གནས་ཚུལ་གཏོང་མཁན། ཚེ་རིང་དབང་ཕྱུག
༄༅། མཚུངས་མེད་ས་གནས་འོས་བསྡུ་འགན་འཛིན་མཆོག་ལ།
ཆེད་ཞུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ཀྱི་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་སྒྲིག་གསལ་ཆ་ཚང་ཟིན་པ་དང། སྔོན་འགྲོའི་འོས་བསྡུའི་ལས་རིམ་ཡང་ལེགས་གྲུབ་བྱུང་ཡོད། འོན་ཀྱང་ས་གནས་མང་པོ་ཞིག་ནས་དངོས་གཞིའི་འོས་བསྡུ་ཆེན་མོའི་སྐབས་ཁྱབ་ཁོངས་ས་གནས་སུ་དེ་སྔ་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་ཞུ་མ་ཐུབ་དང་། རང་ལོ་༡༨ ཧྲིལ་པུ་ལོན་པ་རེ་ཟུང་འདུག་པ་དེབ་སྐྱེལ་བྱ་རྒྱུའི་དུས་ཚོད་འཕར་མ་ཞིག་གནང་སྐྱོང་ཞུ་མཁན་ཡོང་འདུག་པ་དེ་དག་གི་ཆེད་སླར་ཡང་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་དུས་ཚོད་གཉིས་པ་ཞིག་འབུལ་རྒྱུ་དགེ་མཚན་ལ་དགོངས་ཏེ་གཤམ་གསལ་ལྟར་གཏན་འབེབས་ཞུས་པ་ཡིན།
༡༽ དངོས་གཞིའི་འོས་བསྡུའི་ཆེན་མོའི་དུས་ཚེས་ལས་རིམ་ལྟར་ ༢༠༡༦།༠༣།༢༠ ཉིན་ཡིན་པ་དེའི་ཉིན་བོད་ཀྱི་ཆབ་འབངས་སུ་ཞིག་རང་ལོ་ ༡༨ ཧྲིལ་པུ་ལོན་གྱི་ཡོད་པ་དང། ཡང་དེ་སྔོན་འོས་འཕེན་པའི་མིང་གཞུང་དེབ་བསྐྱེལ་མ་ཐུབ་པ་ཡོད་རིགས། དེ་དག་གིས་སོ་སོའི་ཕྱི་ལོ་ ༢༠༡༥ ལོའི་དཔྱ་ཁྲལ་འབུལ་འབབ་ཆ་ཚང་ཕུལ་ཟིན་ཡོད་མེད་ཞིབ་རྒྱུ།
༢༽ ས་གནས་འོས་བསྡུའི་འགན་འཛིན་གྱིས་ཁྱབ་ཁོངས་ཡོངས་ལ་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱ་རྒྱུའི་གོ་སྐབས་གཉིས་པ་དགོངས་བཞེས་གནང་སྐོར་དང་། ཁྱབ་ཁོངས་མི་མང་འོས་འཕེན་དེབ་འགོད་ཆ་རྐྱེན་ཚང་བ་ཡོད་རིགས་ནས་དེབ་སྐྱེལ་བྱེད་དགོས་པའི་བརྡ་ཁྱབ་མ་ལེན་མ་འགྱོད་མེད་པ་ཁུངས་སོ་སོ་ནས་འགན་འཁུར་གྱིས་འཐུས་ཚང་ཞུ་དགོས་རྒྱུ།
༣༽ ས་གནས་སོ་སོའི་ཁོངས་སུ་འོས་འཕེན་པའི་དེབ་སྐྱེལ་གསར་པ་ཆོལ་ཁ་ཆོས་བརྒྱུད་ཐོབ་ཁུངས་འདྲེས་མེད་ཇི་བྱུང་གི་གྲངས་ཐོ་ཁ་གསལ་སྙིང་བསྡུས་ཤིག་འདི་གར་གང་སྔ་གློག་འཕྲིན་སོགས་བརྒྱུད་སྙན་གསན་ཞུ་དགོས་རྒྱུ། ཞིབ་ཆའི་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟུར་འཛར་ (ཀ) ནང་གསལ་ལྟར་ཐོབ་ཁུངས་བཅས་ཆ་ཚང་འཛོལ་མེད་ཞིབ་བཀང་གིས་ ༢༠༡༦།༠༢།༢༨ འགྱངས་མེད་འབུལ་འཐུས་བཅས་ཀྱི་གསལ་བསྒྲགས་སུ།
དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༥ ཟླ་ ༡༡ ཚེས་ ༠༦ ལ་ཕུལ།།
དང་པོ་(དབུས་)བོད་མིའི་སྒྲིག་འཛུགས་བཟོ་བཅོས་གནང་རོགས་།
འདས་པའི་མི་ལོ་ལྔ་བཅུ་ལྷག་ཙམ་ནང་ང་ཚོའི་འོས་བསྡུ་བྱས་པའི་
ལས་རིམ་བལྟས་ན་མིང་གཞུང་དེབ་བཀོད་ཐེང་གཅིཧ་ལས་
མེད་ན་ཐེང་གཉིས་བྱ་རྒྱུ་དེ་བཅའ་སྒྲིག་གི་ལམ་སྟོན་ལ་
འགན་འཁུར་ནས་གནང་གི་གསལ་བཤད་གནང་དཧདགོས་
བཅའ་སྒྲིག་བསྐྱར་བཅོས་ཀྱི་སྐུ་དབང་དེ་ཁྔིམས་བཟོ་
སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་ལས྾འོས་བསྡུ་ལས་
ཁང་ལ་མེད་ན་ད་ལམ་གྱི་གསལ་བསྒྲགས་དེ་ེསྒྲིག་འགལ་
དང་ཁྲིམས་འགལ་མ་རེད་དམ་།
འོས་བསྡུ་ཁང་ལ་ཡིད་ཆེས་དེ་ཙམ་བྱེད་ས་མེད་པ་ཉེ་འཆར་ལས་ཀ་ལས་ཤེས་ཟིན།