ད་ལྟ་བཀའ་ཁྲི་རྗེས་མ་དེར་སུ་འོས་མིན་གྱི་སྐོར་ཚ་ཚ་འུར་འུར་རེད། དེ་བཞིན་སྤྱི་འཐུས་བཞི་ཅུ་བཞེ་གྲངས་ཀྱི་སྐོར་དེ་ཡང་ཚ་ཚ་འུར་འུར་གྱིས་གླེང་གི་འདུག གསར་འགྱུར་བརྒྱུུད་ལམ་ཁག་ན་བཀའ་ཁྲིོའི་སྐོར་དང་སྤྱི་འཐུས་ཀྱི་སྐོར་དེ་གླེང་སྟངས་སྣ་ཚོགས་ཀྱིས་གླེང་གིན་ཡོད།
དེ་རིང་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། སྐབས་རྗེས་མའི་བཀའ་ཁྲིའི་འོས་གཞི་ནི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་གཏན་འབེབས་ཀྱི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད།
ཁ་བརྡ་ལགས། བཀའ་ཟུར་བཀྲས་མཐོང་ལགས་ཀྱི་ད་ལྟའི་གནས་སྐབས་ཀྱི་པར་ཞིག་དྲ་ཐོག་ཏུ་འཇོག་ཐུབ་ན། མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་ཀྱི་རེད་བསམ། ཐུགས་རྗེ་ཆེ།
དུས་ཚོད་མ་འཁོད་པའི་འདྲ་སྤར་རེད་ཟེར།
མཆི་མེད་ལགས་སུ།
དང་པོ་། དགོང་ཚུལ་བོད་ཡིག་གནས་གསུང་རོགས་།
གཉིས་པ་། ཁོང་གི་གནས་ཚུལ་ཞིབ་ཕྲ་ཡོད་ན་ཞིབ་འབྲི་གནང་རོགས་།
གསུམ་པ། ཁ་བརྡ་དོ་དམ་པས་ཁ་བརྡའི་ནང་བོད་ཡིག་མ་ཡིན་པས་ཡིག་རིགས་གཞན་པས་ཐོག་རྩོམ་ཡིག་དང་མཆན་མ་སྤེལ་ན་ཡག། ང་ཚོ་ཐུན་མོང་ལ་དབང་བའི་ཁ་བརྡའི་ནང་རང་གི་སྐད་ཡིག་གཙང་མ་སྤེལ་རྒྱུ་ནི་ང་ཁ་བརྡ་བ་ཞིག་གི་རེ་བ་ཡིན།
ཁོང་གི་ལོ་རྒྱུས་ངོ་སྤྲོད་གནང་རྒྱུ་དང་། དེ་ནས་དེང་དུས་ཁོང་གི་འདྲ་པར་ཞིག་འཇོག་རོགས།
ཨ་རོ་ད་གང་ཤེས་ངོ་མ་བཀའ་བློན་ཁྲི་བ་དེ་ག་འདྲ་ཞིག་འོང་གི་ཡོད་ན་བསམ་ནས་རེ་དོག་ཆེན་པོ་ཞིག་འདུག
ངའི་རེ་བ་ལ་བོད་མི་ས་ཡ་དྲུག་གི་ཤེས་དགོས་པ་ལ་ད་ལྟའི་བཀའ་བློན་ཁྲི་བ་དེ་ངོ་མ་བོད་པས་མི་ཚང་སྤྱིར་གཏང་ཞིག་ལ་སྐྱེ་ནས་སློབ་སྦྱོང་དང་ཤེས་ཡོད་ཡག་པོ་ཞིག་ཡོད་པ་ཞིག་རེ་བ་ཆེན་པོ་ཡོད།
སྔོན་ཀྱིས་སྐུ་དྲག་ཞིག་གིས་བརྒྱུད་པ་སླེབ་པ་ཡིན་ན་རྩ་བ་ནས་ཡག་པོ་ཡོད་པ་མ་རེད། གང་ཡིན་ཟེར་ན་སྔོན་ཀྱིས་བཀྲས་མཐོང་སོགས་མི་ཆེན་དང་སྐུ་དྲག་གི་མིང་བེད་སྤྱོད་གཏང་མཁན་དེ་ཚོ་ལ་ན་ཚ་ཆེ་ཤོས་དེ་ནི་གང་ཡོད་བརྗོད་མི་དགོས་པར་ཀུན་གྱིས་ཤེས་གསལ་རེད།
དེ་འདྲ་ཡིན་ཙང་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ཀྱིས་གཟབ་གཟབ་བྱས་ནས་ད་ལན་བཀའ་བློན་ཁྲི་བ་དེ་ནི་སྔོན་གྱིས་སྐུ་དྲག་གི་ན་ཚ་གང་ཡང་མེད་པ་ཞིག་འོང་ཐུབ་པ་ཡིན་ན་མདོ་དབུས་ཁམས་གསུམ་ལ་ཁྱད་པར་རྩ་བ་ནས་ཡོད་པ་མ་རེད། དེར་རྟེན་ངོ་མ་གཟབ་གཟབ་བྱེད་པ་འདི་གལ་ཆེན་པོ་བྱེ་བྲག་རེད་ཡ།
གོང་དུ་དྲྭ་གྲོགས་འགའ་རེས་སྐུ་དྲག་གི་བརྒྱུད་པ་ཡིན་ན་ནད་ཚ་ཞིག་ཡོད་རེད་ཟེར་བ་ལས་རྒྱུ་མཚན་གང་ཡང་བཀོད་མིན་འདུག་དེ་བགྲོ་གླེང་མ་རེད་སྤྱི་ཚོགས་འགན་འཁུར་དེ་བས་མ་རེད། དེ་ན་འབྲོག་པའི་བརྒྱུད་པ་ཡིན་ནའང་མི་འགྲིག ཞིང་པའི་བརྒྱུད་པ་ཡིན་ནའང་མི་འགྲིག་ དེ་བཞིན་ཚོང་པ། བཟོ་བ། བཤན་པ། སོགས་ཚང་མར་ནད་ཚ་རེ་ཡོད་ཟེར་རྒྱུ་ཏན་ཏན་ཡིན་འདོར་ན་ངའི་འདོད་པ་མེད་མཁན་ཚང་མར་ནད་ཚ་ཡོད་ཟེར་ན་མི་ལ་དགོད་ཁ་སློང་བའི་སྐད་ཆ་རེད། ལོ་རྒྱུས་མཁོ་འདོན་གནང་རོགས་ཞེས་རེ་བསྐུལ་ཞུ་བ་དེ་དངོས་གནས་དྲངས་པོ་རེད། ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དང་ཤེས་ཡོན་གྱི་ཆུ་ཚད། ལས་ཀའི་ཉམས་མྱོངས་དང་ལྷག་བསམ་བོད་རྒྱལ་ཁབ་ལ་དུང་ཞེན་དང༌། མི་རིགས་དང་རིག་གཞུང་ལ་འགན་ཁུར་ཐུབ་མིན་སོགས་ལ་བགྲོ་གླིང་གནང་བ་ཡིན་ཕན་དོགས་ཆེ། དགོས་མེད་ཀྱི་གཏམ་ཆགས་ཀྱི་མི་སེམས་མ་དཀྲུགས་ན་ལེགས་ལ་མེད་དམ། ད་དུང་འགའ་རེ་ཁོང་གི་སྐུ་པར་མཁོ་འདོན་དགོས་གསུང་བཞིན་པར་རྟགས་ན་ཁོང་མག་པ་ལ་འགྲོ་མཁན་ཡིན་ནམ་ཡང་ན་བུ་རྣམ་པ་འགྲན་བསྡུར་གཏོང་ཡས་ཀྱི་ཆེད་ཡིན་ནམ།
གོང་དུ་དྲྭ་གྲོགས་འགའ་རེས་སྐུ་དྲག་གི་བརྒྱུད་པ་ཡིན་ན་ནད་ཚ་ཞིག་ཡོད་རེད་ཟེར་བ་ལས་རྒྱུ་མཚན་གང་ཡང་བཀོད་མིན་འདུག་དེ་བགྲོ་གླེང་མ་རེད་སྤྱི་ཚོགས་འགན་འཁུར་དེ་བས་མ་རེད། དེ་ན་འབྲོག་པའི་བརྒྱུད་པ་ཡིན་ནའང་མི་འགྲིག ཞིང་པའི་བརྒྱུད་པ་ཡིན་ནའང་མི་འགྲིག་ དེ་བཞིན་ཚོང་པ། བཟོ་བ། བཤན་པ། སོགས་ཚང་མར་ནད་ཚ་རེ་ཡོད་ཟེར་རྒྱུ་ཏན་ཏན་ཡིན་འདོར་ན་ངའི་འདོད་པ་མེད་མཁན་ཚང་མར་ནད་ཚ་ཡོད་ཟེར་ན་མི་ལ་དགོད་ཁ་སློང་བའི་སྐད་ཆ་རེད། ལོ་རྒྱུས་མཁོ་འདོན་གནང་རོགས་ཞེས་རེ་བསྐུལ་ཞུ་བ་དེ་དངོས་གནས་དྲངས་པོ་རེད། ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དང་ཤེས་ཡོན་གྱི་ཆུ་ཚད། ལས་ཀའི་ཉམས་མྱོངས་དང་ལྷག་བསམ་བོད་རྒྱལ་ཁབ་ལ་དུང་ཞེན་དང༌། མི་རིགས་དང་རིག་གཞུང་ལ་འགན་ཁུར་ཐུབ་མིན་སོགས་ལ་བགྲོ་གླིང་གནང་བ་ཡིན་ཕན་དོགས་ཆེ། དགོས་མེད་ཀྱི་གཏམ་ཆགས་ཀྱི་མི་སེམས་མ་དཀྲུགས་ན་ལེགས་པ་མེད་དམ། ད་དུང་འགའ་རེ་ཁོང་གི་སྐུ་པར་མཁོ་འདོན་དགོས་གསུང་བཞིན་པར་རྟགས་ན་ཁོང་མག་པ་ལ་འགྲོ་མཁན་ཡིན་ནམ་ཡང་ན་བུ་རྣམ་པ་འགྲན་བསྡུར་གཏོང་ཡས་ཀྱི་ཆེད་ཡིན་ནམ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སྐུ་དྲག་གི་རྒྱུད་པ་རེད་ཟེར་བ་ཚོས། ཁོང་སྐུ་དྲག་ཡིན་སྟངས་ཤིག་གསུངས་རོགས། ངས་ནི་ཁོང་སྐུ་དྲག་གི་མི་རྒྱུད་ཡིན་པའི་ཁུངས་རྩ་བ་ནས་རྙེད་མ་བྱུང་། བཀྲ་ཤིས་ལྷུན་པོ་མཐོང་ས་ཞིག་ཏུ་གཟིམ་ཁང་ཡོད་སྟབས། ཁོང་གི་མི་ཚང་མིང་ལ་བཀྲས་མཐོང་ཞེས་ཐོགས་པ་འདྲ། དེ་མ་གཏོགས། ཁོང་གི་མི་རྒྱུད་གོང་མ་ཚོས་བོད་སྡེ་པ་གཞུང་གི་སྐུ་དྲག་བྱས་པའི་ལོ་རྒྱུས་རྙེད་མ་བྱུང་། བཀྲས་མཐོང་ཞེས་པ་དེ་མི་ཚང་དྲག་གྲས་ཤིག་ནི་རེད་འདུག ལར་ནས་སྐུ་དྲག་ཡིན་མིན་གྱི་ས་མཚམས་ག་རེ་རེད། དེ་གཅིག་ཡིན།
དེ་ནས་སྐུ་དྲག་ཡིན་ན། བཀའ་ཁྲིར་མི་འོས་ཟེར་ནའང་སྐད་ཆ་དྲང་པོ་མ་རེད། ཨ་རིའི་སྲིད་འཛིན་ཇོར་ཇི་བྷུ་ཤི་ཕ་བུ་གཉིས་ཀ་སྐུ་དྲག་རེད། རྒྱ་གར་གྱི་ཨན་དྷི་ར་གྷན་དྷི་དང་རཱ་ཧུལ་གྷན་དྷི། དེའི་བུ་རྒྱུད་ད་ལྟ་སྲིད་དོན་ནང་ཞུགས་པ་དེ་ཚོ་ཡང་སྐུ་དྲག་གི་མི་རྒྱུད་རེད། དེ་བཞིན་དབྱིན་ཇི་སོགས་ལའང་མང་པོ་རེད།
བསྟན་འཛིན་བཀྲས་མཐོང་གི་ལོ་རྒྱུས་ཤིག་མཁོ་སྤྲོད་ཐུབ་ན་ཡག་པོ་འདུག
ཁོང་གིས་ ༢༠༠༨ ལོར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསུང་བཤད་ཅིག་གནང་སོང་། དེ་ལ་གཅིག་གཟིགས་ན། ཁོང་གི་ཤེས་ཚད་དང་བཀའ་མོལ་གནང་སྟངས་དེ་ཚོ་མཁྱེན་ངེས་རེད། ད་དུང་གཟུགས་ཁམས་ཀྱི་གནས་ཚུལ་ཡང་ཏོག་ཙམ་ཚོད་དཔག་ཐུབ་ས་རེད། དྲྭ་ཐག་འདི་རེད།
http://sarvodaya.stanford.edu/2008/04/tenzin-tethong-speaks-on-apr-17.html
གྷུ་གྷལ་ནང་ལ་ཡར་མར་ཉུལ་དུས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ཀུན་གླེང་ནང་སྔ་ལོ་བཅར་འདྲི་དང་ལེན་བྱསཔ་ཞིག་འདུག དྲྭ་ཐག་འདི་རེད། http://www.youtube.com/watch?v=di1NG-sW0yw
བཀའ་ཁྲི་སུ་སླེབས་ན་ཁྱད་པར་ཅི་ཡོད། བོད་རང་བཙན་རྩོད་ཆོག་གི་མེད་ཅེས་ཚོགས་སྡེ་ཁག་གི་ས་ཡིག་ལེན་གྱི་ཡོད་འདུག་ན། བོད་རང་བཙན་མི་རྩོད་ན་སུའི་རང་བཙན་ཆེད་བཙན་བྱོལ་བོད་གཞུང་བཙུགས་པ་རེད་དམ། བོད་རང་བཙན་མ་གཏོགས་གཞན་ང་ཚོ་ལ་མ་ཐོབ་པ་ག་རེ་ཡོད་རེད་དམ། རྒྱ་མིའི་མི་སེར་གྱི་ཐོ་ཐང་མི་དགོས་ཟེར་ནའང་ཚུར་བཙན་གྱིས་སྤྲོད་ཀྱི་ཡོད་པ་རེད། དེ་ལ་རྩོད་རྒྱུ་མི་འདུག རྒྱ་ནག་མི་སེར་བྱེད་ཆེད་བཀའ་ཁྲི་འདམས་དགོས་དོན་མ་མཐོང་།
བཀའ་བློན་ཟུར་བ་ཚོའི་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད་ཟེར།
དབུས་གཙང་ཆོལ་ཁའི་བཀའ་ཁྲིའི་འོས་མི་ཡང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན་ཟེར།
རྒན་རབས་པ་ཚོས་ཀྱང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་འདི་ཡག་གི་ཟེར།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མི་གཅིག་ཀྱང་ཁོང་རེད་འདུག
འོན་ཀྱང་། ༧གོང་ས་མཆོག་གིས་བཀའ་ཁྲི་ལོ་གཞོན་ཞིག་ཡོང་རྒྱུ་གལ་ཆེ་ཟེར། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ལོ་གཞོན་ཞིག་གལ་ཆེ་ཟེར།
བཀའ་ཟུར་རྒྱ་ལོ་དོན་གྲུབ་ཀྱིས་ཀྱང་ལོ་གཞོན་ཞིག་དགོས་རེད་ཟེར། ཡིན་ན་ཡང་། ལོ་གཞོན་གྱི་ལོ་ཚད་དེ་ལབ་མ་སོང་།
ངེད་ཀྱི་བསམ་ཚུལ་ལ། ལོ་གཞོན་ལབ་ན་ཉུང་མཐར་ཡང་ལོ་ལྔ་བཅུའི་འོག་རེད།
ཁོམ་ལོང་བྱུང་ན་། ད་དུང་བསམ་ཚུལ་འགའ་ཁ་སྣོན་རྒྱག་གི་ཡིན།
རྟ་མ་འགྲོ་གོང་ལ་སྒ་མ་འགྲོ། ང་ཚོའི་རང་གི་ནུས་བ་གང་ཡོད་བཏོན་ནས་། དེ་རིང་གི་་བཀའ་ཁྲི་ལ་སང་ཉིན་གྱི་ལས་འགན་སྒྲུབས་ཐུབ་པར་ཡིད་ཆས་ཡོད་པ་ཞིག་ངེས་བར་འདེན་དགོས་། དེ་བཙལ་ཡང་དགོས་པས་ལྡིང་ཆར་ཐོན་པ་ཚང་མར་ཁོང་མེད་ལུང་མེད་ཀྱི་སྐྱོན་འདོག་དང་། དཀྲོགས་གཏན་སྤེལ་ན་ཡག་པོ་མི་འདུག། དེ་ལས་འོས་གཞི་དེ་དག་གིའི། འདས་ཟིན་པས་སྤྱི་ཚོགས་ཀྱི་མཉམ་མྱོང་། ད་ལྟའི་ཤེས་ཡོན་གྱི་ཆ་རྐྱེན། མ་འོང་བའི་སྙིང་སྟོབས་དང་ཡིད་ཆས་། སོགས་ཀྱི་ཐད་འདི་ནས་བཟང་ཆ་ཡོད་ལ་འདི་ན་ཞན་ཆ་འདུག་ཞེས་ཁོང་ཡོད་ཀྱི་འབྲེལ་བཤད་འགྲོ་གླེང་གནང་ན་ཤིན་དུ་བཟང་།
ལོ་ཁ་ཤེས་གོང་། བཀྲས་མཐོང་གི་འདིར་ང་ཚོའི་ས་གནས་བོད་རིགས་བྱིས་པ་ཚོར་བོད་ཀྱི་རྒྱ་རབས་ཀྱི་དཔེ་ཁྲིད་ཞིག་གི་སྐྱང་མཇུགས་དེར་།
བདག་གིས་གནད་དོན་ཁ་ཤེས་ཀྱི་ཐད་བཅར་འདྲི་ཐུང་ཐུང་ཞིག་བྱས་བ་ཡིན་། དེ་ནང་གི་གཅིག་གོང་ས་སྐུ་འཕྲང་༡༥་བས་སྐོར་ལ་ལ་ཡིན་པ་གསལ་བོར་དྲན་གི་འདུག། ཤེས་འདོད་ཡོད་ན་ངས་བཙལ་ནས་འདིར་འབུལ་ཆོག།
ནོར་བསྡུག་གོ་། ངེས་བར་འདེམ་དགོས་
ཨ་ཙེ་ ཡང མ་ཆད་འདུག་། བསྒྲོགས་གཏམ་་་
བོད་ཀྱི་དུས་བབ་ལས།
ཕྱི་ཚེས་ ༢༥ ཉིན་ཏེ་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་གཅིག་དང་། སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་བོད་མང་སྤྱི་འཐུས་ཀྱི་འོས་མི་རྣམས་ཕྱིར་བསྒྲགས་གནང་ཡོད།
སྐབས་དེར་དབུས་གཙང་སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང་གིས།
ཐེངས་འདིར་དབུས་གཙང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་རྣམས་ལ།
ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་བཅུག་ཡོད་ལ།
ཆ་རྐྱེན་གཉིས་ནི།
བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་།
རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་།
གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན།
གོང་གསལ་གྱི་དབུས་གཙང་ཆོལ་ཁོངས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱིས་ཆ་རྐྱེན་དེ་གཉིས་ཁས་ལེན་དང་མཚན་རྟགས་བསྐྱོན་ཡོད།
ཅེས་སོགས་བཀོད་འདུག་པས་འདི་ཨེ་བདེན་ན་སྙམ་པ་ཞིག་བྱུང་།
གལ་ཏེ་བདེན་ན་འདི་ལ་བདག་གི་བསམ་ཚུལ་ཞིག་བཤད་རྒྱུ་ཡིན།
དེང་སང་རང་དབང་དང་ཡོངས་སུ་བྲལ་བའི་བོད་ཡུལ་་དུ། རྒྱ་དམར་གྱིས་རྒྱ་གཅེས་ཆོས་གཅེས་སོགས་ཀྱི་ལས་འགུལ་སྤེལ་ནས། བོད་རང་བཙན་གྱི་ལྟ་བ་ཁྱེར་མི་ཆོག་པའི་སྒྲིག་ཁྲིམས་ལ་མིང་རྟགས་བཀོད་ཆེད། ཞི་བས་བསླུ་ཐབས་དང་དྲག་པོས་མནར་གཅོད་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་ཀྱང་། ད་དུང་གཞིས་ལུས་བོད་མི་ཚོས་སེམས་ཤུགས་ཆེན་པོས་བོད་རང་བཙན་ཀྱི་ལྟ་བ་ནི་རང་གི་སྲོག་ལྟར་གཅེས་འཛིན་བྱས་ཡོད་པ་ལས་དོར་མྱོང་མེད་པ་རེད།
འོན་ཀྱང་འདིར་རང་དབང་ཡུལ་་དུ་གནས་པའི་དབུས་གཙང་པའི་ལས་བྱེད་རེ་ཟུང་གིས། མ་བསྐུལ་དང་བླང་གིས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གྱི་ལྟ་བ་ནི། རང་གིས་དོར་ནས་གཞན་ལ་འང་དོར་དགོས་པའི་མིང་རྟགས་བཀོད་བཅུག་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་དུ། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་ཐབས་ཀྱི་ཐབས་ཇུས་༼རྒྱ་གཅེས་ཆོས་གཅེས་ལས་འགུལ་༽ཞེས་པ་དེ་དངོས་གནས་སླེབས་མི་གམ།?????????????????……..
དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐྱོར་བྱས་པས་མ་འཐུས་པར། བོད་རང་བཙན་གྱི་ལྟ་བ་དོར་དགོས་པའི་སྒྲིག་ཁྲིམས་བཞག་པ་འདི་ལ་བལྟས་ན། ཁྱེད་ཚོ་ནི་རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་གྱི་ཐད་ཀར་བཀོད་ཁྱབ་འོག་ཡོད་པའི་གུང་ཁྲན་ཏང་ཡོན་རྙིང་པ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་ཞིག་ཤར་སོང་ལ། འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་སྙམ་པའི་ཐེ་ཚོམ་ཡང་ཤར་སོང་།
སྔོན་མ་བོད་དུ་རྒྱ་མིས་བཙན་འཛུལ་བྱེད་སྐབས་སུ། བོད་མི་བསམ་མེད་འགའ་རེས་རྨོངས་གླུ་ཞིག་སྐྱོར་ཡོད། གླུ་ཚིག་ནི། རྒྱ་གུང་ཁྲན་ཏང་གི་བཀའ་དྲིན་གྱིས། དངུལ་དཀར་པོ་ཆར་བ་བབ་བབ་རེད།
འདི་ལ་དུས་ངན་མའི་གླུ་ཞེས་མིང་བཏགས་ཡོད།
ད་ལྟ་བོད་མི་ཁྱེད་ཚོས་ཡང་སྐྱར་དུས་ངན་མའི་གླུ་གསར་བ་ཞིག་ལེན་བཞིན་ཡོད་པ་འདྲ་བའི་སྐྲག་སྣང་ཞིག་སེམས་ལ་བྱུང་བས།
བདག་གིས་དྲང་པོའི་བློ་ཡིས་བོད་དབུས་གཙང་མངའ་རིས་ཀྱི་མི་དམངས་འཐུས་ཚབ་ཚོ་ལ་རེ་བསྐུལ་ཞུ་རྒྱུ་ནི།
ཁྱེད་ཚོས་བཞག་པའི་དབུས་གཙང་སྤྱི་འཐུས་ཀྱི་ཆ་རྐྱེན་གསུམ་ལས།
༡༽བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་།
༢༽རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་།
༣༽དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ།
བཅས་གསུམ་བཀོད་འདུག་པས་ཆ་རྐྱེན་གཉིས་པ་རང་བཙན་གྱི་ལྟ་བའང་དོར་དགོས་པའི་བསམ་ཚུལ་ངན་པ་འདི་འདྲ་གང་འགྱོགས་མེད་པར་བྱེད་རོགས་ཞུ་རྒྱུ་ཡིན།
གནས་ཚུལ་འདི་དག་བོད་ནང་བོད་མི་རྣམས་ཀྱིས་ཤེས་དགོས།
སྡེ་དགེ་འཇིགས་མེད་ལགས་ཐུགས་རྗེ་ཆེ་སྙིང་ནས་ཞུ་བ་ཡིན།
ངོ་མ་ད་ལྟ་བཙན་བྱོལ་བོད་མིའི་དབུས་གཙང་གི་སྤྱི་ཚོགས་ནང་ལ་རྒྱ་དམར་གྱི་ཆབས་སྲིད་གཅིག་རྟེན་རྟེན་སྤེལ་མཁན་གཅིག་ཡོད་པ་འདྲ་བོ་འདུག
སྤྱིར་གཏང་བྱས་ན་ང་ཚོ་ལ་༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་དམངས་གཙོ་ཡང་དག་གི་ལམ་ལ་འགྲོ་མཁན་གྱིས་བཙན་བྱོལ་གཞུང་ཞིག་མ་རེད་དམ།
གོང་དུ་དབུས་གཙང་ཆོལ་ཁས་
བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་།
རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་།
གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན།
གོང་གསལ་གྱི་དབུས་གཙང་ཆོལ་ཁོངས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱིས་ཆ་རྐྱེན་དེ་གཉིས་ཁས་ལེན་དང་མཚན་རྟགས་བསྐྱོན་ཡོད།
དེ་འདྲ་དངོས་གནས་ཡིན་ན་ག་འདྲ་བྱས་ནས་ང་ཚོ་དམངས་གཙོའི་གཞུང་ཞིག་ཆགས་ཐུབ་གི་རེད།
འདི་ནི་ད་ལྟའི་དགྲ་བོ་རྒྱ་དམར་གཞུང་གི་སྲིད་ཅུས་དང་སྔོན་གྱིས་བོད་སྡེ་བ་གཞུང་གི་སྐུ་དྲེག་དེ་ཚོས་ན་ཚ་མུ་མཐུད་ནས་འདུག་ཡོད་པ་སྨོས་མ་དགོས་པ་ཞིག་རེད།
ཡང་ཁོ་ཚོས་ཟེར་བ་ལ།
བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཟེར་འདུག
ག་རེ་རེད་མི་འདི་སྔོན་ནས་བཀའ་བློན་ཁྲི་བ་བྱས་ཚར་མི་འདུག་གམ།
དེ་ལྟར་ཡིན་ན་ཁོས་དེ་སྔོན་བྱས་རྗེས་བརླབས་ཆེན་གང་བཞག་ཡོད་པ་རེད།
མི་དེ་སྔོན་མ་གང་ཡིན་ན་དེ་མ་རྟོག་རྗེས་མ་ཡང་དམིགས་བསལ་དོན་ཆེན་གང་ཡང་སྒྲུབ་མི་ཐུབ་པ་ཀུན་ཤེས་རེད།
དེ་བས་ང་ཚོ་བཙན་བྱོལ་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་བསམ་ཞུབ་མོས་ངང་ནས་མ་འོངས་བས་བཀའ་བློན་ཁྲི་བ་དེ་གཟབ་གཟབ་གནང་རོགས།
ད་ལེན་གྱིས་བཀའ་བློན་ཁྲི་བ་དེ་ནི་འགག་རྩ་ཆེན་པོ་ཞིག་ལ་ཐུག་ཡོད་པ་ཀུན་གྱིས་མཁྱེན་དགོས་འདུག
གང་ཡིན་ཟེར་ན་༧གོང་ས་མཆོག་ནི་ད་དགོང་གྲངས་ཡང་མཐོན་པོ་ཡིན་པ་དང་དེ་དང་འབྲེལ་རྒྱ་བོད་གཉིས་ཀྱིས་འབྲེལ་བ་དེ་དམིགས་བསལ་དང་ཛ་དྲག་ཅན་གྱི་གནས་ཚུལ་ཆེན་པོ་ཞིག་ལ་ཐུག་ནས་ཡོད་པ་ཀུན་གྱིས་ཤེས་དགོས་ཡོད།
དེ་ལྟར་ཡིན་ཙང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཟེར་བ་འདིས་སྔོན་བཀའ་བློན་སྐབས་སུ་རྒྱ་བོད་ཀྱིས་འབྲེལ་བ་དང་༧གོང་ས་མཆོག་ལ་ཞབས་ཕྱི་དམིགས་བསལ་འདི་བྱས་པ་རེད་ཟེར་བ་སོགས་གང་ཡང་ཐོས་མ་བྱུང་།
དྲ་གྲོགས་ཚོས་ཁྱེད་ཚོས་གང་ཡང་ཐོས་སོང་ངམ།
དེ་མིན་ཁོ་ག་རེ་བྱས་ནས་ཡང་སྐྱལ་འཇོག་དགོས་པ་རེད
༧གོང་ས་མཆོག་དང་ད་ལྟའི་བཀའ་བློན་ཁྲི་བ་གཉིས་ཀྱིས་མགྲིན་གཅིག་དུ་མ་འོང་བས་བཀའ་བློན་ཁྲི་བ་དེ་གཞོན་སྐྱེས་ཞིག་གལ་ཆེན་པོ་རེད་རྟག་དུ་གསུང་བཞིན་པ་ལ།
ག་རེ་བྱས་ནས་ཁོ་ཡང་སྐྱལ་བཀའ་བློན་བྱེད་དགོས་རེད།
ཨ་ཙེ་ཐབས་སྐྱོ་བོ་རེད་ངོ་མ་བོད་མི་རིགས་ལ་བསམ་བློ་ཞིག་གཏོང་མཁན་དེ་ངོ་མ་ནམ་མཁའི་པདམོ་་རེད་ཞག
ག་རེ་ཆོལ་ཁ་ཆོལ་ཁ་ཟེར་ནས་བཙན་དབང་གི་ས་ཡིག་རྒྱག་བཅུག་གི་ཡོད་པ་རེད།
དེ་ཚོའི་སྤྱི་ཚོགས་ལ་ནི་རྒྱ་དམར་གྱི་གསང་མྱུར་བ་རྟེན་རྟེན་ཡོད་ས་རེད།
སྐུ་ཚེ་རིང་ཐུགས་བསམ་ཡག་པོ་ཟིག་གཏང་རོགས་བྱས་ནས་ཕྱག་ལས་གནང་རོགས་ཞུ་ཞུ་ཞུ།
འོ་ཁང་གསར་རྡོ་རྗེ་ལགས།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སྐུ་དྲག་གི་རྒྱུད་པ་རེད་ཟེར་བ་རེད་ཟེར་བ་དེ་ཁོ་ཡི་མིང་ལ་བཀའ་ཟུར་ལབ་པ་དེ་ག་རེ་རེད་བཀའ་ཟུར་ཟེར་བ་དེ་ནི་སྐུ་དྲག་གི་མིང་ཐུན་མོངས་མ་ཡིན་པ་ཞིག་རེད།
དེས་ན་ཁྱེད་ཀྱིས་ང་ལ་བཀྲས་མཐོང་ཟེར་བ་དེ་ལ་འབྲེལ་བཤད་ཞིག་གནང་རོགས་ཞུ་བ་ཡིན།
ངས་ལྟས་ན་ཁོ་ལ་སྐུ་དྲག་གི་མིང་གཉིས་འདུག་བསམ་གི།
གཅིག་ནི་བཀྲས་མཐོང་ཟེར་བ་དེ་དང་གཉིས་པ་ནི་བཀའ་ཟུར་ཟེར་བ་དེ་གཉིས་རེད་བསམ་གི།
མ་གཞི་ནས་བཀའ་བློན་ཡིན་ན་སྐུ་དྲག་ཨེ་རེད་དེ་ལ་ཁྱེད་ཀྱིས་བསམ་བློ་གཏང་རོགས་ཞུ།
ངས་ཁོ་ལ་སྐུ་དྲག་གི་ན་ཚ་འདུག་ཟེར་བ་དེ་རྒྱུ་མཚན་མང་པོ་ཡོད་པས་ལབ་པ་ཡིན།
དེ་སྔོན་ཁོ་སྐུ་དྲག་བཀའ་བློན་ཡིན་པས་སྐབས་སུ་རྒྱ་བོད་གཉིས་ཀྱིས་བར་གྱི་འབྲེལ་བ་དང་༧གོང་ས་མཆོག་ལ་ཞབས་ཕྱི་དམིགས་བསལ་འདི་སྒྲུབ་པ་རེད་ཟེར་བས་ལོ་རྒྱུས་གང་ཡང་མེད་པ་མ་ཚད་གནས་ཚུལ་ཐབས་སྐྱོ་བོས་ལོ་རྒྱུས་གང་མང་ཞིག་མི་འདུག་གམ།
དེ་དང་འབྲེལ་ཁོ་ལ་སྔོན་མི་མང་གིས་གུས་ཞབས་དང་རེ་བ་དེ་ཁོས་གང་ཡང་སྒྲུབ་མ་ཐུབ་པར་ང་བཀའ་བློན་ཁྲི་བ་བྱས་མྱོང་བསམ་པའི་ང་རྒྱལ་རི་ཙམ་ཞིག་ཁོག་ལ་བཅང་ནས་ཡོད་པ་སྨོས་མ་དགོས།
དེ་ནས་ཁོས་མ་འོང་པར་ཡང་སྐྱལ་ང་བཀའ་བློན་རེད་པ་ཡིན་ན་མི་དམངས་གི་མཐོང་ཆེན་པོ་དང་གོ་སྐབས་ཕུན་སུམ་ཚོགས་པོ་མང་པོ་ཞིག་འོང་གི་རེད་བསམ་ནས་འདུག་ཡོད་པ་ཀུན་ཤེས་རེད།
ངའི་ཁོ་ལ་སྐུ་དྲག་གི་ན་ཚ་ཟེར་བ་དེ་དེ་འདྲ་གཅིག་ལ་ཟེར་གི་ཡོད།
དགོངས་པ་མ་འཚུམས་རོགས་གུས་མོ་དང་ཁོང་གཉིས་ཀྱིས་བར་ལ་མི་འགྲིག་པ་གང་ཡང་མེད་པ་མ་ཚད་ངའི་ཁོ་རང་མིག་གི་ཡང་མཐོང་མ་མྱོང་།
ཡིན་ན་འང་ལོ་རྒྱུས་མང་པོ་ཞིག་རྟེན་རྟེན་གསལ་བོ་གོ་བྱུང་།
དེ་ནི་བུ་མོ་ང་བོད་པ་ཞིག་ཡིན་པས་ཆ་ནས་ཞུབ་འཇུགས་ལ་རྩོན་པ་ཡིན།
ད་ལྟ་ང་ལ་མ་འོངས་བས་བཀའ་བློན་འདི་བྱེད་དགོས་བསམ་པ་ཁ་གསར་གང་ཡང་མེད།
བློ་བཟང་སེང་གེ་ཟེར་བ་དེ་ཡང་ག་འདྲ་ཡོད་མེད་ད་དུང་ཤེས་མ་སོང་།
ཨ་ལད། སྐུ་དྲག་ཡིན་མིན་གྱི་ས་མཚམས་དེ། བོད་གཞུང་གི་ལས་བཀའ་བློན་དང་བཀའ་ཁྲིའམ་གནད་ཡོད་གོ་གནས་བཟུང་མྱོང་བ་ཞིག་དང་། དེ་མིན་ན། ཁྱིམ་མིང་ཡོད་པ་ཞིག་ཡིན་ན་སྐུ་དྲག་ཡིན་ས་རེད་པ། ཁྱེད་རང་གི་བཤད་སྟངས་བྱས་ན། ང་ཡང་སྐུ་དྲག་རེད་འདུག ངའི་ཁྱིམ་མིང་ལ་སྟོད་ལུང་སྐྱར་པོ་རྩེ་ཁང་གསར་ཟེར། ཁང་གསར་གྱི་ཁྱིམ་མིང་ཡོད་ཙང་སྐུ་དྲག་ཆགས་པ་རེད། ཧ་ཧ། ད་དེ་ནས་ཨ་ལགས་འཇིགས་མེད་དང་ཨ་ལག་ཀིརྟི་རིན་པོ་ཆེ། ད་དུང་བཀའ་ཟུར་བཟོད་པ་རྒྱ་མཚོ། བཀའ་ཟུར་བཀྲ་ཤིས་དབང་འདུད། བཀའ་ཟུར་དབང་འདུད་རྡོ་རྗེ་སོགས་ཀྱང་སྐུ་དྲག་རེད་པ། གང་ཡིན་ཟེར་ན། ཁོང་ཚོ་བཀའ་ཟུར་རེད། འདུག་སེ་བརྩིས་ཕྱིན་ན། སྐུ་དྲག་གིས་བོད་མི་སྤྱིའི་བརྒྱ་ཆ་ ༢༥ ཉུང་མཐར་ཟིན་ས་རེད།
སྐྱེ་སའི་ཁྱིམ་ཚང་དེར་མིང་ཡོད་མེད་ཐོག་ནས་སྐུ་དྲག་ཡིན་མིན་བཤད་ན། བློ་བཟང་སེང་གེ་ཡང་སྐུ་དྲག་ཆགས་སྲིད། སྐུ་དྲག་གི་ས་མཚམས་དེ་འདྲ་ཞིག་ལ་བཞག་ན་ཡོང་ས་མ་རེད།
བོད་མི་ཚོར་དེ་རིང་དབུས་གཙང་རྒྱུན་ལས་ཀྱི་བྱས་སྟངས་འདིར་ལྟས་ན་དེ་སྔོན་སྐུ་དྲག་ང་ཕོད་གི་ཆིངས་དོན་ཚན་བཅུ་བདུན་བཞག་པ་དང་དེ་རིང་རང་བཙན་འདོད་མི་ཆོག་པའི་ས་ཡིག་རྒྱབ་པ་གཉིས་གོ་རིམ་ནོར་མེད་པ་འདྲ། ད་རུང་བཀའ་ཁྲིར་འོས་མི་སྐུ་དྲག་ཅིག་ལས་སྟོན་མི་འདུག།
ཁམས་དང་ཨ་མདོའི་བོད་མི་ཚོ་དེ་རིང་དབུས་གཙང་རྒྱུན་ལས་ཀྱི་བྱ་སྤྱོད་འདིར་གཟིགས་གལ་ཆེ་བ་གཉིས་ཡོད་པ་མཐོང་། ༡ ཆོལ་ཁའི་དམག་འཁྲུག་ལང་འདོད་ཡོད་པ། ༢ བོད་གཞུང་གི་བདག་དབང་དབུས་གཙང་ཆོལ་ཁའི་དབང་རྒྱུར་འདོད་པ་འདི་གཉིས་རེད།
ཚེ་རིང་སྒྲོན་མ་དང་ཁང་གསར་རྡོ་རྗེ་རྣམས་གཉིས་ལགས། སྐུ་དྲག་ཟེར་ན་བཀའ་བློན་ལང་ཡོད་མེད་མ་རེད་དཔེ་ན་མཁས་དབང་ཟང་གདོང་རིན་པོ་ཆེར་སྐུ་དྲག་ཞུ་མཁན་ཡོད་མ་རེད། དེ་བཞིན་བཀའ་ཟུར་རྒྱ་ལོ་དོན་འགྲུག་ལ་སྐུ་དྲག་ཅེས་འབོད་ཀྱི་མེད་པ་། སྐུ་དྲག་ཟེར་ན་དེ་སྔོན་ཀྱི་ལོ་རྒྱུས་ནང་མཁས་དབང་དགེ་ཆོས་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཀྱི་སྐབས་སུའང་བཙན་བཤད་མཁན་དཔོན་པོ་དེ་ཚོར་ཟེར་ཆོག། དེས་ན་འདི་དེ་སང་དམར་ཕྱོགས་རྒྱལ་ཁབ་ཁག་ནང་མ་རྟོགས་མེད་པ་འདྲ། འོན་ཀྱང་རྒྱུད་པ་ནི་ཡོད་མི་ཆོག་པ་མེད། དཔེ་ན་བཀྲས་མཐོང་ནི་སྐུ་དྲག་གི་ཁྱིམ་ཚང་ཅིག་གི་མིང་རེད་ལ་བསྟན་འཛིན་རྣམས་རྒྱལ་ནི་ཁོང་རང་གི་མིང་རེད།
ངའི་ཕའི་ཡུལ་མདོ་སྟོད་རེད་ ཨ་མའི་སྐྱེ་ཡུལ་མདོ་སྨད་རེད་ ཆུང་དུས་ནས་སྐྱེས་པའི་ཕ་མ་གཉིས་གྲོང་རྗེས་གསོས་པའི་ཕ་མའི་མཉམ་ད་ལྟ་ང་རང་དབུས་གཙང་ཁོངས་སུ་རྟོགས་ཡོད་ ངས་དབུས་གཙང་ཆོལ་ཁས་བཏོན་པའི་བཀའ་ཁྲིའི་འོས་གཞི་ལ་རྒྱབས་སྐྱོར་དང་མོས་མཐུན་རྩ་པ་ནས་མེད་ གང་ཡིན་ཟེར་ན་ དང་པོ་ བཀའ་ཟུར་བཀྲིས་དབང་འདུས་ལགས་ཟླ་བ་མང་པོའི་སྔོན་ནས་བཀའ་བློན་གྱི་འོས་གཞིའི་མིང་ཐོ་ནས་ཕྱིར་འཐེན་བྱས་ཟིན་བཞིན་དུ་ སླར་ཡང་དབུས་གཙང་ཆོལ་ཁས་འོས་གཞིའི་ནང་བཏོན་དགོས་རྒྱུ་ཚན་མིན་འདུག་ དབུས་གཙང་ཆོལ་ཁས་དེ་ཤེས་ཀྱི་མིད་པ་འདྲ་ གཉིས་པ་ སྐབས་གསུམ་པའི་བཀའ་ཁྲི་དེ་བཞིན་དྲག་འདེམས་དགོས་རྒྱུ་ཇི་ཙམ་གལ་ཆེན་ཡིན་བཞིན་དུ་སླར་ཡང་ བསྔར་གྱི་སྐུ་དྲག་རྙིང་པ་དང་ མི་རྙིང་པ་ ཀླད་པ་རྙིང་པ་ བཀའ་བློན་གྱི་གོ་སྐབས་ཐོབ་ཟིན་ནས་བྱ་བཞག་མཐོང་ཟིན་པ་ཤ་ཏག་ལས་ བསམ་བློ་གསར་པའམ་དེང་དུས་མི་རབ་ཅན་གྱི་འོས་མི་གསར་པ་ངོ་སྤྲོད་བྱེད་རྒྱུ་མིན་འདུག་ བལྟ་བ་ཁྲེག་ཞིང་སྲིད་བྱུས་རྙིང་བཟུང་གི་འགོ་འཁྲིད་དེ་འདྲའི་འོག་ང་ཚོའི་ལོ་ངོ་འགའ་ཞིག་ཆུད་བཟོས་གཏོང་མི་ཐུབ་ གསུམ་པ་ ཆོལ་ཁ་དབྱེ་མེད་ཟེར་ཡང་དབུས་གཙང་གི་འོས་དམིགས་ནང་མདོ་སྟོད་ཁོངས་ཀྱི་འོས་མི་གཅིག་ཀྱང་བཏོན་མིན་འདུག་ དེ་དྲང་པོ་མ་རེད་བློ་ཕམ་ཡོད་ ང་དང་ངའི་རོགས་པ་བརྒྱ་སྐོར་ཞིག་ལ་ལོ་རྗེས་མའི་ཕུལ་འབྱུང་གི་བཀའ་བློན་འོས་དམིགས་དེ་དབུས་གཙང་ཆོལ་ཁའི་ནང་དུ་མིན་འདུག་ ང་ཚོས་ནི་ཆོལ་གསུམ་དབྱེ་མེད་ཐོག་འབྱུང་གྱུར་བོད་སྤྱིའི་དོན་ལ་ཕན་ཐོག་ནུས་པ་ཆེ་ཤོས་འདོན་ཐུབ་ཁན་གྱི་འོས་མི་ཞིག་ཆོལ་གསུམ་གང་དུ་ཡོད་ཀྱང་རང་གི་འོས་ཤོག་དེ་བློ་འགྱུར་བ་མེད་པའི་ངང་ཁོང་ལ་འབུལ་རྒྱུའི་དམ་བཅའ་བརྟན་པོ་བཞག་ཟིན་ལ་འོས་མིའི་དམིགས་འཛུགས་ཡང་རྒྱབ་ཟིན་ ༧ གོང་ས་མཆོག་དང་ཁོང་གི་ལམ་བསྟོན་འོག་བོད་དོན་བདེན་པའི་ཐབས་བརྩོད་ལ་བཟང་ཕྱོགས་ཀྱི་འགྱུར་འགྲོས་ཡོང་བའི་རེ་བ་དང་ཡིད་མཆེས་ཞུ་།།
སྤྱིར་བཀའ་ཁྲིའི་འོས་གཞིར་རྩ་ཁྲིམས་ལས་གསལ་བ་ལྟར་ཚང་ན་སུ་ཡང་འོས་གཞིར་ཞུགས་ཆོག་པ་ཞིག་རེད། སྐུ་དྲག་ཚོ་བཀའ་ཁྲིར་ཞུགས་མི་ཆོག་ཟེར་ན་ལུགས་དང་མཐུན་པ་ཞིག་མ་རེད། གོང་དུ་སློབ་དཔོན་ནས། ཁམས་དང་ཨ་མདོའི་བོད་མི་ཚོར་དབུས་གཙང་ཆོལ་ཁའི་བཀའ་ཁྲིའི་འོས་གཞིར་སྟོན་པར་དོགས་ཟོན་བྱ་དགོས་པའི་ཉེན་བསྐུལ་བཏང་འདུག་པ་ནི་ཡ་ང་དགོས་པ་ཞིག་ཏུ་མཐོང་། ཨ་མདོ་བ་ཞིག་བཀའ་ཁྲིའི་འོས་མིར་སྟོན་ན། དབུས་གཙང་དང་ཁམས་པ་ཚོར་གཟབ་གཟབ་བྱོས་ཨ། ཨ་མདོ་བས་བོད་གཞུང་འཇུ་ས་རེད་ད། དེ་བཞིན་ཁམས་རིགས་ཞིག་བཀའ་ཁྲིའི་འོས་གཞིར་ཐོན་ན་ཨ་མདོ་བ་དང་དབུས་གཙང་བའི་བོད་མི་ཚོར་དེ་ལྟར་བཤད་སྡད་ན། འོ་ན་བཀའ་ཁྲི་སུ་ཞིག་སླེབས་དགོས་པ་རེད།
ཚེ་རིང་སྒྲོལ་མས་ཧ་ལས་མདོག་གིས་བསྟན་འཛིན་རྣམ་རྒྱལ་སྐུ་དྲག་ཡིན་པ་དང་། ཁོང་བཀའ་ཁྲིའི་སྐབས་གྲུབ་འབྲས་བྱུང་བ་མ་ཐོས་ཚུལ་བཤད་གིན་འདུག་སྟེ། དང་པོ་ཁོང་གི་སྐོར་ལ་གནས་ཚུལ་ལེགས་ཉེས་གཉིས་ཀ་ཤེས་པར་བྱས་ནས་བསམ་ཚུལ་སྟོན་ན་ཡ་རབས་རེད།
བོད་རང་བཙན་གྱི་ལྟ་བ་དོར་དགོས་པའི་བཙན་བཀའ་གཏོང་བཅུག་པ་དེ་བསམ་བློ་གཏོང་དགོས་པ་ཞིག་རེད།
བཀའ་ཁྲིའི་འོས་གཞིའི་སྐོར་བགྲོ་གླེང་གནང་དགོས་པ་རེད་དེ་གནང་སྟངས་ཡག་པོ་དགོས་རེད། ད་ལན་འདི་ཙམ་ཡིན།
བོད་མི་ཡོངས་ཀྱིས་ལགས་པ་ཡོད་པ་རེད་མ་འོངས་བའི་བཀའ་བློན་ཁྲི་བ་དེ།
དེ་ལ་ཆོལ་ཁའི་སྐད་ཆ་མ་ལབ་རོགས་སྐུ་ཚེ་རིང་།
དེ་དགོས་པ་མི་འདུག་ད་ལྟ་ཆོལ་ཁ་གལ་ཆེན་པོ་བུ་མོ་ངའི་མཐོང་གི་མི་འདུག
༧གོང་ས་མཆོག་གི་ཐུགས་དགོངས་དང་རྒྱ་བོད་གཉིས་ཀྱིས་མཐུན་ལམ་ལ་ཐུག་འདུག
སྐུ་ཚེ་རིང་ཁྱེད་ཤེས་ཡོན་ཅན་རྣམས་ཀྱིས་ཆོལ་ཁ་ཞེས་པའི་ཚིག་དེ་ཁུལ་མ་ཡོངས་རོགས་ཞུ་བ་ཡིན།
དྲིན་ཆེན་ཚོ།
རྗེས་མའི་བཀའ་བློན་ཁྲི་བ་དེ་སུ་ཡིན་རུང་བོད་གཞིས་བྱེས་ཀྱི་ཚབ་གནང་ཐུབ་མཁན་ཞིག་བྱུང་ན་དེས་འགྲིག་པ་རེད། སྐུ་དྲག་གི་རྒྱུད་པ་ཡིན་ན་ཡིན་་་མིན་ན་མིན་་་དེ་གནད་དོན་མ་རེད། ང་ཚོས་ཕྱོགས་སུ་མ་ལྷུང་བར་འོས་ཤོས་འཕེན་རྒྱུ་དེ་གཙོ་བོ་རེད་ལགས། ཆོལ་ཁ་དང་ཆོས་ལུགས་གླེང་ནས་ཡོང་རྒྱུ་ཡོད་ནི་མ་རེད་་་་དྲིན་ཆེན་ཚོ་་་་་་་དེ་ལས་སོ་སོས་འོས་ཤོག་གང་ལ་བླུགས་ན་རེ་བ་ཡོད་མེད་སྐོར་ལ་བསམ་བློ་གཏོང་རོགས་ཞུ།
དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་དམིགས་ཀྱི་ཆ་རྐྱེན་འདིའི་ཐོག་གསར་འགོད་རྣམས་ཀྱི་གསར་འགྱུར་སྤེལ་ཕྱོགས་ངོ་ནས་ཁྱད་པ་ཆེན་པོ་ཞིག་ཡོད་པ་མཐོང་གི་འདུག་
དེ་ཡང་དུས་བབ་དྲྭ་ཐོག་ཏུ་༼སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཐེངས་འདིར་དབུས་གཙང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་རྣམས་ལ། ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་བཅུག་ཡོད་ལ། ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་། རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་། གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན།༽འདི་འདྲ་ཞིག་གསུང་འདུག་ཀྱང་།
བོད་ཀྱི་བང་ཆེན་དྲྭ་ཐོག་ཏུ་༼ཟླ་འདིའི་ཚེས་༢༥ ཉིན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་ནས། བཀའ་བློན་ཁྲི་པའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མི་༢༠ གསལ་བསྒྲགས་གནང་བ་དང། སྤྱི་འཐུས་ཀྱི་འོས་མི་རྣམས་ལ་དབུས་གཙང་ཆོལ་ཁའི་སྒྲིག་གཞི་ལྟར། “ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དང། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་རྒྱུར་ངོས་ལེན་དགོས་པའི་”ཆ་ རྐྱེན་གཉིས་བཏོན་པ་དང། འོས་མི་ཉི་ཤུ་དེ་དག་གིས་ཆ་རྐྱེན་ལ་ཁས་ལེན་ཡོད་པའི་སྐོར་ཡིག་ཐོག་ནས་ཕུལ་ཡོད་ པ་རེད།༽འདི་འདྲ་ཞིག་གསུང་འདུག
དེ་གཉིས་གང་ལ་ཆ་འཛིན་བྱ་དགོས་སམ་ཁོ་བོས་དཔྱད་པ་བྱས་ན་དུས་བབ་དྲྭ་ཐོག་ནས་བཤད་པ་དེ་ལ་འུར་བཤད་ཞིག་འབྲེལ་མེད་དམ་མཉམ་གང་ལ་ཞེ་ན་ཆ་རྐྱེན་གཉིས་སྟོན་ཡོད་པ་གསལ་འདོན་བྱས་ཡོད་ཀྱང་ཆ་རྐྱེན་གསུམ་འདྲ་བ་ཞིག་བཟོས་ནས་ཡོད་པ་དེ་ཡིན།
དེ་ལྟར་ཡིན་མིན་དྲྭ་གྲོགས་ཡོངས་ནས་དཔྱད་པ་བྱ་དགོས་པ་ཞིག་ཡིན་པ་མ་ཟད་དབུས་གཙང་རྒྱུན་ལས་འགན་ཡོད་རྣམས་ནས་ཀྱང་ཁ་དྲགས་རན་སོང་།
སྤྱིར་ན་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཡིན་པ་ཤེས་བཞིན་དུ་རང་བཙན་གྱི་ལྟ་བ་འཁྱེར་མཁན་མིན་པའི་ས་ཡིག་རྒྱག་འཇུག་དང་རྒྱག་མཁན་གཉིས་ཀ་ཁྱད་མཚར་གྱི་མ་རེད་དམ་སུ་ལ་མགོ་བསྐོར་གཏོང་གི་ཡོད་དམ། དེ་ཚོ་དངོས་བདེན་ཡིན་ན་ཡག་པོ་མ་རེད་དེ་དག་ལ་འབྲེལ་ཡོད་ཁག་ནས་ཁ་གསལ་པོ་བཟོ་དགོས་པ་ནི་གལ་ཆེན་པོ་མཐོང་གི་འདུག
ས་ཡིག་རྒྱག་འཇུག་མཁན་དང་རྒྱག་མཁན་གཉིས་ཀར་ཁྱད་མཚར་ཞིག་མ་རེད་དམ། བཟོ་བཅོས་གནང་རོགས།
དབུས་གཙང་ཆོལ་ཁས་ཆོལ་ཁ་གཞན་གཉིས་ནས་བཀའ་ཁྲིའི་འོས་མི་རེ་གདམས་པ་དེ་ཀུན་སློང་སྐྱོན་ཅན་ཞིག་གི་འོག་ནས་ཡོང་ཡོད་མེད་མི་ཤེས་ཏེ། འོས་མི་དེ་གཉིས་སུ་ཡིན་ཡང་བཀྲས་མཐོང་བསྟན་རྣམ་དང་བསྡུར་ན་འོས་ཤོག་གི་རྒྱལ་ཁ་ཐོབ་མི་ཐུབ་པ་མ་ཟད་དངོས་གཞིའི་འོས་མིར་ཞུགས་རྒྱུ་མིན་པ་ཧ་ལམ་ཚོད་དཔག་ཐུབ་པ་ཞིག་རེད།
དངོས་གནས་བཀའ་ཁྲིའི་འོས་མི་རེ་ཆོལ་ཁ་དེ་གཉིས་ནས་དགོས་ཀྱི་ཡོད་ན་ཆ་རྐྱེན་ཚང་ཤོས་གཉིས་ནི་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་ཡིན། དེ་གཉིས་སུ་ཡིན་ཡང་ཤེས་འཇོན་ལྷག་བསམ་དང་ན་ཚོད་གང་བཅས་ཆ་ནས་ཆ་རྐྱེན་ཚང་ཤོས་ཀྱི་མདོ་སྟོད་སྨད་ཀྱི་འོས་མི་གཉིས་ཡིན།
དེའི་ཕྱིར་མི་མང་བློ་གཟུ་བོར་གནས་པ་ཀུན་གྱིས་མི་སྣ་འདི་གཉིས་བཀའ་ཁྲིའི་འོས་གཞིར་བླུག་ན་འོས་འཚམས་ཡིན།
བཀའ་ཟུར་ཚོའི་ནང་ནས་གཅིག་གདམ་དགོས་ན་བསྟན་འཛིན་རྣམ་རྒྱལ་འཚམས་ཤོས་ཡིན་པར་སེམས། གང་ཡིན་ཟེར་ན་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་ཤེས་ཡོན་མི་དམན་པ་ཡོད་པ་དང་གཅིག། ང་ཚོའི་བཙན་ཤོལ་གཞུང་གི་མགོ་འཇུག་བར་གསུམ་ལ་རྒྱུས་མངའ་ཆེ་བ་དང་གཉིས། ད་ལྟ་ཡང་སྐྱར་བཀའ་ཁྲིའི་མགན་ཁུར་འདོད་གྱི་ལྷག་བསམ་དང་སྙིང་སྟོབས་ཡོད་པ་བཅས་ཡིན། ཁོང་གི་ འདས་པའི་ལོ་རྒྱས་ནང་གཞུང་དངུལ་འབུམ་དགུའི་བཤད་པ་རེ་ཡོད་ཀྱང་དེ་ནི་དྲང་བདེན་མིན་པ་བོད་གཞུང་གྲོས་ཚོགས་ནས་བདེན་དཔང་བྱས་ཡོད། གལ་དེ་༧གོང་ས་མཆོག་དང་ཟམ་གདོང་བླ་མ་སོགས་སློབ་སྟོན་ཞུ་ཡུལ་ཞལ་བཞུགས་སྐབས་མི་རབས་གསར་བར་ཉམས་མྱོང་བསོགས་པར་གལ་ཆེན་དུ་བསམ་ན་བློ་བཟང་སེངྒེ་ལྟ་བུ་བཀའ་ཁྲིར་འོས་པར་སེམས།
ངས་བཀའ་ཁྲིའི་འོས་གཞིར་མི་གསུམ་བཞི་ཞིག་བྱུང་ན་ཡག་པོ་ཡོད་རེད། དེ་དག་སྔོན་འགྲོའི་འོས་ཤོག་ནང་ནས་འབུར་ཐོན་བྱུང་རྗེས། རང་རང་གི་སྲིད་བྱུས་དང་བསམ་ཚུལ་རྣམས་མང་ཚོགས་ལ་བཤད། མང་ཚོགས་ཀྱིས་དྲི་བ་དྲིས། དེ་འདྲའི་ཐོག་ནས་མི་དྲག་ཤོས་ཤིག་འདེམས་དགོས། དེ་མིན་ད་ལྟ་ནས་མི་གཅིག་རང་འབུར་དུ་ཐོན་ཐབས་བྱས་ན་ཡག་པོ་ཡོང་གི་མ་རེད།
ཁང་གསར་གྱིས་བཤད་པ་ལྟར་འོས་གཞི་ཉུང་མཐར་བཞི་ལྔ་ཞིག་ཡོད་དགོས་ན།
༡ བཀྲས་མཐོང་བསྟན་རྣམ།
༢ ཚོགས་གཙོ་སྤེན་པ་ཚེ་རིང་།
༣ བློ་བཟང་སེང་གེ།
༤ རྒྱ་རི་བློ་གྲོས་རྒྱལ་མཚན་བཅས་
སྔོན་འགྲོའི་འོས་གཞིར་སླེབས་ཐུབ་པ་བྱས་ནས་དངོས་གཞིའི་འོས་བསྡུའི་དུས་ཚོད་མ་སླེབས་གོང་། ཁོང་རྣམ་པར་སོ་སོས་མ་འོངས་པའི་བཀའ་ཁྲིའི་ལས་འགན་ཁུར་ཕྱོགས་གསལ་བཤད་ཀྱིས་མཚོན་མི་མང་དང་ལྷན་དུ་བགྲོ་གླེང་སྦྱངས་བཤད་མཐིལ་ཕྱིན་བྱེད་བཅུག་དགོས། མ་ཟད་མི་རེ་ངོ་རེའི་ལོ་རྒྱུས་ཀྱང་འོས་བླུགས་མཁན་རྒྱ་ཆེའི་མི་མང་ལ་ཤེས་རྟོགས་གསལ་བོར་ཡོང་བ་བྱ་དགོས།
ཁང་གསར་རྡོ་རྗེ་ལགས། ཁྱེད་ཀྱི་༼དེ་མིན་ད་ལྟ་ནས་མི་གཅིག་རང་འབུར་དུ་ཐོན་ཐབས་བྱས་ན་ཡག་པོ་ཡོང་གི་མ་རེད༽ཟེར་བ་འདིར་རྒྱབ་སྐྱོར་ཡོད། འོན་ཀྱང་ཁོང་ཚོའི་སྤྱི་སེམས་འཁྱེར་ནས་འོས་མིར་སྟོན་པ་མ་རེད། མི་འབོར་ལ་དཔག་པའི་ནུས་ཤུགས་ངོམ་ཡ་རེད། བདེན་མིན་ཁྱེད་ཀྱི་གཟིགས་ན་འགྲིག།
བཀྲས་མཐོང་བསྟན་རྣམ་ཞེད་ས་བློ་བཟང་སེང་གེ་དང་། བློ་བཟང་སེང་གེ་ཞེད་ས་དེ་བཀྲས་མཐོང་ཆགས་ཡོད་རེད།
བཀྲས་མཐོང་གི་བསམ་པར་་དེ་སྔོན་བློ་སེང་ཨ་རི་གཞུང་གིས་བོད་གཞུང་ལ་སྤྲད་པའི་སློབ་ཡོན་རོགས་རམ་འོག་སློབ་གཉེར་གྲུབ་རྗེས་ཕར་ལོག་བྱས་མེད་པ་དེའི་ཐད་འོས་འོག་བླུག་མཁན་ནས་མཁྱེན་རྟོགས་ཡོང་རེ་དང་།
བློ་སེང་ནས་བཀྲས་མཐོང་ལགས་འདས་བའི་དུས་བཀའ་བློན་ལས་འཁུར་སྐབས་ཧིན་སྒོར་འབུམ་གཅིག་གི་གླེང་རྙོག་ཡོད་པ་དེ་སྤྱི་ཚོགས་ནང་ཡང་བསྐྱར་རོ་ལངས་བརྒྱབ་ཆོག་བསམ་ནས་སྒུག་ཡོད་རེད།
བཀའ་བློན་ཁྲི་པ་ཆོལ་གསུམ་གང་གི་ཁུངས་ནས་ཡོང་ན་ཁྱད་པར་མེད། གང་ལྟར་བོད་པ་ནི་རེད་གཙོ་ཆེ་བ་ནི་བོད་རང་གི་རིགས་གཞུང་ལ་གོ་རྟོགས་ཟབ་པ་རྒྱ་ཆེ་པ་ཞིག་དགོས་ངེས་དང་དེ་ལ་ཆེ་མཐོང་ཚད་མཐོ་པོ་ཞིག་ཡོད་དགོས། ཁྲི་ཟུར་དང་མཁས་དབང་ཡིན་པ་ཙམ་གྱིས་ཁྲི་པ་ཡོང་དགོས་དོན་ལྷག་པར་མེད་ཁྲི་ཟུར་ཡིན་པ་་ཙམ་གྱི་ང་ཚོས་བགྲང་འོས་པའི་བྱས་རྗེས་རླབས་པོ་ཞིག་མ་མཐོང་ལ་མཁས་དབང་ཡིན་པ་ཙམ་ཀྱིས་བོད་ཀྱི་རིགས་གཞུང་ལ་གོ་རྟོགས་ཟབ་པོ་ཞིག་ཡོད་པ་གྲགས་ཚད་མི་འདུག ངེས་པར་ཏུ་རྒྱ་བོད་པར་གྱི་གནད་དོན་ཐག་གཅོད་བྱེད་པ་ཕྱོགས་གཉིས་ཀྱི་གནས་བབས་ལ་ཚད་མཐོའི་རྒྱུས་མངའ་ཡོད་པ་ཞིག་དགོས།
ང་རང་ཆོལ་ཁོང་མདོ་སྨད་ཡིན་། ཡིན་ནའང་སོ་སོས་གདམ་འདོད་པའི་བཀའ་བློན་ཁྲི་བ་མཆོག ། བློ་བཟང་སངྒེ་། བཀྲས་མཐོང་ལྷ་སྒྲོན་། རྒྱ་རི་སྒྲོལ་མ་། འདི་ང་རང་གི་འོས་མི་ཡིན་།
དྲ་གྲོགས་རྣམ་པ་ཚོ་དང་མཉམ་དུ་ཚིག་འགའ་བཤད་འདོད་ཡོད་ཀི།
སྤྱིར་བཙན་བྱོལ་བོད་གཞུང་ཆུང་ཆུང་རེད་འོན་ཀྱང་ཡང་དག་པའི་དབུ་ཁྲིད་ཚད་ལྡན་ཡོད་པས་ཆ་ནས་ད་ལྟའི་བར་ང་ཚོའི་ཚོད་ཀྱི་ལམ་ལུགས་འཐུས་ཚང་ལྟ་བུ་ཞིག་ཡོད། དེ་ནི་༸གོང་ས་མཆོག་གི་ཐུགས་རྗེ་ལས་བྱུང་བ་ཡིན།
བཀའ་ཁྲི་མི་མང་གིས་འདེམས་པའི་ལམ་སྲོལ་ཚུགས་པ་ནས་བཟུང་བཀའ་ཁྲིས་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཆབ་སྲིད་ཀྱི་ཐུགས་འགན་ཁུར་དགོས་ཀྱི་ཡོད། དེར་བརྟེན་ཆེས་མཐོའི་ཆབ་སྲིད་ཀྱི་འགན་ཁུར་མཁན་དེ་སོ་སོའི་སྤྱི་ཚོགས་ཁྲོད་ནས་གོམ་པ་རིམ་བགྲོད་ཀྱིས་ཞབས་ཕྱི་དང་ཉམས་མྱོང་བསོགས་དགོས་པ་ལས་བྱེད་འདོད་ཚེ་བྱ་བབ་པ་ལྟར་བཀའ་ཁྲིའི་གོ་གནས་སུ་ཞུགས་པ་ངའི་བློར་བབས་མ་སོང།
བཙན་བྱོལ་ཁྲོད་ནས་མི་མང་བོ་ཞིག་གིས་བློ་བཟང་སེང་གེ་བཀའ་ཁྲིར་འོས་པའི་སྐོར་བརྗོད་ཀྱི་འདུག ཁོང་ཚོས་བློ་བཟང་སེང་གེ་བཀའ་ཁྲིར་འོས་པའི་རྒྱུ་མཚན་བརྗོད་སྐབས་ཁོང་ལ་ཁྲིམས་ལུགས་ཀྱི་ཤེས་ཚད་ངེས་ཅན་ཡོད་པ་དང་ཚད་མཐོའི་ལག་འཁྱེར་ཞིག་ཡོད་པ་དེ་རེད། དེ་ཙམ་གྱི་ང་ཚོའི་ཆེ་མཐོའི་དབུ་ཁྲིད་དེ་ཁོང་འཇོག་ཐུབ་བམ།
བློ་བཟང་སེང་གེའི་ལྷག་བསམ་གྱི་ཆ་ངས་བརྗོད་མི་ཤེས། གང་ལྟར་དེ་སྔ་ཁོང་གིས་བཙན་བྱོལ་བོད་གཞུང་གི་ལས་སྣེར་གཏོགས་པའི་བྱ་བ་གང་ཞིག་སྒྲུབ་ཡོད། བཙན་བྱོལ་གཞུང་ངོས་ནས་བཏང་བའི་ཨ་རི་སོགས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་རྒྱུའི་གོ་ཐོབ་མཁན་གྱི་སློབ་མ་དེ་དག་སློབ་ལོ་རྫོགས་མཚམས་ཚུར་འོང་ནས་རང་གཞུང་ལ་ཞབས་ཕྱི་མ་མཐའ་ལོ་གཉིས་ཙམ་ཞུས་དགོས་པའི་ལམ་ལུགས་ཡོད་བཞིན་དུ་ཚུར་མ་ཡོང་བར་ད་ལྟ་བར་ཨ་རིར་བསྡད་པ་རེད། གལ་སྲིད་ཁོང་ལ་བཀའ་ཁྲིའི་ལས་གནས་ཐོབ་ན་ལེན་འདོད་པ་རེད་དམ། གལ་ཏེ་ཡོད་སོང་ན་དེས་ཁོང་གིས་བཀའ་ཁྲི་མ་གཏོགས་ལས་གནས་གཞན་ཁུར་འདོད་མེད་པ་བསྟན་པ་མ་རེད་དམ། དེ་ལྟར་ཡིན་ན་ཁོང་གི་ལྷག་བསམ་སོགས་ལའང་བསམ་བློ་གཏོང་ས་འདུག
ངས་བསམ་ན། བཀའ་ཁྲི་ནི་ང་ཚོ་ཆེས་མཐོའི་དབུ་ཁྲིད་ཡིན་པས་དེ་ལ་ཆ་རྐྱེན་མང་བོ་ཚང་དགོས།
གཞི་རྩའི་ཆ་རྐྱེན། ༡ ཤེས་ཡོན། ༢ ལྷག་བསམ། ༣ མི་གཤིས། ༤ བྱ་བ་སྒྲུབ་འདོད་ཀྱི་འདུན་པ་ཡོད་པ།
ཆ་རྐྱེན་གཉིས་པ། དེ་སྔར་རང་རིགས་སྤྱི་ཚོགས་ཁྲོད་དུ་ལོ་མང་རིང་བྱ་བ་བསྒྲུབ་མྱོང་བ། སྐབས་དེའི་བྱས་རྗེས་སོགས་གང་དང་གང་ཡོད་པ། དེའི་རིང་གི་ལོ་རྒྱུས་ལས་བཀའ་ཁྲིར་འོས་པའི་རྟགས་མཚན་སྟོན་དགོས།
དེ་མིན་བཀའ་ཁྲི་དེ་ཉམ་ཆུང་གི་སྐྱབས་བཅོལ་གཞུང་དང་སྐྱིད་སྡུག་མཉམ་མྱོང་མ་བྱས་པར་རང་མགོ་ཆོད་པ་ནས་ས་གང་སྐྱིད་དང་ལས་གང་བསམ་གཉེར་ནས་མཐར་བྱ་རྡོ་ཐོག་ཏུ་བབ་བབ་བྱས་ཡོང་ན། ལོ་མང་རིམ་རང་གཞུང་དུ་ལས་གཉེར་མཁན་དག་གི་སེམས་སུ་ཕོགས་སྲིད་པ་ཞིག་རེད། འཛམ་གླིང་གི་སྤྱི་ཚོགས་གང་དུ་བལྟས་ཀྱང་ཆེས་མཐོའི་དབུ་ཁྲིད་དེ་བྱ་བ་གཞན་ནས་བསྒྲུབས་འགོ་པ་ཚུར་འོང་ནས་བྱས་པ་མེད་པ་འདྲ། གང་ལྟར་ང་ཚོས་དེ་འདྲ་ཞིག་འདེམས་པ་ཡིན་ན་རྗེས་ཕྱོགས་བག་ཆགས་ངན་པ་ཞིག་འཇོག་སྲིད་པར་དོགས་ནས་མཆན་འདི་བཏགས་པ་ལས་ཀུན་སློང་གཞན་མེད།
བཀའ་ཁྲི་དེ་སློབ་གྲྭ་ཞིག་གི་སློབ་སྤྱི་དང་མི་འདྲ་ཕྱོགས་མང་བོ་ནས་གླེང་མཁན་ཚོས་བསམ་བློ་བཏང་དགོས།
གལ་ཏེ་བློ་བཟང་སེང་གེ་ལགས་ལ་བཀའ་ཁྲི་བྱེད་འདོད་ཡོད་ན་བཙན་བྱོལ་གཞུང་གི་ལས་བྱེད་དཀྱིས་མའི་ལས་གནས་ལ་ཞུགས་རོགས། ད་དུང་ལོ་ན་ཆུང་བའི་གོ་སྐབས་མང།
སྤྱིར་ང་ན་གཞོན་ཤེས་ཡོན་པ་བློ་བཟང་སེང་གེ་ལགས་ལ་གུས་འདུད་དགའ་ཞེན་ཡོད་རུང་འདིར་ལྟར་བཀའ་ཁྲིར་ཞུགས་པ་བློར་འབབ་ཀྱི་མི་འདུག
ཤེས་ཡོན་ ལྗོན་ཐང་ སེམས་ཤུགས་ཐོག་བོད་མི་རིགས་ཀྱི་ལར་རྒྱ་ཆེ་ཞིང་
བོད་དོན་ཐབས་བརྩོད་ཀྱི་ལས་མགུལ་ལ་འཁུར་བརྩོན་ཉམས་མྱོང་ཆེ་བ་
༧ གོང་ས་མཆོག་གི་བཀའ་དགོངས་ལ་བརྩི་སྲུང་དངས་ལེན་ཞུ་བ་
རྒྱལ་སྤྱིའི་ཁྲིམས་དང་སྲིད་དོན་ལ་མཁས་པ་
སྐད་ཡིག་དུ་མའི་ནང་འཆད་བརྩོད་རྩོམ་གསུམ་ལ་ཐོག་པ་མེད་པ་
དུས་རབས་ཉེར་གཅིག་པའི་འཛམ་གླིང་འགྱུར་འགྲོས་དང་མཐུན་པའི་གསར་གཏོད་ཀྱི་བསམ་བློ་ཕྱུག་པ་
ཕྱི་ནང་མི་རིགས་ཀུན་ལ་མཐུན་ལམ་མཛའ་འབྲེལ་ཆེ་བ་
གཟུགས་བཟང་ ཡིད་འོངས་བརྗིད་ཉམས་ལྡན་པའི་མ་འོང་བཀའ་བློན་ཁྲི་པ་དེ་ མཁས་དབང་བློ་བཟང་སེངྒེ་ལགས་རེད་ རྒྱ་བཤད་རུང་ སྟོང་བཤད་རུང་ བཙན་བྱོལ་སྤྱི་ཚོགས་སྦར་མོ་གང་གི་བཀའ་བློན་འོས་མིའི་ནང་ནས་ལེགས་པའི་ཆའམ་ ཡོན་ཏན་མང་ཤོས་ཚང་བསྡད་ཁན་དང་བཀའ་བློན་ཁྲི་པ་འོས་ཤོས་དེ་ མཁས་དབང་བློ་བཟང་སེངྒེ་ལགས་རེད་ བྱས་རྗེས་ལོ་རྒྱུས་རྒྱས་པ་ཤེས་འདོད་ན་དྲ་རྒྱའི་ནང་གཟིགས་ མཐོང་འདོད་པའམ་ ཁོང་ལ་ཉན་འདོད་ན་ ཡུའུ་ཀྲུབ་ནང་གཟིགས་ ང་ཡི་བཀའ་ཁྲི་བློ་བཟང་སེངྒེ་ལགས་ཡིན་ བློ་བཟང་སེངྒེ་ལགས་བོད་ཀྱི་ཨོ་བྷ་མ་ཡིན་ ཁོང་ལས་ཆེ་བའི་རེ་བ་གཞན་ལ་མེད་།
ཁ་བརྡའི་དགེ་བསྐོས་ཚོ་གཟིམ་ཁུག་བཞུགས་ཡོད་དམ།
མཆན་གོང་མ་དེ་མ་བསུབ་ན་འདིའི་ལན་གྱི་མཆན་ཡང་མ་བསུབ་རོགས།
དབུས་གཙང་ཆོལ་ཁས་བཀའ་ཁྲིའི་འོས་གཞི་བཀྲས་ཐོངས་རྣམ་རྒྱལ་ལགས་སྒྲགས་པར་དགག་བྱ་ཅི་ཡང་མེད། དེ་ནི་མང་གཙོའི་རྒྱལ་ཁབ་ཀྱི་ལོངས་སུ་སྤྱད་འོས་པའི་ཐོབ་ཐང་ཞིག་ཀྱང་ཡིན། ཡིན་ཡང་ངས་བསམ་པར་དེ་ལས་གལ་འགངས་ཆེ་བ་ཞིག་ནི་སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་འདེམས་རྒྱུ་དེ་རེད་སྙམ། སྔར་ལོའི་སྤྱི་འཐུས་ཚོགས་བསྡུ་ཆེན་མོའི་ནང་དབུས་གཙང་སྤྱི་འཐུས་རྒན་འགྲས་འགས་དོན་མེད་རྙོག་གླེང་དང་། ཚོགས་གཙོ་རིན་པོ་ཆེ་མཆོག་ལ་བརྩི་བཀུར་མེད་པར་དབུས་པའི་མི་སེར་མང་པོ་ཐུགས་ཕམ་དུ་བཅུག་ཡོད། སོང་ཙང་། ངས་བསམ་ན་ངེད་ཅག་དབུས་པ་ཡོང་ནས་རང་གི་འདེམས་པའི་སྤྱི་འཐུས་དག་གཞོན་ནུ་ལྷག་བསམ་དང་ཤེས་ཡོན་ཅན་མང་ཙམ་འདེམས་དགོས་པ་ལས། རྒན་འགྲས་སྐྲ་དཀར་སྤྱོད་ངན་དེ་དག་འདེམས་མི་རུང་ཞེས་སྐུལ་མ་ཞུ་འདོད་བྱུང། བསམ་བློ་ངེས་པར་བཏང་རོགས།
ཀ་ཡེ་དྲ་གྲོགས་ཚོ་གཟིགས དང་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དབུས་གཙང་སྤྱི་འཐུས་ཀྱི་སྔོ་འགྲོ་ཆ་རྐྱེན་དགོས་ཟེར་དེ་ལ་ཚོར་གནང་གང་བྱུང་ཕྲན་ལ་གསུངས་རོགས་གནང་དང་།
རྒྱ་གཞུང་ནས་རང་རྒྱལ་ལ་དགའ་ཞེན་ཟེར་བ་སོགས་ལས་བོད་རང་བཙན་ལྟ་བ་མི་འཁྱེར་མཁན་ཟེར་བའི་ཆ་རྐྱེན་སྟོན་མྱོང་མེད། དོན་དངོས་ཐོག་བོད་རིགས་སྤྱི་ཚོགས་ནང་༼བོད་རང་བཙན་ལྟ་བ་མི་འཁྱེར་མཁན༽ཟེར་བའི་ཆ་རྐྱེན་སྟོན་སྟངས་འདི་རྒྱ་ནག་དམར་པོའི་མེ་འདས་ཁ་ལ་ལང་ཏེ་བོད་རང་བཙནཅེས་འབོད་མཁན་གཞིས་བཞུགས་བོད་རིགས་དཔའ་བོ་རྣམས་ལ་ངོ་རྒོར་དང་རྒྱ་ནག་སྲིད་གཞུང་ལ་རྒྱབ་སྐྱོར་ལྟ་བུ་ཆགས་སོང་།
བོད་རང་བཙན་མི་རྩོད་པའི་བཀའ་ཁྲི་ཞིག་བཞག་ན། བོད་རང་བཙན་ཆེད་དུ་རང་སྲོག་བློས་བཏང་བའི་བོད་མི་དཔའ་བོ་དཔའ་མོ་སོགས་རྣམ་ཤེས་རྣམས་ཀྱིས་དུས་ནམ་ཡང་བཀའ་ཁྲི་དེ་ཁེས་ལེན་བྱེད་མི་སྲིད།
མཆན་ ༤༣ པ་ཇ་མས་ཡག་པོ་བཤད་འདུག་
༤༤ པ་ཚེ་སྒྲོན་དང་ཇ་མའིི་བརྗོད་གཞི་གཅིག་པ་རེད་དེ་བརྗོད་སྟངས་ཡག་ཉེས་ཀྱིས་ཇ་མས་བཤད་པ་དེ་མར་བཞིན་འཇམ་ལ། ཚེ་སྒྲོན་གྱི་དེ་ཚེར་མ་རྩུབ་པ་ཞིག་འདུག ཤེས་ན་འདི་ཡང་ཁ་བརྡ་ནང་ནས་ཐོབ་པའི་སློབ་སྦྱོང་ཞིག་རེད།
ཚེ་རིང་ལགས། དེང་དུས་ཁྱེད་ཀྱི་མཆན་བུ་མང་པོ་ཞིག་མིག་ལམ་དུ་མཐོན་གིན་འདུག་པས་དགའ་བསུ་ཡོད།
ཡིན་ནའང་ཁྱེད་ཀྱིས་རང་གི་དྲན་ཚད་དེ་བྲིས་གི་ཡོད་པའི་ཚོར་སྣང་བྱུང་། དྲན་ཚད་བཤད་པ་དེ་སྨྲ་་བརྗོད་རང་དབང་དུ་འདོད་མཁན་མང་པོ་ཡོད་རེད་དེ་དོན་དོན་དངོས་སུ་སྨྲ་བརྗོད་རང་དབང་ཟེར་བ་དེ་འགན་ཁུར་ནས་བཤད་དགོས་པ་རེད།
བུ་མོ་ལགས། གོང་དུ་ངས་བཤད་མ་ཤེས་པ་ཡོད་ནའང་རང་གི་ཉན་ཤེས་པའི་རེ་བ་ཡོད།
ཨོ་ལེ། ཞུ་མོ་ལོ་ལོ་།
འདང་རྒྱོབ་ནས་ཤོད་། གོང་གི་མཆན་༤༤་པའི་ནང་ ཆོལ་ཁར་དབྱེ་ནས་བྲིས་བ་དེ་སྐོར་གཟབ་ན་ཡག་། ད་དུང་བཀྲས་མཐོང་གཞོན་ནུ་ཐོག་མར་དབུ་འཛུགས་གནང་མཁན་གཙོ་བ་ཞིག་ཡིན་པ་དེ་ཡང་ལ་འདང་རེ་རྒྱབ་ནས་ཤོད་།
བོད་རང་བཙན་རྩོད་མི་ཆོག་ཟེར་བ་རྒྱ་དམར་གྱི་བཀའ་རེད།
ངས་བཀྲས་མཐོང་ལ་འོས་མི་བླུག་ཐག་ཆོད་ཡིན། བོད་རང་བཙན་མི་དགོས་ཟེར་ནས་ས་ཡིག་བརྒྱག་མཁན་ཞིག་འདམ་པ་ཡིན་ན་ངའི་རྩ་བའི་དམ་བཅའ་དང་འགལ་བ་རེད།
དབུས་གཙང་གི་སྐད་ཆ་འདི་ཚོ་སྔོན་མ་རྒྱ་མི་གཅིག་པོས་བཤད་པ་རེད། ད་ལྟ་བོད་མི་ཚོས་ཀྱང་སྐད་ཆ་དེ་བཤད་ཡོང་གི་འདུག
ད་དུང་ཁ་སྣོན་ཞིག་རྒྱག། རང་བཙན་དང་རང་སྐྱོང་རྩོད་མི་རྩོད་བཀའ་ཁྲི་ལ་དབང་ཤུག་ཡོད་པ་ཞིག་མ་རེད་བསམ། དེ་དམང་གཙོའི་ལམ་ནས་ང་ཚོའི་འདེམ་དགོས་བ་ཞིག་ཡིན་པར་འདོད་། ད་ལྟའི་ཆར་ང་ཚོའི་བཙན་བྱོལ་གཞུང་དེ་མང་མུས་འོས་འདེམས་ཀྱི་དབུ་མས་ལམ་གཙོ་བཟུང་ཐོག་འགྲོ་གི་ཡོད་པ་ཞིག་ཡིན་ལ་དེ་རྩ་ཁྲིམས་ཀྱི་གཏན་ལ་ཕབས་ཡོད་པས་། བཀའ་ཁྲི་མི་གཅིག་གིས་འགྱུར་བ་གཏོང་ཆོག་ཆོག་ཞིག་མ་རེད་།
ཨ་ཁུ་ཇ་མ་ལ་ཁ་བརྡ་ཞིག་བཤད་འདོད་བྱུང་། བོད་ནང་དུ་རང་སྲོག་བློས་བཏང་པས་དཔའ་བོ་དཔའ་མོ་རྣམས་ཀྱི་དམིག་འདུན་དེ་འདི་རེད་ཞེས་མཐའ་གཅིག་དུ་ཐག་གཅོད་པ་འམ་། ཡང་ན་རང་ཉིད་ཀྱི་འདོད་ཕྱོགས་བསྒྲུབས་བྱེད་དུ་ལེན་པ་ནི་། ཅུང་ཙམ་ཐལ་དྲག་པ་མིན་ནོ། ས་བྱི་ལོའི་ཡར་ལང་སྐོར་ཞིག་གི་ནང་་་ རྒྱ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་སམ།་་ ཞེས་སྐད་འབོད་གནང་མཁན་དེར་ལྟས་ནས་བསམ་བློ་ཞིག་གཏོང་དང་།
དྲ་གྲོགས་ཁ་ཤས་ཀྱིས་དགག་སྒྲུབ་མ་བྱས་གོང་དེ་བཤད་མཁན་སུ་རེད་བལྟས། དེ་རྗེས་དགག་སྒྲུབ་གནང་གིན་ཡོད་པའི་ཟོལ་ཞིག་འདུག
༧གོང་མཆོག་གིས་རྒྱ་བོད་གཉིས་སྨན་གྱི་དབུ་མའི་ལམ། ཆེས་མཐོའམ་ཚད་མཐོའི་རང་སྐྱོང་ལྗོངས། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་མི་འགལ་བའི་ཐོག་བོད་དོན་རྩོད་གནང་གིན་ཡོད་མ་རེད་དམ། དོན་ལ་བོད་རང་བཙན་གྱི་ལྟ་བ་དོར་གནང་མཛད་པ་མ་རེད་དམ། ད་དུང་༧གོང་ས་མཆོག་གིས་རང་བཙན་རྩོད་གནང་གི་ཡོད་རེད་ཟེར་ན་དངོས་གནས་རྒྱ་མིས་དུས་དང་དུས་སུ་༧གོང་ས་མཆོག་གི་རང་བཙན་གྱི་ལྟ་བ་དོར་མེད་པའི་བསྙོན་འཛུགས་བྱེད་པ་ཨ་ན་མ་ན་རེད།
དེ་གཅིག་ཡིན།
ལོ་བཅུ་གྲངས་ཞིག་གི་གོང་དུ་རང་བཙན། ལམ་དབུ་མ། བདེན་པའི་ཨུ་ཚུགས། ༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཅེས་བཞི་ལས་བཙན་བྱོལ་བོད་མིས་མང་མོས་ཀྱིས་ཕྱི་མ་འདིའི་ཐོག་སྣག་ཚ་སྔོན་པོས་རྟགས་རྒྱབ་པ་མ་རེད་དམ།
ལོ་གསུམ་གོང་རྡ་སར་བཙན་བྱོལ་བོད་གཞུང་གི་མཛད་གཙོ་གཙོས་བཙན་བཙན་བྱོལ་ནང་འདས་པའི་ལོ་རྒྱུས་ནང་གི་ཚོགས་པ་ཆེ་ཤོས་དེ་ཚོགས་ནས་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལམ་དབུ་མ་འདི་ཉིད་འོས་སོ་ཞེས་མང་མོས་ཐག་གཅོད་བྱུང་བ་མརེད་དམ།
དེ་ཡིན་དུས་རང་བཙན་ལྟ་བ་དེ་བཙན་བྱོལ་ནང་མང་མོས་ནས་དོར་བ་རེད་དེ་གང་ཟག་གི་ངོས་ནས་རང་དབང་ཡིན་སྟབས་སུ་ཞིག་གིས་འདི་བྱོས་དང་མ་བྱོས་བཤད་ག་ལ་ཐུབ།
ཁ་སྟངས་མ་ཆེ་བར་འདས་པའི་ལོ་རྒྱུས་ཀྱི་ཆ་ནས་བོད་རང་བཙན་ཅན་གྱི་རྒྱལ་ཁབ་ཡིན་དུ་ཆུག་ཀྱང་། ད་ལྟའི་རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ། བོད་ནང་ཉིན་རེ་བཞིན་རྒྱ་མི་ཇེ་མང་ལ་འགྲོ་ཚུལ་ལ་ལྟོས་དང་། ཕྱིས་འབྱུང་ཅི་བྱུང་འབྱུང་འགྱུར་གྱི་ང་ཚོའི་ཚ་བོ་དང་ཡང་ཚ་ཚོར་རག་ལས་མོད། ང་ཚོའི་རིང་བོད་བོད་མིས་འཛིན་སྐྱོང་བྱེད་ཐུབ་པའི་ཚད་གཅིག་ལ་མ་སླེབས་ན། བོད་རྒྱ་མིས་གང་བའི་རང་བཙན་གྱིས་བོད་ལ་དགའ་སྣང་ཞིག་དངོས་གནས་སྐྱེས་ཐུབ་ས་མ་རེད་ལགས།
རྒྱ་མིས་ཁེངས་པའི་བོད་རང་བཙན་ལས་བོད་མིས་ཁེངས་པའི་བོད་རང་སྐྱོང་ལེགས་སོ།།
དྲ་གྲོགས་ཚོ། ངས་བཤད་པ་འདི་སྙིགས་དོར་བཅུད་ལེན་གནང་རོགས།
བོད་རྒྱལ་ལོ།
བོད་མིའི་སྐྱིད་སྡུག་མཉམ་མྱོང་རྒྱལ་གྱུར་ཅིག
སྐབས་རེར་༧རྒྱལ་བ་རིན་པོ་ཆེས་ཀྱང་འདི་འདྲ་མ་གསུངས་རོགས་གནང་ན་བསམ་ཡ་དེ་འདྲ་གསུངས་གི་འདུག ཡིན་ནའང་ད་དུང་ང་རང་ཉིད་ཀྱི་མིག་རྒྱང་ཐུང་དྲགས་ནས་ཕུགས་དོན་མ་མཐོང་བ་ཡིན་སྲིད་བསམ་ནས་ཨུ་ཚུགས་བརྒྱག་གི་ཡོད།
རྗེས་མ་ཞིག་ལ་གཞུང་གིས་ཀྱང་༧རྒྱལ་བ་རིན་པོ་ཆེས་གསུངས་བཤད་དེ་འདྲ་སྤྱད་ནས་ང་ཚོའི་ཁ་གཅོད་མི་སྲིད་པའི་ངེས་པ་མི་འདུག དེ་དུས་ང་ཚོའི་སེམས་ལ་ལན་བརྒྱག་མི་ཐུབ་པ་དང་མ་རེད་ལབ་མི་ཐུབ་པའི་ན་ཟུག་ག་ཚོད་ཅིག་ལངས་གི་རེད་དམ། ཁོང་གིས་རྒྱ་དམར་ལ་བསྟུན་མཁས་གནང་རྒྱུ་ཚད་ལས་བརྒལ་བ་མཐོང་གི་འདུག མ་འོངས་པར་བོད་པ་ཚོས་རྒྱ་དམར་དང་མཉམ་དུ་༧རྒྱལ་བ་རིན་པོ་ཆེའི་གསུངས་བཤད་ཁག་གི་དྲང་དོན་དང་ངེས་དོན་དེ་འདྲ་མ་རེད་འདི་འདྲ་རེད་ཟེར་ནས་སངས་རྒྱུ་མེད་རྩོད་པ་ཅིག་བརྒྱབ་ནས་འདུག་མི་དགོས་པའི་ངེས་པ་མི་འདུག
ཆོལ་ཁའི་ཚོགས་པས་བོད་མི་ཡོངས་རྫོགས་ཀྱི་སྐུ་ཚབ་མཚོན་ཐབས་མེད་ཙང་ཆོལ་ཁའི་ཚོགས་པར་དོ་སྣང་བྱེད་ཀྱི་མེད། རྒྱུ་མཚན་ནི་ང་ཚོ་་བོད་རིགས་ནང་ཁུལ་ཕྱོགས་རིས་འཐེན་འཁྱེར་བཟོ་མཁན་ཞིག་ལས་དགེ་མཚན་གང་ཡང་མ་མཐོང་། དེ་ལས་ད་ལྟ་ང་ཚོར་ཆབ་སྲིད་ཚོགས་པ་མེད་ཙང་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་བཀའ་སྤྱིའི་འོས་མིའི་ལས་འགུལ་ཆ་ཤས་ལེན་པ་ནང་བཞིན་ཆོལ་གསུམ་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཡོངས་ཚོགས་པ་ཁག་ནས་ཆ་ཤས་ལེན་ན་འོས་ཤིང་འཚམས་པར་མཐོང་།།
ཤོར་ཚར་བ་ཞིག་ཤོར་བ་རེད། རང་བཙན་ཤོར་ཚར་བ་རེད། རང་བཙན་གཙང་མ་ཞིག་ལ་རེ་བ་ནི་བོད་ཀྱི་གནས་སྟང་ངོ་མ་ཟིན་པས་རེད། རང་བཙན་མི་རྩོད་པ་དང་རང་བཙན་མི་འདོད་པ་གཉིས་ཁ་ཁ་རེད་། རང་བཙན་གཙང་མ་ཐོབ་ན་ཅི་མ་རུང་མི་འདོད་་པས་བོད་ཀྱི་མི་པུ་ཞིག་གཏན་ནས་མེད་། འོན་ཀྱང་རང་བཙན་མི་རྩོད་པར་་རང་སྐྱོང་རྩོད་མཁན་གང་མང་ཞིག་ཡོད་པས་དོན་དངོས་ལགས་ཟིན་དང་སེམས་ཀྱི་འཆར་སྣང་གཉིས་མ་འདྲེས་བ་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་།
གཞན་ཞིག་ནས་བཤད་ན་། ཅི་ཡང་མ་ཐོབ་པ་དང་། ཅུང་ཙམ་ཐོབ་པ་གཉིས་ཀྱི་ནང་འདེམ་ཁ་བྱས་ན་། ཅུང་ཙམ་ཐོབ་པ་དེ་འདེམ་ན་མི་བཟང་ང་མ།།
ཀྭ་ཡེ་སྦྲ་ནག་ལགས་ཤོར་ཚར་དེ་ཤོར་བ་རེད་ཟེར་ནས་དབྱུག་བཞག་ན་ག་ལ་འདྲིག་ཕར་ཤོར་བ་དེ་ཚུར་ལེན་རྒྱུ་མེད་པ་ག་ལ་ཡིན། ཁྱོད་ཀྱི་ཤེས་ཅི་ཡོད་དམ་རང་བཙན་ཡིན་ཟེར་བའི་ཚིག་འབྲུ་་གསུམ་པོ་དེ་ཡི་འོག་ང་ཚོའི་རླབས་ཆེན་གྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྲོག་གི་འགྲོ་སོངས་ག་ཚོད་བཏང་ཡོད་པ་ཁྱོད་ཤེས་ཚོད་རེད། དུས་རབས་འདི་དང་མི་རབས་ཡི་བོད་རྩ་མེད་དུ་བཟོས་ན་སྔ་རབས་དང་ཕྱི་རབས་གདོང་དམར་བ་རྣམས་ལ་ངོ་ནོངས་དགོས་པ་སྨོས་ཅི།།
ཡ་ཡ། གང་ལྟར་མ་འོངས་བར་བཙན་བྱོལ་བོད་གཞུང་འདི་སྐུག་དྲག་ལམ་ལུགས་སུ་མི་འགྱུར་བའི་སྨོན་ལམ།
༄། དབུས་གཙང་ཆོལ་ཁའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་བསྒྲགས་པ་འདི་ནི་ཧ་ཅང་གི་ངོ་མཚར་རྐྱེན་ཞིག་རེད་ དབུ་གཙང་སྤྱི་འཐུས་འོས་སྟོན་པ་དག་ནི་རང་བཙན་མི་འདོད་མཁན་དང་ཆོལ་ཁ་ལ་ཞེད་འགོག་ཡོད་མཁན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་ཞེས་ས་ཡིག་རྒྱབ་ཡོད་ཞེས་གསལ་བཤད་གནང་འདུག
བཀའ་བློན་ཁྲིར་པ་དེ་རང་བཙན་གྱི་ལྟ་ཁུར་མཁན་གྱི་གང་ཟག་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སྟོན་པ་འདི་ཇི་འདྲ་དགོད་དྲོ་བ་ལ། བཀྲས་མཐོང་ནི་རང་བཙན་བརྩོན་མཁན་ཤིག་རེད་འདུག་ཁོང་གི་སྔ་ཕྱི་བཀའ་སློབ་ལ་གཟིགས་ན་ཧ་གོ་ཡི་རེད། སྤྱིར་སྟང་ཁོང་ནི་བཀའ་ཁྲིར་བྱས་ནས་དུས་ཡུན་མ་ཚང་གོང་ནས་ཕེབས་པ་རེད་དེ་དུས་ཁོང་ཇི་ལྟར་གསུངས་ཡོད་ཞེས་ན་ ད་ངའི་འཇོན་གྱི་མི་འདུག་ཞེས་བཤད་སྟེ་བཙན་བྱོལ་བོད་གཞུང་མ་དངུལ་མང་པོ་ཞིག་འཁྱེར་སྟེ་ནུབ་ཕྱོགས་ཨ་རིའི་ཕྱོགས་འཕུར་སོང་། ད་དུང་མི་འདི་རིགས་ང་ཚོའི་བཀའ་ཁྲིར་འོས་ཀྱི་རེད་དམ། མི་མང་ཚོའི་བསམ་བློ་ངེས་པར་དུ་གཏོང་དགོས་ཀྱི་ཡོད།
དྲྭ་གྲོགས་ཚོ།
ཁྱེད་ཚོས་ཅི་ཞིག་ཟེར་མིན་ཤེས་མ་སོང། ངས་བསམ་ན། མང་གཙོའི་ལུང་པའི་ནང་རང་གི་གང་འདོད་བྲིས་ཆོག་ལ་གང་འདོད་གླེང་ཆོག་པའི་ཐོབ་ཐང་རེ་ཡོད་པ་ནི་མཁྱེན་གསལ་རེད། དེ་ཡང་ངེས་པར་དུ་རང་གི་རང་ཉིད་འགན་ཁྱེར་དགོས་པ་ནི་སྨོས་ཅི་དགོས། སོང་ཙང་ཁྱེད་རྣམ་པས་རང་གི་འོས་མིའི་ལོ་རྒྱུས་དང་རང་གི་འདོད་ཚུལ་དགོངས་ཆར། རང་གི་འོས་མིའི་ཁྱད་ཆོས་འདྲ་གླེང་ཏེ་མི་མང་ལ་སློབ་གསོ་དང་གོ་རྟོགས་འདྲ་སྤེལ་ཐུབ་ན་མི་ལེགས་སམ། ཆོལ་ཁ་ག་གེ་མོས་འགྲིག་མེད་ན་འོས་མ་བླུག་ན་འགྲིག། རེ་བ་དང་འབོད་སྐུལ་ཡིན།
གངས་ཕྲུག་ལགས། ཤོར་ཚར་དག་ཚུར་ལེན་རྒྱ་མེད་ཞེས་བཤད་གི་མེད་། ང་ཚོ་བོད་ཀྱི་ད་ལྟའི་གནས་ཚུལ་དངོས་ལ་བསམ་བློ་ཞིག་བཏང་ནས་རྩིས་ཞིག་རྒྱབ་ན། རང་བཙན་གཙང་མ་ཞིག་ལེན་པ་ལ་ཉུང་མཐར་ལོ་ངོ་ལྔ་བཅུ་དགོས་པས་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་འདི་འགྱོག་འགྲོས་ལ་ལྟས་ན་། འདི་ནས་རྩིས་དེ་ལོ་ངོ་ཉི་ཤུས་རྗེས་སུ་བོད་ཡུལ་དེ་རྒྱ་ཡུལ་དག་མ་ཞིག་དུ་འགྱུར་རྒྱུ་རེད་། ད་ེ་དུས་སུ་ཡང་ད་དུང་ཡང་རང་བཙན་གཙང་མ་དགོས་ཞེས་འདུག་གི་ཡིན་ནམ།
སྐྱེ་བདུན་རིལ་བུ་སླེབ་པར་དུ། ཕ་པས་སྐྱེ་བ་རྫོགས་གྱི་རེད་།
དྲ་གྲོགས་ཚོ་རྣམ་པ། ང་རང་གི་བསམ་ཚུལ་ལ་བཀའ་ཁྲིའི་འོས་མི་ངོ་སྦྱོར་བྱེད་དུས་ཕྱོགས་ཞེན་གྱིས་མ་བསླད་པར་བཀའ་ཁྲིའི་འོས་མི་ངོ་སྦྱོར་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེན་མཐོང་གི་འདུག ཡིན་ནའང་ང་ཚོགས་སྤྱི་ཚོགས་འདིར་བོད་སྤྱི་བའི་དོན་ལ་བསམ་གཞིགས་མི་བྱེད་པར་དགོས་མེད་ཕྱོགས་ཞེན་གྱི་ལྟ་བ་ཤུགས་ཆེན་པོ་འཆང་མཁན་ཡུལ་ཕྱོགས་གང་སར་མཐོང་རྒྱུ་མི་ཉུང་བ་ཞིག་འདུག དེ་ཡིན་དུས་བཀའ་ཁྲིའི་འོས་མི་དེ་དང་པོར་ཆོལ་ཁ་སོ་སོའི་ནང་ནས་གང་ཡག་གང་བཟང་རེ་གདམ། དེའི་རྗེས་འོས་མི་དེ་རྣམས་བོད་མི་ཡོངས་ཀྱི་སྐུ་ཚབ་སྤྱི་འཐུས་རྣམ་པས་གདམ་པ་ཡིན་ན་ཡག་པོ་མིན་འགྲོ་སྙམ་པ་ང་ཡི་བསམ་ཚུལ་ཡིན།
དྲྭ་གྲོགས་མང་པོ་ཞིག་ནས་དབུས་གཙང་རྒྱུན་ལས་ལ་ཚོགས་གཏམ་དང་ངན་སྨྲས་མང་དག་གནང་སོང་། དེ་དག་ལ་རྗེ་ས་པཎ་ནས་འདི་འདྲ་ཞིག་གསུངས་འདུག ཁྱི་རྒན་ཀུ་ཅོ་འདོན་པ་ལ། རྒྱུ་མཚན་མེད་པར་གཞན་དུ་རྒྱུགས།་་ཞེས་གསུང་འདུག འོན་ཀྱང་ཁོ་བོས་མཆན་ ༢༧ པའི་དེ་ནི་དུས་བབ་ཚང་གི་འུར་བཤད་ཡིན་ས་རེད་ཞེས་བཤད་ཡོད་པ་ཇི་བཞིན་དུས་བབ་ཚང་ནས་དེ་རིང་ཞི་ནས་ཁ་དྲགས་ཏེ་ནོར་འདུག་ཞེས་ངོས་ལེན་བྱས་འདུག ནམ་ཀུན་ནས་གསར་གྱུར་ཁག་ལ་ཉམས་ཞིག་ཡག་པོ་བྱས་ཏེ་མཆན་བྲི་བ་ལས་ཧོ་རྒྱུགས་བྱས་པ་ཡིན་ན་རང་མདོག་སྟེན་དུ་འཇུག་མཁན་མང་པོ་ཡོད་ཚོད་འདུག་པས་ཟབ་ཟབ་བྱོས།
འོས་མི་སུས་བཏོན་ན་ཁྱད་པར་མི་འདུག གཙོ་བོ་མི་ཡག་པོ་དང་འཇོན་པོའི་རིགས་ཁ་ཁུག་ཏུ་མ་ལུས་མ་ཆད་པར་མི་མང་གི་མདུན་འཇོག་ཐུབ་ན་ཡག་པོ་རེད།
རྗེས་སུ་བཀའ་ཁྲིའི་འོས་གཞི་འདོན་པའི་ཐོབ་ཐང་མི་རེ་ངོ་རེ་ལ་ཡོད་པ་རེད། བོད་མི་འོས་འདེམས་ཀྱི་ཆ་རྐྱེན་ཚང་བ་ཡོད་དོ་ཅོག་གིས་མི་རེ་རེས་འོས་མི་རེ་བཏོན་ཡོང་བ་རྩེ་བཏོགས་བྱེད་གི་རེད།
ཚོགས་པ་ཁག་དང་མི་སྒེར་སུ་རུང་ནས་འོས་གཞི་སུ་བཏོན་ན་མ་བཏོན་ན་དེ་ལ་ཁྱད་པར་ཡོད་པ་མ་རེད། ཁྱེད་རང་དགའ་བོ་མེད་ན་དེ་ཚོ་ལས་གཅིག་ཀྱང་མ་འདེམས་ན་འགྲིག་གི་རེད། མཐའ་མཇུག འོས་གཞིར་སུ་འདོན་དང་བཀའ་ཁྲི་ངོ་མར་སུ་འདེམས་རྒྱུ་དེ་ཁྱེད་རང་གི་ལག་པར་ཡོད་པ་རེད།
བོད་ཀྱི་རྩ་དོན་ཐད་ཀྱི་དམིགས་ཡུལ་ཡང་། རང་བཙན་ཡིན་ན་དབུ་མའི་ལམ་ཡིན་ན་དེ་ལ་ཁྱད་པར་ཆེན་པོ་ཡོད་རྒྱུ་མ་རེད་འདོད། བཀའ་ཁྲིས་གང་འདོད་འདོད་དུ་བོད་ཀྱི་རྩ་དོན་ལ་འགྱུར་བ་གཏོང་ཆོག་ཆོག་ཅིག་ཡོད་རྒྱུ་མ་རེད་འདོད། རྩ་ཁྲིམས་དང་གྲོས་ཚོགས་ཀྱི་ལམ་སྟོན་ལྟར་འགྲོ་རྒྱུ་ལས་གཞན་ཁྲིམས་འགལ་བྱེད་ན་མ་གཏོགས་ལམ་ཁ་གཞན་ཨེ་ཡོད་སྙམ།
འདི་འདྲ་ཞིག་མ་རེད་དམ། ནོར་འཁྲུལ་ཡོད་ན་གཞན་གྱིས་བཅོ་བར་འཚལ། འོས་འདེམས་བྱེད་སྟངས་ཀྱི་ཁྲིམས་སྒྲིག་དེ་ཚོ་མིག་གི་སྤྱོད་ཡུལ་དུ་མ་ཤར་བར་ཡུན་རིང་རབས་ཕྱིན།
སུས་བཀའ་ཁྲིར་ཕེབས་ན་ཕྲན་ནི་དགའ་བསུ་ཡོད་འོན་ཀྱང་འོས་བླུག་སྐབས་ང་ཚོ་ངེས་པར་དུ་གཟབ་ནན་དགོས་ལ་སུར་འོས་བླུག་ན་གང་ཟག་དེའི་ལོ་རྒྱུས་ལ་ཞིབ་འཇུག་དགོས་ལ་དཔལ་འབྱོར་ཐོག་གཞུང་ལས་བྱེད་སྐབས་རྙོག་གླེང་བྱུང་མ་མྱོུང་བ་ཞིག་ངེས་པར་དགོས།
ཨོ་རོགས་ཚོ། ཁྱེད་ཚོ་མགོ་འཐོམ་སོང་ནི་མ་རའ། མི་སུ་ཡིན་རུང་བཀའ་བློན་འདེམས་རྒྱུས་འོས་འགན་ཡོད་རེད།
དེ་ན་བདག་གིས་ཁོང་ལྟ་བུ་མི་འདེམས་ཀོ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་སྔོན་མ་ནས་བཀའ་བློན་ལ་བསྡད་ཚག་རེད། ཁོང་ཡང་བསྐྱར་བསྡད་ན་མི་འགྲིག་གི ད་དུང་འུ་ཚོས་དབྱི་ཞུབ་བྱས་ནས་ལོ་རྒྱུས་ལ་རྟག་དགོས་གི ཅི་ཞིག་ལ་ཁོང་༢༠༡༡ལོའི་བཀའ་བློན་དུ་འོས?
འདིའི་ཕྱོགས་ལ་ཚང་མས་བསམ་བློ་གཏོང་དགོས་བ་ཤིག་རེད་འདོད།
སྐུ་དྲག་གི་རིགས་ལ་བདག་རྩ་བ་ནས་ཞེན་པ་ལོགས་གི
འདིའི་རོགས་ཀྱིས་ལྟ་བ་འཁྲིགས་འཛིན་ལས་ཅི་ཞིག་ཤེས། མཐའ་གཅིག་ཏུ་རྒོལ་བ་ཡོད། འདི་འདྲ་མི་ཡོང་བ་མཁྱེན། ༢༠༡༡ལོའི་བཀའ་བློན་དུ་བློ་བཟང་སེང་གེ་ལགས་ཚད་དང་ལྡན་པ་རེད།
ཁ་དྲོ་བཀྲ་ཤིས་་་་་་་་་་་་་་་་་ད་རུང་ཆོལ་ཁ་ཆོས་ལུགས་ཟེར་ནས་ཁ་སྐྱག་ཁུང་གཉིས་ཐུག་ནས་མ་འདུག་རོགས་དེ་འདྲ་པའི་ཐབས་སྡུག་གི་བྱ་བ་ཞིག་གང་ན་ཡོད་གཞིས་ལུས་སྤུན་ཟླ་ཚོས་གོ་ང་ཚོ་ངོ་ཚ་དགོས་ཤིག་མ་རེད་དམ་་་་་་་་་་་་་་་་་་་ཐུགས་རྗེ་ཆེ་སྐད་ཆ་བཤད་སྐབས་བསམ་བློ་བཏང་ནས་བཤད་རོགས
༄༎ དྲ་གྲོགས་མང་པོ་ཞིག་གི་དགོངས་ཚུལ་ཡག་པོ་གསུངས་འདུག་དེ་དག་གི་བོད་པའི་སྤྱི་ཚོགས་འདི་ནང་ཆབ་སྲིད་ཀྱི་གོ་རྟོགས་སེལ་གྱི་ཡོད་པ་ཤེས་ཀྱི་ཡོད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལག་ནི་བཀའ་བློ་ཁྲི་པ་གནང་ཚར་བ་རེད་ཁོང་འཇོན་ཐང་ཆང་ཚང་གང་ཡོད་བཙན་བྱོལ་བོད་མི་ཡོངས་ཀྱི་དགོངས་མངའ་ལྟར་རེད། ད་དུང་ཨུ་ཚུག་རྒྱབ་སྟེ་འོས་བླུགས་པ་ཡིན་ན་དངོས་གནས་ཁེ་མཚར་རེད་དྲན་གྱི་ཡོད། བཀྲས་མཐོང་ན་མི་རབས་རྒན་པ་ཞིག་རེད། 2011་ལོ་བཀའ་ཁྲིར་དགོངས་ལོ་ལྔ་བཅུ་དང་སུམ་ཅུ་སོ་ལྔའི་བར་མི་སྣ་ཤེས་ཡོན་དང་འཇོན་ཐང་ཡོད་མཁན་ཞིག་འདེམས་དགོས་ཀྱི་ཡོད། གང་ཡིན་ཟེར་ན་མི་རབས་རྒན་པ་རྣམས་རྫོགས་ལ་ཉེ་བ་དང་གོང་ས་མཆོག་དགོངས་ན་མཐོ་བ་སོགས་ལྟས་པ་ཡིན་ན་གནད་འགག་ཆེན་པོ་རེད་འདུག་སྙམ། རྒན་པ་ཞལ་བཞུགས་པའི་སྐབས་ང་ཚོ་ལོ་གཞོན་རྣམས་ལ་འགན་ཞིག་སྤྲོད་དགོས་ཀྱི་ཡོད། སྤྱིར་བཏང་མི་རབས་འགྱུར་བ་འགྲོ་དུས་རྙོག་གླེང་ཡོང་གི་ཡོད་པ་ནི་འཇིག་རྟེན་ཆོས་ཉིད་ཞིག་ཡིན། ངའི་2011་ལོ་བཀའ་བློན་ཁྲི་པ་དེ་མཁས་དབང་བློ་བཟང་སེང་གེ་ཡིན། བློ་སེང་ནི་མི་རབས་གསར་པའི་ནང་ནས་ཤེས་ཡོན་དང་འཇོན་ཐང་ཆ་ཚང་ལྡན་མཁན་གྱི་མི་སྣ་ཞིག་རེད་འདུག་སྙམ། རྗེས་སུ་ཞུ་ཆོག་པ།
ང་ཚོ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནང་དུ་་་་་་གཏགས་གྲོལ་་་་རེག་གྲོལ་་་་་མཐོང་གྲོལ་་་་མྱོང་གྲོལ་་་་་ཐོས་གྲོལ་ལ་སོགས་པ་མང་པོ་ཞིག་ཡོད་པ་རེད་་་་གལ་ཏེ་དེ་སྒྲ་ཇི་བཞིན་པར་མཁས་ལང་ན་བདག་ཅག་ཀྱི་སྟོན་པ་སངས་རྒྱས་བཅོམ་འདས་ཀྱི་ལག་ལེན་ག་རེ་བྱེད་གནང་ཡོད་མ་རེད་
གྲོལ་གྲོལ་མང་པོ་ཞིག་ཡོད་རྣམས་མངོ་གནས་ཕན་ཡོན་ཡོད་མེད་
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཟིན་བྲིས་སུ་འཁོད་པའི་
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་རྡོར་རྗེ་གླིང་དུ་སློབ་གྲྭར་ཕེབས་ཡོད། ཁོང་ནི་བོད་ཡིག་དང་དབྱིན་ཡིག་གང་སྤྱིར་སྦྱང་པ་ལེགས་པོ་ཡོད་པ་ཞིག་ཡིན། སྤྱི་ལོ་༡༩༦༠ ནས་མ་སུ་རིར་སློབ་ཕྲུག་ཡིན་སྐབས་ཞོར་དུ་དགེ་རྒན་ཡང་གནང༌། སློབ་སྦྱོང་གི་ཞོར་དུ་ཨ་རིའི་མཐོ་སློབ་སེ་ཊན་ཕོ་ཊི་གི་རྒྱལ་རབས་སྡེ་ཚན་ནང་སློབ་ཁྲིད་གནང་ཡོད། ཨ་རིར་བྱམས་བརྩེ་དང་གཞན་ཕན་ཞིབ་འཇུག་ཁང་གི་རྒྱུན་ལས་དང༌། སེ་ཊན་ཕོ་ཊི་མཐོ་སློབ་ནང་དབང་རྩའི་ཚན་རིག་དང་འབྲེལ་བའི་སྡེ་ཚན་འོག་སྨན་གྱི་སྡེ་ཚན་ཞིག་གསར་འཛུགས་གནང་མཁན་གྱི་གྲས་ཡིན། སྤྱི་ལོ་༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་ཡིག་བསྒྱུར་བ་གནང༌།
སྤྱི་ལོ་༡༩༦༨ ལོར་ཁོང་མི་གསུམ་གྱིས་གཞུང་འབྲེལ་མིན་པའི་ཐོག་ནས་མཉམ་ཤེས་བྱ་དུས་དེབ་ཐོག་མར་བཏོན། སྤྱི་ལོ་༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་དང་དེ་སྐབས་ཁོང་གིས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང༌། དེ་ནས་ཅདྲཏྟྤཎརྣ ངྟསྤྲདྲྟཕགྱི་་རྩོམ་སྒྲིག་པ་གནང་ཡོད། སྤྱི་ལོ་༡༩༨༠ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཐོག་ཕེབས། སྤྱི་ལོ་༡༩༧༣ ནས་༡༩༨༦ བར་ཨ་རིའི་ནང་ྋགོང་ས་མཆོག་གི་སྐུ་ཚབ་གནང་བ་དང༌། སྤྱི་ལོ་༡༩༨༧ ནས་༡༩༩༠ བར་ཨ་རིའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས།
ཨ་རིར་བཞུགས་དུས་བོད་ཀྱི་ཐེབས་རྩ་དང་པོ་ཏ་ལ་དཔར་སྐྲུན་ཁང་གཉིས་བོད་ཀྱི་ལས་ཁུངས་ཞེས་པའི་འོག་གསར་འཛུགས་དང༌། རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ལས་ཁུང་ཡང་གསར་འཛུགས་གནང་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་བོད་ཀྱི་ཆེད་སྐྱབས་བཅོལ་རོགས་སྐྱོར་དང་རླུང་འཕྲིན། ཨ་རིར་བོད་པ་སྐྱབས་བཅོལ་ལེན་པ་སོགས་ཨ་རི་དང་ཁ་ན་ཌ་སོགས་ལ་བོད་ཀྱི་ལས་དོན་དང་འབྲེལ་བའི་ཕྱག་ལས་ཤུགས་ཆེ་གནང་ཡོད།
སྤྱི་ལོ་༡༩༩༠ ལོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་གནང་སྟེ་དཔལ་འབྱོར་དང་ནང་སྲིད་ཕྱི་དྲིལ་སོགས་ཀྱི་ཐུགས་འགན་དང་ད་དུང་ཁོང་གིས་བཀའ་བློན་ཁྲི་པའི་ཐུགས་འགན་ཡང་ལོ་ལྔ་བཞེས་ཡོད། སྤྱི་ལོ་༡༩༩༥ ལོར་ཨ་རིར་གནས་སྤོས་གནང་ཡོད། དེ་སྐབས་བོད་ནང་ལོ་བདུན་ཞེས་པའི་གློག་བརྙན་གྱི་སློབ་སྟོན་པ་དང་ྋགོང་ས་མཆོག་གི་ཐེབས་རྩ་གསར་འཛུགས་དང་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་ཡིན། ཁོང་གི་བཙན་བྱོལ་སྤྱི་ཚོགས་ནང་གལ་གནད་ཅན་གྱི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཡོད།།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཟིན་བྲིས་སུ་འཁོད་པའི་མཁས་དབང་བློ་བཟང་སེང་གེཡིསལོ་རྒྱུས་མདོར་བསྡུས།།
ཐོག་ མར་རྒྱ་གར་སུ་ན་ཌ་དང་རྡོར་གླིང་གཏན་སློབ་ནས་གཞིས་རིམ་སློབ་གྲྭ་དང༌། དེ་ཁུལ་སན་ཇོ་སེབ་མཐོ་སློབ་ནས་འབྲིང་རིམ་སློབ་གྲྭ་མཐར་ཕྱིན། དེ་རྗེས་ལྡི་ལི་གཙུག་ལག་སློབ་གྲྭ་ནས་བི་ཨེ་༵༵སྐྱརྐྱཀཀདང་ཁྲིམས་ལུགས་༵༵ རྒརྒསྐྱཀཀསློབ་ཐོག་སློབ་མཐར་ཕྱིན། སྤྱི་ལོ་༡༩༨༨ ནས་༡༩༩༡ བར་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཞོན་དང་དྲུང་ཆེ་ཚོགས་གཙོ་བཅས་གནང༌། སྐབས་དེའི་རིང་ཐ་ཝན་བོད་སོག་ལས་ཁུངས་ཀྱི་གསང་ཉུལ་ལྡི་ལིར་འབྱོར་བར་གདོང་ ལེན་ལས་འགུལ་གྱི་སྣེ་ཁྲིད་ཀྱི་གྲས་ཡིན། རྒྱ་གཞུང་གི་ཟློས་གར་ཁྲབ་སྟོན་སླེབས་པའི་སྐབས་སོགས་སུ་ཡང་དུས་ཐོག་གི་ལས་ འགུལ་སྤེལ་གནང་མཁན་ཞིག་ཡིན། དེ་ནས་རྡ་ས་དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཀྱི་དྲིལ་བསྒྲགས་ཀྱི་ལས་ཁུར་ ཞུས།
སྤྱི་ ལོ་༡༩༩༥ ལོར་རང་གཞུང་ཤེས་རིག་ལྷན་ཁང་ནས་སློབ་ཡོན་རོགས་རམ་སྩལ་ཁོང༌། ཨ་རིའི་ཧ་ཝ་ཌེ་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་སྡེ་ཚན་ནང་ཕེབས་ཏེ་རབས་ འབྱམས་པའི་གོ་མིང་བཞེས། དེ་ནས་ཞི་བདེ་རྒྱ་མཚོའི་ཤོང་ས་ཞིབ་འཇུག་ལྟེ་གནས་ཁང་དང༌། ཤར་གླིང་ཤར་མའི་ཁྲིམས་ལུགས་སྡེ་ཚན་བཅས་སུ་ལོ་གཅིག་རིང་འཚམས་འདྲིའི་ལམ་ནས་ སློབ་གཉེར་གནང་ཐོག དེ་ནས་ཧ་ཝ་ཌེ་གཙུག་ལག་སློབ་གྲྭ་ནས་སློབ་དཔོན་གོ་མིང་ཐོག་རྒྱལ་སྤྱིའི་ཁྲིམས་ ལུགས་དང༌། རྒྱ་ནག་གི་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་ལ་སློབ་དཔོན་གྱི་མཚན་གནས་བཞེས་ཡོད།
ཁོ་ རང་རྒྱུན་དུ་བགྲོ་གླེང་གནང་རྒྱུར་ཐུགས་མོས་ཡོད་པ་ལྟར། ཨ་རིའི་སྲིད་དོན་གྱི་གླེང་སྟེགས་འདྲ་མིན་སྟེང་བོད་རྒྱའི་འབྲེལ་ལམ་ཐོག་གཏམ་ བཤད་དང༌། བགྲོ་གླེང་ལ་ཕེབས་མྱོང་ཡོད་ཁར་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཤེས་ཡོན་ཅན་ བརྒྱ་ཕྲག་དང་ཕན་ཚུན་བོད་རྒྱའི་གནད་དོན་ལ་གོ་བསྡུར་གང་མང་གནང་མྱོང་ཡོད། དེ་མིན་ཁོང་གིས་དང་བླངས་གནང་སྟེ་ཨ་རིའི་ཧ་ཝ་ཌེ་སློབ་གྲྭ་ཆེན་མོ་དང་ས་གནས་ གཞན་མང་པོར་བོད་རྒྱའི་གནད་དོན་ཐོག་བགྲོ་གླེང་གོ་སྒྲིག་ཐེངས་མང་གནང་ཡོད། གཞན་ཁོང་གིས་བོད་རྒྱའི་མཁས་དབང་དང་གཞུང་འབྲེལ་མི་སྣ་ཁག་མཉམ་འདུས་ཀྱི་བོད་ གནས་ཚོགས་འདུ་ཁག་གཉིས་ཙམ་གོ་སྒྲིག་གནང༌།
དེ་ བཞིན་ཁོང་གིས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཀྱི་ལས་འགུལ་སྤེལ་གནང་གི་ ཡོད། དཔེར་ན། པུ་རུ་ཝ་ལའི་གཞིས་ཆགས་དང་པོག་ར་པོང་བཅས་སུ་སློབ་གྲྭ་གསར་རྒྱག་གི་རོགས་དངུལ་ ཐབས་འཚོལ་གནང་བ་དང༌། དེ་མཚུངས་རྡོར་གླིང་དང་ཀ་སྤུག པོག་ར་པོང་སུ་ན་ད་བཅས་ཀྱི་གཏན་སློབ་དང་ཝར་ན་མཐོ་སློབ་ཀྱི་རྒྱུན་གཏན་འཚོ་ ཐབས་ཡར་རྒྱས་ཆེད་རོགས་དངུལ་མཐུན་འགྱུར་གནང་དང་གནང་མུས་རེད། སྤྱི་ལོ་༢༠༠༦ ལོར་ཨེ་ཤ་ཡའི་ཚོགས་པས་ཨི་ཤ་ཡའི་གཞོན་སྐྱེས་འགོ་ཁྲིད་༢༤ བདམས་ཐོན་བྱུང་བ་ནས་ཁོང་དེའི་གྲས་སུ་བདམས་ཡོད། ད་དུང་བོད་ནང་ཡང་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་འབྲེལ་ཡོད་ལས་ གཞི་ཁག་སྤེལ་བཞིན་ཡོད་པ་བཅས། ཁོང་ནི་བཙན་བྱོལ་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་མིང་གྲགས་ཡོད་པའི་ གཞོན་སྐྱེས་མཁས་དབང་ཞིག་ཡིན།།
རྩོམ་འདི་ལ་མཆན་འབྲི་འདོད་ཆེ་བས་ས་མིག་གནང་རོགས།།
བཀྲས་མཐོང་ལགས་ཡང་བསྐྱར་བཀའ་ཁྲི་གནང་རྩིས་མ་བྱེད་རོགས། གོང་གི་མཆན་བུ་རིགས་ནས་མཆན་མཁན་བརྒྱ་ཆ་མང་ཤོས་ཀྱིས་མོས་མཐུན་མི་བྱེད་པ་ཇི་བཞིན་མི་མང་གིས་ཀྱང་མོས་མཐུན་མི་བྱེད་པ་ཚོད་དཔག་རག་རིམ་ཙམ་བྱེད་ཐུབ། ཁྱེད་ཀྱིས་དེ་སྔོན་བཀའ་ཁྲི་དུས་ཡུན་མ་ཚང་གོང་རྙོག་དྲ་ཞིག་གིས་དབང་མེད་གོ་ས་ནས་བབས་དགོས་བྱུང་བ་དང་མཉམ་དུ་གཞུང་གི་ཧིན་སྒོར་འབུམ་བདུན་བརྒྱ་ཙམ་ཡང་གར་སོང་ཆ་མེད་དུ་སོང་དུས་གཞུང་གིས་རྩིས་སྤྲོད་རྩིས་ལེན་བྱེད་སར་འབོད་འགུག་ཇི་ལྟར་གནང་ཡང་ད་ལྟ་བར་ཡ་མེད་བཏང་ཡོད།། གལ་སྲིད་ཁྱེད་ཉིད་བསྐྱར་དུ་བཀའ་ཁྲི་བྱེད་འདོད་ཡོད་ན་ཐོག་མར་དེ་སྔོན་གྱི་དངུལ་ཆད་རྣམས་གཞུང་ལ་གཙང་འབུལ་བྱས་ཏེ་རྩིས་ཁྲ་གཙང་མ་བཟོས་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་དག་མཆན་འཁོད་པའི་ཡིག་ཆ་ཁྱབ་བསྒྲགས་བྱེད་རོགས། དེ་ལྟར་མ་ཡིན་པར་ཆོལ་ཁའི་ཞེན་འཁོགས་ཀྱིས་མི་འབོར་མང་ཉུང་གཏུགས་ཏེ་བཀའ་ཁྲི་འདེམས་པ་ཡིན་ན་ཁོང་བཀའ་ཁྲི་དུས་ཡུན་མ་ཚང་བར་ང་གཙོས་པའི་མི་མང་པོ་ཞིག་གིས་དཔྱ་དངུལ་ཕུལ་འདོད་མི་སྐྱེ། གལ་སྲིད་ཕུལ་ན་བསྐྱར་དུ་སྒེར་ལག་ཏུ་འགྲོ་རྒྱུ་ཉག་གཅིག་ལས་མ་འདས།། །།
འབྱོར་དགའ་རྒྱལ་ལགས་ཐུགས་རྗེ་ཆེ་།
དེ་ངོ་མ་རེད་ཁོ་ག་རེ་བྱས་ནས་བཀའ་ཁྲི་བྱེད་དགོས་པ་རེད།
ཁོ་ལ་ཐོབ་ཐང་རྩ་བ་ནས་ཡོད་པ་མ་རེད་
གང་ཡིན་ཟེར་ན་ཁོས་སྔོན་བཀའ་བློན་ཡིན་པས་སྐབས་སུ་ནོར་འཁྲུལ་ས་སྟེང་ལ་མི་ཤོང་བ་ཞིག་བྱས་ནས་མི་མང་གི་སྔོན་ལ་བུད་མི་ཤེས་པ་ཞིག་བྱས་ཡོད་པ་ཀུན་ཤེས་རེད།
ད་ཡང་སྐྱལ་བཀའ་བློན་ཁྲི་བ་ལ་ག་རེ་བྱས་ནས་ཐོབ་ཐང་ཡོད་པ་རེད།
ནོར་འཁྲུལ་རེད།
མ་རབ་རེད།
མ་འོས་པ་རེད
༄། དངོས་གནས་གོང་དུ་དྲ་གྲོགས་ཁག་གཅིག་གི་གསུང་པ་དེ་བདེན་པ་རེད། བཀྲས་མཐོང་བཀའ་ཁྲིར་གནང་སྟེ་མ་འཇོན་ནས་དགོངས་པ་ཞུས་པ་རེད་དེ་དག་གི་རྒྱུ་མཚན་ནི་ངེས་པར་དུ་མི་མང་གི་མཁྱེན་དགོས་ཀྱི་འདུག་ཁོང་གི་གཞུང་དངུལ་མང་པོ་ཞིག་ཟས་ཏེ་ནུབ་ཕྱོགས་སུ་ཕེབས་སྟེ་བཞུགས་ཡོད་པ་རེད་ ད་དངུལ་རྫོགས་ཏེ་ཡང་སྐྱར་བོད་མི་མང་གི་དངུལ་ཡང་སྐྱར་ཟ་ཡི་ཡིན་ཟེར་ནས་ཕེབས་ཀྱི་ཡོད་རེད། མི་དེ་ཚོ་རིགས་ལ་ང་ཚོ་ངེས་པར་དུ་བསམས་བློ་གཏོང་དགོས་ཀྱི་ཡོད༎ མི་མང་གི་དངས་བླངས་ཀྱི་སྡུས་པའི་མ་དངུལ་དག་ཟས་ན་འགྲིགས་ཀྱི་རེད་དམ། གཟིགས་དང་དྲ་གྲོགས་ཚོ།
དྲ་གྲོགས་ཚོ།
ཁྱེད་རྣམས་ཀྱིས་བཀའ་བློན་ཁྲི་པའི་སྐོར་གླེང་གནང་བ་ཡག་པོ་རེད།
ངས་བལྟས་ན་བཀའ་བློན་ཁྲི་པའི་ལས་རོགས་ཚོ་སུ་དང་སུ་འོས་མིན་གྱི་ལུང་བསྟན་རེ་གནང་ན།
འབྱུང་འགྱུར་གྱི་བཀའ་ཁྲི་དེས་རང་གི་ཕྱག་རོགས་སུ་ཞིག་དང་གང་ཞིག་འོས་མིན་ལའང་ཐུགས་བསམ་བཞེས་དགོས་པའི་སྐུལ་ལྕག་ཀྱང་ཐེབས་སྲིད།
བཀའ་བློན་ཁྲི་པ་མི་གཅིག་གི་ནུས་པ་ཐོན་དང་མི་ཐོན་དེ་གཙོ་བོ་བཀའ་བློན་ལས་རོགས་ཚོའི་ཕྱག་ལས་གནང་ཕྱོགས་ལ་རག་ལས་པ་མ་རེད་དམ།
དེ་ནས་སྤྱི་འཐུས་རྒན་གཞོན་འདྲེས་མ་ཞིག་དགོས་པ་ལས། རྒན་རྐྱང་རྐྱང་གི་འགྲིག་ཐབས་མི་འདུག་ལ། གཞོན་སྐྱེས་རྐྱང་རྐྱང་གིས་ཀྱང་དེ་བས་འགྲིག་ཐབས་མེད། སྤྱི་འཐུས་ཚོ་ཡང་ཡར་བདམས་ཟིན་རྗེས་བོད་མི་ས་ཡ་དྲུག་གི་སྤྱི་མི་ཞིག་གི་ངོ་བོར་གནས་དགོས་པ་ལས།
ངའི་ཆོལ་ཁ་དང་ངའི་ཆོས་རྒྱུད་ཅེས་རྐྱང་རྐྱང་གསུངས་སྡོད་མཁན་ཞིག་གིས་ང་ཚོའི་མགོན་དང་དཔུང་གཉེན་ནམ་ཡང་ཡོང་ཐབས་མེད། དེ་དོན་ཡིད་ལ་འཇོག་རོགས།།
མི་མང་གིས་བཀའ་ཁྲི་གཞོན་སྐྱེས་ཤིག་དགོས་རབས་བཤད་དུས་བཀྲས་མཐོང་གིས་པར་དེ་ཡང་ཆུང་དུས་ཀྱི་པར་ཡིན་མདོག་ཁ་བོ་ཞིག་སྤྲད་འདུག། ཁོང་གི་ལོ་རྒྱུས་དང་ཉེ་ཆར་གྱི་པར་གཉིས་མ་མཚུངས་པར་ར་མགོར་ལུག་སྦྱར་རེད་ཤག།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཡིས་བཀྲས་མཐོང་ལགས་ཀྱི་ལོ་རྒྱུས་བཀོད་པ་ནང་སྐྱེ་ལོ་མེད་རུང་
འོན་ཀྱང་སྤྱི་ལོ་༡༩༦༠ ནས་མ་སུ་རིར་སློབ་ཕྲུག་ཡིན་སྐབས་ཞོར་དུ་དགེ་རྒན་ཡང་གནང་ཞེས་པ་ལ་དཔྱད་ན་༡༩༦༠ལོར་ཁོང་ཉུང་མཐར་ལོ་༡༧་ལ་སོན་འདུག། དེ་ནས་བརྩིས་པའི་ད་ལོ་ཁོང་ལོ་༦༧་ཡན་ཆོད་ཞིག་ལ་སླེབས་འདུག་པ་གསལ་པོ་རེད།་ དེར་བརྟེན་གོང་གི་པར་དེ་ལོ་༦༧ ཙམ་གྱི་པར་ཡིན་པ་འདྲ་པོ་འདུག་གམ།། གནང་སྟངས་དེ་དྲན་དགུ་འཕྲུལ་བཅུ་ཞིག་གིས་ཕྱག་ལས་རེད།། །།
ཉེ་ཆར་དབུས་གཙང་ཆོལ་ཁས་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་གྲོས་ཚོགས་ཀྱི་འཐུས་མི་ཡོང་མི་ཆོག་པའི་གྲོས་ཆོད་འཇོག་པ་མ་ཚད་སྔོན་འགྲོ་འོས་མི་ ༢༠ ལས་ཁས་ལེན་དམ་བཅའ་བྱེད་བཅུགས་པའི་སྟེང་དུ་མཚན་རྟགས་ཡང་རྒྱག་བཅུག་ཡོད། དེ་ལྟ་བུ་ད་ལྟ་བར་རྒྱ་མིས་ཀྱང་བྱེད་མྱོང་མེད། མ་ཚད་བོད་སྲིད་པ་ཆགས་ནས་འདི་ལོར་བར་བོད་ཀྱི་ཚོགས་པ་ཆེན་པོ་ཞིག་ནས་བོད་མི་ལ་བོད་རང་བཙན་གླེང་མི་ཆོག་པའི་དབང་མེད་མཚན་རྟགས་བསྡུ་རུག་བྱས་པའི་བོད་ཀྱི་ལོ་རྒྱུས་ནང་ཡོངས་སུ་མ་གྲགས་པའི་གཏམ་རྒྱུད་ཀྱི་ལེའུ་གསར་པ་ཞིག་རེད། དེ་ལྟ་བུ་བཀྲས་མཐོང་ལ་ཡང་བོད་རང་བཙན་གྱི་ལྟ་བ་འཁྱེར་མི་ཆོག་པའི་མཚན་རྟགས་རྒྱག་བཅུག་ཡོད་མདོག་ཁ་བོ་རེད། དེ་ཡིན་ན་གཞི་ལུས་མི་མང་གི་མངོན་འདོད་དང་ཡོངས་སུ་རྒྱབ་འགལ་རེད།། གཉིས་པ་ནི་གོང་དུ་དྲ་གྲོགས་མང་པོ་ཞིག་གིས་གསུངས་པ་བཞིན་དེ་སྔོན་ཞིང་འབྲོག་བོད་མི་མང་པོ་ཞིག་ལ་བཙན་དབང་མནར་གཅོད་གཏོང་མཁན་གྱི་སྡེ་པ་གཞུང་གི་སྐུ་དྲག་གི་མི་སྣ་ཞིག་ཡང་བསྐྱར་བཀའ་ཁྲི་བསྐོས་ན་གལ་སྲིད་གཞིས་བྱས་གཉིས་ཐ་དད་མི་ཆགས་པའི་ངེས་པ་ག་ལ་ཡོད། གང་ཡིན་ཞེ་ན་རྒྱ་མིས་བོད་ནང་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་པ་ལྟར། བཙན་བྱོལ་གཞུང་ནི་སྐུ་དྲག་རིང་ལུགས་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་གཤམ་པའི་ཡུལ་གྱར་སྲིད་གཞུང་ཤིག་ཡིན་པས་དེ་བོད་ནང་ཕྱིར་ལོག་བྱས་ན་བོད་མི་རྣམས་ལ་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་བསྐྱར་ལོག་བྱེད་ཀྱི་རེད་ཅེས་ཡང་ཡང་བསྒྲགས་བཞིན་པ་དེ་ལ་བོད་མི་རྣམས་ཡིད་ཆེས་མི་སྐྱེ་བ་མ་ངེས།། །།
ཉེ་ཆར་དབུས་གཙང་ཆོལ་ཁས་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་གྲོས་ཚོགས་ཀྱི་འཐུས་མི་ཡོང་མི་ཆོག་པའི་གྲོས་ཆོད་འཇོག་པ་མ་ཚད་སྔོན་འགྲོ་འོས་མི་ ༢༠ ལས་ཁས་ལེན་དམ་བཅའ་བྱེད་བཅུགས་པའི་སྟེང་དུ་མཚན་རྟགས་ཡང་རྒྱག་བཅུག་ཡོད། དེ་ལྟ་བུ་ད་ལྟ་བར་རྒྱ་མིས་ཀྱང་བྱེད་མྱོང་མེད། མ་ཚད་བོད་སྲིད་པ་ཆགས་ནས་འདི་ལོར་བར་བོད་ཀྱི་ཚོགས་པ་ཆེན་པོ་ཞིག་ནས་བོད་མི་ལ་བོད་རང་བཙན་གླེང་མི་ཆོག་པའི་དབང་མེད་མཚན་རྟགས་བསྡུ་རུག་བྱས་པའི་བོད་ཀྱི་ལོ་རྒྱུས་ནང་ཡོངས་སུ་མ་གྲགས་པའི་གཏམ་རྒྱུད་ཀྱི་ལེའུ་གསར་པ་ཞིག་རེད། དེ་ལྟ་བུ་བཀྲས་མཐོང་ལ་ཡང་བོད་རང་བཙན་གྱི་ལྟ་བ་འཁྱེར་མི་ཆོག་པའི་མཚན་རྟགས་རྒྱག་བཅུག་ཡོད་མདོག་ཁ་བོ་རེད། དེ་ཡིན་ན་གཞི་ལུས་མི་མང་གི་མངོན་འདོད་དང་ཡོངས་སུ་རྒྱབ་འགལ་རེད།། གཉིས་པ་ནི་གོང་དུ་དྲ་གྲོགས་མང་པོ་ཞིག་གིས་གསུངས་པ་བཞིན་དེ་སྔོན་ཞིང་འབྲོག་བོད་མི་མང་པོ་ཞིག་ལ་བཙན་དབང་མནར་གཅོད་གཏོང་མཁན་གྱི་སྡེ་པ་གཞུང་གི་སྐུ་དྲག་གི་མི་སྣ་ཞིག་ཡང་བསྐྱར་བཀའ་ཁྲི་བསྐོས་ན་གལ་སྲིད་གཞིས་བྱས་གཉིས་ཐ་དད་མི་ཆགས་པའི་ངེས་པ་ག་ལ་ཡོད། གང་ཡིན་ཞེ་ན་རྒྱ་མིས་བོད་ནང་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་པ་ལྟར། བཙན་བྱོལ་གཞུང་ནི་སྐུ་དྲག་རིང་ལུགས་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་གཤམ་པའི་ཡུལ་གྱར་སྲིད་གཞུང་ཤིག་ཡིན་པས་དེ་བོད་ནང་ཕྱིར་ལོག་བྱས་ན་བོད་མི་རྣམས་ལ་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་བསྐྱར་ལོག་བྱེད་ཀྱི་རེད་ཅེས་ཡང་ཡང་བསྒྲགས་བཞིན་པ་དེ་ལ་བོད་མི་རྣམས་ཡིད་ཆེས་མི་སྐྱེ་བ་མ་ངེས། དེར་བརྟེན་བཀྲས་མཐོང་ལགས་བཀའ་ཁྲི་བསྐོས་ན་སྤྱི་ཚོགས་སུ་རྙོག་གཞི་ཅན་ཞིག་ཆགས་རྒྱུ་ལས་མ་འདས་པས་ད་ལྟ་ནས་གཟོབས་ཤིགས།། །།
གོང་བཤད་མཆན་བུ་རྣམས་ལ་བསམ་གཞིགས་བྱ་རྒྱུ་ཞིག་ཏན་ཏན་འདུག
བོད་རང་བཙན་མིན་པའི་དབུས་གཙང་ཆོལ་ཁས་གྲོས་ཆོད་འཇོག་པའི་ཡིག་ཆ་དེ་ངེས་པར་དུ་ཕྱིར་འཐེན་གནང་རོགས།།
ལྕགས་མོ་འཚོའི་གཡུ་ཞུན་དྲ་བ་ལས།
རྒྱ་རིགས་རྩོམ་པ་པོ་སྐད་གྲགས་ཅན་ཚའོ་ཁྲང་ཆིན་གྱིས་བརྩམས་པའི་འབྲོག་མྱིས་བསྒྱུར་བ་ནང་འདི་ལྟར་བཤད་ཡོད།
བཙན་བྱོལ་བོད་གཞུང་གིས་ངེས་པར་དུ་སྒྲུབ་དགོས་པ་ནི། མངོན་སུམ་ལ་ངེས་ཤེས་ཀྱིས་བདེན་པ་དང་ལེན་བྱ་དགོས། ཞེས་པ་དང། ཡང། བོད་མིའི་༼བདེན་དོན་གཉིས་༽ཁྱབ་སྤེལ་བྱ་དགོས།༼བདེན་དོན་གཉིས་༽སྟེ་བོད་དེ་ལོ་རྒྱུས་སྟེང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དོན་དང་། བོད་མི་མང་ཆེ་བས་རང་བཙན་འདོད་ཀྱིན་ཡོད་པའི་བདེན་དོན། གཉིས་པོ་དངོས་ཡོད་གནས་ཚུལ་ཡིན་པ་ངོས་ལེན་བྱེད་དགོས། ཞེས་པ་རྒྱ་མི་གིས་ཀྱང་འདི་ལྟར་བཤད་ཡོད། ཡིན་ན་ཡང་དབུས་གཙང་མི་ཚང་མ་ག་ལ་ཡིན། འདི་ལོའི་དབུས་གཙང་དབུས་རྒྱུན་ལས་དང་ཁྱད་པར་དུ་སྤྱི་འཐུས་སྒྲོལ་མ་ཚེ་རིང་སོགས་ཁ་བདེ་ཙམ་ལས་སློབ་སྦྱོང་ཤེས་ཡོན་མེད་པའི་བསམ་བློ་མ་སྨིན་པའི་ཐ་ན་བོད་ཀྱི་ལོ་རྒྱུས་དེབ་གཅིག་ཙམ་མགོ་རྩེ་ཚང་བ་ཀློག་མ་མྱོང་བའི་མཐོང་རྒྱ་དང་མཐོས་རྒྱ་མེད་པའི་ཤ་ཁོག་གྲལ་སྡོད་དེ་ཚོས་བོད་ཀྱི་མ་འོངས་པའི་ལོ་རྒྱུས་འཁྱོག་བཟོས་ཀྱིས་ནག་ཐིག་འཕོགས་པར་བྱས་པར་དེ་དག་ངེས་པར་དུ་ནོར་འཁྲུལ་ལ་ནོར་འཁྲུལ་ཡིན་པར་ངོས་ལེན་གྱིས་གྲོས་ཆོད་དེ་རིགས་ཕྱིར་འཐེན་བྱེད་དགོས། མཐའ་ན་མཚན་རྟགས་རྒྱག་མཁན་སྔོན་འགྲོ་འོས་མི་ ༢༠ པོས་བསམ་བློ་མ་འཁོར་བ་མགོ་མཐོང་བསྡད་པ་དེ་རིགས་ཡ་མཚན་ཤིག་རེད། དེ་དག་གིས་ཀྱང་མི་རེ་ངོ་རེ་ནས་ད་ལྟ་ནས་ཕྱིར་འཐེན་ཁྱབ་བསྒྲགས་བྱས་ན་བོད་ཀྱི་ལོ་རྒྱུས་དང་རང་གི་ལོ་རྒྱུས་ནང་ཉེས་ཅན་གྱི་ནོར་འཁྲུལ་ངན་པ་ཤོར་བ་དེ་ཕྱིར་འཐེན་བྱེད་ཐུབ། མ་འོངས་པ་ལོ་ལྔ་བཅུ་དང་བརྒྱའི་རྗེས་ལ་བོད་རང་བཙན་མིན་པའི་དབུས་གཙང་ཆོལ་ཁས་གྲོས་ཆོད་འཇོག་པའི་ཡིག་ཆ་དེ་རྒྱ་ནག་གིས་རྒྱ་བོད་བར་གྱི་འཐབ་རྩོད་ཀྱི་བདེན་དཔང་ཡིག་ཆ་གྲས་སུ་འཇོག་པ་བཤད་མི་དགོས།།
འབྱུང་འགྱུར་བཀའ་བློན་ཁྲི་པ་དེ་བོད་ཀྱི་མ་འོངས་པའི་ཆེད་དུ་ཤིན་ཏུ་གལ་ཆེ་བར་རྟེན་བོད་གཞུང་དགའ་ལྡན་ཕོ་བྲང་དང་༧རྒྱལ་བ་རིན་པོ་ཆེར་དབུ་འོག་དཔུང་འདེགས་ཞུ་མཁན་ཤེས་འཇོན་གཉིས་ལྡན་དང་འཛིན་སྐྱོང་ཐད་ཉམས་མྱོང་ཅན་སྐུ་ངོ་བཀྲིས་དབང་འདུད་མཆོག་ལ་བླུག་དགོས་པ་རེད་
བཀྲས་མཐོང་གིས་ལོ་སྔོན་མར་ཨ་རིའི་གློག་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་ཚེ་གཏན་གྱིས་བཅའ་འདྲི་བྱེད་སྐབས་ལན་དུ། དྲི་བ། ༧གོང་ས་མཆོག་གིས་མ་འོངས་པའི༧གོང་ས་སྐུ་འཕྲིན་བཅུ་བཞི་པ་དེའི་ཐོག་ཐག་བཅད་བོད་མི་དམངས་ཀྱིས་ངོས་བྱེད་དགོས་པའི་བཀའ་སློབ་གནང་ཡོད་པའི་དེའི་ཐོག་སྐུ་དངོས་ནས་གསམ་ཚུལ་ཇི་ལྟ་ཡོད་དམ། ལན། ངའི་བསམ་པར་མ་འོངས་པའི་སྐུ་འཕྲིན་བཅུ་བཞི་པ་དེ་ཡེ་ཤེས་བླ་ཆེན་སྤོབ་ནང་ཞིན་དེ་ཡང་རྒྱལ་སྤྱིའི་ནང་པ་ཡོང་འབྲེལ་བ་བཟོ་ནས་རྒྱལ་སྤྱིའི་ནང་པ་ཡོང་གི་ངོས་འཛིན་ཐུབ་ཅིག་བྱེད་ཐུབ་ན་ཡག་པོ་ཡོད་རེད་བསམ་ཀྱི་ཡོད་གསུངས།་ དྲི་བ། དེ་འདྲ་བྱས་ན་རྒྱ་མིའི་ནང་པ་ས་ཡ་སྟོང་ཕྲག་ཁ་ཤས་ཡོད་པས་དེ་འདྲ་བའི་སྐུ་འཕྲིན་བཅུ་བཞི་པ་དེས་བོད་དོན་ཐོག་ནུས་པ་ཅི་ཙམ་མདོན་ཐུབ་བམ་ངའི་ལྟས་ན་དེས་བོད་དོན་ཐོག་ནུས་པ་འདོན་ཁ་པོ་རེད་བསམ་གྱི་འདུག་དེ་ག་འདྲ་ཡིན་ནམ། ལན། དེ་ལ་བསམ་བློ་གཏང་ཡ་ཡོད་རེད་བསམ་གྱི་འདུག་ཡིན་ཡང་དེ་མ་འོང་པའི་སྐད་ཆ་རེད་བ། རང་གིས་རྒྱག་པའི་ལན་སྔ་མ་ལ་རང་གི་འགན་ལེན་མེད་པ་དང་ལེན་སྔ་མ་དེའི་ནང་དོན་ཐད་འཇུག་འབྲས་ལ་བསམ་བློ་མ་གཏང་ལྟ་བུའི་ཚོར་སྣང་བྱུང། ༧གོང་ས་སྐུ་འཕྲིན་བཅུ་བཞི་པ་དེ་བོད་མིའི་ལས་དབང་འབྲེལ་བ་ཤིན་ཏུ་ཆེ་པོ་ཡོད་པའི་གནད་དོན་ཞིག་ཡིན་པའི་དེའི་དོན་ལ་བསམ་བསམ་བློ་ཙམ་ཡང་གཏང་མྱོང་མེད་ན་མ་འོངས་བཀའ་ཁྲི་འོས་བབ་མེད་པར་ཤེས་སོ།
དྲྭ གྲོགས་ཚོ། བཀྲས་མཐོང་བསྟན་འཛིན་གྱིས་ལྐོག་བྱས་པའི་ལོ་རྒྱུས་དང་། ལྐོག་བྱེད་དགོས་ན་ཉམས་མྱོང་ཁོང་ལས་ལྷག་ཅིག་མེད་རབས་གོ་རྒྱུ་འདུག དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས།
དྲྭ གྲོགས་ཚོ། བཀྲས་མཐོང་བསྟན་འཛིན་གྱིས་ལྐོག་ཟ་བྱས་པའི་ལོ་རྒྱུས་དང་། ལྐོག་ཟ་བྱེད་དགོས་ན་ཉམས་མྱོང་ཁོང་ལས་ལྷག་ཅིག་མེད་རབས་གོ་རྒྱུ་འདུག དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས།
དྲྭ་གྲོགས་བཀྲིས་ལགས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་སྙིང་བསྡུས་འདིར་ཁ་ལས་མིག་ཆེ་བ་གདངས་ནས་གཟིགས་དཀྲུགས་ཤིང་མ་རྒྱག་ལོ།
བོད་རྒྱལ་ཡོངས་མང་གཙོ་ ཚོགས་པའི་ཟིན་བྲིས་སུ་འཁོད་པའི་
བཀྲས་མཐོང་བསྟན་འཛིན་རྣམ་ རྒྱལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།།
བཀྲས་མཐོང་བསྟན་འཛིན་རྣམ་ རྒྱལ་ལགས་ནི་རྡོར་རྗེ་གླིང་དུ་སློབ་གྲྭར་ཕེབས་ཡོད། ཁོང་ནི་བོད་ཡིག་དང་དབྱིན་ཡིག་གང་སྤྱིར་སྦྱང་པ་ལེགས་པོ་ཡོད་པ་ཞིག་ཡིན། སྤྱི་ལོ་༡༩༦༠ ནས་མ་སུ་རིར་སློབ་ཕྲུག་ཡིན་སྐབས་ཞོར་དུ་དགེ་རྒན་ཡང་གནང༌། སློབ་སྦྱོང་གི་ཞོར་དུ་ཨ་རིའི་མཐོ་སློབ་སེ་ཊན་ཕོ་ཊི་གི་རྒྱལ་རབས་སྡེ་ཚན་ནང་ སློབ་ཁྲིད་གནང་ཡོད། ཨ་རིར་བྱམས་བརྩེ་དང་གཞན་ཕན་ཞིབ་འཇུག་ཁང་གི་རྒྱུན་ལས་དང༌། སེ་ཊན་ཕོ་ཊི་མཐོ་སློབ་ནང་དབང་རྩའི་ཚན་རིག་དང་འབྲེལ་བའི་སྡེ་ཚན་འོག་སྨན་གྱི་ སྡེ་ཚན་ཞིག་གསར་འཛུགས་གནང་མཁན་གྱི་གྲས་ཡིན། སྤྱི་ལོ་༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་ཡིག་བསྒྱུར་བ་གནང༌།
སྤྱི་ལོ་༡༩༦༨ ལོར་ཁོང་མི་གསུམ་གྱིས་གཞུང་འབྲེལ་མིན་པའི་ཐོག་ནས་མཉམ་ཤེས་བྱ་དུས་དེབ་ཐོག་ མར་བཏོན། སྤྱི་ལོ་༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་དང་དེ་སྐབས་ཁོང་གིས་གཞོན་ ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང༌། དེ་ནས་ཅདྲཏྟྤཎརྣ ངྟསྤྲདྲྟཕགྱི་་རྩོམ་སྒྲིག་པ་གནང་ཡོད། སྤྱི་ལོ་༡༩༨༠ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཐོག་ཕེབས། སྤྱི་ལོ་༡༩༧༣ ནས་༡༩༨༦ བར་ཨ་རིའི་ནང་ྋགོང་ས་མཆོག་གི་སྐུ་ཚབ་གནང་བ་དང༌། སྤྱི་ལོ་༡༩༨༧ ནས་༡༩༩༠ བར་ཨ་རིའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས།
ཨ་རིར་བཞུགས་དུས་བོད་ཀྱི་ ཐེབས་རྩ་དང་པོ་ཏ་ལ་དཔར་སྐྲུན་ཁང་གཉིས་བོད་ཀྱི་ལས་ཁུངས་ཞེས་པའི་འོག་གསར་ འཛུགས་དང༌། རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ལས་ཁུང་ཡང་གསར་འཛུགས་གནང་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་བོད་ཀྱི་ཆེད་སྐྱབས་བཅོལ་རོགས་སྐྱོར་དང་རླུང་ འཕྲིན། ཨ་རིར་བོད་པ་སྐྱབས་བཅོལ་ལེན་པ་སོགས་ཨ་རི་དང་ཁ་ན་ཌ་སོགས་ལ་བོད་ཀྱི་ལས་དོན་ དང་འབྲེལ་བའི་ཕྱག་ལས་ཤུགས་ཆེ་གནང་ཡོད།
སྤྱི་ལོ་༡༩༩༠ ལོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་གནང་སྟེ་དཔལ་འབྱོར་དང་ནང་སྲིད་ཕྱི་དྲིལ་ སོགས་ཀྱི་ཐུགས་འགན་དང་ད་དུང་ཁོང་གིས་བཀའ་བློན་ཁྲི་པའི་ཐུགས་འགན་ཡང་ལོ་ལྔ་ བཞེས་ཡོད། སྤྱི་ལོ་༡༩༩༥ ལོར་ཨ་རིར་གནས་སྤོས་གནང་ཡོད། དེ་སྐབས་བོད་ནང་ལོ་བདུན་ཞེས་པའི་གློག་བརྙན་གྱི་སློབ་སྟོན་པ་དང་ྋགོང་ས་མཆོག་ གི་ཐེབས་རྩ་གསར་འཛུགས་དང་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་ཡིན། ཁོང་གི་བཙན་བྱོལ་སྤྱི་ཚོགས་ནང་གལ་གནད་ཅན་གྱི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ ཡོད།།
དྲྭ་གྲོགས་བཀྲིས་ལགས། ཁྱོད་ནས་ཁ་ལས་མིག་ཆེ་ཙམ་གདངས་ནས་བཀྲས་མཐོང་བསྟན་འཛིན་རྣམ་ རྒྱལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་འདི་ལ་ཡག་པོ་གཟིགས་སོ་སོའི་སོ་སོ་སྙིང་ཁམས་འཁྲུགས་ཏུ་མ་འཇུག སྤྱི་ཚོགས་དཀྲུགས་ཤིང་རྒྱགས་ཡས་དེ་ཉིད་ཀྱི་བསམ་དོན་མིན་པའི་རེ་བ་ཡོད།
བཀྲས་མཐོང་བསྟན་འཛིན་རྣམ་ རྒྱལ་ལགས་ནི་རྡོར་རྗེ་གླིང་དུ་སློབ་གྲྭར་ཕེབས་ཡོད། ཁོང་ནི་བོད་ཡིག་དང་དབྱིན་ཡིག་གང་སྤྱིར་སྦྱང་པ་ལེགས་པོ་ཡོད་པ་ཞིག་ཡིན། སྤྱི་ལོ་༡༩༦༠ ནས་མ་སུ་རིར་སློབ་ཕྲུག་ཡིན་སྐབས་ཞོར་དུ་དགེ་རྒན་ཡང་གནང༌། སློབ་སྦྱོང་གི་ཞོར་དུ་ཨ་རིའི་མཐོ་སློབ་སེ་ཊན་ཕོ་ཊི་གི་རྒྱལ་རབས་སྡེ་ཚན་ནང་ སློབ་ཁྲིད་གནང་ཡོད། ཨ་རིར་བྱམས་བརྩེ་དང་གཞན་ཕན་ཞིབ་འཇུག་ཁང་གི་རྒྱུན་ལས་དང༌། སེ་ཊན་ཕོ་ཊི་མཐོ་སློབ་ནང་དབང་རྩའི་ཚན་རིག་དང་འབྲེལ་བའི་སྡེ་ཚན་འོག་སྨན་གྱི་ སྡེ་ཚན་ཞིག་གསར་འཛུགས་གནང་མཁན་གྱི་གྲས་ཡིན། སྤྱི་ལོ་༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་ཡིག་བསྒྱུར་བ་གནང༌།
སྤྱི་ལོ་༡༩༦༨ ལོར་ཁོང་མི་གསུམ་གྱིས་གཞུང་འབྲེལ་མིན་པའི་ཐོག་ནས་མཉམ་ཤེས་བྱ་དུས་དེབ་ཐོག་ མར་བཏོན། སྤྱི་ལོ་༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་དང་དེ་སྐབས་ཁོང་གིས་གཞོན་ ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང༌། དེ་ནས་ཅདྲཏྟྤཎརྣ ངྟསྤྲདྲྟཕགྱི་་རྩོམ་སྒྲིག་པ་གནང་ཡོད། སྤྱི་ལོ་༡༩༨༠ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཐོག་ཕེབས། སྤྱི་ལོ་༡༩༧༣ ནས་༡༩༨༦ བར་ཨ་རིའི་ནང་ྋགོང་ས་མཆོག་གི་སྐུ་ཚབ་གནང་བ་དང༌། སྤྱི་ལོ་༡༩༨༧ ནས་༡༩༩༠ བར་ཨ་རིའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས།
ཨ་རིར་བཞུགས་དུས་བོད་ཀྱི་ ཐེབས་རྩ་དང་པོ་ཏ་ལ་དཔར་སྐྲུན་ཁང་གཉིས་བོད་ཀྱི་ལས་ཁུངས་ཞེས་པའི་འོག་གསར་ འཛུགས་དང༌། རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ལས་ཁུང་ཡང་གསར་འཛུགས་གནང་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་བོད་ཀྱི་ཆེད་སྐྱབས་བཅོལ་རོགས་སྐྱོར་དང་རླུང་ འཕྲིན། ཨ་རིར་བོད་པ་སྐྱབས་བཅོལ་ལེན་པ་སོགས་ཨ་རི་དང་ཁ་ན་ཌ་སོགས་ལ་བོད་ཀྱི་ལས་དོན་ དང་འབྲེལ་བའི་ཕྱག་ལས་ཤུགས་ཆེ་གནང་ཡོད།
སྤྱི་ལོ་༡༩༩༠ ལོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་གནང་སྟེ་དཔལ་འབྱོར་དང་ནང་སྲིད་ཕྱི་དྲིལ་ སོགས་ཀྱི་ཐུགས་འགན་དང་ད་དུང་ཁོང་གིས་བཀའ་བློན་ཁྲི་པའི་ཐུགས་འགན་ཡང་ལོ་ལྔ་ བཞེས་ཡོད། སྤྱི་ལོ་༡༩༩༥ ལོར་ཨ་རིར་གནས་སྤོས་གནང་ཡོད། དེ་སྐབས་བོད་ནང་ལོ་བདུན་ཞེས་པའི་གློག་བརྙན་གྱི་སློབ་སྟོན་པ་དང་ྋགོང་ས་མཆོག་ གི་ཐེབས་རྩ་གསར་འཛུགས་དང་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་ཡིན། ཁོང་གི་བཙན་བྱོལ་སྤྱི་ཚོགས་ནང་གལ་གནད་ཅན་གྱི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ ཡོད།།
བཟོད་པ་ལྷ་རྩེ་ནས་ལགས། ཐོག་མར་བཀྲས་གཞུང་གི་སཟོས་བོད་གཞུང་གི་ཧིན་སྒོར་འབུམ་བདུན་བརྒྱ་དེ་རྩིས་ཡག་པོ་ཞིག་རྒྱག་རོགས།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་གསལ་པོ་མཁྱེན་འདོད་ཡོད་ན་གུས་པས་རེ་བ་བསྐོང་ཆོག། ཁོང་དཔལ་འབྱོར་བཀའ་བློན་ཡིན་དུས་སུའུ་སི་ཡི་དངུལ་ཁང་ཞིག་ནང་བོད་གཞུང་གི་མ་དངུལ་བཅོལ་བཞག་བྱས་པ་ཡོད་ཚད་གཙང་མ་བཏོན་ནས་མེད་པར་བྱས་ཡོད། དེ་དང་མཉམ་དུ་དཔལ་འབྱོར་ལས་ཁུངས་ཀྱི་དངུལ་ཁང་ནང་ནས་དངུལ་འབོར་མང་པོ་བཏོན་དྲག་བྱས་དུས་དཔལ་འབྱོར་དྲུང་ཆེ་ཚེ་བཀྲ་ཤིས་ཀྱིས་བཏོན་མ་བཅུག་པར་བཀག་འགོག་བྱས་ཡོད། དེས་རྐྱེན་པས་ཚེ་བཀྲ་ཤིས་དཔལ་འབྱོར་དྲུང་ཆེའི་གོ་གནས་ནས་རྒོལ་རྒྱུའི་ངན་གཡོའི་བཤམས་ཏེ་སྤྱི་འཐུས་པདྨ་ཚེ་དབང་ལ་རྒྱུད་བསྐུལ་བྱས་ཏེ་ཀ་ལི་ཀ་ཏའི་གཞུང་གི་ཟ་ཁང་གི་ལྐོག་དངུལ་ཟོས་པ་ལ་བསྙད་དེ་གྲོས་ཚོགས་སུ་སྐྱོན་བརྗོད་བྱེད་བཅུག་ཡོད། དེར་བརྟེན་དཔལ་འབྱོར་དྲུང་ཆེ་ཚེ་བཀྲ་ཤིས་དཔལ་འབྱོར་ལས་ཁུངས་ནས་ཕྱིར་འཕུད་བྱེད་ཐུབ་ཡོད་པ་མ་ཚད་བཀའ་བློན་བཀྲས་མཐོང་གི་མིག་ནང་བཅུག་ན་མི་ཚ་བའི་ནང་སྲིད་བཀའ་བློན་འཇམ་དཔལ་ཆོས་བཟང་དཔལ་འབྱོར་དྲུང་ཆེའི་གོ་ས་ལ་འཐེན་ཐུབ་ཡོད། དེ་ནས་བཟུངས་ཏེ་ཧིན་སྒོར་འབུམ་བདུན་བརྒྱ་ནས་བརྒྱད་བརྒྱ་བར་མ་ཚང་བ་དེ་ཟ་འགོ་བཟུངས་རྒྱུ་གོ་སྐབས་རེག་ཡོད། དེ་ཙམ་མ་ཚད་ཁོ་མུ་མཐུད་ཀླུང་རྟ་རྒྱུགས་ཏེ་བཀའ་ཁྲི་གོ་ས་ལ་འཛེགས་ཐུབ་ཡོད། སྟབས་མ་ལེགས་པར་པདྨ་རྒྱལ་པོས་ཐེ་ཝན་བོད་སོག་ལས་ཁུངས་ནས་ཨ་སྒོར་ཉིས་འབུམ་དགུ་ཁྲི་ལེན་སྟེ་བོད་གཞུང་ལ་བཏང་བའི་གནས་ཚུལ་སྤྱི་ཚོགས་སུ་ཁྱབ། དེས་རྐྱེན་པས་གྲོས་ཚོགས་ར་བ་ལ་གནས་ཚུལ་དེ་ཞིབ་འཇུག་བྱེད་དགོས་པའི་བཀའ་བརྒྱུད་སྤྱི་འཐུས་ཀླུ་སྒྲུབ་མཐར་ཕྱིན་གྱིས་གྲོས་གཞི་གྲོས་འཆར་བཏོན ། སུའུ་སི་སྤྱི་འཐུས་ཚེ་རྡོ་ཀྱིས་རྒྱབ་སྐྱོར་བྱས། མ་ཚད་སྤྱི་འཐུས་ ༢༥ ཡིས་མོས་མཐུན་རྒྱབ་སྐྱོར་བྱས་ཏེ་གྲོས་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་བཙུགས། ཚོགས་ཆུང་གི་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་བསྐོས། ཚོགས་ཆུང་གིས་རྒྱུ་མ་ཕུ་དེད་ཀྱིས་ཞིབ་འཇུག་བྱས་པས་ཨ་སྒོར་ ༢༩༠༠༠ ཐེ་ཝན ནས ༡༩༩ ༥་ ཟླ ༧ ཚེས་ ༥ ཉིན་བཏང་། ཚེས་ ༧ ཉིན་ལྡི་ལི་དོན་གཅོད་ལ་འབྱོར། ཚེས་༡༠ ཉིན་ བཀའ་ཤག་ལ་ཧིན་སྒོར་འབུམ་ ༤༥་ལྷག་ཙམ་འབྱོར་བ་ལྐོག་ཟོས་བྱས་པའི་ཞིབ་འཇུག་ཚོགས་ཆུང་གི་གསལ་ཤེས་བྱུང་། དེ་ནས་མུ་འཐུད་དེ་ཞིབ་འཇུག་བྱས་པས་དེ་མིན་པའི་ཧིན་སྒོར་འབུམ་བདུན་བརྒྱ་ནས་བརྒྱད་བརྒྱ་བར་མ་ཚང་བ་གཞི་ནས་ཤེས། དེ་རྩད་གཅོད་བྱས་པ་དང་ཨ་ལན་ཡ་ལན་མ་བྱས་པར་བཀྲས་མཐོང་བཀའ་ཁྲིའི་གོ་ས་བཞག་ནས་ཨ་རི་ལ་བྲོས་བྱོལ་སོང་ནས་ད་ལྟ་བར་གོ་མེད་འཚོར་མེད་བསྡད་ཡོད། ད་དུང་ཡང་བཀའ་ཁྲི་བསྐོ་མིན་མི་མང་གིས་བསམ་བློ་བཏང་རྒྱུ་རེད།། །།
འདི་འདྲ་རེ་འབྲི་ཐུབ་ན་བོད་དོན་ལ་ཕན་ཐོགས་ཆེན་པོ་རེད།
འབྱོར་དགའ་རྒྱལ་ཐུགས་རྗེ་ཆེ་ཞུ།
གོ་ཐོས་ལ། བྷེ་ཧར་མངའ་སྡེ་ལ་ལ་ལོ་མ་གཏོགས་མངའ་སྡེ་བློན་ཆེན་ལ་ཐོབ་མི་སྲིད་ཟེར། ལ་ལོ་རང་ནས་ཀྱང་ཨ་ལོ་ས་མ་སི་ནང་དུ་ཨ་ལོ་མ་ཚར་ན། བྷེ་ཧར་མངའ་སྡེ་ནས་ལ་ལོ་མི་ཚར་ཟེར་ཡོད་ནི་རེད་ཟེར། གང་ལྟར་ཇག་པ་ངེས་པར་དུ་དགོས་པའི་གཞུང་ཡོད་དགོས་པ་འདྲ།
ཨ་ལུ་མ་ཚར་ན་ལ་ལོ་མི་ཚར་ཟེར་བ་དངོས་གནས་ཁོས་བཤད་པ་རེད། དེ་བདེན་པ་འདྲ་ཞིག་ཀྱང་འདུག དྷེ་ཧར་གྱི་མངའ་སྡེའི་བློན་ལ་ལོ་ཡིན་ཡིན་པ་རེད་ཟེར་ནས་དྷ་སའི་རྒྱ་གར་ཚོས་ཀྱང་བཤད་ཀྱི་འདུག
ཨ་ལུ་མ་ཚར་ན་ལ་ལོ་མི་ཚར་ཟེར་བ་དངོས་གནས་ཁོས་བཤད་པ་རེད། དེ་བདེན་པ་འདྲ་ཞིག་ཀྱང་འདུག དྷེ་ཧར་གྱི་མངའ་སྡེའི་བློན་ཆེན་ལ་ལོ་ཡིན་ཡིན་པ་རེད་ཟེར་ནས་དྷ་སའི་རྒྱ་གར་ཚོས་ཀྱང་བཤད་ཀྱི་འདུག
སྐུ་དྲག་གི་བརྒྱུད་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི། གཞི་རིམ་གྱི་མི་སེར་དཀྱུལ་མ་དང་ནམ་ཡང་བློ་སེམས་གཅིག་པ་ཆགས་མི་ཐུབ། རྒྱུ་མཚན་ནི་སྐུ་དྲག་རྒྱུད་ཀྱིས་རང་ཉིད་དང་མི་སེར་དཀྱུལ་མིའི་སྤྱི་ཚོགས་གནས་སྟངས་ཁ་ཁ་སོ་སོ་ཡིན་པ་དང༌། ཁོང་ཚོ་ནི་རིགས་རྒྱུད་མཐོ་བོའི་མི་ཡིན་པའི་ང་རྒྱལ་ཆེན་པོ་ཡོད་པ་རེད།
བཀའ་ཁྲིའི་འོས་མི་སུ་དང་སུ་སླེབས་ཀྱང༌། ང་ཚོས་ངོས་ནས་མི་དེའི་ལོ་རྒྱུས་ཕྱི་བསྒྲགས་བྱེད་སྐབས། ངེས་པར་དུ་དྲང་བདེན་གྱི་ལམ་ནས་བཏོན་རྒྱུ་ནི་ཧ་ཅང་གི་གལ་ཆེ། སོ་སོ་སྒེར་ངོས་ལ་དགའ་མི་དགའ་དང་བཟང་མི་བཟང་སོགས་གནས་ཚུལ་ཆུང་ཚགས་ལ་མ་གཟིགས་པར། བོད་སྤྱི་ཡོངས་ཀྱི་ཆེད་དུ་བསམ་བློ་ཞིབ་ཚགས་གཏོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་མཐོང༌། རྒྱ་གཞུང་གིས་ང་ཚོས་འོས་བསྡུ་དེ་བལྟས་བསྡད་ཡོད་པ་རེད། ང་ཚོས་འོས་བསྡུའི་ཆེད་དུ་ནང་ཁུལ་དུ་མ་ཉེས་ཁག་གཡོགས་སོགས་གནང་པ་ཡིན་ན། རྒྱ་གཞུང་གིས་རེ་བ་ནང་བཞིན་འགྲོ་གི་ཡོིད་དང༌། ཁོང་ཚོས་ཚིག་སྣེ་རེ་ཞིག་བཟུང་ནས་བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་རྒྱག་རྒྱུ་ནི་སྨོས་མེད་རེད། དེ་འདྲ་ཡིན་དུས་ཤེས་ལྡན་སྤུན་ཟླ་རྣམ་གྱིས་གཟབ་གཟབ་གནང་རྒྱུ་སེམས་ལ་བཟུང༌།
མི་མང་པོ་ཞིག་གིས་ཕྱོགས་ཞེན་ཙམ་ལས་དོན་དངོས་ཀྱི་གནས་ལུགས་གང་ཡང་བཤད་མི་འདུག དངོས་གནས་བཤད་ན་སྐུ་དྲག་གི་རྒྱུད་པ་ཡིན་མིན་དེ་གལ་ཆེན་པོ་མ་རེད། འཇོན་ཐང་དང་ལངས་ཕྱོགས། གཙོ་བོ་ལྷག་བསམ་ཡོད་མེད་པ་གླེང་དགོས་པ་གལ་ཆེན་པོ་རེད། སྐབས་རེ་ལག་ཁྱེར་མེད་ན་མི་འགྲིག་པ་དང་། སྐབས་རེ་ལག་ཁྱེར་ཡོད་པས་མི་ཕན་ཚུལ་མང་པོ་ཞིག་བཤད་ཀྱི་འདུག དེར་བརྟེན་ཚང་མས་བློ་བཟང་སེང་གེ་བཀྲས་མཐོང་པའི་ལོ་རྒྱུས་གཞི་ལ་བཞག་ནས་གླེང་དགོས་པ་ལས། དོན་མེད་བསྙོན་འཛུགས་བྱས་ནས་ཕན་ཐོགས་མི་འདུག
ཨ་ཁོ་རེ། འདི་ཁྱད་མཚར། བཀའ་ཁྲིར་རེ་འདོད་བྱེད་མཁན་གྱིས་ཨ་འདྲའི་ལུང་ཚན་འཐེན་ཁྱེར་གྱི་གཏམ་བརྗོད་ཨེ་སྲིད། ཁོའམ་ཁོའི་ཕྱོགས་གཏོགས་གིས་འདི་འདྲ་བ་བསམ་གྱི་ཡོད་རུང་མེད་རུང་ཡི་གེར་མི་འབྲི་བ་ཁོ་ཐག་རེད། འདིའི་ཞྭ་མོ་གོ་སློག་ནས་གཡོག་ལུགས་ལ་བལྟས་ན་འདི་འདྲ་འབྲི་མཁན་ནནི་ངེས་པར་ཕྱོགས་རིས་ཅན་ཞིག་གམ་དཀྲུག་ཤིང་མཁན་པོ་ཞིག་ཡིན་པའི་རང་མཚང་བསྟན་ཟིན། ཧ་ཧ།
རེད་མོ་། ངས་ནི་གོང་ལ་ཅི་བྲིས་ཡོད་ཞིབ་ཆ་ལྟ་ཁོམ་མེད་དེ་ལྟ་ཡང་དགོས་པ་མི་འདུག་པ་ཟུར་བསྟན་ལེབ་མཐོང་ཡིན། གཏམ་འཆལ་སྤེལ་དྲགས་ན་ངེད་ཅག་བོད་པ་ཚང་ལ་ཕན་ཐོག་ཅིག་ཨེ་ཡོད་ན།
གོང་དེར་དྲ་གྲོགས་མང་པོ་ཞིག་གིས་བཀྲས་མཐོང་གི་དངུལ་ཟོས་ཡོད་མེད་སྐོར་ལ་འགྲོ་གླེང་གི་ཡོད་སྟབས་འདིར་འདི་འདྲ་ཞིག་འབུལ་གི་ཡིན།
http://www.youtube.com/watch?v=kmRmmgE1Lh4