དེ་རིང་ཕྱི་ཚེས་སོ་གཅིག་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ་ཞིག་འགྲེམས་སྤེལ་གནང་ཡོད་ཅིང་། དེ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༨ ཉིན་ཨི་ཊ་ལིར་བོད་རིགས་མང་ཚོགས་བདུན་བརྒྱ་བརྒལ་བ་དང་ལྷག་པར་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་ལ་དྭགས་བསོད་ནམས་གླིང་གི་གཞིས་མི་དང་སློབ་ཕྲུག་བཅས་མང་ཚོགས་བདུན་སྟོང་བརྒལ་བར་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་མཛད་དེ་ལོ་གཅིག་འཁོར་ལ་ཉེ་བའི་སྐབས་དེར་ཐུགས་བརྩེའི་བཀའ་སློབ་ཟབ་ཅིང་རྒྱས་པ་སྩལ་ཡོད་པ་དེ་བཞིན་གལ་ཆེན་ཡིན་སྐོར་དང་། བཀའ་སློབ་ཇི་ཕེབས་ཀྱི་གནད་དོན་འདི་དག་ལ་བོད་མི་ཚང་མས་ཐུགས་སྣང་དགོས་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན་སྐོར་གསལ་བཤད་གནང་འདུག
༡ གནས་ཚུལ་རྒྱས་པ་དྲ་གནས་འདིར་ཡོད།
༢ ༢༠༡༢ ཟླ་ ༦ ཚེས་ ༢༨ ཉིན་ཨི་ཊ་ལིར་སྩལ་བའི་བཀའ་སློབ་སྦྲེལ་ཐག་འདིར་ཡོད།
༢ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་ལ་དྭགས་སུ་སྩལ་བའི་བཀའ་སློབ་སྦྲེལ་ཐག་འདིར་ཡོད།