ཁྲོ་གཏུམ།
—ངའི་རྣ་བའི་བུ་རམ་ཞིག་གི་སྐུ་ཚེ་མ་ཟིན་པའི་དུས་དེ་ཙ་ན།
རྣ་བའི་བུ་རམ་ལ་སིམ་པ
བརྩེ་བའི་སེམས་ཁམས་སུ་འཕྱོ་བ
འགྱུར་ཁུག་གིས་ཁྲིད་པའི་ངའི་རྣམ་ཤེས་སུ
ཁྱེད་ཀྱི་ངག་གི་གྲེ་འགྱུར་འཁོར་ནས་ལོབ་ཡོད
དབྱངས་ཀྱི་འདེགས་འཇོག་འཐིམས་ནས་གསོན་ཡོད
ང་འཚོ་སའི་རི་ལུང་ན་ཁྱོད་གྲགས་ཤིང
ཁུ་བྱུག་མེད་དུས་ཀྱང
ཁྱོད་རང་སྔར་བཞིན་ངའི་ཁོར་ཡུག་གི་དབྱངས་གསོན་པོ་ཡིན
ང་རང་རྟ་ཐོག་ན་ཡོད་དུས
དུས་རབས་ཀྱི་གོམ་འགྲོས་སུ་འགྲོགས་དུས
ས་མཐའི་སྡེ་འདབས་སུ་སླེབས་དུས
ངའི་རྣ་བའི་བུ་ག་ཁྱེད་ལ་འཐམས་ཏེ
ས་མཐའི་ཉི་མ་ཕུད་ཐབས་བྱས་མྱོང
ཁུ་བྱུག་ལགས
དབྱངས་ཀྱི་གོམ་པས་སྔར་བཞིན་འཇིག་རྟེན་འགྲིམས་པར་ངེས
༢༠༡༦།༠༢།༢༨ཉིན།