༡ ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ། བྱ་དུར། བོན་གཞིས།
བོད་ཀྱི་བོན་པོ་ཚོགས་པའི་ཚོགས་གཞོན།
༢ དགེ་བཤེས་སྨོན་ལམ་མཐར་ཕྱིན། ཁྱུང་པོ། རྡ་ས། སྤྱི་འཐུས།
༣ དགེ་བཤེས་རྣམ་དག་གཙུག་ཕུད། ཧོར།། ཝར་ཎ། ཝར་ཎ་དགེ་རྒན།
༤ ཁྲི་གཡུང་དྲུང་། ཆབ་ཆ། བོན་གཞིས། བོན་སྒོ་རྩོམ་སྒྲིག་པ།
༥ ཁྱུང་ལུང་བློ་བཟང་རྒྱ་མཚོ། ཁྱུང་ལུང་། བོན་གཞིས། ས་གནས་འཐུས་
ཚོགས་ཀྱི་ཚོགས་གཙོ།
༦ བ་ར་ཚེ་དབང་བཀྲ་ཤིས། སྦྲ་ཆེན། བོན་གཞིས། ས་གནས་རང་བདེན་ཚོཊ་གཙོ།
༸ དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྤྱི་ལོའི་༢༠༡༠ ཟླ་༩ ཚེས་༢༨ ཉིན་གསལ་བསྒྲགས་གནང་བ་ལྟར་འདིར་བཀོད་པ་ལགས་སོ།།
མཁྱེན་ཡངས་རྡོར་དབང་ལགས་བཀའ་དྲིན་ཆེ། ཁོ་བོས་བཏང་པའི་གནས་ཚུལ་ལམ་སེང་དྲྭ་ཚིགས་སུ་བཀོད་པར་དགའ་བོ་བྱུང་ཐུགས་རྗེ་ཆེ་ཞུ།
མཁྱེན་ཡངས་རྡོར་དབང་ལགས་བཀའ་དྲིན་ཆེ། ཁོ་བོས་བཏང་པའི་གནས་ཚུལ་ལམ་སེང་དྲྭ་ཚིགས་སུ་བཀོད་པར་དགའ་བོ་བྱུང་ཐུགས་རྗེ་ཆེ་ཞུ།
དུས་བབ་དྲ་ཚིགས་ན། ༼ཨ་མའི་བུ༽ཟེར་བའི་དྲ་གྲོགས་ཤིག་གིས་གཤམ་གྱི་འདི་སྤེལ་འདུག བདེན་ཚེ། ཚབས་ཆེ་གི དྲ་བདག་ལགས། འདི་རྩོམ་ཡིག་གི་ཁོངས་དེར་འགོད་ཐུབ་བམ། གང་ཡིན་ཟེར་ན། དཀར་ས་ནག་འདེད་ཅིག་བྱེད་རན་ཡོད་ཀི
༼མདོ་སྨད་དབུས་རྒྱུན་གྱིས་མང་ཚོགས་ལ་རྡོག་རོལ།༽
ཉེ་ལམ་མདོ་སྨད་དབུས་རྒྱུན་ལས་ཁང་གིས་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞི་ཞིག་བཀྲམ་པར་མི་མང་བོ་ཞིག་གིས་དེར་དོགས་སློང་དང་དྲི་བ་བཏང་བར་ལན་སོགས་གང་ཡང་གནང་མ་བྱུང་། དེ་དུས་བདག་གིས་ཀྱང་མཆན་ཡིག་འགའ་རེ་བཏབ་པར་མི་མང་བོ་ཞིག་གིས་རྒྱབ་སྐྱོར་བྱས་ནའང་མདོ་སྨད་དབུས་རྒྱུན་གྱིས་མིག་ནང་དུ་བཞག་མ་སོང་། དེའི་རྒྱུ་མཚན་ནི་རང་སྐྱོན་བྱི་རྟུག་བཞིན་སྦ་ཕྱིར་ལོས་ཡིན་འདོད། དེ་རིང་ངས་རང་གི་བསམ་ཚུལ་དང་དོགས་སློང་གི་དྲི་བ་འགའ་མདོ་སྨད་དབུས་རྒྱུན་དང་མི་མང་བྱིངས་ལ་འདྲི་བར་འདོད།
༡ ༽ ད་རེའི་མདོ་སྨད་དབུས་རྒྱུན་གྱིས་བཀྲམ་པའི་འོས་གཞི་འདི་ས་གནས་ཁག་ཅི་ཙམ་ལ་གཞི་བཟུང་ནས་ཁྱབ་བསྒྲགས་བྱས་པ་ཡིན་ནམ། མ་གཞི་དབུས་རྒྱུན་གཅིག་བུའི་སྟེང་འཛིན་འོག་ན་ས་གནས་རྒྱུན་ལས་ག་ཚོད་ཡོད།
༢ ༽ ད་རེའི་དབུས་རྒྱུན་གྱིས་བཀྲམ་པའི་འོས་གཞི་འདི་དག་ལས་འཐུས་མི་རྙིང་བ་དག་ཕར་ཕུད། གསར་བ་འགའ་ཐོན་པ་དག་དབུས་རྒྱུན་དང་དབུས་རྒྱུན་ཟུར་བ། ཡང་ན་ས་གནས་རྒྱུན་ལས་རྐྱང་ཡིན་དོན་ཅི།
༣ ༽ དབུས་རྒྱུན་གྱིས་གོང་གི་འོས་གཞི་འདི་དག་བཀྲམ་སྐབས་གསར་འགྱུར་རང་བཞིན་གྱི་གསལ་བཤད་གཅིག་ཀྱང་མེད་པར་བཀའ་ཡག་ནང་བཞིན་ས་གནས་སོ་སོར་གཏོང་དོན་ག་རེ་ཡིན་ནམ།
༤ ༽ འོས་གཞི་བསྒྲགས་པའི་གསལ་བརྡ་དུས་བབ་དྲ་བར་བཀོད་མ་ཐག་མི་མང་གིས་མསམ་ཚུལ་ཞུ་བ་དང་། ཡང་ན་དྲི་བ་སོགས་ལན་ཙམ་ཡང་མི་གནང་དོན་ག་རེ་ཡིན་ནམ། གོང་གི་དྲི་བ་འདི་དག་ལ་ངེས་པར་མདོ་སྨད་དབུས་རྒྱུན་གྱིས་ལན་རེ་གནང་དགོས་ཀྱི་ཡོད། གལ་སྲིད་ད་རེའི་གནད་དོན་འདི་ཆེ་རུ་གཏོང་མི་འདོད་ན་མི་མང་གི་འདོད་བློ་ཁེངས་པའི་ཁ་གསལ་དྲང་བདེན་གྱི་ལན་རེ་གནང་དགོས། གཤམ་དུ་ངས་གོང་གི་དྲི་གཞི་ཁག་དང་འབྲེལ་བའི་དོགས་སློང་བྱེད་ཀི་ཡིན།
༡ ༽ བདག་གིས་ཁ་པར་བརྒྱུད་བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ། རྡ་རམ་ས་ལ། བྷེལ་ཀོབ། ནོར་གླིང་སོགས་ལ་རྩད་གཅོད་བྱས་པ་ཡིན། ལྷག་པར་དུ་དབུས་རྒྱུན་གྱི་འབྲེལ་ཡོད་ལ་ཁ་པར་བཏང་བ་ཡིན། དེ་དག་ལས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟའི་རང་དབང་གི་རྩོམ་པ་པོ་ཨ་ཚོགས་ཀླུ་མཁར་བྱམས་དང་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་གཉིས་ལ་འོས་ཤོག་མང་བོ་ཐོབ་འདུག དཔེར་ན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས་ཀླུ་མཁར་བྱམས་ལ་འོས་མཐོ་ཤོས་དང་ལུང་རིགས་རྒྱལ་ལ་ཨང་གཉིས་པ་ཐོབ་འདུག ནོར་གླིང་ནས་ཀྱང་ཨང་གསུམ་པ་དང་བཞི་བ་རེད་འདུག རྡ་ས་ནས་ཀྱང་དཀྱིལ་མ་རེད་ཟེར། བུལ་ཡུལ་ནས་ཡང་ཁོང་གཉིས་ཨང་དང་བོ་དང་གཉིས་པ་རེད་འདུག་ཟེར། ངས་རྒྱུས་ལོན་བྱས་པའི་ས་གནས་ཁག་འགའ་ལ་ཁོང་གཉིས་འོས་ཤོག་མཐོ་ཤོས་ཐོབ་པའི་གྲས་ཡིན་ན་དབུས་རྒྱུན་གྱི་ནང་དུ་སླེབས་དུས་གར་སོང་མི་ཤེས་དོན་ཅི་རེད། ད་དུང་དོགས་པ་ཞིག་ལ་ཨ་ལགས་ཤིང་བཟའ་ཡང་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་གཉིས་ཀྱི་མཉམ་དུ་དྲུད་ཡོད་དམ་སྙམ། དོགས་གཞི་འདི་མི་མང་ལ་ཡོང་དོན་ནི། ད་ལོའི་ལོ་སྟོད་ཙམ་ལ་མདོ་སྨད་དབུས་རྒྱུན་གྱི་ཚོགས་ཆེན་སྐབས། མདོ་སྨད་ཀྱི་གྲོས་ཚོགས་འཐུས་མིའི་ཁྲོད་རང་བཙན་གྱི་ལྟ་བ་རྩོད་མཁན་གཅིག་ཀྱང་ཡོང་ཆོག་གི་མེད་པའི་གྲོས་ཆོད་ཅིག་ཡོད་རབས་གོ ཡིན་ནའང་མདོ་སྨད་མི་མང་གིས་བླུགས་པའི་འོས་གཞི་དེ་དག་འདི་ལྟར་མི་མངོན་པའི་དབྱིངས་ནས་ནག་སུབ་བཏང་བ་ནི་འོས་གཞི་ཁོང་དག་ཕར་ཟད། དབུས་རྒྱུན་གྱིས་མི་མང་ལ་རྡོག་རོལ་བཏང་བ་མ་ཡིན་ནམ།
འདི་ནི་བདག་གིས་མདོ་སྨད་མི་མང་ལ་ངན་སྐུལ་བྱས་པ་མ་ཡིན་པར། མདོ་སྨད་མི་མང་ལ་ནམ་ཡང་ཇག་རྒྱབ་རྐུན་ལང་གི་བྱ་སྤྱོད་འདིའི་རིགས་བྱི་རྟུག་སྦས་སྦས་བྱེད་རྒྱུའི་ཇུས་ངན་བཤམས་པ་ཤེས་སུ་འཇུག་ཆེད་ཡིན། མི་མང་གིས་བདམས་པའི་འཐུས་མི་དབུས་རྒྱུན་གྱིས་ནག་སུབ་གཏོང་བ་འདི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་བྱ་སྤྱོད་ཅིག་ཡིན་ནམ། ཡང་ན་མི་དང་མིའི་བར་གྱི་ཕན་ཚུན་ལ་ཁྱད་གསོད་བྱེད་སྟངས་ཤིག་ཡིན། མི་མང་གིས་མིག་ཕྱེས་རོགས། མི་མང་གིས་ཁ་གྲགས་རོགས།
ད་ལྟའི་དབུས་རྒྱུན་གྱི་བྱེད་སྟངས་འདི་ལ་ཁ་གསལ་གཏིང་གསལ་གྱི་འགྲེལ་བརྗོད་ཅིག་མེད་ན། འདི་ཁྲག་དང་སྲོག་གི་འགྲོ་གྲོན་ཞིག་ཀྱང་ཡིན་སྲིད། གནས་ཚུལ་མ་ལྷག་གོང་ལ་རང་ཉེས་ངོས་ལེན་གྱི་གསལ་བཤད་ཅིག་མདོ་སྨད་མི་མང་གི་མདུན་ནས་མ་བྱས་ཚེ། བལ་ཡུལ་དུ་གནས་བཞུགས་མདོ་སྨད་མི་མང་དང་ལྡི་ལི། རྡ་ས། ནོར་གླིང་སོགས་སུ་བཞུགས་པའི་མདོ་སྨད་མི་མང་གིས་འཆར་ཟླའི་འོས་གཞིའི་སྐབས་འདི་བྱས་སོང་ཟེར་བའི་རྟགས་ཡོད་པ་ཞིག་དང་ལྟད་མོ་ཡོད་པ་ཞིག་མ་བྱས་ན་མི་མིན།
འདི་ནི་རེ་སྐུལ་ཞིག་ཡིན་ལ་དྲི་བ་ཞིག་ཀྱང་ཡིན། འདིའི་ཐད་ལ་གསར་འགོད་པ་དང་དབུས་རྒྱུན་སོགས་ཀྱིས་ཁ་གསལ་ཞིག་མ་བཟོས་ན་སྐྱི་ཡ་བའི་གནས་ཚུལ་སྡུག་པོ་རྗེས་ན་ཡོད་བཅས་ཨ་མའི་བུ་སོགས་མི་མང་བཅུ་ཕྲག་དུ་མས་སེམས་ཀྱི་སྐད་ཆ་ཙམ་ཡིན།
མི་ནག་མདུང་ཐུང་ལགས། སྐུ་དྲིན་ཆེ། མདུང་ཐུང་དེ་གང་སར་གཡུག་མ་འཇོག་རོགས་ཁྱོད་ཀྱིས་མདོ་སྨད་སྐོར་གྱི་བསམ་འཆར་རམ་ཉོག་དྲ་དེ་འདིར་བཀོད་དོན་ཅི་ཡིན། འདིར་གཡུང་དྲུང་བོན་སྤྱི་སྐོར་ལ་བགྲོ་གླེང་གནང་ས་ཡིན་པས་དགོངས་འཇགས་ཞུ། མ་གཞི་ཁྱོད་ཀྱི་འབྱུང་ཁམས་དེ་རིང་བདེ་བོ་མེད་པ་འདྲ།
ཡང་། རང་དབང་གླེང་སྟེགས་ཞེས་པའི་དྲ་ཚིགས་སྟེང་ན་གཤམ་གྱི་འདི་འདྲ་ཞིག་ཀྱང་འདུག
༄༅།། བཀུར་འོས་མདོ་སྨད་དབུས་རྒྱུན་ལྷན་རྒྱས་མཆོག་ལ།
ཆེད་ཞུ། མདོ་སྨད་དབུས་རྒྱུུན་ལྷན་རྒྱས་ནས་ལས་དོན་རྒྱ་ཆེ་ཆུང་མང་པོ་ཞིག་གནངས་དང་གནང་ མུས་ལ་དགའ་བསུ་ཞུ་བ་དང་ཆབས་ཅིག མདོ་སྨད་ཚོགས་ཆེན་འཚོགས་ཐེངས་རེ་རེའི་སྐབས། དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་དང༌། སྤྱི་བའི་དཔལ་འབྱོར་བསྲི་ཚགས་ལ་དོ་སྣང་དགོས་སྐོར་གླེང་སློང་བྱས་དང་བྱེད་ མུས་དེ་ལྟར་ཡང༌། ད་ལྟའི་དབུས་རྒྱུན་ལྷན་རྒྱས་ཀྱི་གནང་སྟངས་ཁག་ཅིག་གི་ཐད་མང་ཚོགས་ཁྲོད་ན་ལྟ་ ཕྱོགས་གླེང་ཕྱོགས་མང་པོ་ཡོང་གི་འདུག་སྟབས། སྤྱི་བའི་སྒྲིག་འཛུགས་ཀྱི་མཚན་མཐོང་ལ་སྲུང་སྐྱོབ་ཞུ་རྒྱུ་འོས་འགན་དུ་མཐོང་ ནས་གནད་དོན་ཁ་ཤས་ཤིག་ཞུ་འདོད་བྱུང་ཞིང་། དེ་ཡང་འདས་པའི་དུས་ཡུན་ནང་དབུས་རྒྱུན་གྱི་བྱེད་སྟངས་གནང་སྟངས་ཁག་ཅིག་ཐད་ བསམ་ཚུལ་ཞུས་པའི་ཐད། ཉེ་བའི་ཆར་དབུས་ས་གཉིས་མཉམ་དུ་ཚོགས་འཛོམས་ཀྱིས་དེ་སྔ་ཕན་གྱི་གནང་སྟངས་ཐལ་ཆ་ ཅན་གྱི་རིགས་དེ་ཚོ་གསལ་བཤད་ངོས་འཛིན་གྲུབ་སྟེ། སླད་ནས་གླེང་སློང་མི་དགོས་པ་བྱས་པ་དེ་རིགས་བསྐྱར་ཞུ་བྱེད་ཀྱི་མེད།
༡ མདོ་སྨད་དབུས་རྒྱུན་སིམ་ལ་ཁུལ་དུ་བསྐྱོད་སྐབས། རླངས་འཁོར་ཆུང་བ་ཞིག་འཁྲིད་ནས་ཕྱོགས་བསྐྱོད་གནང་འདུག་པ་གོ་ཐོས་བྱུང་བའི་ འགྲོ་སོང་གཏོང་སྟངས་ཅི་ལྟར་ཡིན་མིན་དང་།
༢ མདོ་སྨད་དབུས་རྒྱུན་བལ་ཡུལ་དུ་ཉམ་ཐག་རོགས་སྐྱོར་མ་དངུལ་ཞལ་འདེབས་བསྡུ་སློང་ དུ་ཕེབས་སྐབས། ཡར་མར་གནམ་གྲུའི་ནང་འགྲུལ་བསྐྱོད་བྱས་པའི་རྩིས་འགྲོ་གནས་སྟངས་ཅི་ཆགས།
༣ བྷེལ་ཀོབ་གཞིས་ཆགས་སུ་གཞུང་མང་ཚོགས་ཆེན་ལ་ཕེབས་ཞུགས་སྐབས་སུ། ཚོགས་ཞུགས་པ་སྤྱི་འཐུས་རྣམ་པའང་ཡར་ལམ་ཚོགས་ཆེན་འཚོགས་ཉེར་གཏུགས་ཏེ་གནམ་ གྲུའི་འགྲོ་སོང་གཞུང་ནས་བཏང་བ་མ་གཏོགས། མར་ལམ་མེ་འཁོར་ནང་ཕེབས་འདུག་ལ། ཚོགས་ཞུགས་པར་མེ་འཁོར་གྱི་བྷིལ་འཛིན་མ་གཏོགས་བོད་གཞུང་ནས་འགྲོ་སོང་གཏོང་གི་ མེད་པས། རྒྱུན་ལས་རྣམ་པ་ཡར་མར་གནམ་གྲུར་བཞུགས་འདུག་པའི་རྩིས་འགྲོ་གཏོང་སྟངས་ཅི་ཡིན་ དང་།
༤ དེ་བཞིན་མདོ་སྨད་ཚོགས་ཆེན་སྐབས་འགའི་རིང་དབུས་རྒྱུན་ལས་ཁུངས་དེ་གཞུང་འབྲེལ་ ལས་ཀའི་དུས་ཚོད་ནང་དུས་རྒྱུན་སྒོ་ཕྱེས་ནས་ཡོད་པ་ཞིག་དགོས་པའི་བསམ་ཚུལ་བྱུང་ དོན་ལྟར། མདོ་སྨད་དབུས་རྒྱུན་ནས་ཟླ་ཕོགས་ནར་མར་འབུལ་བཞིན་པའི་ལས་བྱེད་གཅིག་དམིགས་ འཛུགས་བྱས་ཡོད་པ་དང་། ལྷག་པར་དུ་འབྲུག་ཆུའི་འདམ་རུད་ཀྱི་ཆག་སྒོའི་གནས་ཚུལ་བྱུང་སྟེ་ཞལ་འདེབས་ བསྡུ་སློང་སོགས་ཛ་དྲག་ཡིན་ཡང་། ལས་ཁུངས་སྒོ་བརྒྱབ་ནས་ཚོགས་འདུར་ཕེབས་འདུག་པ་དགོས་དོན་ཅི་ཆགས།
གོང་གསལ་གནད་དོན་ཁག་ནི། མང་ཚོགས་ཁྲོད་དབུས་རྒྱུན་གྱི་ལས་ཀ་སྒྲུབ་སྟངས་ཐལ་ཆ་ཅན་དུ་གླེང་སློང་བྱེད་ བཞིན་པའི་ནང་ནས་ངེས་པར་གསལ་བཤད་གནང་དགོས་པའི་རིགས་ཕྱོགས་ཙམ་ཞུས་པ་ཡིན། འདི་ལྟར་ཞུ་དོན་ནི། མང་ཚོགས་ནང་ལབ་གཞི་གླེང་གཞི་མེད་པ་ཞིག་བྱས་ཏེ། མང་ཚོགས་ཀྱིས་ཡིད་ཆེས་བྱ་ཡུལ་ཞིག་ཆགས་དགོས་པ་དང༌། དེའི་རྨང་གཞིའི་སྟེང་ནས་དབུས་རྒྱུན་ལས་ཁང་འདི་མང་ཚོགས་ཀྱིས་གོང་བཀུར་བྱ་ ཡུལ་ཞིག་ཏུ་བསྒྱུར་བ་ལ་རང་གཞན་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་ཡིན་སྟབས། མདོ་སྨད་སྤྱི་བའི་ལས་དོན་སྒྲུབ་མཁན་དབུས་རྒྱུན་འདི་མང་ཚོགས་ཀྱི་བདེ་སྡུག་ གཙོ་བོར་སྒྲུབ་མཁན་ཞིག་གི་ངོ་བོ་ནས་མུ་མཐུད་རྒྱུན་གནས་ཐུབ་དགོས་པ་གལ་ཆེ་བར་ མཐོང་ནས་ཞུས་པ་ཡིན་ན། དེ་རྩིས་ལྷན་རྒྱས་རྣམ་པའི་དགོངས་པར་ངེས་པར་འཇགས་ངོས། དབུས་རྒྱུན་ལས་ཁང་འདི་བཞིན་མདོ་སྨད་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་བྱ་ཡུལ་ ཞིག་ཏུ་འགྱུར་བར་འགལ་རྐྱེན་འགྲོ་གཞིའི་གླེང་ཕྱོགས་འདི་རིགས་ལ་འཕྲལ་མར་གསལ་ བཤད་ཅིག་གནང་དགོས་ནས་འདུག་ཅེས་ལྷག་བསམ་རྣམ་དག་གིས་ཞུ་ཡི་ཡོད་ལགས། རྡ་ས་མདོ་སྨད་ས་གནས་ཚོགས་གཙོ་ཨ་ལོ་སྒེར་ངོས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༥ ལ་
ཕུལ། །
ངོ་བཤུས་འབུལ་ཡུལ།
བཀའ་ཟུར་ཀིརྟི་སྐྱབས་མགོན་རིན་པོ་ཆེ།
བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག
སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་མཆོག
མདོ་སྨད་ས་གནས་རྒྱུན་ལས་ཁང་ཁག
མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ།
དགོངས་དག་བྲག་ཚེ་དབང་།
དྲ་བདག་ལ་བསྐུར་བའི་ཁུལ་ཡིན།
མི་ནག་མདུང་ཐུང་ཟེར་བ་འདི་བསྟན་བཤིག་ཚ་བོ་ཞིག་ཡིན་ས་རེད། ད་གླགས་ཁེལ་མ་སོང་།
དྲ་བདག་ལགས་གོང་གི་འབྲེལ་མེད་ཀྱི་མདུང་ཐུང་གི་མཆན་དེ་ཚོ་བསུབ་རོགས་ཞུ། སྐུ་མཁྱེན།
མི་ནག་མདུང་ཐུང་ལགས།
ཁྱོད་ཀྱིས་དངོས་གནས་བསྐུར་ས་ནོངས་སོང་བ་ཡིན་ན་ངས་ཁྱོད་ལ་གོང་དུ་ཚིག་ངན་ཁ་ཤས་ཤོར་སོང་བས་དགོངས་དག་ཞུ།
དངོས་གནས་ཁྱོད་ཀྱིས་ཁ་བརྡ་དྲ་ཚིགས་སུ་རྩོམ་ཡིག་བསྐུར་ན་གོང་དུ་༼ ཁ་བརྡ་ལ་འབྲེལ་བ་བྱེད་པ་ ༽ཞེས་དེར་སྣུན་དང་དྲ་བདག་ཚོས་མིང་དང་ཁ་བྱང་སོགས་དེ་གར་ཡོད་པ་དེའི་སྟེང་དུ་འབྲེལ་བ་ཞུ་རོགས་ཞུ།
མཁྱེན་ཡངས་རྡོར་དབང་ལགས། ཡང་བསྐྱར་ཞུ་དོན་གོང་གི་མདུང་ཐུང་གིས་བཀོད་ནོངས་ཤོར་བའི་མཆན་དེ་ཚོ་འདིར་འབྲེལ་བ་མེད་པས་བསུབ་གནང་རོགས་ཞུ། བཀའ་དྲིན་ཆེ།
གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་དྲིན་གཞལ་མཐའ་བྲལ་བའི་ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་འདི་ཟླའི་ཕྱི་ཚེས་ ༢༣ ཉིན་མདོ་ཁམས་བྲག་འགོ་རྫོང་ཁོངས་སུ་འགྲིམ་འགྲུལ་གྱི་རྐྱེན་པས་དུས་མིན་སྐུ་གཤེགས་པའི་གནས་ཚུལ་ཐོན་པར་སྙིང་ཁོངས་རུས་པའི་གཏིང་ནས་མྱ་ངན་གུས་འདུད་ཞུ།
ཁམས་པ་དང་། ཨ་མདོ། ཁྱུང་ལུང་། བྱ་དུར་བཅས་རེད་པས། འདི་བོན་གཞིས་ཀྱི་ཆོལ་ཁ་བརྩི་སྟངས་མཐུན་མོང་མ་ཡིན་པ་ཞིག་རེད། ཡ་ཡ། མ་གཞི་དང་པོ་གཉིས་དེས་ཁྱེར་ཉེན་འདུག་ག འོས་དམིགས་ཟེར་ན་ཁྱོད་ལ་དགོས་ན་འདི་ཟེར་འདྲ་ཞིག་བཏོན་འདུག དགའ་བསུ་ཞུའོ། །
བདག་ལ་འོས་ཤོག་འབུལ་བའི་ཐོབ་ཐང་མེད་མ་གཏོགས་ཡོད་ན། དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ལ་འབུལ་ངེས་ཡིན། གང་ལགས་ཤེ་ན། ཁོང་ནི་གནའ་དེང་གི་རིག་པའི་གནས་ལ་མཁས་ཤིང་། མི་གཞི་དྲང་ལ་གཡོ་སྒྱུ་དང་ངོས་ལྐོག་མེད་པ། བོད་ཀྱི་ལས་དོན་ཆེ་ཕྲ་གང་ལའང་དོ་སྣང་དང་ཐུགས་ཁུར་གནང་མཁན་ཞིག་ཡིན་པ་ནི་གསར་འགྱུར་རྒྱུད་ལམ་ཁག་ལས་མཐོང་ཐུབ། ངས་ཁོང་ངོ་ཤེས་གི་མེད་ལ་འབྲེལ་འདྲིས་ཀྱང་དེ་བས་མེད། གཡུ་དྲུང་བོན་གྱི་དགེ་འདུན་པ་ཡོངས་ནས་བོད་སྤྱིའི་ལས་དབང་ལ་དགོངས་ནས་ཁོང་ལ་རེ་བ་བཅོལ་ན་མི་བཟང་ངམ།
བདག་ནི་བོན་པོའི་ཆོས་བརྒྱུད་འཛིན་མཁན་ཡང་མིན་ལ། གོང་གི་འོས་གཞི་དག་དང་འབྲེལ་འདྲིས་གང་ཡང་མེད་ཀྱང་། ངས་བསམ་ན་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནི་གནའ་དེང་གི་རིག་གནས་ལ་མཁས་ཤིང་། གཡོ་སྒྱུ་དང་ངོས་ལྐོག་རྒྱབ་མདུན་མེད་ཅིང་དྲང་པོའི་ལམ་ནས་ལྷག་བསམ་རྣམ་དག་གིས་བོད་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་ཞིག་ཏུ་མཐོང་། གང་ཡིན་ཟེར་ན། བོད་ནང་གི་ཛ་དྲག་གི་གནས་ཚུལ་དག་རེ་རེ་བཞིན་གཡས་དགའ་གཡོན་ཕྱོགས་མེད་པར་གསར་འགྱུར་རྒྱུད་ལམ་ཁག་ནས་འཛམ་གླིང་མི་མང་གི་མདུན་དུ་མངོན་པར་བྱས་པ་བདག་གིས་མངོན་སུམ་མཐོང་ཐོས་བྱུང་། ད་ེབཞིན་ཁོང་གི་གཏམ་བཤད་དང་ཕྱག་ལས་གནང་ཚུལ་དག་ལས་ཀྱང་གསལ། དེར་བརྟེན་བོད་སྤྱིའི་བདེ་སྡུག་ལ་བསམ་བློ་གཏོང་ནས་བོན་པོའི་དགེ་འདུན་པ་ཡོངས་ལ་ཁོང་ལ་འོས་བླུགས་པའི་རེ་བསྐུལ་ཞུ་རྒྱུ་ཡིན།
ཆོས་འཐུས་འོས་མི་ཡག་པོ་ཡོང་ན་ཁོ་ཚོ་ཆོལ་གསུམ་བར་གི་ཟམ་པ་དང་སྤྱར་རྩི་ལྟ་བུ་ཡིན། ད་ལོ་ཆོས་རྒྱུད་ཁག་གི་ལྷོད་ཡང་ཤོར་ས་རེད། ས་འོག་གི་འོས་གཞི་གང་སར་བསླེབས་འདུག
ཆོས་རྒྱུད་འཐུས་ལ་འོས་འདོན་མཁན་བོན་པོའི་ཆོས་རྒྱུད་མ་གཏོགས་མཐོང་མ་སོང་། ད་དུང་བཙན་བྱོལ་བོད་པ་ཚོས་ནད་ཀྱི་འབྱུང་རྩ་ཤེས་མི་འདུག ད་ལོའི་སྤྱི་འཐུས་ནང་གི་རྩོད་ཉོག་དེ་ཆོས་རྒྱུད་ཁག་གི་སྤྱི་འཐུས་འདེམས་ཐོན་སྐབས་ཕྱོགས་ཁག་ཆུང་ཆུང་ཞིག་ལག་ལ་ཆོས་སྤྱི་མང་ཆེ་བ་ཤོར་བས་རེད། ཆོས་རྒྱུད་ཁག་གིས་རང་རང་གི་སྤྱི་འཐུས་ཡག་པོ་འདེམས་མ་ཐུབ་པར་ཆོས་རྒྱུད་སྤྱི་འཐུས་དགུ་ཕྱོགས་ཁག་ཅིག་(འཇུ་ཆེན་ཕྱོགས་)གི་ལག་ལ་ཤོར་བ་རེད།སྤྱི་འཐུས་སྐབས་༡༤་ནང་ཕྱོགས་ཁག་དེས་ས་འོག་དར་སྐུད་འཐེན་པའི་དབང་གིས་དེང་སྐབས་ཡོད་བཞིན་པའི་སྤྱི་འཐུས་ནང་ཕྱོགས་ཁག་དེ་ལ་སྤྱི་འཐུས་༡༩ བྱུང་ཡོད་པ་རེད། སྐབས་༡༥་པའི་ནང་ཡང་ཁོ་ཚོར་ཆོལ་ཁ་ཞིག་གིས་སྤྱི་འཐུས་༡༠་ཆ་ཚང་དང་ཆོས་སྤྱི་ཆ་ཚང་༡༠། མངའ་རིས་འཐུས་མི་༥་ལྷག་དང་ཕྱོགས་མཐའི་འཐུས་མི་འགའ་ཅེས་སྤྱི་འཐུས་༢༨་ཐོབ་སྲིད་པ་རེད། དེ་ལྟར་བྱུང་ན་ཚོགས་གཙོ་ཡང་ཁོ་ཚོར་ཐོབ་གི་རེད་ལ། མ་འོངས་བའི་ལོ་ལྔའི་ནང་གི་བོད་ཀྱི་ལས་དོན་ཆེ་ཆུང་ཡོད་ཚད་ཕྱོགས་ཁག་ཆུང་ཆུང་དེས་ཐག་གཅོད་བྱེད་གི་རེད། གསང་བ་ཡིན་ད་ཧ་ཧ།
བོད་པའི་མིང་འཛིན་པ་ལགས། བོན་པོས་སྤྱི་འཐུས་འདེམས་དུས་འཇུ་ཆེན་དང་སྒྲོལ་མ་མཚོ་མོ་སོགས་ལ་འབྲེལ་བ་ཡོད་མེད་བལྟ་གི་མེད། བོན་པོ་ནང་དུ་ཤེས་འཇོན་མྱོང་གསུམ་ལྡན་པའི་མི་སྣ་བོད་སྤྱི་བའི་དོན་ལ་བསམ་མཁན་འདྲ་ཡོད་མེད་གྲོས་བསྡུར་གྱིས་འདེམས་ཀྱི་ཡོད། འདེམས་མཁན་ནང་དུ་ཆོལ་གསུམ་ཚང་མ་ཡོད་རེད། གཞན་པའི་ནང་དུ་དེ་ལས་ལྷག་ཅིག་འཇོན་མཁན་མ་ཐོན་ན་ཕྲུ་གུ་འགའ་ཡི་མིང་བཀོད་རྒྱུ་ལས་མ་འདས།
ལ
བྲག་ཚེ་དབང་།
ཁྱེད་ལ་མི་ནག་གདུང་ཐུང་གིས་མཆན་བཀོད་པ་ལ་སེམས་འཚབ་དེ་འདྲ་སྐྱེས་དགོས་དོན་གང་ཡོད་དམ།
དངོས་འབྲེལ་ཡིན་ན་ང་ཚོས་ཞིབ་འཇུག་བྱ་དགོས་པ་རེད།
འབྲུག་ཆུའི་གནོད་འཚེ་ཞལ་འདེབས་བསྡུ་འཕྲོ་ནས་གཞན་ལ་སོང་མིན་གང་ལྟར་ཡང་རྡ་སའི་ཚོང་ཁང་རེ་རེ་བཞིན་སོང་ཞལ་འདེབས་བསྡུས་ཀྱང་དངོས་འབྲེལ་འབྲུག་ཆུའི་མི་མང་ལ་ག་ཚད་རག་འགྲོ
ད་ལན་དབུས་གཡུང་དྲུང་བོན་ཚོགས་པ་ཟེར་བ་དེས།བོན་སྤྱིའི་སྐོར་ལ་འོས་དམིགས་གསར་བ་ཞིག་བཏོན་འདུག ངས་བལྟས་ན་བྱ་དུར་བཟང་པོ་ནི་བོན་སྤྱི་མ་ཟད།ཆེས་མཐོའི་ཁྲིམས་ཞིབ་པའི་གོ་གནས་ལས་རྒལ་ཡོལ་བཏང་བ་ཞིག་ཡིན་པས།སླར་ཡང་སྤྱི་འཐུས་ཀྱི་འོས་ཁུངས་སུ་བཞག་པ་ནི།རྩ་བའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་མཐུན་མིན་གང་ལྟར། གཡུང་དྲུང་བོན་པོ་ལ་མི་ཟད་སོང་བའི་རྟགས་ལྟ་བུ་ཞིག་རེད།དེ་ནི་གཅིག་ཡིན།གཉིས་ན་སྨོན་ལམ་མཐར་ཕྱིན་བོན་སྤྱིར་འོས་གཞི་བཏོན་པ་ལྟར་ན།བོན་པོ་རྣམས་ཀྱིས་སྤྱི་འཐུས་ཚོགས་རའི་ནང་གི་དམར་འཁྲུགས་དེ་མཐོང་མེད་པའི་བཟོ་འདུག གང་ལྟར་དེ་ནི་ཁྱོད་ཚོའི་དབང་ཆ་རེད།གལ་སྲིད་སྨོན་ལམ་མཐར་ཕྱིན་སྤྱི་འཐུས་ཀྱི་ཁོངས་སུ་འཛུལ་དགོས་ན།ཁོང་གིས་ཁས་ལེན་འདི་རྣམས་ངེས་པར་དུ་བྱེད་དགོས།༡ཆོས་ལུགས་ཀྱི་མིང་ཁུར་ནས་ཆོལ་ཁའི་ཕྱོགས་འཕེན་མི་བྱེད་རྒྱུ།༢གྲྭ་བའི་ནབ་བཟའ་གྱོན་ནས་བུད་མེད་ཀྱི་ལྐུབས་ངོ་མི་འཚོལ་རྒྱུ།༣ནམ་ཡང་མིའི་སྐྱོན་སྐྱོན་མི་འཚོལ་བར་རང་གི་གདོང་ལ་ཐེངས་རེ་བལྟ་རྒྱུ་སོགས་ཡིན།གལ་སྲིད་ཞིབ་ཏུ་བཤད་དགོས་པ་ཡོད་ལྷོད་ལྷོད་བྱ་ནས་བཤད་ཆོག།
བོན་ཞེན་ལགས། ད་ལྟའི་བོན་སྤྱི་གཉིས་ཀ་བོན་པོའི་སྒ་ཚུགས་མེད་པར་ཕྱོགས་ཁག་ཅིག་གི་རྔ་མ་ཆགས་ཡོད་པས་།རྗེས་སུ་བོན་པོའི་སྒ་ཚུགས་ཡོད་མཁན་ཞིག་བོནསྤྱི་ལ་ཕེབས་རོགས་གནོངས་ཟེར་འདོད་པ་འདོན་དེ་ཡིན།
མཐའ་མཚམསཀྱི་ཕོ་ཉ་ལགས།
དངོས་གནས་ཁྱེད་རང་གི་གསུངས་ཡ་དེ་བདེན་པ་འདྲ་བོ་སྣང་།
འོན་ཀྱང་དབུ་ཡི་ཞ་བཤད་དུས། རྐང་གི་ལྷམ་བཤད་ན་ལད་མོ་འདུག་གམ།
ད་དེ་ཡང་དཔྱད་ཡ་རེད་ཟེར་ན་དེ་ཙམ་རེད།
དྲང་མོ་དྲང་བཞག་ལགས། སྤྱི་འཐུས་ང་ཚོས་འདེམས། ཆ་རྐྱེན་ཁྱེད་ཀྱིས་བཏོན། ངོ་མ་མཚར་པོ་རེད། བོད་པ་ལགས་ཀྱིས་གསུངས་པ་དེ་སྒལ་ཚིགས་ཟེར་གྱི་ཡོད་པ་འདྲ། ཨམ་སྐད་ལ་སྒ་ཚུགས་ཡིན་གྱི་རེད། སྒལ་ཚིགས་ཟེར་དུས་ཁྱོད་ཆོལ་ཁ་གང་དུ་གཏོགས་པ་དེའི་མི་དེ་སྒལ་ཚིགས་ཅན་མ་གཏོགས་གཞན་རྣམས་མིན་ན་ང་ཚོར་ཡང་དཀའ་ངལ་འདུག ཁྱོད་དང་ཆོལ་ཁོངས་གཅིག་པའི་མི་དེ་ཚོས་མི་འཇོན་ན་ག་རེ་བྱ་དགོས་རེད། ཕྲུ་གུ་ཁ་ཤས་ཀྱི་ཐོ་གཞུང་ནི་འབུལ་ཆོག ཐོབ་དང་མ་ཐོབ་མང་མོས་རེད། ཡང་ན་ཁྱོད་ཚོ་ནང་བཞིན་འཇོན་དང་མ་འཇོན་བལྟ་ལོང་མེད་པར་རྩོམ་རྒྱག་ཤེས་པ་ཙམ་གྱིས་འགྲིག་པར་བྱ་དགོས་སམ། གྲོས་ཚོགས་སུ་ཁ་ཡང་མ་གྲགས་ན་འགྲིག་གི་རེད་པ།
སྐབས་འདིའི་བོན་སྤྱི་གཉིས་པོ་འདིས་ཆོས་ལུགས་ཀྱི་ལས་དཀའ་གཡུགས་ནས་ཆོལ་ཁའི་རྗེས་སུ་རྒྱུགས་སོང་ཟེར་བ་དངོས་གནས་བདེན་པ་བདེན་ཀྱང་རེད། ད་ཐེང་ཁོང་གཉིས་ལ་བལྟ་རྒྱུ་ཡིན་ད། ཡིན་ནའང་སྨོན་ལམ་མཐར་ཕྱིན་འདི་ཏོག་ཙམ་ཡག་པའི་བཟོ་འདྲ་ཞིག་འདུག གང་ལྟར་ང་ཚོས་བསམ་བློ་གཏོང་ངེས་ཡིན། ཁྱེད་རང་ཚོ་བོན་པོའི་སྤྱི་འཐུས་སེམས་ཁྲལ་ལང་མི་དགོས། དགེ་བཤེས་སྐལ་བཟང་ཟེར་བ་འདི་ད་ཐེང་གཡུང་དྲུང་བོན་ཚོགས་ནས་གཏོན་མི་འདུག་པས། རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ། བོན་པོའི་གྲྭ་པ་མང་པོ་ཞིག་ནས་ཁོའི་སྐོར་བཤད་ཀྱི་འདུག་ལ་ཁོ་ལ་མང་པོས་བརླུག་ས་རེད་ཏ།
བོན་ཞེན་ལགས་ད་ཡིན་ན་གསལ་བོ་ཤེས་རྟོགས་བྱུང།
དྲང་མོ་དྲང་བཞག་ལགས་ཐུགས་རྗེ་ཆེ་ངེས་ཤེས་རྙེད་སོང།
བོན་པོའི་སྤྱི་འཐུས་བན་དྷེའི་བདམས། གྲྭ་བའི་སྤྱི་འཐུས་མི་སྐྱས་བདམས། ད་དངོས་གནས་ཆབ་སྲིད་ཀྱི་མེ་འབར་འདུག་ཨང་།
བོན་སྤྱི་འོས་འདེམས་བྱེད་ཕྱོགས་ཐད་བོན་ལ་སེམས་ཤུགས་དང་ལྷག་བསམ་ཅན་སུ་ཡང་རུང་། འོས་ཤོག་བླུགས་རྒྱུའི་ཐོབ་ཐང་ཡོད་མེད་ལ་མ་ལྟོས་པར། སྒེར་ངོས་ནས་བསམ་ཚུལ་བཤད་སྲིད་ལ་བཤད་ཀྱང་ལོས་ཆོག འོན་ཏེ་མི་སྒེར་ལ་སྐྱོན་འཛུགས་ཁོ་ན་མི་བྱེད་རྒྱུ་གལ་ཆེ། དཔེར་ན་མང་པོ་ཞིག་གིས་བོན་སྤྱི་གཡུང་དྲུང་རྒྱལ་མཚན་ལ་ཤེས་ཡོན་མེད་ཚུལ་ཞིག་བཤད་སོང་། ཤེས་ཡོན་ཟེར་བ་གང་ཞིག་ལ་ངོས་འཛིན་དགོས་སམ། གཡུང་དྲུང་རྒྱལ་མཚན་གྱིས་ཕལ་ཆེར་མི་ལོ་བཅོ་ལྔ་མ་ཟིན་ཙམ་གྱི་རིང་བོན་གྱི་གྲྭ་ས་སྨན་རིའི་གླིང་དུ་༸སྐྱབས་རྗེ་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་སོགས་མཁས་དབང་དུ་མའི་མདུན་ནས་མདོ་སྔགས་རྫོགས་གསུམ་ལ་སྦྱང་བ་རྒྱུན་བསྐྱངས་ཏེ་འདུས་སྡེ་རྒྱ་མཚོའི་དབུས་སུ་དགེ་བའི་བཤེས་གཉེན་གྱི་དམ་བཅའ་ཕུལ། དེ་བཞིན་སྤྱི་ལྟར་སྨན་རི་ཚང་གི་དགེ་བཤེས་ངོས་སྦྱོར་གྱི་ངོས་སུ་བཙན་བྱོལ་གཞུང་གིས་ལས་ཐམ་དང་བཅས་པ་བཀོད་དེ་ཕྱག་འཁེར་དུ་བསྩལ། ད་དུང་ཐུན་མོང་རིག་གནས་ཀྱི་ཕྱོགས་ནས་ཀྱང་རྒྱལ་སྤྱིའི་བོད་རིག་པའི་མཁས་པའི་ཚོགས་ཆེན་སོགས་ལ་བཅར་མྱོང་བས་རིག་གནས་ཀྱི་རྨང་གཞི་འང་ལྡན། ཆབ་སྲིད་ཀྱི་ཕྱོགས་ནས་མི་ལོ་བཅུ་མ་ཟིན་ཙམ་གྱི་རིང་བཙན་བྱོལ་བོད་གཞུང་ལ་ཞབས་ཞུ་ཞུས་པ་ཡིན་པས་བོད་གཞུང་གི་ཁྲིམས་ལུགས་ཐད་བསམ་པའི་གོ་རྟོགས་ལེགས་པར་མ་ཟད། བོད་གཞུང་སྤྱི་འཐུས་ཁྲོད་དུའང་བོན་པོའི་སྤྱི་འཐུས་གཉིས་ཞེས་རྣམ་དཔྱོད་དང་ཤེས་འཇོན་གྱི་ཆ་ནས་མི་མང་པོ་ཞིག་གིས་གདེངས་འཇོག་བྱེད་ས་ཞིག་ཏུ་གྱུར་ཡོད་པ་ཤེས་པར་གྱིས། །
བོན་པོ་བོན་རྐྱང་ལགས། ད་ལྟར་མི་གསུང་རོགས། དགེ་བཤེས་སྐལ་བཟང་ལགས། ཁྲི་བརྟན་ནོར་བུའི་རྩེ་ནས་བཏོན་པའི་བོན་སྤྱིའི་ས་དམིགས་ཀྱི་ཁོངས་ཡོད་པ་རེད། དེ་རྗེས་ཁོང་རང་གིས་དགོངས་ཞུས་གནང་ཡོད་པ་འདྲ། དེ་ལས་རྒྱུ་མཚན་གཞན་ཡོད་པ་མ་རེད། ད་དུང་གོང་དུ་བཀོད་པའི་འོས་མིག་དེ་ཚོ་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པས་བཏོན་པའི་བོན་སྤྱིའི་འོས་དམིགས་རེད། དགེ་བཤེས་སྐལ་བཟང་ལགས་འཛིན་སྐྱོང་ཚོགས་པས་བཏོན་མི་འདུག་ཅེས་གསུངས་དགོས་ཡོད་པ་མ་རེད། སོ་སོའི་ཕྱོགས་ནས་འོས་ཤོག་བླུག་འདོད་ཡོད་ན་བླུག་ཆོག་གི་རེད། འདི་བོན་གྱི་ཚོགས་པ་ཞིག་གིས་བཏོན་པའི་འོས་དམིགས་ལས་དེ་ལས་གཞན་ཞིག་བླུག་མི་ཆོག་ཅེས་བཤད་ཀྱི་མེད་པ་མཁྱེན་དགོས། འོས་དམིགས་ག་ཚོད་བཏོན་ཀྱང་འགྲིག་གི་རེད། འོན་ཀྱང་བཙན་བྱོལ་ཁྲོད་ང་ཚོ་བོན་པོར་མི་གྲངས་ཉུང་བས་འོས་མིག་མང་དྲགས་ན་འོས་ཁ་མི་ལོངས་པའི་ཉེན་ཁར་འཕྲད་མྱོང་བའང་ཤེས་དགོས།