ཨེ་མ་ཧོ།
ན་མོ་གུ་རུ་མ་དྷེ་མ་ཀ་ཡེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བུ་དབུ་མའི་ལྟ་སྒོམ་འབྲས།།
དུས་གསུམ་རྒྱལ་བའི་ཡིད་བཞིན་ནོར་བུ་ལ།།
ངེས་ཤེས་རིན་པོ་ཆེ་ཡིས་གུས་ཕྱག་འཚལ།།
བདག་ལས་མ་ཡིན་གཅིག་དང་དུ་མ་བྲལ།།
གཞན་ལས་མ་ཡིན་རྒྱུ་འབྲས་ཐུག་པ་མེད།།
གཉིས་ལས་མ་ཡིན་ཡོད་མེད་སྐྱེ་འགོག་སྟོང་།།
རྒྱུ་མེད་མ་ཡིན་རྟེན་འབྲེལ་བདེན་པར་ཤར།།
གཞི་ཡི་དབུ་མ་མཐའ་དབུས་ཀུན་དང་བྲལ།།
ལམ་གྱི་དབུ་མ་བཟུང་འཛིན་ཀུན་དང་བྲལ།།
འབྲས་བུའི་དབུ་མ་རྟག་ཆད་ཀུན་དང་བྲལ།།
དོན་གྱི་དབུ་མ་དུས་གསུམ་རྒྱལ་བའི་ཡུམ།།
ཡོད་ནས་གཟིགས་ན་རྒྱལ་བའི་དགོངས་པ་མིན།།
མེད་ནས་སྣང་ན་འཁོར་འདས་ཀུན་གཞི་མིན།།
ཡོད་མེད་ལས་འདས་རྒྱལ་བའི་ཡེ་ཤེས་ཉིད།།
སྣང་སྟོང་དབྱེར་མེད་ཟུང་འཇུག་དབུ་མའི་ལམ།།
དབུ་མའི་རང་བཞིན་ལྟ་བ་གོ་མྱོང་རྟོགས།།
གོ་ན་སྲིད་རྩ་ཧྲིལ་བོར་དཔའ་གདེང་ཐོབ།།
མྱོང་ན་བདེ་ཆེན་ཡེ་ཤེས་ཉམས་སྣང་རྒྱས།།
རྟོགས་ན་རྒྱལ་བའི་དགོངས་པ་མཐར་ཐུག་བརྙེས།།
དབུ་མའི་ལྟ་བ་མཐོང་བའི་མིག་ལྡན་ན།།
དབུ་མའི་སྒོམ་པ་གོམས་པའི་ཞི་ལྷག་བརྩོན།།
དབུ་མའི་སྤྱོད་པ་གཞན་ཕན་ཕར་ཕྱིན་ལགས།།
དབུ་མའི་འབྲས་བུ་མངོན་སངས་རྒྱས་པའོ།།
དང་པོ་དབུ་མའི་དོན་དག་ཐོས་བསམ་བྱས།།
བར་དུ་དབུ་མའི་དེ་ཉིད་སྒོམ་པས་བརྩོན།།
ཐ་མར་དབུ་མའི་འབྲས་སུ་ཐོབ་པའི་ཚེ།།
བསྐལ་ཆེན་གྲངས་མེད་ཚོགས་གཉིས་ངང་གིས་རྫོགས།།
རྒྱ་མིས་ཀྲུང་གོ་བཤད་པ་དབུ་མ་མིན།།
བོད་མིས་དབུ་མ་རྩོད་པ་དབུ་མ་མིན།།
མདོ་སྔགས་གཞུང་ནས་བཤད་པའི་དབུ་མ་ཉིད།།
ཐལ་རང་རྣལ་འབྱོར་ལྟ་སྒོམ་སྤྱོད་འབྲས་རྣམས།།
འཇིག་རྟེན་ཐེག་པའི་ཤན་ཞུགས་མེད་པར་འཚལ།།
ལྟ་བ་སྤྲོས་བྲལ་དབུ་མ་ཆེན་པོ་མཐོང་།།
སྒོམ་པ་ཞི་ལྷག་ཟུང་འཇུག་ཡེ་ཤེས་གོམས།།
སྤྱོད་པ་ཕྱིན་དྲུག་ལམ་ལ་རབ་བརྩོན་ནས།།
འབྲས་བུ་ཐེག་ཆེན་དགོངས་པ་མཐར་ཕྱིན་ཤོག།
ཅེས་པ་འདི་ཡང་རབ་གནས་མགོ་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པར་དབུ་མའི་ལྟ་བའི་དྲ་ཚིགས་ཀྱི་ཆོས་མཆེད་བརྒྱ་ཕྲག་ཡོངས་ལ་རྟོགས་འབུལ་གྱི་ཆོས་སྦྱིན་ཆེད་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་ཛྙྰ་གུ་རུའི་སྒྲུབ་ཁང་ནས་ཤྲྰི་ཨེ་མ་ཧོས་གང་ཤར་སུག་ལས་སུ་བགྱིས་པར་དགེའོ།། །།
དཔེ་བལྟས་ནས་རྩོམ་བཤུས་བྱས་འདུག་གདའ། ཨེ་མ་ཧོ་་་་་ཨ་ལ་ལ་ལ་་་་་་
དེང་སྐབས་དབུ་མ་རང་བཙན་ཆབ་སྲིད་འཁོར་ལོ་
བསྐོར་།
ཆོས་ཀྱི་དབུ་མ་ཆབ་སྲིད་དབུ་མ་མིན་།
ཆབ་སྲིད་དབུ་མ་ཆོས་ཀྱི་དབུ་མ་མིན་།
དེ་གཉིས་མ་འདྲེས་སོ་སོར་ངོས་འཛིན་ནས་།
ཕྱོ་ག་ཕྱག་ལེན་མ་ནོར་གནང་ལ་ཟབ་།
དབུ་མའི་སྐོར་ལ་མགུར་གླུ་ཨེ། །
་
དབུ་མ་སྟོན་མཁན་སྟོན་པ་རེད། །
དབུ་མ་འགྲེལ་མཁན་ཀླུ་སྒྲུབ་རེད། །
དབུ་མ་འཆད་མཁན་ཟླ་གྲགས་རེད། །
དབུ་མ་སྦྱོང་མཁན་ཀརྡོ་རེད། །
་
ཧ་ཧ་ཕྱེད་ཀ་སྐུ་རྩེད་རེད། །
སྟོན་པས་སྟོན་པའི་དབུ་མ་དང་།
དེང་རབས་ཆོས་པའི་དབུ་མ་གཉིས་།
གནམ་ས་ལྟབུའི་ཁྱད་པར་ཆེ་།
ཞིབ་ཏུ་དཔྱད་ན་ངེས་པ་རྙེད།
དབུ་མའི་ལྟ་བ།།
སྔོན་དུས་དབུ་མ་ཕར་ཕྱིན་རྒྱལ་བས་གསུང་།།
བར་དུ་ཀླུ་སྒྲུབ་ཡབ་སྲས་བསྟན་བཅོས་བརྩམས།།
རྗེས་སུ་བོད་དུ་ལོ་པཎ་ཞི་འཚོས་སྤེལ།།
ཐལ་འགྱུར་རང་རྒྱུད་པ་ཞེས་ཡོངས་སུ་གྲགས།།
ལྟ་བ་ཀླུ་སྒྲུབ་ཡབ་སྲས་དགོངས་པ་འཛིན།།
སྒོམ་པ་ཕ་གཅིག་དམ་པའི་རྗེས་འཇུག།
སྤྱོད་པ་མཁན་ཆེན་ཞི་འཚོའི་འདུལ་བ་མཛད།།
འབྲས་སུ་བྱང་ཆུབ་སེམས་དཔའ་གྲངས་མེད་བྱོན།།
ས་སྐྱ་ཞེས་པ་ཆད་མཐའ་སྨྲ་བར་དར།།
ཇོ་ནང་ཞེས་པ་རྟག་མཐའ་འཛིན་པ་རྒྱས།།
བཀའ་བརྒྱུད་འགའ་རེ་གཉིས་ཀ་འདོད་པར་རྔམས།།
དགེ་ལུགས་ཞེས་པ་རྟག་ཆད་གྲུབ་མཐའ་འཕེལ།།
ད་ནི་ཆོས་རྣམས་ཐམས་ཅད་ཚན་རིག་ཟེར།།
དམ་ཆོས་དབུ་མ་འཇིག་རྟེན་ལག་ཆ་སྤྱོད།།
དབང་རྩ་སྒོམ་ནས་ཆོས་བརྒྱད་ཆོ་ལོ་འཁྲབས།།
དབུ་མ་ཡང་དག་མེ་རོའི་དུ་བ་ཙམ།།
དབུ་མ་སྲིད་ལ་སྦྱར་ནས་ཐོ་ཅོ་སྤྱོད།།
དབུ་མ་བོད་དོན་ཟེར་ནས་འུད་གོད་བཤད།།
དབུ་མ་བསམ་མེད་བྱིས་པའི་རྩེད་ཆས་བཞིན།།
དབུ་མའི་ཐ་སྙད་འཇིག་རྟེན་དྲེགས་པའི་ཆོས།།
ས་སྐྱ་ཞེས་པ་ཆད་མཐའ་སྨྲ་བར་དར།།
ཇོ་ནང་ཞེས་པ་རྟག་མཐའ་འཛིན་པ་རྒྱས།།
བཀའ་བརྒྱུད་འགའ་རེ་གཉིས་ཀ་འདོད་པར་རྔམས།།
དགེ་ལུགས་ཞེས་པ་རྟག་ཆད་གྲུབ་མཐའ་འཕེལ།།
ཞེས་པ་ལ།
ས་སྐྱ་ཞེས་པ་རྟག་ཆད་མཐའ་དང་བྲལ། །
ཇོ་ནང་ཞེས་པ་མདོ་རྒྱུད་ཟུང་དུ་འབྲེལ། །
བཀའ་བརྒྱུད་ཉམས་ལེན་བྱིན་རླབས་རྒྱུན་འཛིན་གནང་། །
དགེ་ལུགས་ཞེས་པ་རྟེན་འབྱུང་སྟོང་ཉིད་རྟོགས། །
རྙིང་མས་པད་འབྱུང་རྗེས་འབྲངས་ཡིན་མདོག་གིས། །
ཞི་ཚོའི་འདུལ་ཁྲིམས་སྲུང་མཁན་ཉུང་ཁར་ཉུང་། །
རྙིང་མས་རྫོགས་ཆེན་ལྟ་ཐོག་ཡིན་ཤག་གིས། །
གྲུབ་མཐའ་བཞི་ཡི་རྣམ་བཞག་ཀུན་ལ་རྨོངས། །
སྟོན་པས།
སྤྱོད་པའི་རྟག་ཆད་སྟོན་ཕྱིར་ཞལ་ལག་བཞེས། །
ལྟ་བའི་རྟག་ཆད་བསལ་ཕྱིར་དབུ་མ་བསྟན། །
འདོད་ཡོན་དབུས་མར་སྤྱད་ན་བདེ་བ་དང་། །
ཆབ་སྲིད་དབུ་མར་འཁྲིད་ན་མཁས་པའི་རྟགས། །
པདྨས་ཀརྨ་ནག་རིལ་ཟེར་ནས་ངུས་སྐད་བརྒྱབ་རུང་སྡུག་གྱོང་རེད།།
ཁ་བདེ་ལྕེ་བདེའི་དབུ་རང་འཁོར་ལོ་བསྐོར་།
ཆོས་ཀྱི་དབུ་མ་ཆབ་སྲིད་དབུ་མ་མིན་།
ཆབ་སྲིད་དབུ་མ་ཆོས་ཀྱི་དབུ་མ་མིན་།
དབུ་མ་མིང་ཙམ་གོ་བའི་མིའི་།
དབུ་མའི་སྐོར་ལ་གླེང་བ་འདི་།
གླང་ཆེན་ཐལ་མདོག་གླང་ཆེན་མིན་།
ཧ་ཧ་ཧ་གཞི་ལམ་འབྲས་གསུམ་གྱི་རྣམ་
བཞག་ལ་བལྟོས་ཤེས་ཀྱི་མེད་ན་།