འཕན་པོ་སྐལ་ལྡན་ལགས་སུ་རྒྱབ་སྐྱོར་བ་ཐུན་མོང་ནས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་བ་ཆབ་སྲིད་ཀྱི་ཕྱོགས་གཏོགས་དང་ཆོལ་ཁ་ཡི་ཕྱོགས་གཏོགས། ལུང་ཚན་གྱི་ཕྱོགས་གཏོགས་གང་ཡང་མེད་པའི་གསར་དུ་རྙེད་པའི་ཤེས་འབྱོན་གཉིས་ལྡན་དང་། ལོ་མང་རིང་སྤྱི་ཚོགས་ཞབས་ཞུའི་ཉམས་མྱོང་ཡོད་པ་རྒྱལ་གཅེས་ལྷག་བསམ་ལྡན་པའི་སྐབས་༡༦པའི་དབུས་གཙང་སྤྱི་འཐུས་འོས་མི་འཕན་པོ་སྐལ་ལྡན་ལགས་ནི་བོད་ནང་སྨན་པའི་སློབ་སྦྱོང་བྱས་པ་དང་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིགས་གཞུང་བརྡ་སྤྲོད་སོགས་ལ་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༡༩༨༤ ལོར་བོད་ནས་བཙན་བྱོལ་དུ་འབྱོར་བའི་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཚད་མ་རིག་པ་དང་ཕར་ཕྱིན་རིག་པར་སློབ་སྦྱོང་བྱས། དེ་རྗེས་ཀོ་ལེ་གྷལ་གཞིས་ཆགས་སུ་གནས་སྤོས་དང་ཕྱི་ནང་ཀྱི་རིག་གནས་ཐམས་བཅད་ལ་ཞོར་སྦྱོང་བྱས་པ་དང་ཀོ་ལེ་གྷལ་གཞིས་ཆགས་སུ་ཐེམ་པ་རིམ་འཛེག་ཀྱི་སྤྱི་མི་འམ་བརྒྱ་དཔོན་ལོ་གཅིག་དང་་ཡི་ཤུའི་བྱེད་པའི་རོགས་ཚོགསཀྱི་འགན་ལྷན་ལོ་གསུམ་ས་གནས་བོད་ཀྱི་གཞོན་ལྷན་་ཀྱི་དྲུང་ཆེ་ལོ་གསུམ་ས་གནས་སྲོལ་རྒྱུན་འཛིན་སྐྱོང་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ལོ་བཞི་ས་གནས་འཐུས་མི་ཚོགས་འདུའི་འཐུས་མི་ལོ་གསུམ་དང་ཚོགས་གཞོན་ལོ་གསུམ་བཅས་ཁྱོན་མི་ལོ་བཅུ་བདུན་རིང་སྤྱི་ཚོགས་ནང་ཞབས་ཞུ་དང་། དེ་བཞིན་མཉམ་འབྲེལ་འགན་འཛིན་ལྷན་ཚོགསཀྱི་འཐུས་མི་དང་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་འཐུས་མི། དགེ་རྒན་ཕ་མའི་འཐུས་མི་འོས་བསྡུའི་ཚོགས་མི་དང་ཟུར་དཔང་སོགས་སུ་རྒྱ་ཆེའི་མི་མང་ནས་འོས་འདེམས་བྱུང་ཡང་དོན་ལྡན་གླིང་གཞིས་མིའི་སྒྲིག་གཞི་ལྟར་དགོངས་པ་ཞུས་པ་དེ་བཞིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པ་ོསྦེལ་སྐོབ་་དང་་ཐེངས་གཉིས་པ་རྡ་ས་་གཉིས་སུ་ཀོ་ལེ་གྷལ་རྒྱ་ཆེའི་མི་མང་གི་སྐུ་ཚབ་སུ་ཚོགས་བཅར་ཞུས་པ་དང་། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ཡང་ཡིན་དེ་བཞིན་གསར་ཤོག་དང་དྲ་རྒྱ་སོགས་སུ་རྩོམ་ཡིག་ཀྱང་གང་མང་སྤེལ་མྱོང་ཡོད་། དམིགསཡུལ་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་དང་བཅའ་ཁྲིམས་ནང་གསལ་་བོད་ཀྱི་བདེན་དོན་་སེལ་རྒྱུའི་ཐབས་ལམ་འབད་རྩོལ་ཞུ་རྒྱུ། གཞིས་ཆགས་སྲ་བརྟན་དང་གཞིས་མི་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་གཉིས་ནི་ལས་འགན་དང་དམིགས་ཡུལ་གཙོ་བོ་ཡིན།
མིང་། སྐལ་ལྡན།
སྐྱེས་ཡུལ། འཕན་པོ།
སྡོད་གནས་། ཀོ་ལེ་གྷལ།
སྔོན་གྱི་ལས་གནས། ས་འཐུས་ཚོགས་གཞོན།
འོས་སྦྱོར་བ་ཀོ་ལེ་གྷལ་གཞིས་ཆགས་ནས་འཕན་པོ་སྐལ་ལྡན་ལགས་སུ་རྒྱབ་སྐྱོར་བ་མཐུན་མོང་ནས།
ང་རང་དབུས་གཙང་པ་ཞིག་ཡིན་ན་ངས་ཁྱེད་ལ་རྒྱབ་སྐྱོར་བྱེད་ངེས་འོན་སྟེ་བྱ་ཐབས་བྲལ་བས་དགོངས་པ་མ་ཚོམ་ཨ།
སྤྱི་འཐུས་ང་ཡིན་ཁོ་ཡིན། །
ཚང་ཁ་ཤིག་ཤིག་རེད་བཞག།
སྤྱི་འཐུས་ཚང་ལྡན་སུ་ཡིན། །
མི་མང་མགོ་བོ་ཐོམ་སོང་། །
བཙན་བྱོལ་བོད་མིའི་སྤྱི་འཐུས། །
འཁྲུག་ཆ་དོད་དུ་འགྲོ་གི། །
སྤྱི་པའི་དོན་དག་སྒྲུབ་མཁན། །
དངོས་གནས་སུ་དག་འདུག་གམ། །
བཙན་བྱོལ་བོད་མིའི་མང་གཙོའི་བླ་སྲོག་བཅའ་ཁྲིམས་རིན་པོ་ཆེར་བརྩི་
བཀུར་དང་བློ་གཏད་ཡིད་ཆེས་ཉམས་ལེན་ཞུ་ཐུབ་མཁན་གྱི་ལྷག་བསམ་
དང་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གང་མང་སྤྱ་འཐུས་ནང་སླེབས་དགོས་པ་ནི་
འདས་པའི་ལོ་མང་ནང་སྤྱི་འཐུས་གྲོས་ཚོགས་ཀྱིས་གྲོས་ཚོགས་ལས་རིམ་སྙན་
འཕྲིན་ནས་ང་ཚོར་ངོ་འཕྲོད་ཐུབ་དགོས་པ་དང་ད་ལམ་འཕན་པོ་སྐལ་ལྡན་ལགས་
སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་ལང་པ་ལ་དགའ་བསུ་དང་
རྒྱབ་བསྐྱོར་ཞུ་གི་ཡོད་ལ་ཁོང་གི་ལོ་བརྒྱུས་དེ་དྲང་བདེན་ལྷད་མེད་ཤ་སྟག་བཀོད་འདུག་
པ་ངོས་རང་ཁོང་དང་མཉམ་དུ་ལོ་མང་གཞིས་ཆགས་སྤྱིའི་ལས་ཀ་བྱས་པ་ནས་བརྒྱུས་
ཆ་ཚང་ཡོད་ན་ད་ལམ་དབུས་གཙང་རྒྱ་ཆེ་མི་མང་ནས་ཁོང་ལ་འོས་ཤོག་་འཕེན་
རོགས་ཞུ་གི་ཡོད་ལ་ཁོང་དབུས་སྤྱི་འཐུས་སུ་འདམས་འཐོན་བྱུང་ན་བཙན་བྱོལ་
སྤྱི་ཚོགས་འདི་བཅའ་མཁྲིམས་ཀྱི་ལམ་སྟོན་འོག་སྒོམ་གང་མདུན་སྤོས་པའི་ང་ལ་
ཡིད་ཆེས་བརྟན་པོ་ཡོད་ན་དབུས་མི་མང་རྣམས་ཀྱི་དགོང་པའི་མངའ་ལམ་དུ་ཡུད་ཙམ་
ཆུབ་པ་མཁྱེེན་མཁྱེན་ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས་ནས་ཕུལ་།
རྒྱབ་རྩ་མེད་པའི་རྒྱབ་རྩ།།
ཀོ་གྷལ་གཞིས་ཆགས་ཡིན་འདུག
འཕན་པོ་སྐལ་ལྡན་ཟེར་བ།།
རྒྱབ་རྩ་མང་བའི་སྐྱོན་རེད།།
#3 ཇུང་ཏོག་ ་ལགས་ཀྱིས་སྤེལ་དོན།:
October 3rd, 2015 at 11:42 pm
བཙན་བྱོལ་བོད་མིའི་མང་གཙོའི་བླ་སྲོག་བཅའ་ཁྲིམས་རིན་པོ་ཆེར་བརྩི་བཀུར་དང་བློ་གཏད་ཡིད་ཆེས་ཉམས་ལེན་ཞུ་ཐུབ་མཁན་གྱི་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གང་མང་སྤྱ(སྤྱི་)འཐུས་ནང་སླེབས་དགོས་པ་ནི་འདས་པའི་ལོ་མང་ནང་སྤྱི་འཐུས་གྲོས་ཚོགས་ཀྱིས་གྲོས་ཚོགས་ལས་རིམ་སྙན་(བརྙན་)འཕྲིན་ནས་ང་ཚོར་ངོ་འཕྲོད་ཐུབ་དགོས་པ་དང་ད་ལམ་འཕན་པོ་སྐལ་ལྡན་ལགས་སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་ལང་པ་ལ་དགའ་བསུ་དང་རྒྱབ་བསྐྱོར་ཞུ་གི་ཡོད་ལ་ཁོང་གི་ལོ་བརྒྱུས་(རྒྱུས་)དེ་དྲང་བདེན་ལྷད་མེད་ཤ་སྟག་བཀོད་འདུག་པ་ངོས་རང་ཁོང་དང་མཉམ་དུ་ལོ་མང་གཞིས་ཆགས་སྤྱིའི་ལས་ཀ་བྱས་པ་ནས་བརྒྱུས་(རྒྱུས་)ཆ་ཚང་ཡོད་ན་ད་ལམ་དབུས་གཙང་རྒྱ་ཆེ་མི་མང་ནས་ཁོང་ལ་འོས་ཤོག་་འཕེན་རོགས་ཞུ་གི་ཡོད་ལ་ཁོང་དབུས་སྤྱི་འཐུས་སུ་འདམས་འཐོན་བྱུང་ན་བཙན་བྱོལ་སྤྱི་ཚོགས་འདི་བཅའ་མཁྲིམས་(ཁྲིམས་)ཀྱི་ལམ་སྟོན་འོག་སྒོམ་(གོམ་)གང་མདུན་སྤོས་པའི་ང་ལ་ཡིད་ཆེས་བརྟན་པོ་ཡོད་ན་དབུས་མི་མང་རྣམས་ཀྱི་དགོང་(དགོངས་)པའི་མངའ་ལམ་དུ་ཡུད་ཙམ་ཆུབ་པ་མཁྱེེན་མཁྱེན་ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས་ནས་ཕུལ་།
ལྐལ་ལྡན་ལགས་དབུས་སྤྱིར་བཞེངས་པར་དགའ་བསུ་ཞུ།