ཏེ་ནང་ཁུལ་སྤྲང་འཛིངས་བྱས་བསྡད་པས་རྒྱ་ནག་གཞུང་གིས་ཅི་གང་སྤྲད་ཀི་མ་རེད།མདའ་ཚན་པས་འཁྲལ་ལ་འཁྲོལ་ལེ་འདི་དུས་ཚོད་འཕྲོ་བརླག་ཙམ་ལས་སྙིང་པོ་གང་ཡང་མི་འདུག
ངོས་རང་སྔར་ནས་ལོ་རྒྱུས་རང་བཞིན་ཅན་རང་བཙན་ཁོ་ན་ལས་གཞན་མི་འདོད་མཁན་གྱི་གྲས་ཡིན། མ་གཞི་ཆབ་སྲིད་ཟེར་བ་ནི་ཡུལ་དུས་ལ་དཔྱད་ནས་འགྲོ་དགོས་པ་ལས་མཐའ་གཅིག་ཏུ་ངེས་པ་ཤིག་ཨེ་དགོས། དབུ་མ་ནི་སྔོན་གྱི་གཞུང་སྙིང་པའི་སྐབས་ཀྱི་ཐབས་བྱུས་ཤིག་ལས་མི་མང་གི་རྒྱབ་སྐྱོར་ཆ་ཚང་ཡོད་ཟེར་བ་ནི་འུར་སྒྲོག་ཁོ་ན་ཡིན། དཔེར་ན་སྔོན་མ་ལྷོ་ཕྱོགས་ཚོགས་ཆེན་སྐབས་སེར་བྱེས་དགེ་སྐོས་ནས་གྲྭ་ཚང་ཚང་མ་ལམ་དབུ་མ་ལ་རྒྱབ་སྐྱོར་ཡོད་ཟེར་ནས་ལས་སྡོམ་དང་ལྷན་བཤད་པ་ལྟ་བུ་རེད། གྲྭ་ཚང་ཆ་ཚང་ཕར་ཟད་ངོ་མ་བྱས་ན་རྒྱ་ཆ་བཅུ་ཡང་མེད་ཚོད་རེད། དེ་དང་དེ་ལྟ་བུ་མགོ་སྡད་མཁན་དག་གིས་འུར་སྒྲོག་དང་། སྐྱབས་མགོན་རིན་པོ་ཆེའི་བཀའ་ཡིན་སོགས་རྫིག་གཏམ་སྣ་ཚོགས་བེད་སྤྱོད་བྱས་པ་ལས་གཞིས་བྱེས་གཉིས་ནས་བོད་མི་རྒྱ་ཆ་དགུ་བཅུ་གོ་དགུ་རང་བཙན་འདོད་མཁན་རེད། ད་དུང་ཚོགས་ཆེན་ཁག་ལ་བོད་ནས་དབུ་མ་ལ་རྒྱབ་སྐྱོར་ཡོད་པའི་ཡིག་བརྫུ་བཟོ་བ་སོགས་གཞུང་སྙིང་པའི་བྱེད་སྟངས་ཤིག་རེད། ད་ནི་སྲིད་སྐྱོང་བློ་སེང་གཙོས་གཞུང་ཞབས་ཚང་མས་རང་བཙན་ཁོ་ནས་ལམ་ཐོག་སྐྱོད་རན་པའི་དུས་ལ་བབ་ཡོད།
རང་ས་རང་ལ་འཐོབ་སླད་དང། རང་རིགས་ཁྱིམ་གཅིག་འདུ་ཕྱིར་དང། ཆོས་རིག་དར་སྤེལ་ཞི་བདེའི་གཞི། སྟོན་མཛད་དབུ་མའི་སྟོན་པར་འདུད།
ལོ་སྟོང་སྔོན་གྱི་རང་བཙན་དང། ད་ལྟའི་ཆོལ་གསུམ་དུམ་བུ་གཉིས། གནམ་སའི་ཆེ་ཆུང་ཤོར་བ་འདི། སྙོམ་ཐབས་དབུ་མའི་ལམ་བུར་བསྔགས།
གངས་ལྗོངས་རང་དབང་རང་བཙན་དང། རང་ས་རང་རིགས་སྤྱི་དོན་ཆེད། ལུས་སྲོག་ལོངས་སྤྱོད་འབུལ་མཁན་གྱི། རྒྱལ་གཅེས་དཔའ་བོ་རྣམས་ལ་བསྟོད།
ཆབ་བྲག་ལགས། ཁྱེད་རང་གིས་ཅིའི་ཕྱིར་འདི་དག་ལ་ལན་ལྡོན་གྱི་ཡོད་དམ། ཁྱེད་དངོས་གནས་མི་སུན་སྣང་མེད་མཁན་ཞིག་རེད། ཤ་ཚ་བའི་གཏམ་ཡིན། མགོ་སྔ་མེད་པའི་སྐད་ཆ་འདི་ཚོ་བདག་པོ་རྒྱབ་དུས་ཀླུ་མཁར་བྱམས་ཀྱི་སྐད་ཆའང་མིའི་གྲས་སུ་བརྩི་དགོས་ཀྱི་རེད། དེ་བས་རང་རང་ས་ནས་བཞག་ཞོག གོ་སོང་ངམ།
ད་དངོས་གནས་ཆབ་བྲག་དང་ཆབ་བྲག་དང་འདོད་འདུན་མཐུན་མཁན་རྣམས་ལ་ལན་གྱིས་སྟོང་བས་ཆིག་གཅད་ཀྱི་་བསྟོད་པ་ཙམ་རྒྱག་རྒྱུ་ལས་གང་ཡང་མེད་པས། གསལ་ཁ་གཏོད་ནས་ཁས་ལེན་བྱེད་མ་ཕོད་པ་ནི་རང་ཚང་སྟོན་པའི་དེ་ཉིད་ལས་ཅི་ཡང་མ་འདས། དེ་ནི་གཞན་ལ་བདེན་པ་ཡོད་པ་མཐོང་ཡང་། རང་གི་ལ་རྒྱལ་དང་ཞེན་འདོད་ཆེ་དྲགས་པས་ངོས་ལན་བྱེད་མ་ཐུབ་པ་སེམས།
དྲ་རྒྱའི་སྟེང་རྒྱུ་མཚན་ལྡན་པའི་དཔྱད་བརྗོད་སྤེལ་རེས་བྱས་ཏེ་རང་རིགས་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་བྱས་ན་ཡག་པོ་རེད།དེ་མ་གཏོགས་ཁ་ཤས་ནས་བོད་རང་བཙན་ཟེར་པ་དབུ་མའི་ལམ་གྱི་རྗེས་འབྲངས་པ་རེ་ཟུང་གི་ལག་ན་ཡོད་པ་དང་།ཁོང་ཚོས་དྲ་ཐོག་ནས་ཁས་ལེན་བྱས་ན་རང་བཙན་ཐོབ་པ་ལྟ་བུའི་སྣང་བ་ཁུར་ཏེ་རང་རིགས་ནང་ཕན་ཚུན་དྲ་ཐོག་ཁྱོད་ཤི་ང་གསོན་གྱི་རྩོད་གླེང་བྱེད་པ་མཐོང་རྒྱ་ཆུང་ལ་ཅོལ་ལ་དགའ་བའི་འབྲས་རྟགས་ཤིག་རེད།
ང་ཚོས་༨༠གྱ་གྲངས་བར་རང་བཙན་བརྩད་རེད་དེ་ཅི་གང་ཐོབ་མ་སོང་ང་།ཡ་བོད་གཞུང་མང་གཉིས་ཀ་རང་བཙན་གྱི་ལམ་ཁར་སྐྱོད་དབང་དུ་བཏང་རུང་།གནས་སྟངས་གཅིག་པ་གཅིག་རྐྱང་གི་ངང་འདུག་གི་རེད།དབུ་ལམ་ཙམ་ང་ཚོས་ཐོབ་ཀྱི་མེད་ན་རང་བཙན་སོགས་ད་ཕར་རིའི་སྤང་རྒྱན་རེད།
དཔེར་མཚོན་ཅིག་བཀོད་ན།མི་སྤྲང་པོ་ལག་ན་སྒོར་གཅིག་ཀྱང་མེད་མཁན་ཅིག་ལ་ཉལ་སའི་ནང་ཕྱུགས་པོ་འགྲན་བྲལ་ཡོང་རྒྱུའི་སྟོང་བསམ་འཁོར་རུང་།དེས་ཁོའི་གནས་སྟངས་ལ་ཕན་གནོད་གང་ཡང་འདྲེན་མི་སྲིད།
དེས་ན་ངོ་མ་རང་བཙན་དང་དབུ་མ་སོགས་འཛིན་མཁན་སུ་ཡིན་ན་དམིགས་ཡུལ་དེ་བསྒྲུབ་ཐབས་སུ་རྣམ་དཔྱོད་ཅན་ཚོས་འཆར་གཞི་སྣ་ཚོགས་བཀོད།ལྷག་བསམ་དང་སྙིང་སྟོབས་ཅན་ཚོས་ལག་བསྟར་བྱས་ཏེ་རྒྱ་གཞུང་འུ་ཐུག་པ་ཅིག་བཟོས་དགོས་པ་རེད།
ཡག་པོ་རེད། རྒྱ་ནག་གི་རྒྱུག་ཁྱི་ཡག་པོ་གཉིས་འདུག དང་པོ་ནས་རང་བཙན་ཐོབ་ཡོད་ན་འཐབ་རྩོད་བྱེད་དགོས་མི་འདུག ཕྱུག་པོ ཐམས་དང་པོ་ནས་ཕྱུག་པོ་མིན། དབུལ་བོའི་ས་ནས་འབྱོར་ལྡན་དུ་ཆགས་པ་རེད། གུང་ཁྲན་ཏང་དང་པོ་ཇག་ཆུང་ཆུང་ཞིག་རེད། བལ་ཡལ་གྱི་མོའོ་ཚོགས་པའང་དང་པོ་རི་མགོ་སྦས་བའི་འཇིག་སྐུལ་ཚོགས་པ་ཆུང་ཆུང་ཞིག་རེད། ད་ལྟ་བལ་ཡུལ་གྱི་གནད་ཁྲིད་ཀྱི་ཚོགས་ཁོངས་ཆགས་ཡོད། དབུ་མ་ཟེར་བ་ནི་ལོ་རྒྱུས་གནས་བབ་རྨོངས་མི་མང་ཁེ་ཕན་དོན་གཉེར་ཅན། སྤྲེའུ་ལེ་རིང་ལུགས་པ། དད་སྣང་རིང་ལུགས་པ། གཞན་ཕན་རིང་ལུགས་པ། འུ་ཐུག་ཕྱོགས་ཁག རྒྱལ་ཚོང་ཕྱོགས་ཁག་གི་ལག་ཆ་གྱུར་བ་ནི་བློ་ཕམ་གྱི་གནས་ཤིག་མ་ལགས་སམ།
ནོར་བཅོས།
ཡག་པོ་རེད། རྒྱ་ནག་གི་རྒྱུག་ཁྱི་ཡག་པོ་གཉིས་འདུག དང་པོ་ནས་རང་བཙན་ཐོབ་ཡོད་ན་འཐབ་རྩོད་བྱེད་དགོས་མི་འདུག ཕྱུག་པོ ཐམས་དང་པོ་ནས་ཕྱུག་པོ་མིན། དབུལ་བོའི་ས་ནས་འབྱོར་ལྡན་དུ་ཆགས་པ་རེད། གུང་ཁྲན་ཏང་དང་པོ་ཇག་ཆུང་ཆུང་ཞིག་རེད། བལ་ཡལ་གྱི་མོའོ་ཚོགས་པའང་དང་པོ་རི་མགོ་སྦས་བའི་འཇིག་སྐུལ་ཚོགས་པ་ཆུང་ཆུང་ཞིག་རེད། ད་ལྟ་བལ་ཡུལ་གྱི་གནད་ཁྲིད་ཀྱི་ཚོགས་ཁོངས་ཆགས་ཡོད། དབུ་མ་ཟེར་བ་ནི་ལོ་རྒྱུས་གནས་བབ་རྨོངས་མི་དང་ཁེ་ཕན་དོན་གཉེར་ཅན། སེམས་ཆུང་ཚོགས་ཁག་དང་སྤྲེའུ་ལེ་རིང་ལུགས་པ། དད་སྣང་རིང་ལུགས་པ་དང་གཞན་ཕན་རིང་ལུགས་པ། འུ་ཐུག་ཕྱོགས་ཁག་དང་རྒྱལ་ཚོང་ཕྱོགས་ཁག་གི་ལག་ཆ་གྱུར་བ་ནི་བློ་ཕམ་གྱི་གནས་ཤིག་མ་ལགས་སམ།
ཁ་ནས་མ་བཤད་ན་ལག་ལེན་ཅི་ལྟར་བྱེད། ཁ་ནས་བཤད་པར་ནུས་བ་ཡོད་པས་གཅིག་བསྡུ་རིང་ལུགས་དག་གིས་སྨྲ་བརྗོད་རང་དབང་བཀག་བཞིན་ཡོད་པ་མི་མཐོང་ངམ? ཁ་ནས་བཤད་རྒྱུ་ནི་སྟོབས་ཤུགས་ཀུན་གྱི་འབྱུང་ཁུངས་ཡིན་པས་རེད། ཁ་ནས་བཤད་པའི་རིན་ཐང་མེད་ན་འཇིག་རྟེན་གྱི་ཡི་གེ་དང་དྲ་རྒྱ། རྩོམ་རིག་སོགས་མདོ་རྒྱུད་བསྟན་བཅོས་ཀྱི་དཔེ་ཆ་འདི་དག་དགོས་དོན་མེད་དང་དོན་མེད་ཀྱི་ངལ་བའི་གནས་སུ་ཁུམས་ཏེ། མིའི་ཁ་ནས་བཤད་པས་སོ། བཤད་པའི་རིན་ཐང་ཙམ་མ་མཁྱེན་པ་ནི་ལྐུག་པའི་རྒྱུ་ལས་ཚད་ལྡན་གྱི་འགྲེལ་བཤད་དཀའ།
དོན་དངོས་སུ་རྒྱལ་བ་རིན་པོ་ཆེ་བསམ་བློ་གུ་ཡངས་པོ། མི་མང་གི་བསམ་ཚུལ་གཙོ་བོར་འཛིན་མཁན། མི་མང་ནང་བསམ་ཚུལ་མི་མཐུན་པ་ཤུགས་ཆེན་པོ་ཡོད་ན་རང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཆོག་ཆོག་ཡོད་མཁན་ཞིག་རེད། དེ་ནི་སྔ་ཕྱིར་དབུ་མའི་ལམ་ལ་བསམ་ཚུལ་བསྡུས་པ་དང་བགྲོ་གླེང་བྱེད་བཅུག་པ་འདི་དཔེ་མཚོན་གསལ་ཤོས་ཤིག་རེད།
ད་མ་འགྲིགས་པ་དེ། རྒྱལ་བ་རིན་པོ་ཆེར་དད་པ་དག་སྣང་ཡོད་ཟེར་མཁན། རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་ལྷད་མེད་པ་ཡིན་མདོག་སྟོན་མཁན་དེ་ཚོས། རྒྱལ་བའི་དགོངས་པར་དུས་དང་བསྟུན་ནས་འགྱུར་ཆོག་ཆོག་ཡིན་པའི་དབུ་མའི་ལམ་དེ། སྤྱི་ཚོགས་ནང་བགྲོ་གླེང་རེ་ཟུང་ལ་བསྟེན་ནས་འགྱུར་བ་གཏོང་མི་ཐུབ་པའི་མཁྲེགས་པོ་རྡོ་ཕ་བོང་འདྲ་བ་ཞིག་ཕྱོགས་གཅིག་གི་དྲིལ་བསྒྲགས་ཁོ་ནར་བསྟེན་ནས་བཟོས་གྲུབ་ཡོད་པ་རེད། འདི་ནི་རྒྱལ་བ་རིན་པོ་ཆེ་ལ་ཤ་ཚ་བའི་བྱེད་སྟངས་ཤིག་རེད་ཅེས་བཤད་ཁག་པོ་ཆགས་ཀྱི་འདུག
༸རྒྱལ་བ་རིན་པོ་ཆེས་ཡུན་རིང་ནན་གྱིས་དཔྱད་ཅིང་ཐུགས་ཐག་ཆོད་པོས་གསུངས་པའི་དབུ་ལམ་འདི་ཡང་དམངས་ཀྱིས་མ་འདོད་ན་སྒྱུར་ཆོག་པ་དམངས་གཙོའི་ཁེ་དབང་རེད། འོན་ཀྱང་༸གོང་ས་མཆོག་གིས་ཁོང་གི་དགོངས་ཚུལ་འདི་ཡང་མི་དག་པ་ཞིག་ཡིན་པའི་ཐུགས་དོགས་ནམ་ཡང་བྱུང་མེད་ལ། དབུ་མའི་ལམ་མི་མང་ལས་འགུལ་ཁང་འཛུགས་དུས་ཀྱང་ཐུགས་དགྱེས་པའི་ལམ་སྟོན་གསུང་འཕྲིན་གནང་ཡོད། ཁོང་གི་རྗེས་འཇུག་པའི་ནང་ན་ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཤིང་རྟའི་སྲོལ་འབྱེད་འདྲ་བའི་མཁས་མཛངས་ཀྱི་དབུ་ཁྲིད་སོགས་ཡོད་པར་མ་ཟད་བདག་ལྟ་བུའི་རྗེས་འཇུག་ཏུ་རློམ་མཁན་ཡང་མང་པོ་ཡོད་ལ། གསུང་ལས་ལྡོག་ན་མི་འོས་སྙམ་པ་དང་དེའི་སྤོབས་པ་མེད་མཁན་ཡང་ལོས་ཡོད།
ངས་འདིར་འདྲི་འདོད་པ་ནི། དབུ་མའི་ལམ་གཏན་འབེབས་དང་ལྷག་པར་ལག་ལེན་དུ་བཀལ་ནས་དུས་ཡུན་རིང་པོ་ཞིག་གཏན་ནས་སོང་མེད་ལ། དབུ་མའི་ལམ་ལ་སོང་ནས་ང་ཚོར་གྱོང་དང་ཕམ་ཁ་ཅི་ཞིག་རག་སོང། གལ་ཏེ་གདམ་ག་གཞན་ཞིག་ལ་སོང་ཡོད་ན་ཁེ་དང་རྒྱལ་ཀ་ཅི་ཞིག་ཡོད་པ་རྨོངས་ཚོད་ཙམ་མིན་པར་ཡང་དག་པར་ཐག་གཅོད་ཐུབ་མཁན་སུ་ཡོད།
འཇིག་རྟེན་ཐོག་ན་ཆེས་གནད་འགག་ཆེས་ཤོས་ཅིག་ཡོད་པ་དེ་ནི་ལག་ལེན་ཟེར་བའི་མིང་ཚིག་འདི་རེད། ལག་ལེན་ཟེར་བའི་ཡི་གེ་འདི་གཉིས་པོ་འཇིག་རྟེན་ཆགས་ནས་སྤྱི་ཚོགས་གྲུབ་པ་ནས་བཟུང་ཆོས་དང་ཆབ་སྲིད་གང་གི་ཐད་ནས་ཀྱང་གལ་ཧ་ཅང་གི་ཆེ་ཤོས་སུ་གྱུར་པ་རེད། ང་དང་ང་འདྲ་བ་དབུ་མའི་ལམ་ལུགས་ལ་ཡིད་ཆེས་མཐའ་འཁྱོངས་བྱེད་མཁན་དག་གིས་ལག་སྟོང་པས་ཚིག་རྒྱགས་པ་ཤོད་རྒྱུར་འཛེམ་ཟོན་བྱེད་བཞིན་ཡོད། ཁ་དཔེར། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་ཁ་རྒྱགས་མ་ཤོད་ཅིག །ཟེར་བ་ལྟར། ཐོག་མར་རང་གིས་ལུས་པོས་འཇོན་དང་མི་འཇོན་ལ་བལྟ་གིན་ཡོད། མ་ཟད། འཇམ་མགོན་ས་པཎ་གྱིས་ཀྱང་། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། །ཟེར་གསུངས་ཡོད་པ་རེད། སྔོན་གྱི་ལེགས་འདི་ཚོས་བསྟན་དོན་ག་རེ་རེད་ཟེར་ན་ལག་ལེན་གཙོ་བོ་ཡིན་པ་ནན་གྱིས་གསུངས་པ་རེད།
ད་མང་པོ་ཤོད་དགོས་ཡག་མི་འདུག རིག་རྟུལ་བུ་དང་མདའ་མཚོན་ཅན་དག་གིས་གོ་བ་ལོན་དཀའ་ཟེ་འདུག དེ་ལས། གོ་སླ་བར་བཏང་ནས་བརྗོད་ན།
ཆང་དང་བདུད་རྩི་མི་ཤོད་པར། །
དཀོན་པ་ཆུ་དང་འཕྲད་གྱུར་ཅིག །
ཤ་དང་མོག་མོག་མི་དྲན་པར། །
ལྟོགས་པ་ཟས་དང་ཐུག་པར་ཤོག །
ལམ་དབུ་མར་བཞུགས་ནའི་འདྲ། རང་བཙན་ལམ་དུ་བཞུགས་ནའི་འདྲ། གང་ལྟར་ལམ་ལུགས་གང་ཞིག་ཏུ་བསྐྱོད་ཀྱང་དཔལ་འབྱོར་གྱི་འདུ་སྒོ་འཐོབ་ཡས་མེད། གཞུང་ཞབས་ཚོས་དཔལ་འབྱོར་གྱི་ཆེད་དུ་ལམ་དབུ་མར་རྒྱབ་སྐྱོར་བྱས་པ་ཡིན་ནམ། སངས་རྒྱས་བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ ཕྱིན་ཡང་ཁོང་གི་གསུངས་པའི་ཡང་དག་པའི་ལམ་ལུགས་དེ་དག་ད་ལྟའི་དུས་སུའང་ཁས་བླངས་ནས་འགྲོ་བཞིན་པ་ཡིན་པ་ལྟར་ཡང་དག་པའི་ལམ་ཞིག་ཡོད་ན་རང་གི་འདོད་མོས་ལྟར་འགྲོ་རྒྱུ་རེད། གནས་ཚུལ་ཚང་མ་མགོ་ཚོས་པའི་ཐོག་ནས་གསལ་བཤད་བྱེད་དགོས་པ་ཡིན། གནས་ཚུལ་གང་ཡང་མགོ་མ་ཚོས་པར་བརྒྱ་བཤད་སྟོང་བཤད་བྱས་ན་རང་ཉིད་ངལ་བའི་རྒྱུ་ལས་མ་མཆིས། ངས་བལྟས་ན་རིག་པའི་བུ་ཁྱེད་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་གང་ཡང་མི་འདུག རྡ་རམ་སའི་རྨོ་རྨོ་ཁ་ཤས་དང་འདྲ་པོ་འདུག ཁ་བརྡར་བ་ཙམ་ལས་དངོས་ཀྱི་ལག་ལེན་འཁྱོལ་བའི་སྐད་ཆ་གང་ཡང་མིི་འདུག ཉམས་མྱོང་མེད་པའི་མི་དེ་ནི་ཆུའི་ནང་གི་ཟླ་བ་དང་འདྲ། བློ་གཟུ་བོར་མི་གནས་པའི་མི་དེ་ནི་བོང་བུ་རྐྱང་དཀར་དང་འདྲ། ལས་བྱེད་ཡིག་ཚད་མི་ལོན་པའི་མི་དེ་ནི་ལས་བྱེད་པར་སྡང་། མ་ཧེའི་རིགས་ནི་དམར་པོར་སྡང་།
གང་ལའང་ལྟ་བ་མི་མཐུན་ན་རང་སྐྱོན་ཡིན། གངས་རིའི་མདོག་དཀར་པོ་ཡིན། ཡིན་ནའི་ནག་པོ་མཐོང་མཁན་འདུག་ག
དྲྭ་གྲོགས་ཚོགས། རང་དབང་ལ་བཀག་འགོག་བྱས་པ་མིན་མོད། ཁ་དཔེར་ལ། རང་གི་བལྟས་ན་སྐྱིད་གོ་དུས།། གཞན་གྱིས་བལྟས་ན་སྨྱོ་གི་ཡོད།། ཟེར་བ་བཞིན། རང་དབང་ཡིན་ཟེར་ནས་བྱུང་རྒྱལ་དུ་བྲིས་ན་ཡག་པོ་མེད་ཡ། ཕན་ལས་གནོད་ཆེ་བར་བསམ།
སོག་རྒན་མདའ་ཚན་པ།ཁྱེད་ནས་རང་རེའི་སྤྱི་ཚོགས་ནང་ལོག་རྟོག་ཅིག་སྤེལ་གྱི་འདུག༡ཕྱི་གསལ་ནང་གསལ་གྱི་མང་གཙོ་ལྡན་པའི་བཙན་བྱོལ་གཞུང་འདི་རང་དབང་དང་མང་གཙོ་སྤུ་ཙམ་མེད་པ་རྒྱ་ནག་དང་གདན་ཐོབ་གཅིག་ཏུ་བཞག་འདུག༢མི་མང་གི་མངོན་འདོད་དང་བསམ་ཚུལ་ཁོ་ན་གཙོ་འཛིན་བྱས་ཏེ་སྲིད་ཇུས་གཏན་འབེབས་ཐག་གཅོད་བྱས་ཡོད་པའི་རང་གཞུང་གི་སྲིད་ཇུས་རིགས།བཙན་དབང་སྒེར་གཅོད་སྒོས་མི་གཅིག་གཉིས་ཀྱི་མངོན་འདོད་མི་མང་གི་མགོ་ལ་འགེལ་མཁན་རྒྱ་ནག་གཞུང་དང་བསྡུར་འདུག༣རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་དང་ཕྱིའི་ཁ་བྲལ་པ་བསྐོར་ཅིག་གིས་མི་མང་ལ་མགོ་བསྐོར་བཏང་སྟེ་རྙོག་བྲ་སློང་བཞིན་པ་ལས་བོད་ནང་དཀའ་ངལ་མེད་ཅེས་པ་ལྟར།ཁྱེད་ནས་ཀྱང་ཁ་ན་ད་ལ་མ་སླེབས་པར་རྒྱ་གར་དུ་བསྡད་དུས་མགོ་བསྐོར་ཁོ་ནའི་འོག་ཚུད་ལུགས་བཤད་པ་རྫབ་ཆེན་རེད།དེ་ནི་བོད་མི་མང་དང་བོད་གཞུང་།༧རྒྱལ་དབང་རིན་པོ་ཆེ་དང་རྒྱ་གར་གཞུང་བཅས་ལ་མཐོང་ཆུང་ཚབ་ཆེན་རེད།དེའི་རྒྱུ་མཚན་ནི་བོད་མི་ཚོ་སྔ་མོ་ནས་གུ་ཡངས་དང་བྱམས་བརྩེ་ལྡན་པ།དྲང་བདེན་ལྷག་བསམ་ཅན་གྱི་མི་རིགས་ཤིག་ཡིན་པ་ལས་ཕན་ཚུན་ལ་མགོ་བསྐོར་རེས་གཏོང་བསྡད་མཁན་ཅིག་མིན།༧གོང་ས་མཆོག་ནི་འཛམ་གླིང་ནང་མིའི་རིན་ཐང་དང་མང་གཙོ་རང་དབང་སོགས་ཡར་རྒྱས་གཏོང་མཁན་སྙན་གྲགས་ཅན་གྱི་གཟེངས་རྟགས་མང་པོ་འཐོབ་མྱོང་མཁན་ཅིག་ཡིན་པ་ལས།སྒེར་གཅོད་པ་དང་བྲན་གཡོག་བདག་པོ་རེད་ཟེར་མཁན་རྒྱ་ནག་གཞུང་ཁོ་ན་ཙམ་ཡིན།བཙན་བྱོལ་བོད་གཞུང་གནས་ས་རྒྱ་གར་འདི་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་ཆོས་ལུགས་དང་ལྟ་གྲུབ་འདྲ་མིན་མང་ཤོས།དེ་འདྲ་བསམ་ཚུལ་མི་མཐུན་པའི་བར་གུ་ཡངས་ཆེ་ཤོས་ཀྱི་རྒྱལ་ཁབ་ཁོ་ན་དེ་ཡིན་པ་ལས།གུང་བྲན་གྱི་ལྟ་སྤྱོད་ཁོ་ན་མ་གཏོགས་སྤེལ་མི་ཆོག་པ་རྒྱ་ནག་དང་མི་འདྲ།༤ཁྱེད་ནས་༧གོང་ས་མཆོག་གི་སྐྱབས་འོག་ཏུ་ནུབ་ཕྱོགས་ལ་སླེབས་རེག་བར་རྒྱ་ནག་ནང་ལྟར་མགོ་བསྐོར་འོག་ཚུད་པ་དང་ཡང་༧གོང་ས་མཆོག་གུ་ཡངས་ཅན་ཡིན་ལུགས་སོགས་བཤད་པ་སྔ་ཚིག་ཕྱི་འགལ་ཅན་རེད།༥དབུ་ལམ་དེ་རྗེས་འཇུག་མགོ་མཁྲེགས་ཚོས་བཟུང་བསྡད་པ་ལས་༧གོང་སའི་དགོངས་ཚུལ་སྔ་ས་ནས་དེ་མིན་པ་ལྟ་བུ་བཤད་པ་ནི་ཟེར་རྒྱུས་ཕོངས་ཙམ་རེད།སྔ་ལོ་སྨོན་ལམ་གསུང་ཆོས་སྐབས་༧ཁོང་གིས་ཡོངས་གྲགས་སྲིད་དབང་རྩིས་སྤྲོད་ཀྱི་བཀའ་གནང་དུས་དབུ་ལམ་དེ་བོད་ནང་གི་མི་མང་གི་མངོན་འདོད་ཡིན་པ་དང་གཞུང་སྲིད་ཇུས་ཡིན་པ།རྒྱ་བོད་གཉིས་ཕན་༧ཁོང་གི་དགོངས་གཞི་མཐར་ཐུག་ཡིན་པ་སོགས་ཀྱིས་འགྱུར་པ་མེད་ལུགས་ནན་པོ་ག་ཚོད་གསུངས་སོང་།༦ཁྱེད་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བོད་གཞུང་གིས་མ་སྤྲད་པ་རེད་ཅེས་སྨྲེ་ངག་བཏོན་འདུག་པ་དེ་ཁ་རོ་ལ་འཁོར་ནས་ངུ་རྒྱུའི་ཚབ་བེ་ཁ་གྱང་ལ་འཁཽར་ནས་ངུས་རེད།བཙན་བྱོལ་བོད་གཞུང་དང་༧གོང་ས་ཆེན་པོས་སོ་སོའི་ཆབ་འོག་གི་བོད་མི་མང་ལ་རང་ཐག་རང་གཅོད་ཀི་ཐོབ་དབང་ཆ་ཚང་ཕུལ་ཡོད་རུང་མང་ཕྱོགས་ཀྱིས་དབུས་ལམ་བདམས་རེད།ད་ཁྱེད་ཚོའི་གྲས་ཀྱིས་དབུ་ལམ་བོད་ནང་གི་དོན་གྱི་བདག་པོའི་མངོན་འདོད་མ་རེད་མདོག་མདོག་བཤད་ཀི་ཡོད་རེད།དེ་རྒྱ་ནག་གཞུང་གི་ལག་འོག་ན་ཡོད་པ་རེད།ཁྱེད་ཚོར་འཇོན་ཐང་ཡོད་ན་རྒྱ་ནག་གཞུང་ས་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་དགོས་པ་རེད།
སྐུ་མདུན་གྱིས་ལོ་སྔོན་མར་cnn བཅར་འདྲི་སྐབས་དབུ་མའི་ལམ་སྤྱི་ཚོགས་ཁྲོད་དུ་ཕམ་ཉེས་བྱུང་ཟིན་ཞེས་གསུངས་ཚར་བས། མཁྲེགས་མཁན་ཁྱེད་ཚོས་རང་གི་ལྟོ་གོས་ཀྱི་ཆེད་དང་ཞེན་འདོད་ཕྱིར་མིན་ན་གནས་ལུགས་དེ་མཁས་བླངས། ད་དུང་དབུ་མའི་ལམ་ལས་འགུལ་ཁང་སྨྲས་ཞིང་ལས་འགུལ་སྤེལ་བ་ནི་དོན་གྱིས་རྩ་བ་བརླགས་པའི་ཤིང་སྡོང་ཤིག་ལས་མ་འདས། མི་མཁྱེན་ན་བོད་ཡིག་ཙམ་མིན་པ་རྒྱལ་སྤྱིའི་གསར་འགྱུར་ཀློག་དང་། གསལ་ཆ་ཡོང་ངེས་་རེད།
ཁ་ནས་བཤད་རྒྱུ་སྟོབས་ཀུན་གྱི་རྩ་བ་ཡིན་ཟེར་བའང་ལག་ལེན་གྱི་གཞི་ཡིན་སྨས་བ་ལས་ལག་ལེན་མ་བསྟར་ན་གྲུབ་འབྲས་བརྒྱ་ཆ་བརྒྱ་ཡོད་པ་སྨྲས་བ་མིན། འོན་ཀྱང་གྲུབ་འབྲས་རྩ་བ་ནས་མེད་པ་མིན་ཏེ་དེའི་གཞན་ལ་བློ་སྒོ་འབྱེད་པས་རང་གི་ལག་ལེན་བསྟར་མ་ཐུབ་ཀྱང་བདེན་པའི་གནས་ཚུལ་གཞན་ལ་བཤད་ན་སྤྱི་ཚོགས་ཀྱི་གོ་རྟོགས་སེལ་ཅིང་ཕན་ཐོགས་ཡོང་བས་མ་བཤད་པ་ལས་བཤད་པ་རིན་ཐང་ཡོད། བཤད་པ་ཡོད་ཚད་སངས་རྒྱས་ཀྱིས་ཀྱང་ལག་བསྟར་ཐུབ་མེད་དེ། ཡོད་ན་དྲངས་ངེས་ཀྱི་ཁྱད་པ་འབྱེད་དོན་མེད། བཤད་པ་རིན་ཐང་མེད་ན་ད་ནས་བཟུང་སྐུ་ཉིད་ལྐུག་པ་བཞུགས་དང། བཤད་པ་ནི་ཆུ་ཚོད་ཟད་པའི་རྒྱུ་ལས་མ་འདས། འདོད་ཁམས་པ་ལགས། སྐུ་མདུན་གྱི་བཀའ་ཆོས་ཀྱང་ཚིག་ཙམ་ཡིན་པས་དེ་ལ་མ་གསན། ཉིད་ལ་མཚོན་ན་ཕན་ཐོགས་མི་འདུག ཁ་ནས་བཤད་པའི་སྐད་ཆ་ཙམ་རེད།
རོ་ལངས་ལགས། ངས་རོ་ལངས་ཆ་རེ་འདུལ་ན་འདོད་པ་ཡིན། རོ་ལངས་ལ་མཐོང་ཆུང་བྱེད་མི་ཉན་ཡ། ཧ་ཧ་ཧ་་་
བྲག་ཞོལ།
༡ བདེན་པ་རེད། དབུ་མའི་ལམ་གཅིག་པོ་དྲིལ་བསྒྲགས་བྱེད་སྟངས་དེ་གུང་ཁྲན་གྱིས་ཏང་གི་སྲིད་བྱུས་ཁྱབ་བསྒྲགས་བྱེད་སྟངས་དང་འདྲ་བོ་རེད།
༢ མང་མོས་ཀྱིས་སྲིད་བྱུས་གཏན་འབེབས་བྱས་པ་བདེན་པ་རེད། ཡིན་ནའང་། ཁོང་ཚོའི་ཀླད་པ་སྲིད་བྱུས་གཏན་འབེབས་མ་བྱས་སྔོན་ནས་སྦྱངས་རྡུང་བྱས་གྲུབ་ཡོད་པ་རེད།
༣ དང་པོར་ང་དབུ་མའི་ལམ་གྱི་མགོ་སྐོར་འོག་ཚུད་པ་དེ་བདེན་པ་རེད། གོང་ནས་བཤད་རྒྱུ་དབུ་མའི་ལམ། གཡས་ཀྱི་ཁ་བརྡ་དབུ་མའི་ལམ། དབུ་མའི་ལམ་ཁོ་ན་རླབས་ཆེ་བ་དང་རེ་བ་ཆེ་ཤོས་ཡིན་ཚུལ་རྐྱང་ཉན་ཡོང་པ་རེད།
༤ དབུ་མའི་ལམ་༧གོང་ས་མཆོག་གི་དགོངས་གཞི་ཡིན་དུ་ཆུག་ཀྱང་དེ་སྤྱི་ཚོགས་ནང་འགྱུར་མེད་ཐེར་ཟུག་གི་སྲིད་བྱུས་ཤིག་ཏུ་གྲུབ་འཇུག་མཁན་རྒྱལ་བ་རིན་པོ་ཆེ་མ་རེད། དེ་ལ་ཁྱད་པར་ཡོད་པ་རེད།
༥ བཞི་པ་དང་གཅིག
༦ ངས་རང་ཐག་རང་གཅོད་སྤྲད་མ་སོང་ཅང་ཟེར་གི་མེད། གོ་སྐབས་འདྲ་མཉམ་ཐོབ་མེད་པའི་སྐོར་བཤད་ཀྱི་ཡོད།
རིག་པའི་བུ་ལགས། ངས་ཁྱོད་ལ་རིག་རྟུལ་བུ་ཞེས་གོང་ན་སྨྲས་ཡོད། མི་ཁྱོད་ནི་ཅི་འདྲ་འདྲའི་གོ་མེད་རིག་ལྡིབ་ཅན་ཞིག་རེད་ཨང་། ཁྱེད་ཤོད་ཚུལ་ལ་བལྟས་ན་མ་མཐར་ཡང་་་་་་ཁ་བཤད་ཆུ་ཡི་ལྦུ་བ།།ལག་ལེན་གསེར་གྱི་ཐིགས་པ།།ཟེར་བའི་ལེགས་བཤད་འདི་ཙམ་གྱི་གོ་བ་ཡང་ལོན་མེད་པ་འདྲ།
ལེགས་བཤད་འདིའི་གོ་དོན་ག་རེ་རེད། ལེགས་བཤད་འདིས། སྐད་ཆ་གང་ཡང་མི་ཤོད་པར་དུད་འགྲོ་ནང་བཞིན་ཁ་བཙུམ་ནས་སྡོད་དགོས་ཟེར་བ་མ་རེད། འོ་ན་ག་རེ་རེད་ཟེར་ན། རང་གིས་མི་འཇོན་པའི་ལས་ཀ་དེར་སྐད་ཆ་སྦོམ་པོ་མ་ཤོད་ཟེར་བའི་དོན་རེད། ད་གོ་སོང་ངམ།
དབུ་མ་བ་ཚོས་རང་བཙན་མ་འདོད་ནས་རང་སྐྱོང་ཤོད་པ་རེད་པས། འཛམ་གླིང་ཐོག་རང་བཙན་བརྩད་ནས་རང་བཙན་ཐོབ་མཁན་གི་རྒྱལ་ཁབ་ད་སྔ་མང་པོ་བྱུང་ཡོད་པ་རེད། ཁོ་ཚོས་རང་བཙན་ཁ་ནས་ཤོད་པ་ནང་བཞིན་རྒྱལ་ཁ་མ་ཐོབ་པར་དུ་དཀའ་ལས་ག་ཚོད་བརྒྱབས་དགོས་ཐུག་པ་རེད། ཡིན་ན་ཡང་། ཁོང་ཚོ་རང་ཉིད་ལས་འགུལ་ནང་དངོས་སུ་ཞུགས། ལས་འགུལ་དངོས་སུ་སྤེལ། སེབས་ཐག་གཙང་མ་བཅད། རང་སྲོག་འབེན་ལ་བཞག དཀའ་བ་ཁྲི་ཕྲག་སྤྱད། མི་གྲངས་འབུམ་ཐེ་ཤི་རྗེས་ད་བཟོད་རང་གི་མངོན་འདོད་བཞིན་རྒྱལ་ཁ་ཐོབ་པ་ཅིག་རེད།
ཁྱོད་དང་འདྲ་བ་ཚོར་རང་བཙན་ལེན་བྱེད་ཀྱི་སྤོབས་པ་དང་འཆར་གཞི་གང་དང་གང་ཡོད། ཡོད་ན་ཧྲ་གི
ང་འདྲ་བ་ཚོས་བསྟོད་བསྔགས་དང་རྗེས་སུ་ཡི་རངས་ཞུ། དེ་འདྲ་མེད་ན། བླུན་པོ་སྨྲ་བ་ཉུང་ན་མཛེས་
ཞེས་པ་བཞིན་ཁ་རོག་གེར་སྡོད།
འདོད་ཁམས་པ་ལགས།
་ངས་ལས་དོན་མི་སྒྲུབ་པ་སུས་ཤེས་པ་རེད། ཁྱེད་ཀྱིས་ཅི་ལྟར་མཁྱེན། བོད་དོན་དུ་མེ་སྲེགས་དེ་ཚོ་ང་དང་ཁྱེད་འདྲ་བ་མི་དཀྱུས་མ་ཚོ་རེད། རང་དབང་རྩོད་མཁན་ཡང་མང་ཆེ་བ་མི་དཀྱུས་མ་ཚོ་ཡིན། ཅིས་ཕྱིར་ཉིད་ལ་མི་དཀྱུལ་མ་ལ་མཐོང་ཆུང་བྱེད་པའི་བློ་སྣ་སྐྱེས། རྙིང་ཞེན་གྱིས་སྤྲད་པ་རེད་དམ། དབུ་མ་བཤད་མཁན་གྱི་ཟམ་གདོང་ཡང་སྲང་ལམ་ཐོན་ནས་སྐད་འབོད་ཞུགས་པ་ཆེས་ཉུང། མི་ཕལ་དང་བསྡུར་ན་ཧ་ཅང་ཉུང་། འོན་ཀྱང་སྐད་ཆ་བཤད་རྒྱུ་མཚམས་ཆད་མེད།
ངས་བཤད་པའི་ལན་དུ་ལབ་ཅི་ཡང་མེད་པས་དཔེ་དོན་མི་མཐུན་པའི་ཚིག་རྙིང་ཞིག་ལས་ཅི་ཡང་མི་འདུག རྙིང་དྲི་དྲོ་ཡི་འདུག
སྐད་ཆ་རྙིང་པ་དེ་ཁྱེད་དང་འདྲ་བའི་བོད་མི་ཚོ་འཚིངས་བྱེད། བཀག་རྒྱ་རེད། བཀག་རྒྱ་འདི་དག་གིས་བོད་དུ་མིའི་རང་དབང་དང་གཞི་རྩའི་རིན་ཐང་རྡུང་བརྡེགས་བཏང་པས་བོད་དུ་མི་རིན་ཐང་མེདའང་ས་པཎ་གྱི་སྡོམ་ཚོག་འདི་དག་ལ་ཐུག་ཡོད། ཡིན་ཏེ། དེ་ནི་བཀས་བཀོད་རྒྱུན་འཛིན་གྱི་དུས་སྐབས་ད་ལྟའི་ཚབ་བྱེད་མི་ཐུབ། གྲུབ་སྟེ། ཧ་ཅང་རྙིང་དྲི་ཁ་བས་རེད། རྙིང་དྲི་ཁ་བ་མ་ཤེས་བ་ནི་ངོ་ཚ་རེད།
ད་ག་རེ་ཤོད་གིན་ཡོད། རིག་རྟུལ་བུ་ལགས།
རིགས་སྨྱོན་དུ་སོང་བའི་བུ་མེད་ཆགས་ཅན་བཞིན་ཚོད་ཚོད་ཚོད་ལ་གོ་རྒྱུ་མེད་པའི་ཁེ་ལབ་མ་རྒྱག་ཤིག
ཧཧཧ
ངས་བཤད་པའི་ལན་དུ་ལབ་ཅི་ཡང་མེད་པས་དཔེ་དོན་མི་མཐུན་པའི་ཚིག་རྙིང་ཞིག་ལས་ཅི་ཡང་མི་འདུག
སྐད་ཆ་རྙིང་པ་དེ་ཁྱེད་དང་འདྲ་བའི་བོད་མི་ཚོ་འཆིང་བྱེད་རེད། བཀག་རྒྱ་རེད། བཀག་རྒྱ་འདི་དག་གིས་བོད་དུ་མིའི་རང་དབང་དང་གཞི་རྩའི་རིན་ཐང་རྡུང་བརྡེགས་བཏང་པས་བོད་དུ་མི་རིན་ཐང་མེད་པའང་ས་པཎ་གྱི་སྡོམ་ཚོག་འདི་དག་ལ་ཐུག་ཡོད། ཡིན་ཏེ། དེ་ནི་བཀས་བཀོད་རྒྱུན་འཛིན་གྱི་དུས་སྐབས་ཤིག་ཡིན་ལྟའི་ཚབ་བྱེད་མི་ཐུབ། གྲུབ་སྟེ། ཧ་ཅང་རྙིང་དྲི་ཁ་བས་རེད། རྙིང་དྲི་ཁ་བ་མ་ཤེས་བ་ནི་ངོ་ཚ་རེད།
ངས་བཤད་པའི་ལན་དུ་ལབ་ཅི་ཡང་མེད་པས་དཔེ་དོན་མི་མཐུན་པའི་ཚིག་རྙིང་ཞིག་ལས་ཅི་ཡང་མི་འདུག
སྐད་ཆ་རྙིང་པ་དེ་ཁྱེད་དང་འདྲ་བའི་བོད་མི་ཚོ་འཆིང་བྱེད་རེད། བཀག་རྒྱ་རེད། བཀག་རྒྱ་འདི་དག་གིས་བོད་དུ་མིའི་རང་དབང་དང་གཞི་རྩའི་རིན་ཐང་རྡུང་བརྡེགས་བཏང་པས་བོད་དུ་མི་རིན་ཐང་མེད་པའང་ས་པཎ་གྱི་སྡོམ་ཚོག་འདི་དག་ལ་ཐུག་ཡོད། ཡིན་ཏེ། དེ་ནི་བཀས་བཀོད་རྒྱུན་འཛིན་གྱི་དུས་སྐབས་ཤིག་གི་ལྟ་ཚུལ་ཡིན་པས་ད་ལྟའི་ཚབ་བྱེད་མི་ཐུབ། གྲུབ་སྟེ། ཧ་ཅང་རྙིང་དྲི་ཁ་བས་རེད། རྙིང་དྲི་ཁ་བ་མ་ཤེས་བ་ནི་ངོ་ཚ་རེད།
རིག་རྟུལ་སྨས་བ་ལས་དོན་ལྡན་གྱི་ལན་མེད་པ་ནི་དེ་ཉིད་སྟོན་བྱེད་རེད།
ལུང་དྲངས་ཚད་ཚང་མ་བཀས་བཀོད་རྒྱུན་འཛིན་ཡིན་པར་ཁས་བླངས་ན་དམར་པོའི་ལྟ་བ་ལས་ཀྱང་ཆེས་སྐྱོ་བས་དྲ་ཚིགས་འདིའི་ཐོག་འགོད་རིན་མི་འདུག དེ་ལས་ཁྱེད་རང་ཏང་ཡོན་ཏུ་འཛུལ་ན་ཆེས་ལེགས་པར་མཐོང་། ཀྲང་ཆི་ལིང་ཁྱོད་ཀྱི་ཕ་བྱས།
ཚེ་བརྟན་སྒྲོལ་མ་ཁྱོད་ཀྱི་མ་བྱས། མའོ་ཙེ་ཏུང་ཁྱོད་ཀྱི་དཀོན་མཆོག་བྱས། ཏེང་ཞོའོ་ཕིང་ཁྱོད་ཀྱི་སྲུང་མ་བྱས། ཧུའུ་ཅིན་ཐའོ་ཁྱོད་ཀྱི་དགའ་རོགས་བྱས་ན་ཡག་ཤོས་རེད་འདུག སྐབས་འགར་རྒྱལ་སྤྱིའི་ཐོག་སྤྱི་ཚོགས་རྙིང་མ་དང་། བཀས་བཀོད་རྒྱུན་འཛིན། མངའ་བདག་ཆེན་ཆེན་པོ་གསུམ་ལ་དགག་པ་འདྲ་རྒྱབ་བསྡད་ན་ཁྱོད་ལ་རན་ཤོས་དེ་རང་རེད་འདུག
རྒྱུ་མཚན་མ་རྙེད་པར་ཁ་སྣ་ཙམ་ཏོགས་པ་འདི་ལ་ཉོབ་སྣང་སྐྱེས་བྱེད་ལས་ཅི་ཡང་མི་འདུག