མཁོ་འདོན་པ།སྦྲ་རིགས་ཐོགས་མེད།
(པར་རིས་གསར་འགྱུར།)
ཉེ་ཆར་(༢༤/༡༠/༢༠༡༡)ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མ་ཚོས་མཉམ་འབྲེལ་རྒྱལ་ཞཽགས་ཀྱི་ལྡི་ལི་ཡན་ལག་ལས་ཁུངས་མདུན་དུ་དགོས་འདུན་དོན་ཚན་གསུམ་གྱི་འོག་ངོ་རྒོལ་སྐད་འབོད་བྱས་རྗེས། ས་གནས་འབྲེལ་མཐུད་པ་བརྒྱུད་སྙན་ཞུའི་ཡིག་ཆ་ཁག་ཐད་ཀར་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་ཕུལ་ཐུབ་པ་བྱུང་ཡོད། གཤམ་གྱི་འདྲ་པར་ཁག་ནི་ཉིན་དེའི་ངོ་རྒོལ་བྱེད་སྟངས་ཀྱི་རྣམ་པ་ཁག་ཡིན་ལ་ངོ་རྒོལ་བྱེད་ཚུལ་དེ་ལ་དབུགས་གླིང་རྒྱང་འབུད་ཀྱི་ངོ་རྒོལ་(whistle blowing Protest)་ཅེས་སུ་འབོད།
པར་ངོས་དང་པོ་དེ་སེམས་ཁོང་ལ་ཚོར་བ་ཤུགས་ཆེན་ཡོད་པའི་རྣམ་པ་བསྟན་འདུག་པས་བཀའ་དྲིན་ཆེ། ལས་འགུལ་སྤེལ་སྐབས་ཚོར་བ་དེ་ལྟ་བུ་ཞིག་སྟོན་དགོས་པ་ལས་བགད་མོ་ཤོར་བསྡད་ཡོད་པའི་རྣམ་པ་དེ་ཁྱོན་ནས་ཡག་པོ་ཞིག་མིན་འདུག འདིས་ང་ཚོའི་རིན་ཐང་གཅོག་གིན་འདུག
མཐོ་རིམ་སློབ་མ་ཚོའི་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད། ད་དུང་མུ་མཐུད་དུ་ལས་འགུལ་འདྲ་མིན་སྤེལ་རོགས། ཁྱེད་ཚོ་ནི་མ་འོང་བའི་བདག་པོ་ངོ་མ་དེ་ཡིན། ང་ཚོས་བྱས་པ་ལས་ད་དུང་བྱེད་རྒྱུ་མང་བ་བསྡད་ཡོད། སེམས་ཤུགས་ནམ་ཡང་ཆགས་མི་རུང་། གལ་སྲིད་སེམས་ཤུགས་ཆགས་ན་ང་ཚོ་ཕམ་པ་ཡིན། གཞོན་ནུ་རེ་བ་ཅན་ཚོ།
མ་འོངས་བའི་རེ་བ་བཅོལ་ས་ནི་ཁྱེད་རང་ཚོ་རེད། ཁྱེད་ཚོས་སེམས་ཤུགས་དང་སྙིང་སྟོབས་ལ་ཡི་རངས་ཡོད་འདི་ནི་བོད་མི་རིགས་ཀྱི་རེ་བ་གསར་བ་ཞིག་རེད་ཟེར་ན་མི་ཆོག་པ་མེད། གཞོན་སྐྱེས་ཚོས་བྱེད་སྟངས་ལ་ལྟས་ནས་མིག་ཆུང་རང་དབང་མེད་པར་བཞུར་བ་དང་ཚོར་བ་གསར་བ་ཞིག་ཡོང་གི་འདུག