ཆབ་སྲིད་དཔྱད་གླེང་འདོན་ཐེངས་གཉིས་པ་ལས་དྲངས་ཞེས་པའི་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ལ་བལྟས་རྗེས།
ད་རུང་རྨོངས་སྡོད་པ་དེ་ཐབས་སྐྱོ་བོ་ཞེ་དྲག་རེད། ཟམ་གདོང་རིན་པོ་ཆེས ་་༼བསམ་འཆར་༽ཡིག་ཆ་དེ་བཞག་ནས་ཐབས་ལམ་གསར་པ་ཞིག་བཙལ་དགོས་ཀྱི་ཡོད་པར་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད་ལ། དེ་འདྲའི་བསམ་ཚུལ་ཞིག་རྩ་བ་ཉིད་ནས་མེད།་་ ཟེར། འདི་ནི་རྩ་བ་ནས་འགྲིགས་མེད་པ་དང་རྒྱ་ནག་གི་གནས་ཚུལ་ཡོངས་སུ་མ་ཤེས་པའི་སྣང་བ་སྐྱིད་པོའི་སྐད་ཆ་ཞིག་རེད་ལ་རང་མགོ་རང་གཡོག་དང་ངང་སྒུག་བྱེད་རྒྱུ། རེ་སྟོང་ཞིག་ལས་མ་མཆིས། ནོར་འཁྲུལ་ཅན་གྱི་བསམ་ཚུལ་འདིའི་རྩ་བ་ཐུག་སའང་གཤམ་གྱི་སྐད་ཆ་འདི་རེད།
་་མི་དང་མི་གདོང་ཐུག་ནས་སྐད་ཆ་བཤད་པའི་སྐབས་་ ་་འབྱུང་འགྱུར་འབྲེལ་མོལ་དང་གྲོས་མོལ་བྱེད་རྒྱུའི་གོ་སྐབས་ག་དུས་བྱུང་ནའང་། ང་ཚོའི་ངོས་ནས་སྐད་ཆ་བཤད་རྒྱུའི་གཞི་རྩ་ལྟེ་བ་ལ་བཟུང་ནས་འགྲོ་རྒྱུ་རེད།་་ བསམ་ཚུལ་འདི་རེད། ང་དགོད་ཤོར་སོང་།
བཀུར་བར་འོས་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ། ཁྱེད་ཀྱིས་བོད་དོན་གྱི་ཆེད་དུ་རྒྱ་མི་དང་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཤིག་འབྱུང་གི་རེད་བསམ་མམ། ཁྱེད་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཐུག་པའི་སྐབས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་གི་རེད་བསམ་མམ། ག་རེ་བྱས་ནས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་དགོས་པ་རེད། དེའི་རྒྱུ་མཚན་ཞིག་གསུངས་དང་།
སྔོན་མའི་འབྲེལ་མོལ་ཁ་ཤས་བྱུང་བ་དེ་ནི་བོད་དོན་ཐག་གཅོད་པའི་ཆེད་མ་རེད་ད། ཁོ་ཚོས་ཕར་ཕྱོགས་སུ་ཁ་གསལ་བོ་བྱས་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཁོ་ཚོའི་དམིགས་ཡུལ་ནི་༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་བསྡུ་གསོག་བརྒྱབ་ནས་ཕར་གུང་ཁྲན་འོག་འཐབ་ཕྱོགས་གཅིག་གྱུར་བྱ་རྒྱུ་དེ་རེད། དེ་འདྲ་ཡིན་ཙང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བཙན་བྱོལ་བོད་གཞུང་དང་འབྲེལ་མོལ་ཁ་ཤས་བྱེད་དགོས་བྱུང་པ་རེད། ཕན་ཚུན་གཉིས་ཀྱི་དམིགས་ཡུལ་ཁ་ཁ་ཡིན་ནའང་། ཚུར་ཕྱོགས་ནས་བོད་དོན་གླེང་བ་དེ་རང་བཞིན་གྱིས་རྒྱལ་བ་རིན་པོ་ཆེ་ཕར་ཕེབས་པའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཞིག་ཏུ་གྱུར་པ་རེད།
བསམ་ཆར་ཡིག་ཆ་དེ་གལ་སྲིད་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གད་སྙིགས་ནང་གཡུག་མེད་པར་རྒྱལ་སྲིད་སྤྱི་ཁང་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཅོག་ཙེའི་སྒང་སྟབས་ཡག་ནས་སླེབས་ཡོད་པ་ཡིན་ན། དེ་དང་ད་བར་དུ་བོད་ནང་དུའང་དེ་དང་འདྲ་བའི་སྙན་ཞུ་དང་དགོངས་ཚུལ་བཏོན་པ་ཚང་མ། མི་རིགས་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་སྐབས་གཞི་འཛིན་ས་ཞིག་ཆགས་སྲིད་ཀྱི་རེད། ཡིན་ནའང་ཁོ་ཚོས་ཁྲིམས་གསར་བཟོ་ལ་བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱེད་དགོས་པའི་དོན་དག་ཁོ་རང་ཡོད་པ་མ་རེད། ངས་དཔེ་མཚོན་གཅིག་འཇོག སྔོན་ཧུའུ་ཡའོ་པང་གི་སྐབས། བོད་ནང་སྲིད་བྱུས་ཅུང་ཟད་གུ་ཡངས་པོ་ཞིག་བཟུང་བ་རེད། བོད་ཀྱི་ཆེད་བཞུགས་མོལ་ཚོགས་འདུའང་རིམ་པར་གནང་བ་རེད། ༧པཎ་ཆེན་རིན་པོ་ཆེ་དང་ཕུན་ཚོགས་དབང་རྒྱལ་སོགས་ཀྱི་དགོངས་ཚུལ་ལའང་ཉན་པ་རེད། མི་རིགས་སྲིད་བྱུས་ལ་ལེགས་བཅོས་བྱེད་རྒྱུའི་དམིགས་ཡུལ་ཡག་པོ་ཞིག་ཡོད་པ་འདྲ། ཡིན་ནའང་། མི་རིགས་སྲིད་བྱུས་ག་འདྲ་ཞིག་འཛིན་དགོས་མིན་ཐད་བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱས་མེད་པ་ལྟར་རེད། སྲིད་བྱུས་བཟང་དུ་བཏང་ནས་༧རྒྱལ་བ་རིན་པོེ་ཆེ་གདན་འདྲེན་ཞུ་རྒྱུའི་བསམ་ཚུལ་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།
དེའང་རྗེས་མའང་སྲིད་བྱུས་གསར་པ་བཟོ་བའི་དུས་ཤིག་ཡོང་གི་རེད། དམངས་གཙོ་དོན་དང་ལྡན་པ་ཞིག་ཡོང་ན་བོད་ནང་གི་བོད་ཀྱི་འཐུས་མི་ཚོའི་དགོངས་ཚུལ་དང་ད་བར་གྱི་བོད་དོན་སྙན་ཞུ་གལ་ཆེན་ཁག་གཞིར་བཟུང་ནས་མི་སྲིད་བྱུས་ཤིག་བཟོ་གི་རེད། དེ་བཟོ་བར་བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱེད་དགོས་པ་དང་སྐད་ཆ་བཤད་དགོས་པའི་དོན་དག་ཁོ་རང་ཡོད་པ་མ་རེད། ཚད་མཐོའི་རང་སྐྱོང་ཟེར་བ་དེ་གུང་གཞུང་གི་སྲིད་བྱུས་འགྱུར་བ་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོས་ལེན་ཐུབ་བྱེད་ཀྱི་རེད། ངས་བལྟས་ན། ཚད་མཐོའི་རང་སྐྱོང་ཙམ་ཡིན་ན། བཙན་བྱོལ་བོད་གཞུང་ལ་བོད་ནང་ལས་ཀ་དམིགས་བསལ་ཡོད་པ་མ་རེད། རང་བཙན་གཙང་མ་དང་རང་ཐག་རང་གཅོད་ལྟ་བུ་ཞིག་ལ་དམིགས་པ་ཡིན་ན་ད་ལྟ་ནས་ཕྱག་ལས་གནང་རྒྱུ་མང་པོ་ཞིག་ཡོད་པར་འདོད་ལ། དེས་རྒྱ་ནག་གི་མི་རིགས་སྲིད་བྱུས་བཏིང་བར་ཡང་ཤུགས་རྐྱེན་ཐེབས་མི་སྲིད་པའང་རེད། མ་མཐའ་ཡང་གནད་འགག་གི་སྐབས་དེར་མི་མང་གི་འོས་ཤོག་ཅིག་བསྡུ་དགོས་བྱུང་ནའང་བསྡུ་ཆོག་ཆོག་ཡོད་པ་ཞིག་ད་ལྟ་ནས་བྱེད་དགོས་པར་མཐོང་།
ཁྱེད་ཚོ་མི་རིགས་ཤིག་གི་ཐོབ་ཐང་རྩོད་མཁན་ཨེ་ཡིན། དེ་ཡིན་ན་རང་གི་ཐོབ་ཐང་མི་རྩོད་པར་གཉིས་ཕན་ཟེར་བའི་སྐད་ཆ་དེ་གླེང་དགོས་དོན་ག་རེད། གཞན་གྱི་ཁེ་ཕན་ཁྱེད་ཚོས་གླེང་མི་དགོས་པར་གཞན་གྱིས་རྩོད་རྒྱུ་མ་རེད་དམ།
ཁྱེད་ཚོས་དབུ་མ་ཟེར་ནས་མང་པོ་བཤད་པར་བལྟས་ན་མི་རིགས་ཤིག་གི་ཐོབ་ཐང་རྩོད་མཁན་མིན་པ་འདྲ། ཁྱེད་ཚོ་རྒྱལ་ཁབ་གཉིས་སམ་མི་རིགས་གཉིས་བར་གྱི་བར་འདུམ་བྱེད་མཁན་ནམ་གཟུ་བ་ཡིན་པ་འདྲ། དེ་འདྲ་ཨེ་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་ཡོད་ཅེས་གནའ་སྔ་མོ་ཞིག་ནས་ཤོག་གུ་དཀར་པོའི་ཐོག་ཡི་གེ་ནག་པོ་བྲིས་ནས་གསལ་པོ་གསལ་རྐྱང་བཟོས་ཡོད་ཀྱང་། ཁྱེད་ཚོས་ལོ་རྒྱུས་ཀྱི་བདེན་པ་རྒྱབ་ཏུ་བསྐྱུར། ཁྲིམས་ཐོག་གི་ཐོབ་ཐང་རྒྱབ་ཏུ་བསྐྱུར། ཇག་རྐུན་ཞིག་ལ་རེ་བ་བཅངས་ནས་ནང་མོལ་དང་གཉིས་མོལ་དབུ་མ་ཟེར་ནས་ད་བར་ག་རེ་ཐོབ་སོང་། གལ་ཆེ་བ་དང་ཉག་ཕྲ་བའི་སྐབས་འདིར་ད་རུང་ཐབས་ལམ་གསར་པ་ཞིག་བཙལ་དགོས་པའི་བསམ་ཚུལ་རྩ་བ་ཉིད་ནས་མེད་ཟེར་ནས་སྨྱོ་སོང་བ་མ་རེད་དམ།
མདའ་ཚན་པ་ལགས། དེ་དེ་བཞིན་ནོ། ལམ་དབུ་མའི་རང་སྐྱོང་ཟེར་བ་བརྩོད་གཞི་མེད་ས་ཞིག་ནས་བརྩད་བསྡད་ཙང་ཅི་ཡང་བལྟ་བཟོ་འདི་བཟོ་མེད་པ་འདི་ཆགས་པ་རེད།
མདའ་ཚན་པ་ལགས། ཡག་པོ་བྲིས་འདུག མུ་མཐུད་དུ་དགོངས་ཚུལ་གསུང་རྒྱུའི་རེ་བ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་ཡོད་ཅེས་ཡི་གེ་བྲིས་ཡོད་ན། དེའི་ཕྱོགས་ལ་ཤུགས་རྒྱག་གི་མེད་པ་ཅི་ཡིན་ན། བོད་གཞུང་ཡིན་ན་འདྲ། ཚོགས་པ་གཞན་པ་ཡིན་ན་འདྲ། རང་ཐག་རང་གཅོད་སྐོར་ལ་ཤུགས་རྒྱག་གི་ཡོད་པ་ཚོར་མ་བྱུང་།
དབུ་མའི་ལམ་དང་རང་བཙན་དགོས་ཞེས་སྐད་རྒྱག་པ་ལས་རང་ཐག་རང་གཅོད་དགོས་ཞེས་ཤུགས་བརྒྱབ་ན་དོན་སྙིང་ཞིག་ཡོད་ནི་མིན་འགྲོ། དེ་བས་ཇི་ལྟར་བྱེད་དགོས་པ་དང་ཅི་ཞིག་བྱེད་དགོས་པ། གང་འདྲ་བྱེད་དགོས་པ། འཆར་གཞི་ཡག་པོ་ཞིག་མཛུབ་སྟོན་གནང་ཐུབ་ན་ལེགས་པར་སེམས།
ཤུགས་རྐྱེན་ཐེབས་མི་སྲིད་པའང་རེད་ཟེར་བ་དེ་ཤུགས་རྐྱེན་ཐེབས་མི་སྲིད་པ་མ་རེད། ཟེར་ནས་བཅོ། ཞུ་དག་གཏོང་རྒྱུ་མ་བྱང་བས་རེ་ཟུང་ནོར་ཡོད་པ་འདྲ།
བྱང་སེམས་ཅན་གནང་འདོད་ན་ཐམས་ཅན་སྦྱིན་དགོས། རིགས་ཞེན་ཅན་འདོད་ན་ཐམས་ཅད་རྩོད་དགོས། གཉིས་ཀ་འདོད་ན་དབུ་མའི་ལམ་ལ་ཞུགས། ཅི་བྱེད་གདམ་ཀ་རང་ལ་ཡོད། འདི་བྱས་དང་འདི་བྱེད་གྲོས་བསྡུར་བྱ་དགོས། བཀའ་བཙན་དང་ངན་རྒོལ་དམངས་གཙོའི་ལྟ་བ་དང་ཡོངས་སུ་ཐ་དད་པས་དྭངས་ལེན་བྱེད་དཀའ། མདོར་ན་ཀུན་ལ་ཐུགས་རྗེ་ཆེ་ཞུ་འོས།
ད་ཁྱེད་ཚོས་ཤོད་ས་བུ་མོ་དང་ཉན་མཁན་མནའ་མ་ཟེར་པའི་གནང་སྟངས་དེ་ག་རེ་ཡིན་པའི་ཁུལ་རེད།
མདོར་དེར་ན་ཡུས་བཤད་ས་ངོ་མ་དེ་མཚན་དངོས་སུ་མ་སྨྲོས་པ་མ་གཏོགས་༧ཁོང་ཚང་ལ་མ་རེད་པས།
བྱ་སྒོང་བྲག་ལ་འཐབ་ནས་རྒྱལ་ཁ་ཐོབ་རྒྱུའི་ཐབས་ལམ་གསུམ་པ་ཞིག་འཇིག་རྟེན་ཐོག་ན་ཡོད་དམ།
་རེ་སྟོང་མིན་པའི་རྨི་ལམ་ཞིག་ཡོད་ན་རྨིས་དང། གྲུབ་འབྲས་ཡོད་པའི་ཐབས་ལམ་ཞིག་ཡོད་བཏོད་རོགས།། ཁྱེད་ལ་བལྟས་བསྡད་ཡོད།
དེ་མ་གཏོགས་མདའ་ཚན་རྒན་པོ་ཅུང་ཙམ་ཐང་ཐང་མི་འདུག་གདའ། མཚམས་ལན་རེར་ཡིད་ལ་འཆར་བ་ཕྲན་བུ་རེ་སྐྱག་གཏོང་གཏོང་དང་མཇེ་ལངས་ལངས་བྱས་ན་ཅིག་གི་བཟོ་ལྟ་གང་ནས་ཡོང། དེ་བས་ལོ་ནའི་བབ་དང་མཐུན་པའི་དཔྱད་པ་གཞུང་ལུགས་ཅན་གནང་རོགས། དཔེར་ན་མཁས་པ་རབ་གསལ་དང་ཆབ་བྲག་ལྟ་བུ། མིག་དཔེ་ལྟ་ས་འདུག་ག
རང་བཙན་རྩོད་པ་དང་དབུ་མི་ལམ་གང་ཡིན་ཡང་བོད་ཀྱི་ཆོས་དང་རིག་གནས་འཁོར་ཡུག་རང་དབང་སྲུངས་སྐྱོབས་ཆེད་དུ་མང་ཤོས་ཞིག་ཡིན་པ་སྨོས་ཅི་དགོས། ཡིན་ན་ཡང་དམིགས་ཡུལ་དེ་འགྲུབ་པ་ལ་ཕན་ཐོག་རང་བཙན་རྩོད་ན་ཆེ་དང་དབུ་མའི་ལམ་ཆེ་བསམ་བློ་གཏོང་དགོས་པ་ལས་རང་སྣང་གང་ཤར་གིས་བཤད་ན་ཕན་པ་མེད་པ་མེད་མ་ཟད་སྐབས་འགར་གནོད་པ་འབྱུང་སྲིད། དེས་ན་བསམ་བློ་ཡག་པོ་ཞིག་གཏོང་དགོས། ང་རང་གིས་བསམ་ན་ད་ལྟའི་སྐབས་འདིར་རང་བཙན་བརྩད་ན་ཕན་ཐོག་མེད་པ་མ་ཟད་གནོད་པ་སྐྱེ་སྲིད། རྒྱ་ནག་སྲིད་གཞུང་གི་ངོས་ནས་རང་བཙན་དང་དབུ་མི་ལམ་གང་ཡིན་ཡང་ཆད་ཡོད་མ་རེད། ཕལ་ཆེར་རང་བཙན་བརྩད་ན་དགའ་ལས་ཆེ། གང་ཡིན་རྒྱ་ནག་སྲིདགཞུང་གི་་མི་དམངས་སློབ་གསོ་གཏོང་སྐབས་ཏྭ་ལའི་ཁ་བྲལ་རིང་ལུགས་ཀྱི་རང་བཙན་བརྩོད་ཀྱི་ཡོད་རེད་ཞེས་རྒྱུན་ལྡན་བཤད་ཀྱི་ཡོད་རེད། དེས་དམིགས་ཡུལ་ནི་རྒྱ་ནག་མི་དམངས་དང་བོད་གཉིས་འགལ་བ་གཏོང་རྒྱུ་དང་གཉིས་ནས་དྲག་གནོན་བྱེད་པ་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཡོང་བའི་ཆེད་ཡིན། དེས་ན་ཁོ་ཚོས་ཁ་ནས་བཤད་པ་བཞིན་བོད་གཞུང་ནས་དེ་ལྟར་ཡིན་ན་ཁོ་ཚོས་བཤད་པ་ལ་རྫུན་རྐུབ་ནམ་ཡང་དོར་མེད་པར་བདེན་པར་འགྱུར། དེས་ན་རྒྱ་ནག་སྲིད་གཞུང་གི་ཁྱབ་སྲིད་དགོས་འཁོ་ཆེད་སློབ་གསོ་ངན་པ་དེ་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད། དེ་སྔ་ཡིན་ལ་ཕྱི་ཕྱོགས་ལ་ཡོད་པའི་བོད་མི་རྣམས་ལ་རྒྱ་ནག་མི་དམངས་མང་ཆེ་བས་སྡུག་ཞིག་མཐོང་གི་ཡོད་རེད་དེ་དག་ཚང་མ་སློབ་གསོ་ངན་པ་དེ་དག་རྟེན་ནས་བྱུང་ཡོད་རེད། ངས་བསམ་ན་རྒྱ་བོད་གཉིས་ཀྱི་གནས་དོན་དེ་མཐར་ཐུག་བོད་མི་དམངས་དང་རྒྱ་མི་དམངས་གཉིས་ནས་ཐག་གཅོད་དགོས་པ་ལས་གཞན་རྣམས་ཡན་ལག་ཙམ་རེད་སྙམ། བོད་པ་རང་གི་ངོས་ནས་མཐུན་སྒྲིལ་རྡོག་ཙ་གཅིག་སྒྲིལ་ཡིན་པ་དང་། ཁྱབ་སྲིད་ཁ་ཕྱོགས་སྤྱིར་འཛམ་གླིང་མི་དམངས་དང་རྒྱལ་ཁབ་རྣམས་རྒྱབ་སྐྱོར་བྱེད་ནུས་པ་བློ་དང་ཡང་འཚམ་པ་ཞིག་དགོས། ལྷག་པར་དུ་རྒྱ་ནག་མི་དམངས་ཀྱི་རང་བཞིན་གྱིས་མཐུན་པ་གོ་ཡང་བརྡ་སྤྲོད་ཐུབ་ཞིག་དགོས། དེས་དབུ་མི་ལམ་འདིས་ཐོག་དེ་དག་ཡོང་ཐུབ། འགྲོ་བ་མི་ལ་ལྷན་སྐྱེས་ནས་རང་དབང་དགོས་པ་དང་འཁོར་ཡུག་སྲུངས་སྐྱོབས་ནི་ས་སྒང་འདིར་གནས་དགོས་ན་མེད་དུ་མི་རུང་མང་ཤོས་ཀྱི་ཤེས་ཀྱི་ཡོད་རེད། སྤྱིར་བོད་ཀྱི་སྔོན་རིགས་གནས་དང་ལྷག་པར་ནང་པའི་ཆོས་དད་པ་བྱེད་མཁན་དགའ་མོས་བྱེད་རྒྱ་རིགས་མང་པོ་ཡིན། དེས་ན་ང་ཚོས་རྒྱ་ནག་གི་ཤེས་ཡོན་ཅན་དང་མི་དམངས་ལ་རྒྱ་ནག་ལས་རྒྱལ་ཁབ་གཞན་མིན་ལ་ཆོས་དང་རིག་གཞུང་འཁོར་ཡུག་སྲུངས་སྐྱོབ་བྱེད་ལ་རངདགོས་ཞེས་བཤད་ན་གོ་བརྡ་སྤྲོད་ནུས། རྒྱ་ནག་མི་དམངས་ངོས་ནས་ཀྱང་སྲིད་དབང་རྒེར་འཛིན་བྱེད་པ་དང་ཁྲིམས་དྲང་བདེན་མིན་པ་ལྐོག་ཟ་རུལ་སོང་སོགས་ལས་ཀ་མང་ཞིག་ནས་རྒྱ་མི་དམངས་སྲིད་གཞུང་མི་དགའ་བ་ལོ་རེ་ནས་ལོ་རེ་ཇེ་ཆེར་འགྲོ་གི་ཡོད་པ་དངོས་ཡོད་རེད། ང་ཚོ་ཡང་རྒྱ་ནག་མི་དམངས་དང་ལྷན་དུ་རྒྱ་ནག་སྲིད་གཞུང་དེ་དམང་གཙོས་ལམ་བསྒྱུར་ཐབས་འབད་པ་བྱས་ན་གྲུབ་འབྲས་ཆེ་འགྱུར་ཐུབ། དེ་མིན་པར་རང་བཙན་དགོས་ཞེས་བཤད་རྒྱ་མི་དམངས་ངོས་ནས་ཁས་ལེན་མི་བྱེད་སྲིད་གཞུང་ངོས་དེ་བས་ཀྱང་ཁས་མི་ལེན། དེ་ལས་གཞན་པའི་ཐབས་ལམ་བརྩལ་དགོས། ཡིན་ཡང་མི་མང་ཉུང་དཔལ་འབྱོར་ཆེ་ཆུང་སྟོབས་ཆེ་ཆུང་ཅུང་ཟད་མི་འདྲ་བས་ཇི་ལྟར་རྩོད་པ་བྱེད་བསམ་བློ་གཏོང་དགོས་ཀྱི་རེད་སྙམ། ང་ཚོ་ཁང་ཁུག་བརྡ་ནས་བཤད་ལས་སླ་ཡང་དོན་དངོས་གནས་ཐོག་ནས་ཐེ་ཝན་བསམ་ཐོང་དང་།
སྐབས་འདིར་མདའ་ཚན་པའི་བསམ་ཚུལ་ཤ་ཚ་མོ་རེད།
༡༽ ༼རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཐུག་པའི་སྐབས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་གི་རེད་བསམ་མམ། ག་རེ་བྱས་ནས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་དགོས་པ་རེད། དེའི་རྒྱུ་མཚན་ཞིག་གསུངས་དང་།༽ཞེས་བའི་སྐད་ཆ་འདི་བརྒྱུད་ནས་ཕུ་འདེད་གཏོང་རྒྱུ་གནད་འགག་ཅིག་རེད་བསམ་སོང་། བོད་ཀྱི་དཀའ་ངལ་འདི་ཞི་མོལ་ཁོ་ནས་སེལ་དགོས་བར་འདོད་པའི་བསམ་ཚུལ་སྐད་གྲགས་ཅན་འདི་མགོ་འབུས། ཆགས་སྐྱོན་ཤོར་བའི་རྒྱ་ནག་གི་གནས་བབ་ལ་འཁྱུད་ནས་སྐྱེས་འདོད་པ་འདི། དོན་དངོས་ཐོག་ཆགས་སྐྱོན་ཤོར་བའི་རྒྱ་ནག་གི་རྩིག་རྨང་བར་ལ་སླེབས་ཐབས་བྱུང་ཡོད་བ་རེད་དམ།
སྔོན་འདིར་འཇམ་ནོར་ལགས་ཀྱི་དགོངས་བ་བཞེས་སྟངས་ཤིག་ལ། རྒྱ་ནག་གིས་ཞི་འགྲིག་དང་གྲོས་མོལ་མི་བྱེད་ཐབས་མེད་ཀྱི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ནི། རྒྱ་ནག་གཞུང་སྲིད་སུན་པོ་བཟོ་གང་ཐུབ་ཞིག་ལ་འབད་རྒྱུ་ལས་སྟབས་བསྟུན་དང་ངང་སྒུག་བྱས་བའི་རྗེས་འབྲས། རྒྱ་ནག་གིས་ནམ་ཡང་ཞི་མོལ་བྱེད་པར་བཙན་བྱོལ་བོད་གཞུང་ལ་ལག་གཡུག་བྱས་ནས་འབོད་བརྡ་གཏོང་འདོད་འདི་རེ་སྟོང་ཞིག་རེད།
༢༽༼ཁྱེད་ཚོས་དབུ་མ་ཟེར་ནས་མང་པོ་བཤད་པར་བལྟས་ན་མི་རིགས་ཤིག་གི་ཐོབ་ཐང་རྩོད་མཁན་མིན་པ་འདྲ། ཁྱེད་ཚོ་རྒྱལ་ཁབ་གཉིས་སམ་མི་རིགས་གཉིས་བར་གྱི་བར་འདུམ་བྱེད་མཁན་ནམ་གཟུ་བ་ཡིན་པ་འདྲ། དེ་འདྲ་ཨེ་ཡིན།༽ཞེས་བའི་བསམ་གཞིགས་འདི་ནང་བཞིན། ད་བར་དུ་བོད་རྒྱ་གྲོལ་མོལ་གྱི་རིམ་པ་གང་བྱུང་ཡོངས་སུ་བསྔོགས་ནས་ཕྱི་གསལ་ནང་གསལ་བཟོ་རྒྱུ་གལ་ཆེན་དོན་རེད། དཔེར་ན། ཨ་རིའི་གཞུང་གིས་དཀའ་ལས་གང་བརྒྱབ་པའི་འབད་བརྩོན་དང་གཏོང་ཕོད་བྱས་བའི་འགྲོ་གྲོན་ཡན་ནས་གསལ་བོ་བྱེད་རྒྱུ་སྣ་གཅིག་རེད། དེ་ག་ནང་བཞིན་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་གཉིས་གཙོ་བྱས་ཟམ་གདོང་བླ་མ་ཚུད་བོད་མི་རིགས་ཀྱི་བདེ་སྡུག་བསམ་པའི་དབུ་ཁྲིད་དེ་ཡིན་ནམ། གོ་ཐོས་ལ་ཉེ་སྔོན་འདིར་བོད་རྒྱ་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱ་ཚབ་ནས་མི་རིགས་སྲིད་ཇུས་འདི་དཀའ་གནད་ཅིག་ཡིན་པའི་བསམ་ཚུལ་སླེབས་རྗེས། ཟམ་གདོང་བླ་མ་ཡིས་ད་ལྟ་ཁོང་སྲིད་སྟེགས་ན་བཞུགས་མེད་ཚུལ་གྱིས་ཨ་ལན་གང་ཡང་བྱིན་མི་འདུག འདི་ལྟར་བལྟས་ཡོང་དུས་བོད་རྒྱ་འབྲེལ་མོལ་གྱི་དབུ་ཁྲིད་དག་ཅི་ཞིག་གི་བཟོ་འདྲ་བོ་འདུག
༣༽ དཔྱད་མཆན་འདེབས་མཁན་འདོད་ལྷ་ཁམས་པའི་ཐད་ནས་ཡིན། གནད་དོན་གླེང་ནས་འགག་རྐྱེན་འཚོལ་རྒྱུ་འདི་མ་མཐའ་ཡང་ཐབས་ལམ་ཆུང་ཆུང་ཞིག་ལ་སྒོམ་ན་འགྲིག་གི་འདོད། སྐུ་ཉིད་ཀྱི་འདོད་པ་ལྟར་ལག་ལ་མདའ་མདུང་འཕྱར་ནས་གུ་ལྡིར་བྱས་ནས་མཆོངས་འགྲོ་ལ་ལྟ་བུའི་རྗེས་འདེད་འདི་རིགས། དཔྱོད་ཤེས་ཀྱི་ཁྱད་ཆོས་གང་ཡང་མི་འདུག དགོངས་འགལ་མེད་པ་ཞུ།
མགོན་པོ་ལགས་ཀྱི་གཏམ་བཤད་དེ་ལ་ཡིད་ཤོར་ནས་ཡོད།
རེད་ང་ཚོའི་འགོ་དཔོན་འདི་ཚོ་རྒྱ་འདྲེ་ལ་ཐུག་ན་ཉིན་དཀར་ཀྱང་ལྷ་དགའ་ལྡན། ནུབ་མོ་ཡང་ལྷ་དགའ་ལྡན། རྒྱ་གར་ནས་ཡུན་རིང་གནས་ཐུབ་པའི་ཕུག་རྒྱང་རིང་པོ་ཞིག་ལ་བསམ་བློ་རེ་འཁོར་ནས་གཞུང་མིང་ཚུན་ཆད་མེད་པར་བཟོས་བ་ལ་བསམ་ན་ལྷ་དགའ་ལྡན་འདི་ཚོ་ལ་ལྷ་ཡུལ་ཞིག་དགོས་འི་མེད་ཚོད་རེད།
ཕྱི་ནང་གསང་གསུམ་མེད་པའི་སྲིད་ཇུས་འདི་ཐལ་བའི་རྡུལ་དུ་རླག་པར་ཤོག འགྲོ་ས་འདུག་ས་མེད་པའི་དུས་ཤིག་ལ་དགྲ་འདིའི་དགྲ་ངོ་ཟིན་པར་ཤོག
སེང་གེ་ལ་མི་མང་སྒུལ་བའི་རྣམ་དཔྱོད་ཀྱི་སྟོབས་ཤུགས་མེད་ན་ཁོ་རང་གི་སློབ་ཆེན་ལག་འཛིན་གྱིས་བོད་འདི་སྐྱོབ་མི་ཐུབ་པ་མ་ཤེས་ཚོད་རེད། ལོ་གཅིག་འགོར་སོང། ད་དུང་གྲགས་མེད་རེད། ང་ཚོས་ཁྱོའི་བཀའ་ལ་སྒུག་ནས་བསྡད་ཡོད།
འདིར་སྒྲོ་གླེང་མཛད་པ་ནི་ལེགས། བོད་པ་ཚོས་ལོ་བརྒྱ་ཕྲག་མང་པོར་ཆོས་སྒྲོ་གླེང་མཛད་པས་དེའི་བཀའ་དྲིན་ལས་ཚང་ལ་མ་ནོར་བའི་མདོ་སྔག་རིག་གནས་དང་བཅས་ང་ཚོ་ལ་ཡོད་རེད། འོན་ཀྱང་ང་ཚོས་སྲིད་མི་ལག་ལ་ཤོར་བ་རེད་འདིའི་རྒྱུ་མཚན་ངོ་མ་དེ་ཕ་མེས་ཚོས་སྲིད་ལ་དོ་སྣང་ཆེན་པོ་མ་བྱས་པས་ཡིན་ངེས་རེད་མ་གཏོགས་ཕ་མེས་ཚོ་ནུས་མེད་དང་རྨོངས་པ་ཞིག་མིན།
རང་རང་གི་བསམ་ཚུལ་འདོན་མི་འདོན་དེ་རང་གི་འདོད་པ་རེད། བསམ་ཚུལ་འདོན་པའི་ཚེ་བསམ་བློ་ཞིབ་ཏུ་གཏོང་རྒྱུའང་ཤིན་ཏུ་གལ་ཆེ། དེས་ན་མདའ་ཚན་པས་དབུ་མའི་ལམ། རེ་ཐག་ཆད་རྒྱུ་མེད་པའི་རེ་སྟོང་གི་རྨི་ལམ་ ཟེར་ནས་དབུ་མའི་ལམ་དུ་བསྐྱོད་ན་ཅི་ཡང་ཐོབ་རྒྱུ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ན་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་གཞོན་ནུ་ཚོགས་པ་ལ་སོགས་པས་དུས་ད་ལྟའི་བར་དུ་རང་བཙན་འཐབ་རྩོད་བྱས་པ་མ་རེད་དམ། ད་ལྟའི་བར་དུ་རང་བཙན་འཐབ་རྩོད་བྱས་ནས་ག་རེ་འཐོབ་སོང་། རང་བཙན་གྱི་ལམ་དུ་བསྐྱོད་པ་དེ་ཡང་རེ་ཐག་ཆད་རྒྱུ་མེད་པའི་རེ་སྟོང་གི་རྨི་ལམ་ཞིག་རྨིས་འདོད་པ་མ་ཡིན་ནམ། དབུ་མའི་ལམ་དུ་བསྐྱོད་པ་དེ་རང་གཞན་གཉིས་ཀའི་ཆོས་སྲིད་དང་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ལ་དམིགས་པ་ཞིག་ལས་རེ་སྟོང་ཞིག་ལ་རེ་ལྟོས་བྱས་པ་ག་ལ་ཡིན། གལ་སྲིད་ཡིན་ན་རང་བཙན་འཐབ་རྩོད་པ་རྣམས་ཀྱང་དེ་དང་རིགས་འདྲའོ། ད་དུང་ཁྱེད་ཀྱིས་རང་མགོ་རང་གཡོག་དང་ངང་བསྒུག་བྱེད་རྒྱུ་དེ་རེ་སྟོང་ཞིག་ལས་མ་མཆིས་ཟེར། ཚིག་ཟུར་གྱི་རང་སྒྲ་དེ་སུ་ལ་འཇུག་གམ། རང་མགོ་རང་གཡོག་ཟེར་་བ་དེ་མཁས་དབང་ཟམ་གདོང་རིན་པོ་ཆེ་གཅིག་པུ་ལ་གོའམ་དབུ་མའི་ལམ་དུ་བསྐྱོད་མཁན་རྗེས་འབྲངས་དང་བཅས་པ་ལ་གོ། མཁས་དབང་ཟམ་གདོང་ལ་གོ་གི་ཡོད་ན་དབུ་མའི་ལམ་དུ་བསྐྱོད་དེ་རང་མགོ་རང་གཡོག་བྱེད་མཁན་ཁོང་གཅིག་པུ་མིན་ལ་དེའི་རྗེས་འབྲངས་དང་བཅས་པ་ལ་གོ་ན་༧ གོང་ས་མཆོག་ཡང་དབུ་མའི་ལམ་དུ་བསྐྱོད་མཁན་གཙོ་བོ་ཡིན་པ་ཁྱེད་ཀྱིས་ཤེས་བཞིན་དུ་དེ་ལྟར་བཤད་ཕོད་དམ། ༧གོང་ས་མཆོག་གིས་དབུ་མའི་ལམ་དུ་བསྐྱོད་པ་དེ་དབུ་མའི་ལམ་གྱི་མཇུག་འབྲས་མ་རྟོགས་པར་གང་འདོད་དུ་དེར་བསྐྱོད་པ་ཡིན་ནམ།ཁྱེད་ཀྱིས་བསམ་བློ་ཞིབ་ཏུ་ཐོངས། ད་དུང་ཁྱེད་ཀྱིས་{བཀུར་བར་འོས་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ། ཁྱེད་ཀྱིས་བོད་དོན་གྱི་ཆེད་དུ་རྒྱ་མི་དང་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཤིག་འབྱུང་གི་རེད་བསམ་མམ། ཁྱེད་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཐུག་པའི་སྐབས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་གི་རེད་བསམ་མམ། }ཟེར། དཔེར་ན་ཉིན་གཅིག་ང་ཚོ་ལ་རང་བཙན་ཐོབ་པའི་ཆ་བཞག་ན་རྒྱ་ནག་གིས་བོད་ལ་རང་བཙན་སྤྲོད་སྐབས་རྒྱ་ནག་གི་མགོ་ཁྲིད་ཚོ་དང་ལྷན་དུ་གདོང་དང་གདོང་ཐུག་ནས་ཕྱོགས་གཉིས་ཀའི་ངོས་ནས་མོས་མཐུན་ཡོད་པའི་སྒོ་ནས་ང་ཚོས་རང་བཙན་ལེན་དགོས་པ་ལས་ཅ་ལག་ཆུང་ཆུང་ཞིག་ལག་པས་ལེན་པ་ནང་བཞིན་སུ་ལའང་གྲོས་བསྡུར་མ་བྱས་པར་ལེན་ཆོག་ཆོག་དང་སྤྲོད་ཆོག་ཆོག་ཅིག་ག་ལ་ཡིན། རང་བཙན་སྤྲོད་སྐབས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་མ་བྱས་ན་སུ་ལ་འབྲེལ་བ་བྱེད་དགོས་པ་རེད་དམ། རྒྱུ་མཚན་ནི་བོད་ཕྱི་ནང་གཉིས་ཀའི་མགོན་སྐྱབས་གཅིག་པུ་བཙན་བྱོལ་ནང་ཡོད་ལ་ཁོང་དང་མཉམ་དུ་གྲོས་བསྡུར་མ་བྱས་པར་རང་བཙན་ཡང་དག་པ་ཅིག་ཐོབ་མི་སྲིད་ལ་གལ་སྲིད་ཐོབ་ཀྱང་དེ་ནི་མིང་ཙམ་ཞིག་ལས་མིང་དོན་མཚུངས་པའི་རང་བཙན་ཞིག་མིན་ཐག་གཅོད་རེད།
ཁྱེད་རང་ངོས་ནས་རང་བཙན་དང་དབུ་མ་གཉིས་ཀ་༼རེ་ཐག་ཆད་རྒྱུ་མེད་པའི་རེ་སྟོང་གི་རྨི་ལམ་༽ཞིག་ཡིན་ན་།
བོད་ཀྱི་ལོ་རྒྱུས་བདེན་པའི་ཐོག་བཞག་ན་དགའ།
ཁ་བཤད་ཆུའི་སྦུ་བ་འདྲ། ལག་ལེན་གསེར་གྱི་ཐིག་པ་འདྲ་ཟེར་བ་རེད། རྟ་ཕོ་ལ་འགྱོགས་ཤད་ཡོད་ན། བྱང་ཐང་སྟོང་པ་རེད། མར་ཐོན་ཤོག་ཐབས་ཇུས་ཚང་མ་ཤོག་བུའི་གང་ལ་བཞག་ནས་ཆོ་ཨེ་ཡོད། རང་ལ་ཐུག་དུས་ང་མི་གཅིག་རེད་ནུས་པ་དེ་ཙམ་གཏོན་ཐུབ་མི་ཡོང་མ་ཟེར་ཅིག དབུ་ལམ། རང་བཙན། རང་ཐག་བཅས་གང་ཡིན་རུང་འཆར་གཞི་དང་ལྡན་པའི་སྒོ་ནས་སྒྲུབ་ཐུབ་ན་སུ་ཡིན་རུང་ང་ཚོར་དགོས་པ་དེ་ཡིན། འཆར་གཞི་མེད། ཐབས་ལམ་མེད། དམིགས་ཡུལ་རྐྱང་པའི་དོན་ཞིག་གྲུབ་བམ།
རང་བཙན་འཐབ་རྩོད་པ་ཚོས་བོད་ཀྱི་རྩ་དོན་དེ་རང་བཙན་ལ་འཇོག་དགོས་པར་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། བོད་གཞུང་གིས་དབུ་མ་ཟེར་བ་དེ་ཁྱི་རྒན་རུས་བཟུང་བྱས་ནས་གློད་གྲབས་བྱེད་ཀྱི་ཡོད་པ་མ་རེད། ད་ཐབས་ཤེས་ག་རེ་ཡོད་པ་རེད།
དམངས་གཙོའི་ངོ་བོ་སྟོན་རྒྱུའི་ཆེད་དུ་ཐེངས་འགའ་ཤས་ལ་ང་ཚོས་ལངས་ཕྱོགས་གང་ཞིག་འཛིན་དགོས་མིན་ཐད་བགྲོ་གླེང་འདྲ་བྱེད་ཁུལ་བྱས། འོས་ཤོག་བསྡུ་ཁུལ་བྱས་དེ་འདྲ་བྱས་པ་རེད། ཡིན་ནའང་། དེའི་སྔོན་ནས་བོད་གཞུང་གིས་ཐབས་ལམ་འདྲ་མི་འདྲའི་ལམ་ནས་མི་མང་པོ་ཞིག་གི་ཀླད་པ་བཀྲུས་ཚར་ཡོད་པས་དབུ་མའི་ལམ་ཟེར་བ་འདི་ལས་སླ་པོར་འགྱུར་བ་གཏོང་ཐུབ་ས་མ་རེད། ཡིན་ནའང་། རེ་བ་མེད་པ་དེ་འདྲ་མ་རེད། དུས་ཚོད་ཟེར་བ་དེ་གཞོན་ནུ་ཚོའི་ཕྱོགས་སུ་ལངས་བསྡད་ཡོད་པ་རེད། དུས་ཚོད་ཀྱིས་ད་ལྟའི་རྒྱ་མིའི་སྲིད་བྱུས་དང་ད་ལྟའི་དབུ་མའི་སྲིད་བྱུས་གཉིས་ཀ་བསྡུ་གསོག་རྒྱག་གི་རེད། མི་མང་གི་བསམ་ཚུལ་ངོ་མ་འོས་ཤོག་གི་ལམ་ནས་བསྡུ་ལེན་བྱེད་ཐུབ་པའི་དུས་ཚོད་ཅིག་ཉིན་གཅིག་ཏན་ཏན་འཆར་གྱི་རེད། དེ་ནི་ངོ་མ་རྩོད་པ་བྱེད་མི་དགོས་པའི་བོད་མི་མང་གི་འདུན་པ་དེ་རེད། ད་ལྟ་དབུ་མ་ལ་རྒྱབ་སྐྱོར་ག་ཚོད་རག་ཀྱང་དེ་ནི་མི་དམངས་ལ་མགོ་སྐོར་བཏང་ཡོང་བའི་གྲུབ་འབྲས་ལས་གཞན་མ་རེད།
ཁྱད་མཚར་པོ་རེད་་་་་ཕྱོགས་གཅིག་ནས་་་་་་་་རྒྱ་ནག་དམར་པོའི་གཞུངནི་་འཛམ་གླིང་ནང་དུ་ཆེས་སྡུག་ཤོས་དང་མ་རབས་་་་མི་དམངས་ལ་རང་དབང་མ་སྤྲད་མཁན་རེད་ཟེར་ནས་བོད་པ་ཚོའི་ཁ་ནས་རླུང་ལྟར་གྲགས་བཞིན་པ་འདི་རེད། ཡང་ཕྱོགས་གཞན་ཞིག་ནས་་་་་་ད་ང་ཚོས་རྒྱ་ནག་དང་མཉམ་དུ་འབྲེལ་བ་ཡག་པོ་བྱེད་དགོས་པ་དང་རྒྱ་ནག་གི་རྩ་ཁྲིམས་འོག་གནས་ཀྱི་ཡིན་ཟེར་་་་ད་དུང་གོང་ས་མཆོག་བོད་ལ་ཕེབས་ཐོགས་ན་གཞན་ག་རེ་ཡིན་ནའང་འགྲིག་གི་རེད་བསམ་ནས་སྡོད་ཡོད། ད་འོ་ན་གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་ན་་་་་ཨ་ཉེ་ང་ཚོ་ཆ་རྐྱེན་གང་ལའང་མ་ལྟོས་པར་རྒྱ་ནག་གུང་བྲན་དང་མཉམ་དུ་དཔུང་པ་མཉམ་གཤིགས་བྱ་ཡག་རེད་པས། བོད་པ་ཚོ་་་་་་དེ་འདྲ་ཡིན་ན་་་་་་ད་ལྟ་རྒྱ་ནག་ལ་ཁ་གཏོང་དགོས་ཡག་མི་འདུག་པ། མ་ཟད་བོད་སྤྱི་ཚོགས་ནང་ལོགས་མ་འགྲིག་པ་ཏོག་ཙམ་ཡོང་དུས་་་་ལམ་སང་རྒྱ་མིའི་སོག་པ་དང་རྒྱུགས་ཁྱི་ཟེར་ཡག་དེ་ཚོ་ག་རེ་རེད་་་་ད་དངོས་གནས་འགོ་འཐོང་ཡག་རང་རེད། མི་རེ་ངོ་རེ་ནས་རྒྱ་ནག་ལ་འབྲེལ་བ་བྱེད་ན་རྒྱུགས་ཁྱི་དང་ཚོགས་པ་ངོས་ནས་འབྲེལ་བ་བྱེད་ན་ཡག་པོ་དང་འཇོན་པོ་བརྩིས་ཡག་གི་ལུགས་ངན་དེ་་་་ངེད་ཚོ་བོད་ལ་མ་གཏོགས་གཞན་སུལའ་མེད། །
རང་དབང་བས་ཨའུ་ཙམ་བཤད་འདུག་ཏ
རྒན་རབས་པ་ཚང་མ་ལོ་མདའ་ཚན་པ་ནང་བཞིན་དངོས་ཡོད་གནས་སྟངས་ཐད་ནས་ཁ་གྲགས་ཤེས་མཁན་དང་། ལྷག་བསམ་ཀུན་ལྡན། ཁ་གྲགས་འདོད་ཡོད་མཁན་ཏག་ཏག་ཡིན་དབང་བཏང་ན། རི་ཡུལ་གཉིས་ཀ་འུར་ལ་འདྲོགས་བའི་རྣམ་པ་འདིའི་ཁ་ལོ་བདེ་ས་ཞིག་ལ་བསྒྱུར་ཐུབ་པའི་རེ་བ་ཡོད་དེ། ཡིད་སྐྱོ་བ་ཞིག་ལ་རྒན་རབས་པ་དག་ལོ་ཅི་ལྟར་རྒས་ན་དེ་ལྟར་སྙིང་ཇེ་ཆུང་དང་མགོ་བདེ་རུ་སོང་ནས་རང་ཉིད་ཀྱི་ཐབ་ཚང་ནང་ན་མ་གཏོགས། གྲགས་མེད་འགུལ་མེད་ཡིན་པ་རྒྱུ་མཚན་ཅི་ཞིག་གིས་ལེན་ནམ། འདི་ཚོར་སྣང་ཞིག་ཡིན་ཏེ་རྒན་རབས་པ་ཚོའི་ཤེས་རྒྱ་ལ་དོགས་དཔྱོད་ཀྱི་ཉམས་ཀྱང་ལྡན། གང་ལྟར་ཀྱང་རེ་ཞིག་བདག་གི་སེམས་ཁམས་ནས་མདའ་ཚན་པ་ལ་གོ་གནས་ཞིག་སྤྲད་ཡོད།
༡༽ གནས་སྟངས་ཞིག་དུས་ཚོད་ཀྱི་ཆ་ལ་བསྐོས་ནས་སྐད་ཆ་བཤད་ན་དངོས་གཟུགས་རྡོ་ལྟ་བུའི་སྲ་མཁྲེགས་ཅན་དག་ཀྱང་འགྱུར་བ་ཞིག་ཏན་ཏན་འགྲོ་རྒྱུ་རེད། རྒྱ་བོད་གཉིས་ཀྱི་སྲིད་ཇུས་བརྒྱ་འགྱུར་སྟོང་བརྗེ་འགྲོ་དགོས་བ། དེ་ཡང་མི་རབས་ཕྱི་མ་ནས་ཕྱི་མའི་ལོངས་སྤྱོད་དང་དབང་ཐང་ཆགས་འགྲོ་བ་གསལ་བོ་རེད། ཡིན་ནའང་ད་ལྟའི་བོད་ཀྱི་གནས་བབ་ལ་གཟབ་མནན་བྱས་ནས་བལྟ་ཉན་དགོས་བའི་གནད་འགག་ཞིག་འདི་ན་འདུག བོད་མི་མང་རྡོག་རྩ་གཅིག་སྒྲིལ་གྱི་སྤྲེལ་ཐག་དད་པ་དང་དམ་ཚིགས་ཀྱི་ནུས་སྟོབས་འདི་དུས་ཚོད་ཀྱིས་ཉག་ཕྲ་ས་ཞིག་ལ་དེད་ནས་ཡོང་ཀྱིན་འདུག སྤྱིར་དད་པ་དང་དམ་ཚིགས་ཀྱི་སྐད་ཆ་འདི་ཁས་ལེན་མ་བྱས་ན་ཆོག་སྟེ། མིའི་རིགས་ཀྱི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་དབང་ཐང་བསམ་པའི་ལར་ཞེན་གཉིས་བསྡུར་ན། མཚུངས་རྟགས་ཞིག་གམ་ཡང་ལྕི་ག་ཚོད་ཅིག་ཤོར་རྒྱུ་རེད། དེ་སྔོན་བཙན་བྱོལ་བོད་གཞུང་གིས་ཚོད་དཔག་བྱས་བ་ལྟར་ན་༧གོང་ས་མཆོག་གི་སྐུ་འཚོ་བཞུགས་སྐབས་འདིར་བོད་རྒྱའི་དཀའ་གནད་འདི་ཐག་གཅོད་མ་ཐུབ་ཚེ། མ་འོངས་བར་བོད་མི་མང་འུ་ཐུག་ནས་དཀའ་རྙོག་ཆེ་རུ་མ་གཏོགས་ཆུང་རུ་འགྲོ་རྒྱུ་མ་རེད་ལབ་མྱོང་ཡོད་བ་རེད་དེ། ཁོ་བོས་བསམ་པ་ལྟར་ན་མ་འོངས་བར་དཀའ་རྙོག་བཟོ་ཐུབ་པའི་བློ་སྤོབས་ཆེ་རུ་འགྲོ་རྒྱུར་བློ་མི་བདེ་ས་ཞིག་འདུག བོད་མི་མང་གི་དད་པ་དང་དམ་ཚིགས་ཚེ་རབས་ལ་འགྱུར་བ་མེད་དམ། བོད་མི་མང་གི་རྒྱལ་ཞེན་ད་ལྟ་ལས་མཁྲེགས་རུ་འགྲོ་སྲིད་དམ། རྒྱ་ནག་གི་འགྱུར་བ་དེ་སྲིད་ཕྱོགས་ཁོ་ན་འམ་འབངས་མི་སེར་ཡོངས་ཀྱི་བསམ་བློའི་ཁ་ཕྱོགས་སམ། ལམ་སྟོན་རེ་གནང་རོགས།
བཀྲ་ཤིས་བདེ་ལེགས་
ཀྲུང་གོ་དབུས་མའི་ལམ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་དང་། བློ་ཆོས་འམ་ཤར་ཕྱོགས་ཁུག་རྟ་གཉིས་ཀྱི་ལམ་དེ་རེ་ཐག་ཆད་པ་མ་ཟད་རེ་སྟོང་ཡིན་པ་འདྲ།
ནག་པོའི་་་་་བསམ་ཚུལ་ལ་ཅུང་འཐད་འདོད་མེད་ཡིན་ན་ཡང་ཁྱེད་རང་གི་གསུང་བ་དེ་ཚོ་ལ་རྒྱུ་མཚན་རྩ་བ་ནས་མེད་པ་ཡིན་རྒྱུ་མ་རེད་བསམ་གི་གང་ལྟར་གྱང་ང་ཚོའི་གནས་སྟངས་མང་པོ་ཞིག་ལ་ལྟ་དགོས་བ་དང་བསྟུན་དགོས་བ་ཁྱེད་རང་གི་མཁྱེན་གྱིན་ཡོད་དམ་ཁ་ནས་རང་བཙན་དང་འཛམ་གླིང་འདི་ང་ལ་དབང་དགོས་བྱས་བཤད་ཆོག་གི་རེད་འོན་ཀྱང་ཁྱེད་རང་རྡ་ས་ནས་རྡ་ཤོར་པར་ཏུ་འགྲོ་དགོས་བ་ཡིན་ན་གཞན་གྱི་གནས་སྟངས་ལ་མ་ལྟོས་པར་འགྲོ་མི་ཐུབ་མོད་གནས་སྟངས་ལ་ཡག་པོ་གཟུགས་ནས་གསུངས་བ་བདག་གི་འདོད་པ་ཡིན་་་་འདི་ཁྱེད་ཀྱི་འབྲི་དེབ་མ་རེད་འདི་འཛམ་གླིང་གི་མི་བུ་ཚང་མའི་འབྲི་དེབ་རེད་དོ་གྲོགས་པོ་དྲིན་ཆེན་།