ཀླུ་སྨྱོན།
སྲིད་ཞིའི་མཛེས་སྡུག་དྭངས་མའི་སྲོག་གི་མཁར། །
གངས་ཅན་རི་བོའི་འདབས་སུ་བཞེངས་པའི་གྲོགས། །
དབྱངས་ཅན་དགའ་མ་མདང་གི་རྨི་ལམ་ནང་། །
མཇལ་བའི་གཏམ་དེ་སྙིང་སྡུག་ཁྱེད་ལ་སྦྲོན། །
ཟ་ཟིའི་རིག་པ་ལུ་གུ་རྒྱུད་ཀྱི་ཀློང་། །
བག་ཆགས་འོ་མའི་མཚོ་ཆེན་འཕྱུར་བའི་རླབས། །
སྲིད་པའི་ལྷ་ཆེན་གང་གི་ཁང་བཟང་རྩེར། །
གསེར་འོད་འབར་བའི་ཏོག་གི་རྗེས་སུ་བསྙེགས། །
འཇའ་འོད་མེ་ཏོག་གདན་དུ་བཏིངས་པའི་གཞིར། །
རབ་དཀར་ཟླ་བ་གཞོན་ནུའི་མལ་སྟན་སྟེང་། །
ལང་ཚོའི་མཛེས་སྡུག་ལྷོད་ཀྱིས་འཁྱིལ་བ་སྟེ། །
འདི་ཀོ་འཕགས་མ་ཁྱེད་ཀྱི་སྐུ་ལུས་སོ། །
རྒྱ་བོད་སྙན་ངག་མཁན་པོ་འབུམ་ཕྲག་གི། །
གདུང་ཡུས་འོ་དོད་གླེགས་བམ་ལོངས་པའི་ཁྲིར། །
ཞབས་སེན་སྐྱ་རེངས་དམར་པོའི་གཟི་བརྗིད་ཀྱིས། །
འགྱིངས་འདི་འཕགས་མ་ཁྱེད་ཀྱི་ལང་ཚོ་ཉིད། །
དགའ་སྐྱོ་ཆགས་སྡང་ཞེས་བྱ་སྲིད་པའི་མཚོ། །
དྲག་ཏུ་འཁྲུག་པའི་ཀློང་ན་སྙན་འཇེབས་ཀྱི། །
དབྱངས་བདུན་རོལ་མོའི་རོ་ལ་ལོངས་སྤྱོད་པ། །
འཕགས་མ་ཁྱེད་ཀྱི་འཕྲིན་ལས་མ་ལགས་སམ། །
རྒྱུད་སྟོང་བཻཌྰུར་དཀར་པོའི་པི་ཝང་ལས། །
ཐུགས་ཀྱི་སྐྱོ་གདུང་མཆེད་པའི་མུ་ཁྱུད་རེར། །
རྒྱལ་ཀུན་གསང་བའི་མཛོད་ཀྱི་སྙན་ངག་འབུམ། །
དྲག་ཏུ་ལུད་དམ་འཕགས་མ་སྙིང་རྗེའི་གཏེར། །
ད་ཀོ་རིང་ནས་སྙིང་ལ་བརྣགས་པའི་དོན། །
རིག་བྱེད་རྦ་རླབས་འཕྱུར་བའི་ཟེགས་མ་དང་། །
ཡོངས་འགྲོགས་འོད་ལྔ་འབར་བའི་གུར་ཁང་དབུས། །
འཕགས་མ་ཁྱོད་ཞལ་མཇལ་འདི་སྐལ་བ་སྦོམ། །
མཛེས་སྡུག་ལང་ཚོའི་མཆོད་སྡོང་ལས་འོངས་པའི། །
སྙན་ཚིག་རིག་པ་ལྷ་ཡི་རོལ་མོའི་ཀློང་། །
ཇི་ལྟ་ཇི་སྙེད་ཤེས་བྱའི་དབྱངས་བདུན་གླུ། །
འགག་མེད་འཕགས་མ་ཁྱེད་དང་འབྲལ་མེད་ཤོག །
འཕགས་མ་ཁྱེད་ཀྱི་དཀར་མཛེས་མྱོས་བུམ་ཟུང་། །
བདག་གི་བྲང་གཞུང་དྲོན་མོའི་ངོས་གླན་ཏེ། །
བཅུ་དྲུག་དགའ་བའི་ཉི་ཟླ་ཁ་སྦྱོར་ཞིང་། །
བདེ་སྟོང་རོ་ལ་སྤྱོད་པའི་དུས་དེ་ནམ། །
མཛེས་སྡུག་རྒྱ་སེ་མེ་ཏོག་འབུམ་ཕྲག་གི །
ཚོན་གྱིས་མ་བསྒོས་དམར་སྣུམ་མཆུ་སྒྲོས་དེ། །
བུས་པ་གཞོན་ནུས་མ་ཡི་མྱོས་བུམ་བཞིན། །
བདག་གིས་འཇིབ་པའི་སྐལ་བཟང་ད་སྩོལ་ཅིག །
འཇམ་དཔལ་དཔའ་བོ་གཅིག་བུ་མ་གཏོགས་པའི། །
སུ་དང་གང་ལ་མ་འཁྱུད་དཀར་ཟླུམ་གྱི། །
བརླ་ཡི་འཁྲི་ཤིང་དབུས་ན་དྲོད་འབར་བའི། །
བདེ་ཆེན་བྷ་གའི་རེག་བྱ་བདག་ལ་གནོངས། །
གནག་སྣུམ་སྐྲ་ལོ་སྐྱོད་པའི་དྲི་བཞོན་གྱིས། །
བདག་གི་སྒྱུ་ལུས་འཁྲི་ཤིང་འཁྱུད་པའི་མོད། །
གཟུང་འཛིན་མུན་རྡུལ་ནམ་མཁའི་མཐར་བསྐྲད་དེ། །
ཁ་སྦྱོར་ཡན་ལག་བདུན་གྱི་སྐུ་འགྲུབ་ཤོག །
འཕགས་མ་ཁྱེད་ཀྱི་གསང་གསུམ་ཉི་འོད་ཀྱིས། །
མ་དག་སྒྱུ་ལུས་གངས་རི་ལེགས་བཞུས་ཤིང་། །
ཟུང་འཇུག་ལྷ་ཡི་ཆུ་བོའི་རྦ་རླབས་ཀྱིས། །
སྙན་འཇེབས་དབྱངས་ཀྱི་གཟེགས་མ་འབུམ་འགྱེད་ཤོག །
good
འཇམ་དཔལ་དཔའ་བོ་གཅིག་བུ་མ་གཏོགས་པའི། །
སུ་དང་གང་ལ་མ་འཁྱུད་དཀར་ཟླུམ་གྱི། །
བརླ་ཡི་འཁྲི་ཤིང་དབུས་ན་དྲོད་འབར་བའི། །
བདེ་ཆེན་བྷ་གའི་རེག་བྱ་བདག་ལ་གནོངས། །
ངོ་མ་སྙན་མོ་མིག་ལ་ཤར་ཡོང་བ་ཞིག་བྲིས་འདུག དཔེ་མི་སྲིད་ཡག་པོ་རེད་ཡ།
སྙན་ངག་མི་ཤེས་པའི་ཤིང་བཟའི་སྙན་ངག་འགྲན་ཚོགས་དེའི་ཨང་དང་པོ་ཚིག་སྦྱོར་གྱི་ཆ་ནས་འདི་ལ་བྱིན་དང་སྐྱོན་ཡོད་ས་མ་རེད། ཨ་ལ་ཀུ་རེ་ཡིན།
ཟླ་ཕྱེད་དབུ་ཐོད་ལ་བརྒྱནད་ཅིང་། །
ཕྱག་ཟུང་ཏམ་བུ་རར་རྩེན་ནས། །
གདུལ་བྱར་སྙན་ཚིག་མཆོག་རྩོལ་བ། །
ལྷ་མོ་བདག་གི་སྙིང་གར་ཞུགས། །
དྲ་གྲོགས་ཀླུ་སྨྱོན་ལགས།
བོད་མི་རིགས་ཀྱི་སྲིད་གཞུང་ཆགས་འཇིགས་ཀྱི་དུས་འཚམས་འདིར་ཁྱེད་ཀྱིས་དབྱངས་ཅན་མའི་སྐྲ་བདག་ཨེ་ཡོང་གིས་རེ་སྟོང་ལ་མགོ་འཁོར་ནས་འདུག་གམ།
ཕུལ་བྱུང་ཐབས་ཤེས་འཇམ་དཔལ་དཔའ་བོ་དང་།།
འགྲན་པའི་ནུས་པ་ཁྱེད་ལ་ལྡན་གྱུར་ན།།
ཚངས་སྲས་བུ་མོའི་ཡོད་ཚད་ཁྱེད་ཉིད་ལ།།
དབང་བའི་སྐལ་བཟང་འཆར་བར་སུ་ཡིས་འགོག།
ཚེ་སྐྱིད་ཀྱི་རྐུབ་བདག་མ་དོ་ན་དབྱངས་ཅན་མའི་སྐྲ་བདག་ག་ལ་ནུས། ཨ་ལ་ཀུ་རེ་ཡིན། ཡག་པོ་བྲིས་བཞག །
དབྱངས་ཅན་མགྲིན་པའི་ཟླ་ལ་འོས་པ་ཡི། །
སྙན་འགྱུར་རོལ་མོ་འཁྲོལ་བ་ཁྱོད་ཉིད་ལས། །
མེད་པའི་ཕྱིར་ན་ལྷ་མོ་གང་གི་ནི། །
སྐྲ་ཡི་བདག་པོ་དེ་ཡང་ཁྱོད་ལ་འོས། །
དབྱངས་ཅན་ལྷ་མོའི་སྟུ་ཡི་བདག་པོ་ལ། །
བླ་རྒན་མགོ་དམར་ཅན་ཞིག་འོས་མ་ཡིན། །
ལང་ཚོའི་རང་བཞིན་དར་བའི་སྒྱུ་རྩལ་ཅན། །
ཁོ་བོའི་ཡན་ཞིག་་སྲིད་འདིར་རྙེད་པ་དཀའ། །
ལྷ་མོ་གང་གི་སྟུ་ཡི་བདག་པོ་སྟེ། །
བླ་སྤྲུལ་གོས་སེར་ཅན་ཞིག་འོས་མ་ལ། །
མི་རྐྱང་སྟུ་ལ་ཉམས་མྱོང་ཆེ་བ་ཡི། །
རྩམ་དགའ་ཁོ་བོ་འོས་ཤིང་འཚམ་པ་ཉིད། །
ཀླུ་སྨྱོན་ལགས་སྙན་མོ་ཞིག་བྲིས་འདུག
ཐུགས་རྗེ་ཆེ་ཞུ།
རྣམ་པ་ཚོ་ངའི་གཞིས་ཆུང་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ། ཉི་མ་གཅིག་དབྱངས་ཅན་མ་དང་ངེད་གཉིས་ཀྱི་སྲས་པོ་ཞིག་གི་འཁྲུངས་སྐར་ལ་ཡང་གདན་འདྲེན་ཞུ་ན་ཐང་།
སྐུ་ཞབས་ཀླུ་འདིས་གོ་སྐབས་རེག་ན་དབྱངས་ཅན་མ་ལ་བཙན་གཡེམ་གཏོང་ཐག་གཅོད་རེད་འདུག་ཀ སྨྲ་བའི་སེངྒེ་དགོངས་པ་ཚོམ་ཡོངས།
དབྱངས་ཅན་མ་ཅི་ཤེས། ད་ལོའི་མཛེས་མ་དྲུག་ནས་གཅིག་ཁྱེད་ལ་དབང་ངེས།
ཀླུ་སྨྱོན་ལགས།
ཉི་མ་དེ་ལ་སྒུག་ནས་ཡོད་དོ།།
ང་ལ་རྒུན་ཆང་དམ་བི་གང་དང་ཕག་ཤ་བསྲེགས་མ་སྡེར་མ་གང་ལས་ཅི་ཡང་མི་དགོས།
ལོ་ངོ་བརྒྱད་དེ་སྟོན་པའི་ལོ་འདབ་བཞིན།།
འཕུར་ཐེངས་གཅིག་གིས་ལེ་དབར་ཁྲི་ཕྲག་བརྒལ།།
རྨི་ལམ་ཐུན་གཅིག་ལྟ་བུའི་ལོ་ཟླ་དེ།།
ད་ནི་བདག་ནི་སྐྲ་དཀར་གཉེར་མ་བཞིན།།