ཚང་མས་མཁྱེན་གསལ་བཞིན། འདི་ག་ལས་འགུལ་ཁང་ནས་དབུ་མའི་ལམ་གྱི་སྐོར་ཆ་ཚང་བའི་སློབ་གསོ་ཞིག་འབུལ་འཆར་གྱི་གསལ་བསྒྲགས་སྔོན་སོང་ལྟར། སློབ་གསོའི་ལས་རིམ་ཟླ་བ་འདིར་དངོས་སུ་ལག་བསྟར་ཐུབ་རྒྱུར་རེ་བ་ཤིན་ཏུ་ཆེ་ནའང། སློབ་གསོའི་ནང་ཞུགས་འདོད་ཡོད་པ་མང་པོ་ཞིག་ནས་སྔོན་འགྲོར་དབུ་མའི་ལམ་དང་འབྲེལ་བའི་ཡིག་ཆ་ཁག་ལ་ཞིབ་འཇུག་དང། དེའི་རྗེས་སློབ་གསོར་ཞུགས་མཁན་གྱི་ཆ་རྐྱེན་ནང་ཡོད་སློབ་གསོར་ཞུགས་འདོད་ཀྱི་བསམ་ཚུལ་ཡིག་འབྲུ ༡༥༠༠ ཅན་འབྲི་རྒྱུར་དུས་ཚོད་ཕར་འགྱངས་དགོས་པའི་རེ་སྐུལ་རིམ་འབྱོར་བྱུང་བ་དང། དེ་བཞིན་བལ་ཡུལ་དང། ཀ་ལིམ་སྤོང། གདན་ས་ཁག མཐོ་སློབ་ཁག་བཅས་ནས་སྙན་ཞུ་རིམ་འབྱོར་རྣམས་ལ་འགྲིམ་འགྲུལ་པ་སེ་ཉོ་རྒྱུར་དུས་ཚོད་ངེས་ཅན་དགོས་ངེས་བཅས་ལ་བརྟེན། དབུ་མའི་ལམ་གྱི་སྐོར་གཏིང་ཟབ་སློབ་གསོ་ཕུལ་ཏེ་ཁྱད་མཁས་མི་སྣ་གསོ་སྐྱོང་གི་ལས་གཞི་འདིར་ཞུ་སྙན་ཕུལ་རྒྱུར། ཟླ་བ ༡༡ པའི་ཟླ་མཇུག་བར་ཕར་འགྱངས་བྱས་པ་ཡིན་ན། ཕྱོགས་མཐའ་ཁག་ཚང་མའི་དོ་སྣང་ཅན་རྣམས་ནས་དེ་དོན་དགོངས་མངའ་ཞུ།།
ཞུ་སྙན་འབུལ་ཡུལ། umelam2008@gmail.com/ loveyoutibet@gmail.com
ཁ་པར་ཨང་གྲངས། ༩༨༨༢༥༣༣༧༧༣།
དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས།
སློབ་གསོ་ཡིན། ང་གད་མོ་ཤོར་འགྲོ་གི དབུ་མའི་ལམ་གྱི་སློབ་གསོ་ཟེར་བ་འདི་རྒྱ་དམར་གྱི་རྒྱལ་གཅེས་ཆོས་གཅེས་དང་མིའི་ཀླད་པ་བསྒྱུར་བའི་སློབ་གསོ་ཟེར་བ་དང་འདྲ་སེ་རེད། ལྟ་གྲུབ་གཅིག་རང་གཅིག་གི་སྐོར་སློབ་འཇུག་པ་འདི་སློབ་གསོ་མ་རེད་ད། འདི་ཆབ་སྲིད་རེད། ཆབ་སྲིད་ཀྱི་ནང་ནས་ཀྱང་དམངས་གཙོ་དང་མི་འཚམས་པའི་ཆབ་སྲིད་སྡུག་ཤོས་དེ་རེད། སློབ་གསོ་སྤྲོད་ན་མི་ལ་རང་ཚུགས་ཀྱི་བསམ་བློ་གཏོང་ཐུབ་པའི་སློབ་གསོ་སྤྲོད། ལྟ་གྲུབ་འདྲ་མིན་གྱི་སློབ་གསོ་སྤྲོད། ཕྱོགས་སུ་མ་ལྷུང་བར་མིའི་བསམ་བློའི་གོ་རྟོགས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བའི་སློབ་གསོ་སྤྲོད།
ཁྱེད་ཚོའི་སློབ་གསོ་སྤྲོད་སྟངས་འདི་རྒྱལ་ཁབ་ཡར་རྒྱས་ལ་ཕན་ཐོགས་མེད་པ། མི་སྒེར་གྱི་གོ་རྟོགས་དང་བསམ་གཞིགས་ཡར་རྒྱས་ལ་ཕན་ཐོགས་མེད་པ་ཞིག་རེད། ཐ་ན་བོད་ཀྱི་ཕུགས་དོན་ལ་གནོད་པ་ཅན་ཞིག་རེད། འདི་ནི་གུང་ཁྲན་ཏང་གིས་དམར་པོའི་ལམ་ལུགས་གཅིག་པོ་བཟང་རབས་རྒྱན་རབས་ཀྱི་སློབ་སྦྱོང་སྤྲད་སྡོད་པ་དང་གཅིག་པ་རེད།
དྲིན་ཆེན་ཚོ། ངས་ཁྱེད་ཚོར་ཕྱག་འཚལ་དགོས་ནའང་འཚལ། མིའི་ཀླད་པ་མ་བཀྲུ་རོགས། ལྟ་གྲུབ་ཕྱོགས་རེ་བའི་སློབ་སྦྱོང་ཁོ་ན་མ་སྤྲད་རོགས། ང་ལའང་རང་གི་ལྟ་གྲུབ་ཡོད་ཀྱང་། ངས་རང་གི་ལྟ་གྲུབ་ཀྱིས་བུ་གུ་ལ་ཤུགས་རྐྱེན་མ་ཐེབས་པ་བྱེད་རྒྱུ་དེ་ཨང་དང་པོར་འཇོག་གི་ཡོད། བུ་གུ་ཁོ་རང་གི་ལྟ་གྲུབ་ག་འདྲ་ཞིག་འཛིན་མིན་དེ་ཁོ་རང་གིས་ལྟ་རྒྱ་དང་ཐོས་རྒྱ་སྐྱེད། རང་ཉིད་ཀྱིས་རང་ཚུགས་ཀྱི་བསམ་བློ་གཏོང་ཐུབ་པའི་ཐོག་ནས་ལྟ་གྲུབ་ཅིག་འཛིན་ཐུབ་པ་བྱེད་རྒྱུ་དེ་ངས་ཨང་དང་པོར་འཇོག་གི་ཡོད། སྤྱི་ཚོགས་ལ་མཚོན་ནའང་དེ་བཞིན་རེད།
རང་གིས་ཡག་པོ་རེད་བསམ་པའི་ལྟ་གྲུབ་དེས་གཞན་ལའང་གང་ཐུབ་ཀྱིས་ཤུགས་རྐྱེན་གཏོང་བ་ནི་ནོར་འཁྲུལ་ཅན་གྱི་བྱེད་ལས་ཤིག་རེད། རང་ལྟ་མཆོག་འཛིན་ཟེར་བའང་མདོར་དེད་ན་དེ་རེད།
མཆན་དང་པོ་འབྲི་མཁན་འདིས་བཤད་པ་ལྟར་ན། དགེ་རྒན་སློབ་གྲྭའི་ནང་ལ་ཁ་བཙུམས་བཅས་སྡོད་དགོས་པ་འདྲ། གླེན་པ་ལུག་འདྲ་བ་འདི་འདྲ་ལ་ཟེར།
ཁྱད་མཁས་་་་་་་་་་་་་་་་་་་་་་་་་་ཆེད་མཁས
གང་ལ་དགའ་་་་་་་་་གསུང་རོགས་གནོངས
སྨན་པ་ཞིག་གིས་སྨན་གྱི་ཆེད་དུ་སྦྱང་བའི་ཡོན་ཏན་ལ་ཆེད་མཁས་སྨན་པ་དང་།
སྨན་པ་ཞིག་གིས་ཆེད་དུ་སྨན་གྱི་སྐོར་ལ་སྦྱང་བའི་ཡོན་ཏན། ཡོན་ཏན་ཀུན་ལས་ཁྱད་དུ་འཕགས་པ་ལ་ཁྱད་མཁས་སྨན་པ་འོ།
ཐབས་ཇུས་རོགས་གཅེས།། གོ་བ་མེད་ན་ང་ནོར་བ་ཡིན།
དེ་མིན་སློབ་གསོ་སྤྲོད་ན་སྤྲོད་དུ་བཅུག། ཅིག་ཤེས་ནི་ཟིག་ཡིན་ན་རང་གི་རྣམ་དཔྱོད་དང་སྡུར་ནས་འགྲོ་འི་རེད། མི་ཤེས་ནི་ཟིག་ཡིན་ན་ཡང་སློབ་གསོ་རྐང་ཡས་མ་ཟིག་རེག་ཚར་བ་རེད།
ངས་ནི་དགག་བྱ་དང་དགའ་བསུ་གང་ཡང་མེད་པར་འདུག།
མགོན་པོ་ཕྱག་གཉིས་ལགས་ནས་དགས་སེལ་གནང་པར་ཐུགས་རྗེ་ཆེ་ཞུ།
ཐབས་ཇུས་ཅན་ལགས་ལ་ཞུ་རྒྱུར། གལ་ཏེ་ང་ཚོའི་སློབ་དགེ་དག་གིས་སློབ་མའི་བློ་སྒོ་ཕྱེད་རྒྱུའི་ཚབ་ཏུ་སློབ་མ་རྣམས་སྣོད་སྟོང་པ་ཞིག་ཏུ་སེམས་ནས་བཟོ་གྲ་གཅིག་ནས་མཐོན་པའི་ཅ་དངོས་ལྟ་བུའི་སློབ་མ་རྐྱང་ཞིག་བསྐྲུན་པ་ཡིན་ན་དགེ་རྒན་གི་ལས་དོན་སྒྲུབ་ཡོད་མིན་ཁྱེད་ཀྱི་ཐུགས་ཐག་གཅོད་རོགས། མགོན་པོ་ཕྱག་གཉིས་ཀྱི་གསུངས་དོན་དེ་རེད། དགོས་པའི་དབང་གི་སྐབས་རེ་དགེ་རྒན་ཁ་བཙུམ་ན་ཕན་ཐོག་ཆེ་བ་ཡོད། སློབ་གཉེར་ནི་དགེ་སློབ་གཉིས་ཀ་འདྲ་མཉམ་དང་ཕན་ཚུན་བཤད་རེས་ཀྱི་གོ་བ་བསྐྲུབ་རྒྱུ་ཞིག་མིན་ནམ་བསམ།
དབུ་ལམ་ཚོགས་པར།
དེ་སྔོན་ཚོགས་པ་བཅིུག་གི་གསལ་བསྒྲགས་དང་ད་ལྟའི་དབུ་མའི་ལམ་གྱི་ལས་སྣེ་དེ་དག་ཁ་གཅིག་སེམས་གཅིག་ཡིན་ས་རེད། ཁོང་ཚོར་ལྟ་གྲུབ་མེད་པའི་སྣེ་མོ་བ་རྐྱང་གིས་ཁེངས་པ་ལ་བརྟེན་ནས་ལས་འགུལ་སྒོ་བཞུགས་དང་རྒྱུ་མཚན་མེད་པ་རྐྱང་སྤེལ་ཡོང་གི་འདུག དྲང་པོར་ཞུས་ནས་ཁོང་ཚོའི་དབུ་མའི་ལམ་གྱི་སློབ་གསོ་དང་ཁྱད་མཁས་བསྐྱེད་སྲིངས་དེ་བོད་རིགས་ནང་ཆེས་དགོས་གལ་ཞིག་ངས་མ་མཐོང་། གང་ལ་ཟེར་ན་དབུ་མའི་ལམ་ལ་བོད་གཞུང་དམངས་གཉིས་ནས་བློ་སེམས་གཉིས་ནས་རྒྱབ་སྐྱོར་མཐུན་རྐྱེན་ཞུ་བཞིན་ཡོད་པས་ཁོང་ཚོས་ལས་འགུལ་དེ་དག་གིས་དབུ་ལམ་གྱི་རྒྱབ་སྐྱོར་དེ་ལས་གོང་ཐོར་གཏོང་ཐུབ་པའི་ནུས་དང་རྒྱུ་མཚན་ཅི་ཡང་མ་མཐོང་།
བྱས་ན་ཁོང་ཚོས་དམིགས་ཡུལ་གཞན་ཞིག་བཅངས་ཡོད་དམ། སྐབས་རེ་ངས་སེམས་པར་ཚོགས་པ་དེ་ཚོའི་མི་སྣ་རེ་ཞིག་གི་གོ་སྐབས་བཟུང་ནས་༸གོང་ས་མཆོག་གི་མཚན་སྤྱད་ཏེ་མི་སྒེར་གྱི་སྙིང་ནད་དང་ལྟོ་རྒྱབ་ཕྱིར་མིན་ནམ་བསམ། ཡང་ན་རང་བཙན་རྩོད་མཁན་གྱི་ཚོགས་སྒེར་ཁག་ལ་ཁ་བརྡུངས་གཏོང་རྒྱུའི་ཆེད་ཁྱད་ལས་པ་དགོས་པ་རེད། དངོས་གནས་དབུ་མའི་ལམ་གྱི་དམིགས་ཡུལ་དང་ལངས་ཕྱོགས་རྒྱ་ཆེར་ཁྱབ་སྤེལ་འདོད་ན་ཕྱི་རྒྱལ་མི་རིགས་དང་གཙོ་བོ་རྒྱ་རིགས་མི་མང་དང་ད་དུང་བྱུང་ན་གུང་བྲན་ཏང་མི་ཚོར་འདི་འདྲའི་སློབ་གསོ་དང་ཟབ་སྦྱོང་སྤྱོད་དགོས་པ་རེད། དངོས་གནས་ཐུགས་བསམ་ཡག་པོ་བཞེས་ནས་ལུས་འགུལ་སྤེལ་རོགས།
གང་ཤེས། ཨ་ཕས་བཤད་དུས་ཨ་ཕ་བདེན། ཨ་མས་བཤད་དུས་ཨ་མ་བདེན་པ་འདྲ་བ་འདུག
རང་གིས་ཡག་པོ་རེད་བསམ་པའི་ལྟ་གྲུབ་དེས་གཞན་ལའང་གང་ཐུབ་ཀྱིས་ཤུགས་རྐྱེན་གཏོང་བ་ནི་ནོར་འཁྲུལ་ཅན་གྱི་བྱེད་ལས་ཤིག་རེད། རང་ལྟ་མཆོག་འཛིན་ཟེར་བའང་མདོར་དེད་ན་དེ་རེད། ཟེར།