བཞག་ལྡོམ་དར་རྒྱས།
དབུ་རང་གཉིས་འཁོན་ནས་ལོ་ཟླ་མང་པོ་མང་པོ་ཞིག་འདས་སོང་ལ། ད་དུང་ཡང་དེ་གཉིས་མེ་དང་ཆུ་གཉིས་ཕྲད་པ་བཞིན་ཇེ་ངན་ལྟ་བུ་ཞིག་དུ་མངོན། དེའི་ཕྱིར། ང་རང་བོད་མི་ས་ཡ་དྲུག་གི་ནང་ནས་གཅིག་དང་། བཙན་བྱོལ་གཞུང་གི་འབངས་མི་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་འགའ་འོག་དུ་བཤད་ན་འདོད་བྱུང་།
དང་པོ། རང་བཙན་པ་ལྟ་བུ་ཞིག་ལ་མཚོན་ན། ཁོ་ཚོར་རང་བཙན་རྩོད་དགོས་པའི་དམ་བཅའ་བརྟན་པོ་ཡོད་པ་དང་། དམ་བཅའ་དེའི་རྒྱབ་ལྗོངས་ན་རྒྱུ་མཚན་ཞིག་ཡོད་ཅིང་། རྒྱུ་མཚན་དེ་ནི་བོད་དང་རྒྱུ་གཉིས་མི་རིགས་མི་གཅིག་པ་དང་། རིག་གཞུང་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ་ཡིན་པ་འདས་པའི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཀྱི་ཡོད་པ་རེད།
གཉིས་པ། དབུ་མ་རྣམས་ལ་མཚོན་ན་ཡང་ཁོང་ཚོས་དབུ་མ་རྩོད་དགོོས་པར་གནས་ལུགས་འགའ་ཡོད་པ་རེད། གནས་ལུགས་དེ་དག་ནི། དེ་རིང་གི་རྒྱའི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས། གཞན་རྒྱལ་སྤྱིའི་འགྲོ་སྟངས་སོགས་ལ་བལྟས་ནས། དབུ་མ་ནི་དུས་སྐབས་དང་བསྟུན་ན་བོད་ལ་འཚམས་ཤོས་དང་། བོད་པས་རྩོད་ན་སྟབས་བདེ་ཤོས་རེད་ཟེར་བ་དེ་རེད།
གསུམ་པ། མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་ལྟ་བ་འདྲ་མིན་དང་བསམ་ཚུལ་འདྲ་མིན་སོགས་ཡོང་དགོས་ཤིང་། གལ་སྲིད་བོད་པའི་སྤྱི་ཚོགས་སུ་ལྟ་བ་འདྲ་མིན་དང་བསམ་ཚུལ་འདྲ་མིན་མི་ཡོང་ཞིང་། དེ་དག་ཡོང་བའི་དབང་དུ་གཏོང་ན། ཕན་ཚུན་དགྲའི་འདུ་ཤེས་འཛིན་པ་ནི། ད་དུང་འུ་ཚོའི་སྤྱི་ཚོགས་སུ་མང་གཙོ་ལ་ཚང་དགོས་པའི་ལེགས་བྱང་དེ་རྣམས་མ་ཚང་བའི་སྐྱོན་ཆེན་པོ་ཡོད་པའི་རྟགས་ཡིན་པས། དབུ་རང་གཉིས་ཀྱིས་ཁྱོད་ངན་དང་ང་བཟང་བཅས་ཕན་ཚུན་ནང་ཁུལ་འཁོན་ནས་མི་སྡོད་པར་རང་རང་གི་ལངས་ཕྱོགས་དེ་དག་བརྟན་པོ་བཟུང་ནས་ཕ་རོལ་རྒྱ་ལ་རྩོད་པ་ལས་སྤུན་ཟླ་ནང་ཁུལ་མི་སྡིགས་པ་ནི་དབུ་རང་ཟུང་གི་འདོར་དུ་མེད་པའི་དམ་བཅའ་འཛིན་དགོས་པ་ནི་ཤིན་དུ་ནས་གལ་ཆེན་ནང་གི་དོན་ཆེན་རེད། གལ་སྲིད་དམ་བཅའ་དེ་དག་དོར་བ་ཡིན་ན་དགྲ་དགའ་གཉེན་སྡུག་ཁོ་ན་ལས་བོད་ལ་གང་ཡང་མི་ཐོབ་པ་ནི་ཆོས་ཉིད་ཅིག་དུ་མཐོང་།
མཐའ་མ། དབུ་རང་གཉིས་པོར་རང་རང་གི་ལྟ་བ་དང་ལངས་ཕྱོགས་བོད་པའི་སྤྱི་ཚོགས་སུ་བཤད་པའི་ཐོབ་ཐང་ཡོད་པས་། གཞི་རིམ་མང་ཚོགས་ཀྱིས་རང་ཉིད་དགའ་སར་གཉེན་གྱི་འདུ་ཤེས་དང་། མི་དགའ་སར་དགྲའི་འདུ་ཤེས་འཛིན་སྟངས་ཀྱི་ཀུན་སློང་ངན་པ་དེ་ཚོ་འདོར་ཅིང་། ལྟ་བ་གསར་བ་དང་བསམ་བློ་གསར་བ་ཡོད་པའི་བོད་པ་རང་གི་རིགས་ལ་གུས་ཞབས་བྱེད་རྒྱུ་ནི་གལ་ཆེན་པོ་རེད། རྒྱུ་མཚན་ནི། དེ་དག་ནི་བོད་པ་རང་གི་ཤ་དང་ཁྲག་གིས་གཅེས་སྤྲས་བྱས་ཤིང་། ལྷག་པར་གསར་གཏོད་རང་བཞིན་ཅན་གྱི་ལྟ་བ་གསར་བ་དང་། མངོན་མཐོ་རང་བཞིན་ཅན་གྱི་བསམ་བློ་གསར་བ་ཅན་ཚོ་ནི་མི་རིགས་ཤིག་ཡར་རྒྱས་འགྲོ་བའི་སྨག་རིམ་ནང་གི་སྒྲོན་མེ་ལྟ་བུ་ཡིན་པས་རེད།
རྩོམ་ཡག་མོ་བྲིས་གདའ། གཅིག་གིས་གཅིག་ལ་མཁོན་ན་ཡོང་རྒྱུ་ཐོབ་རྒྱུ་དཀའ་མོ་རེད། འོན་ཀྱང་ཐམས་ཅད་བཀའ་གནང་ཅེས་བཞུགས་ན་དེ་ཀ་རང་རེད། མགོ་དབུ་ཁྲིད་ནས་ཀྱང་དགོངས་པ་དེ་ལྟར་བཞེས་དགོས་པ་འདུག དཔེར་ན། གཞོན་ནུས་རང་བཙན་རྩོད་པར་མགོ་དབུ་ཁྲིད་ནས་ཀྱང་དེ་དག་ནི་ཐལ་སྤྱོད་པའི་ལྟ་ཚུལ་བཟོ་འདྲ་བོ་སྒྲིག་འཛུགས་ལ་ངོ་རྒོལ་བཟོ་འདྲ་བོ་དབུ་ཁྲིད་བླ་མེད་ལ་ལོག་ལྟ་བྱེད་པའི་བཟོ་འདྲ་བོ་ཡིན་རབས་བཤད་ནས་གཞོན་ནུའི་ཚོགས་མི་ཀླད་ཆུང་ཆུ་སྣ་གར་འཁྲིད་འགྲོ་བའི་མི་བུ་འགའ་ཞིག་གིས་གཞོན་ནུའི་ཚོགས་པ་ནས་ཕྱིར་འཐེན་དང་གཞོན་ནུ་ཚོགས་པ་གསར་པ་བཙུགས་པ་ལས་སོགས་བྱས་ཡོང་དུས་རྙོག་ཁྲ་དེ་དག་ནི་མགོ་དབུ་ཁྲིད་དེ་ཚོས་གསལ་ཁ་ཡག་པོ་ཞིག་མ་བཏོན་པའི་སྐྱོན་རེད།
ཧ་་་་ཧོ་་་་་ད་རེས་མི་རྣམ་དཔྱད་ཅན་ཞིག་གི་གཏམ་གླེང་ཀི་འདུག་གདའ། ངོ་མ་ཉན་རྒྱུ་དང་གོ་རྒྱུ་ཡག་ཀི་་་་་་་རིན་ཐང་བྲལ་བའི་སྐད་ཅ་རེད་གདའ།
བོད་རང་བཙན་ནམ་དབུ་མའི་ལམ་གྱི་རྩོད་པའམ་གོ་བ་ལེན་སྟངས་ལ་རྩོད་རྙོག་མེད་གཤིས། རྒྱུ་མཚན་ངོ་མ་ནི་དེ་གཉིས་པོ་བླང་ས་ག་ནས་ལེན་དགོས་པ་མི་ཤེས་པའི་དབང་གིས་སོ།། ལྷག་པར་རང་བཙན་པ་རྣམས་ནས། བོད་རང་བཙན་དེ་༸གོང་ས་མཆོག་གམ་བཙན་བྱོལ་གཞུང་ངམ་དབུ་མའི་ལམ་འཛིན་པ་རྣམས་ལས་ལེན་རྒྱུ་ཡོད་པ་བཞིན་གནང་སྟེ། རྩོད་པའང་དེ་དག་གི་ངོར་རྒྱག་བཞིན་པ་ནི་གད་མོའི་རང་བཞིན་ཡིན། ཁྱེད་རྣམ་པའི་རྩོད་རྒྱུའམ་ལེན་རྒྱུའི་རང་བཙན་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་རོལ་ན་ཡོད་ཅིང། ང་ཚོའི་བོད་ལྗོངས་དང་ཆོས་དང་རིག་གཞུང་རྩ་སྟོར་བྱེད་མཁན་དང་། ང་ཚོའི་ཕ་མ་སྤུན་རྒྱུད་དམར་གསོད་གཏོང་མཁན་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་རོལ་ན་ཡོད་པས། དགྲ་ངོ་མ་སུ་ཡིན་པ་ཤེས་དགོས། མི་ཀླད་མེད་འགའ་ཞིག་གི་ངོར་བལྟས་ཏེ། རང་ཉིད་ཀྱི་བསམ་བློའི་རང་དབང་མ་བརླགས་པ་གལ་ཆེ། ལྷག་པར་བཀའ་དྲིན་ཅན་ལ་དྲིན་ལོག་མ་ཕྱིན་པ་ཞིག་གནང་གལ་ཆེ།
མེ་ཏོག་བཀྲ་་་་ལགས་ལ་རེ་བ
ལྷག་པར་དབུ་མའི་ལམ་པ་རྣམས་ནས། བོད་དབུ་མའི་ལམ་དེ་གཞོན་ནུའི་ཚོགས་པའམ་མི་དམངས་ལག་ནས་ལེན་རྒྱུ་ཡོད་པ་བཞིན་གནང་སྟེ། རྩོད་པའང་དེ་དག་གི་ངོར་རྒྱག་བཞིན་པ་ནི་གད་མོའི་རང་བཞིན་ཡིན། ཁྱེད་རྣམ་པའི་རྩོད་རྒྱུའམ་ལེན་རྒྱུའི་དབུ་མའི་ལམ་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་རོལ་ན་ཡོད་ཅིང། ང་ཚོའི་བོད་ལྗོངས་དང་ཆོས་དང་རིག་གཞུང་རྩ་སྟོར་བྱེད་མཁན་དང་། ང་ཚོའི་ཕ་མ་སྤུན་རྒྱུད་དམར་གསོད་གཏོང་མཁན་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་རོལ་ན་ཡོད་པས། དགྲ་ངོ་མ་སུ་ཡིན་པ་ཤེས་དགོས་མ་གཏོགས སློབ་གྲྭ་དང་མི་དམངས་སྟེང་ལ་ག་དུས་ཡིན་འགྲོ་སོང་ཕོན་ཆེར་བཏང་ནས་དབུ་མའི་ལམ་བགྲོ་གླིང་ཟེར་ནས་གཞུང་སྒེར་གང་མང་ནས་ལས་རིམ་ཧ་ཅང་མང་པོ་ཞིག་བམ་བསྒྲིག་ནས་་སྐུ་མདུན་དགོངས་པ་དང་འགལ་རབ་་་་གྲུབ་འབྲས་མེད་རབ་་་རྐྱང་རྐྱང་བཤད་ནས་་་་གཞིས་བཞུགས་བོད་མིའི་རེ་བ་ཆེས་ཤོས་བྱེད་ས་དང་རྒྱ་ནག་གཞུང་སྐྲག་ས་གཅིག་ཡོད་པ་དེ་གཞོན་ནུའི་ཚོགས་པ་དེའང་ཁག་གཉིས་སུ་དགོས་སོང་ལ་ད་དུང་མི་དམངས་ཁག་གཉིས་སུ་མ་རོགས་ཟེར་སེམས་སྟེང་གི་རེ་བ་ཡིན་་་་
དབུ་མ་བ་ཚོས་་་རང་བཙན་རྩོད་མཁན་ཚོས་ལམ་ཁ་དགག་སྡད་རེད་མ་གཏོགས་་་་སྔོན་ན་ནས་ཅིག་ལོན་ཡོད་མདོག་མདོག
ད་ལྟའང་འདིར་མཐོང་ཆོས་སུ་ཡོད་པའི་མཆན་བུ་རྣམས་ནས་རང་བཙན་ཁ་ལ་འཁྱེར་ཏེ་རྩོད་པ་རང་ངོར་རྒྱག་པ་དེ་ལས་ང་ཚོའི་མདོག་སྐྱ་དེ་མཐོང་ཐུབ། སྤྱིར་དབུ་མ་པའམ་རང་བཙན་པ་གང་ཡིན་ཡང་ནང་ཁུལ་གོ་རྟོགས་སྤེལ་རེས་ཙམ་ཡོང་སྲིད། འོན་ཀྱང་༸གོང་ས་མཆོག་ལ་འཕྱ་སྨོད་དམ་ཟུར་ཟ་བྱེད་པ་དེ། བོད་པ་རྩམ་གཟན་ལས་རྒྱུ་འབྲས་འཕེར་བ་ཞིག་གི་ལས་ཀ་མ་ཡིན། དེ་ནི་རྒྱ་དམར་རམ་བོད་མིའི་ལས་ངན་ལས་བྱུང་བའི་གདོན་འདྲེ་དག་གི་སྒོར་མོའི་འཕྲུལ་ལས་བྱུང་བ་ཡིན་པ་ཐག་ཆོད་ཐུབ། གལ་ཏེ་བོད་མི་ཞིག་གིས་དེ་ལྟར་གནང་གི་ཡོད་ཚེ། བོད་མི་རིགས་ཀྱི་ཞབས་འདྲེན་པ་ཞིག་དང་མི་ལུས་སུ་སྐྱེས་ཀྱང་མི་ལུས་ཀྱི་གོ་མ་ཆོད་པ་ཞིག་ཡིན། བོད་ཆག་འཇིག་གི་དུས་འདིར་ཁྱེད་འདྲ་བའི་བོད་མི་ཞིག་སྐྱེ་བ་བླངས་པ་དེ་བོད་མིའི་བསོད་ནམས་ཟད་པའི་རྟགས་ཁོ་ནའོ།།
དབུ་མའི་ལམ་པ་བ་ཚོས་ངོས་ནས་བོད་རང་བཙན་བརྩད་པ་ལ་བཀག་འགོག་བྱས་མེད། ཁ་ནང་དུ་འཁོར་ནས་བརྩད་མ་འོང་། ཁ་རྒྱ་གུན་ཁྲན་ལ་འཁོར་ནས་རྩོད། རང་བཙན་འཕྲོག་མཁན་རྒྱ་གུན་ཁྲན་རེད་ཅེས་ངར་ངར་རྫིག་རྫིག་དང་ཡིན་ཡིན་བདེན་བདེན་འདྲ་བའི་གཏམ་ཞིག་བཤད་ཀྱི་འདུག ཞིབ་ཏུ་བསམས་ན་བོད་རང་བཙན་འཐབ་རྩོད་བྱེད་པ་ལ་ནང་ནས་བཀག་འགོག་བྱས་ཡོད་བདེན་པ་ཡིན།
༡་་་དཔལ་འབྱོར་གྱི་ཐོག་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་སྟངས།
བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་འགྲོ་སོང་གང་མང་བཏང་ནས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་པ་དང་། ལས་འགུལ་སྤེལ་པ། དབུ་མའི་ལམ་ལ་རྒྱབ་སྐྱོར་འཚོལ་བ། རྒྱ་རིགས་མང་པོ་ལ་གསོལ་སྟོན་བཤམས་པ་སོགས་འགྲོ་སོང་མང་པོ་བཏང་གི་ཡོད། བོད་རང་བཙན་གྱི་གོ་རྟོགས་སྤེལ་ཆེད། ལས་འགུལ་སྤེལ་ཆེད། རྒྱབ་སྐྱོར་འཚོལ་ཆེད་སོགས་ཀྱི་ཐོག་ཏུ་དབུས་སྒྲིག་འཛུགས་ཀྱིས་ངོས་ནས་སྒོར་རྡོག་གཅིག་འགྲོ་སོང་བཏང་ཡོད་དམ། མེད་པ། འདི་དཔལ་འབྱོར་གྱིས་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པའི་གནས་དོན་གལ་ཆེན་ཞིག་དང་། བོད་རང་བཙན་འཐབ་རྩོད་ལ་དཔལ་འབྱོར་གྱི་ཐོག་ནས་བཀག་འགོག་བྱེད་སྟངས་ཤིག་ཡིན།
༢་་་་ལས་འགུལ་བའི་ཐོག་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་སྟངས།
དབུས་བོད་མིའི་སྒྲིག་འཛུགས་དང་མཐོ་རིམ་དཔོན་རིགས་ཚོས་ངོས་ནས་ཁོ་རང་ཚོ་བོད་རང་བཙན་གྱི་ལས་འགུལ་ནང་དུ་མི་ཞུགས་ལ་མི་དམངས་ལ་ཞུགས་མི་ཉན་པ་རྒྱུད་སྐུལ་བྱས། གདན་ས་ཁག་གིས་གཞོན་ནུ་ལྷན་ཚོགས་སོགས་ཀྱི་ལས་འགུལ་སྤེལ་སྐབས་མཉམ་ཞུགས་མི་བྱེད་ཀྱི་གྲོས་ཆོད་བཞག འདི་ནི་བོད་རང་བཙན་གྱི་འཐབ་རྩོད་ལ་བཀག་འགོག་བྱས་སྟངས་ཤིག་དང་། ལས་འགུལ་སྤེལ་མཁན་ཉུང་རེ་བཏང་ནས་བཀག་འགོག་བྱས་ཡོད།
༣་་་མི་གཞི་དང་གོ་གནས་ལ་སྐྱོན་བཏང་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་སྟངས།
བོད་རང་བཙན་འཐབ་རྩོད་པ་རྣམས་ཀྱི་མི་གཞི་ལ་དམའ་འབེབས་བྱས་པ་དང་། འཇིགས་སྐུལ་བྱས་པ། ལས་གནས་ནས་ཕྱིར་འབུད་བཏང་ཐབས་སོགས་བྱས་ཡོད། འཇམ་ནོར་དང་ལྷ་བཟང། ཀླུ་བྱམས་དང་ཀརྨ་ཆོས་འཕེལ། ལྷ་དར་དང་ཚེ་དབང་རིག་འཛིན་སོགས་གཙོ་བོ་གྱུར་པའི་གཞོན་ལྷན་གྱི་ཚོགས་མི་ཁག་ཅིག་གིས་གོང་ས་ཏྭ་ལའི་བླ་མའི་དགོངས་པ་དཀྲུགས་ནས་ལོ་ལྔ་ཚེ་ཐག་ཐུང་རེ་བཏང་སོང་ཞེས་བསྒྲགས་ཡོད། ལྷ་བཟང་ལ་གསོད་ཀྱི་ཡིན་ཟེར་ནས་འཇིགས་བྱས་བྱས་ཀྱི་མཐའ་མ་ལྷ་བཟང་གིས་ཁོང་རང་གསོད་ནས་ཕན་ཐོགས་ན་གསོད་རོགས་བྱོས་ཅེས་བསྒྲགས་ཡོད། ཀརྨ་ཆོས་འཕེལ་སྤྱི་འཐུས་ཀྱི་ནང་ནས་ཕུད་གྲབས་བྱས་ཡོད། འཇམ་ནོར་དོལ་རྒྱལ་བརྟེན་མཁན་རེད་ཅེས་ཞྭ་མོ་གོན་མྱངས་ཡོད། མདོ་ན་བོད་རང་བཙན་འཐབ་རྩོད་པ་ཚོ་སྤྱི་ཚོགས་ཀྱི་མིག་ནང་དུ་ནག་པོ་ནག་རྐྱང་བཟོ་ཐབས་སྤྱད་ནས་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱས་ཡོད། གོ་གནས་ནས་ཕྱིར་ཕུད་བཏང་ཐབས་བྱས་ནས་བཀག་འགོག་བྱས་ཡོད།
༤་་་བྱེད་ལས་ཀྱི་ཐོག་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱས་སྟངས།
རང་བཙན་མ་དངུལ་ལག་དེབ་དང་བླང་དཔྱ་ཁྲལ་ལ་བསྒྱུར། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པ་ནག་བསུབ་བྱས། དབུས་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཁོ་ན་བཟོས། བྱེད་སྟངས་འདི་དག་གིས་ཐོག་ནས་བོད་རང་བཙན་གྱི་འཐབ་རྩོད་བཀག་འགོག་བྱས། རང་བཙན་མ་དངུལ་ཡང་དབུ་མའི་མ་དངུལ་ལ་བསྒྱུར་བ་སོགས་བསམ་ཡུལ་ལས་འདས་པའི་བཀག་འགོག་བྱས་ཡོད། འདི་ལས་ལྷག་ཞིག་བཀག་འགོག་བྱེད་ཐབས་ཅང་མེད།
༥་་་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བོད་རང་བཙན་གྱི་འཐབ་རྩོད་ལ་བཀག་འགོག་བྱས་སྟངས།
ཨ་རིའི་དང་ཡུང་རོབ་སོགས་ཀྱི་གྲོས་ཚོགས་ནང་དུ་བཙན་བྱོལ་དབུས་སྒྲིག་འཛུགས་ཀྱིས་ངོས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་པ་མ་གཏོགས་བོད་རང་བཙན་ལ་རྒྱབ་སྐྱོར་ཚིག་གཅིག་ཞུ་གི་མེད། བོད་ནང་གི་རྒྱལ་གཅེས་དཔབ་བོ་དཔའ་མོ་ཚོས་སྐུ་སྲོག་བློས་བཏང་ནས་བོད་རང་བཙན་འཐབ་རྩོད་བྱས་པ་དེ་ཡང་རྒྱལ་སྤྱིའི་ནང་དུ་བསྐུངས་གང་ཐུབ་བྱས་པ་མ་གཏོགས་ཨ་རིའི་གཙོ་བོ་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱལ་གཅེས་དཔབ་བོ་དཔའ་མོ་ཚོའི་མངོན་འདོད་ཇི་བཞིན་ཞུ་གཏུགས་བྱས་མེད། འདི་ནི་བྱེད་ལས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་དུ་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱས་སྟངས་ཤིག་ཡིན།
མདོ་དོན་དབུ་མའི་ལམ་པ་བ་ཚོས་ངོས་ནས་ང་ཚོ་ལ་བོད་རང་བཙན་རྩོད། སུས་ཀྱང་བཀག་མེད་ཟེར་བ་འདིར་མི་བདེན། སྐད་ཆ་བཤད་སྟངས་འདི་ནི་ཧམ་བཤད་དང་ལོག་བཤད་ཡིན། དྲང་བདེན་དང་རྒྱུ་འབྲས་མེད་པའི་སྐད་ཆ་ཡིན། གལ་སྲིད་བཙན་བྱོལ་སྒྲིག་འཛུགས་ཀྱི་མི་རྒྱུ་སྲོག་གསུམ་དབུ་མའི་ལམ་པ་བ་ཚོས་བེད་སྤྱོད་བཏང་གི་ཡོད་པ་ལྟར་བོད་རང་བཙན་འཐབ་རྩོད་པ་ཚོ་ལ་གཏོང་བཅུག་ན་འགྲིག་ས་རེད་དམ་མ་རེད། མི་རྒྱུ་སྲོག་གསུམ་ཆ་ཚང་བེད་སྤྱོད་གཏོང་དབང་རང་བཙན་པ་ལ་མེད་ནའང་ཕྱེད་ཀ་ཙམ་གཏོང་བཅུག་ན་ཡོང་ས་རེད་དམ། གཞན་མི་རྒྱུ་སྲོག་གསུམ་གྱི་ཐོག་ནས་བཀག་འགོག་བྱེད་བཞིན་དུ་རང་བཙན་འཐབ་རྩོད་ལ་བཀག་མེད་ཟེར་ན་རྒྱུ་འབྲས་ལ་འགྲོ་བའི་སྐད་ཆ་རེད་དམ། གལ་སྲིད་དབུ་མའི་ལམ་པ་བ་ཚོས་མུ་མཐུད་ནས་བྱེད་སྟངས་འདི་འདྲ་བྱེད་ཀྱི་ཡིན་ན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡ་ང་བ་ཞིག་ཡོང་ངེས་ཡིན་པར་བརྗེད་མི་ཉན། བོད་རང་བཙན་འཐབ་རྩོད་ཀྱི་མདུན་ལམ་བཀག་འགོག་བྱེད་དགོས་ན་ལས་སླ་མོ་ཞིག་རྩ་བ་ནས་མིན། དངོས་མེད་ལྷ་འདྲེ་ཡི་བརྟེན་སྲོལ་ཞིག་བཀག་འགོག་བྱེད་དགོས་ན་དཀའ་ལས་ག་ཚོད་མི་འདུག་གམ། བསམ་བློ་ཐོངས། ད་ལྟ་གོ་སྐབས་ཡོད། གལ་སྲིད་བསམ་གཞིག་རྩ་བ་ནས་མ་བྱས་ན་བོད་མི་རིགས་ཀྱི་མདུན་ལམ་བརླག་ཡའི་ཉེན་ཁ་ཡོད་རེད་དོ།
ཧ་ཧ། ཅོ་རི། མང་གཙོ་ཡང་དག་པ་ཡིན་པ་བརྗེད་མི་ཉན། ཆབ་སྲིད་ཀྱི་ལང་ཕྱོགས་དང་དགོས་དབང་ནི་དུས་ནས་དུས་ལྟར་འགྱུར་འགྲོ་བ་ཞིག་ཡིན་དགོས་བ་རེད། དེ་ལ་མང་གཙོ་ཡང་དག་ཟེར།
ཁྱེད་ཅག་བླུན་ཕྲུག་ངོ་ཚ་མེད་པ་ཚོས། ཁ་ལ་རང་བཙན་གྱི་ལག་རྡོ་ཁྱེར་ནས། རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་ཉིན་ཞིག་ཡོད་ན། རང་བཙན་གྱི་ལྟ་བ་དང་བདག་དབང་གི་ལངས་ཕྱོགས་ནི། མི་རབས་ནས་མི་རབས། ལོ་རབས་ནས་ལོ་རབས་ལ་མི་འགྱུར་བའི་དམ་བཅའ་ཡོད་རབས་བཤད་ཡོད་པ་ཨ། དེ་འདྲ་ཡོད་ན། མང་གཙོ་ཡང་དག་གི་གཞུང་ལུགས་ལ། ཆབ་སྲིད་ཀྱི་ངོ་བོ་འདྲ་མིན་ཡོང་ཆོག་པ་དང་སྲིད་དབང་འོས་འདེམས་མང་གཙོ་ལྟར་འགྲོ་དགོས་བ་དེ། དང་པོ་ནས་ཁྱེད་རང་ཚོད་རྡོག་རོལ་གཏང་ཡོད་པ་ཤེས་ཡོད། བླུན་བཤད་རྐྱང་གིས་བདེ་ལམ་སྐྱ་མོ་དེ་འདྲ་ལ་ཐོན་ཐུབ་ནི་མ་རེད། ངའི་སྐེ། ཁྱོད་ནི་འཛམ་གླིང་གི་ཁ་མགོན་གྱི་མི་ཚོགས་སུ་ལ་བཀའ་གྲོས་བློ་སྟོན་མེད་པར། རྒྱ་སྲང་གསེང་གི་ངལ་རྩོལ་མི་མང་གི་ཁ་ཕོ་ཙམ་ལ་ཡིད་ཤོར་ནས། གནམ་མཆོང་དང་གནམ་མཆོང་ཅི་ཙམ་བྱས་ན་ཡང་། ས་ལས་འཕགས་མི་ཐུབ་པ་དངོས་ཡོད་ཡིན་པ་ཤེས་ནས། བོད་མི་མང་ལ་ཆུ་དགོས་དུས་ཆུ་སྟེར། ཇ་དགོས་དུས་ཇ་སྟེར། དེ་མིན་ཆང་ལ་སྐྱུར་ཁ་ཡོད་པའི་ཁར་བཙན་ལྡུད་མ་བྱེད་ན་བཟང་། དེ་ལ་ཤ་ཚ་ཟེར། གོ་ཨེ་ཐལ།
འུ་ཚོའི་ཆོས་དང་སྲིད་གཉིས་མཉམ་བསྲེས་བྱས་ནས་དེ་རིང་བར་སོང་ཞིང་། མ་འོངས་བ་ཡིན་ནའང་དེ་ལྟར་འགྲོ་བ་ཡིན་ན་། རྗེས་སུ་བོད་མི་ཚོར་འགྱོད་པ་རྟས་མི་ཐུབ་པ་ཞིག་སྐྱེ་སྲིད་ཀི་རེད་། རྒྱུ་མཚན་ནི་། བོད་མི་མང་ཆེ་བ་ནང་བ་ཡིན་ཡང་བོད་མི་རེ་རེ་ལ་མི་ཚེ་ཉམས་མྱོང་མི་འདྲ་བ་རེ་དང་སློབ་སྦྱོང་ཉམས་མྱོང་མི་འདྲ་བ་རེ་ཡོད་པའི་རྐྱེན་བྱས་དེ་། ཁོང་ཚོར་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་དང་འཇིག་རྟེན་ཀྱི་ལྟ་སྟངས་མི་འདྲ་བ་སོགས་ཡོད་པ་རེད་། གལ་སྲིད་སྒང་བ་བོད་པའི་ཆབ་སྲིད་པ་ཡིན་ཟེར་ནི་ཚོས་ཁ་སང་གི་སྐུ་དྲག་ནང་བཞིན་རང་མི་དགའ་ས་ལ་སྐྱེ་བུ་དམ་པའི་ཐུགས་དང་མི་མཐུན་ཚུལ་དང་། སྟོམ་པ་བཀའ་དྲིན་ཀྱི་ཆོས་དང་འགལ་ཚུལ་ཅེས་གཞན་པའི་ལྟ་བ་མ་འབེབས་བྱས་བ་ཡིན་ན་། རིམ་པའི་བོད་མི་ཚོའི་ནང་ཁུལ་མི་འཆམ་པ་དང་། ཡང་དག་པའི་ནང་ཆོས་དེ་དང་ཁ་མི་གྱེས་ཐབས་མེད་ཆགས་སྲིད་ཀི་རེད་། རྒྱུ་མཚན་ནི་ཁོང་ཚོས་མ་འོངས་བའི་ཆེད་དུ་རེད་།
ཅོ་རི་ཉི་མ་སྐད་ཆ་ལ་ངོ་མ་གཏན་ཚིག་རིག་པ་འདུག་་་་ཉོག་བཤད་མ་བྱེད་ལན་ཁ་ཐུག་ཡོད་ན་རྒྱོབ