ཨ་ཨ་དབྱངས་ཅན་སྒྱུ་འཕྲུལ་དྲ་བའི་ནང་ན།།
དམ་ཆོས་ཟླ་བའི་སྲིང་མོའི་འཛུམ་ཟེར་དགོད་གི།
སྙིང་ཁམས་སྙོམས་པོ་མེད་ན་ཕན་རླབས་ཆེ་གི།
གསར་རྩོམ་དབྱངས་ཅན་སྤྲུལ་བའི་གླེགས་བམ་བཞུགས་གི།
ཤེས་ལྡན་མི་ལ་ཤེས་བྱའི་བང་མཛོད་ཡོད་གི།
རྩོམ་གཞུང་མཚོ་བྱུང་རོལ་བའི་རྫིང་བུ་ཡོད་གི།
རྩོམ་འབྲི་བ་རྣམས་ཁྲུས་ལ་ཞུགས་ས་ཡོད་གི།
དཔྱད་བརྗོད་ངང་བའི་བུ་མོའི་གཤོག་རླབས་མཐོང་གི།
དཔྱད་ན་བདེན་པ་རྙེད་པའི་རིགས་པ་ཡོད་གི།
འབེལ་གཏམ་སྒྲ་ལྡན་མྱོས་པའི་རོལ་དབྱངས་སྒྲོགས་གི།
ཉན་ན་སྙན་དབང་གསོ་བྱེད་འདི་ན་ཡོད་གི།
འགྲེལ་རྩོམ་ཚངས་པའི་སྲས་མོའི་ཞལ་ལུང་ཡོད་གི།
མི་ཤེས་པ་ཡི་རྨོངས་པ་སེལ་བྱེད་ཡོད་གི།
ཆབ་སྲིད་རིག་བྱེད་དབང་མོའི་ཆོ་འཕྲུལ་ཆེ་གི།།
སྲིད་དོན་མཁན་པོར་སྲིད་ཀྱི་ལག་ཆ་ཡོད་གི།
གཏམ་བཤད་དྲི་ཟའི་བུ་མོའི་གླིང་བུ་འབུད་གི།
ཕྱོགས་འདུས་སྐྱེ་བོ་མ་ལུས་འགུགས་པར་བྱེད་གི།
ཉིན་རེའི་དགེ་བ་དཀར་པོའི་ཉིན་ཐོ་ཡོད་གི།
ཁ་མིག་ཡར་ལྟ་བྱེད་སའི་སྐྱེས་བུ་བཞུགས་གི།
མ་རྒྱུད་ནོ་ཡོན་ཚང་གི་བླ་རབས་ཡོད་གི།
ཕ་རྒྱུད་ར་ལོ་ཚང་གི་བྱུང་རབས་ཡོད་གི།
ཨ་མའི་བུ་རྒོད་ཁོང་གི་ལོ་རྒྱུས་ཡོད་གི།
འདས་པའི་ལོ་ཟླ་དྲན་གསོ་སློང་བྱེད་ཡོད་གི
ལོ་ཆུང་བྱིས་པའི་སྐབས་ཀྱི་གྲོགས་པོ་དྲན་གི།
རྩག་ཆད་གཅིག་གི་ནང་ནས་འཚར་བ་དྲན་གི།
སློབ་ར་གཅིག་གི་ནང་དུ་རྩེས་པ་དྲན་གི།
ཆུང་བའི་དུས་ནས་བཟང་ས་ཡིན་པ་དྲན་གི།
འོ་བཙོང་ཁང་ནས་ཀ་ར་བརྐུས་པ་དྲན་གི།
སྲང་མདོའི་བོང་ལི་ཞོན་ནས་རྒྱུགས་པ་དྲན་གི།
མཚན་མོ་མཛའ་མོ་འཚོལ་དུ་ཕྱིན་པ་དྲན་གི།
མ་རབས་ང་ཡིས་ཡ་རབས་བརྫད་པ་དྲན་གི།
ལས་གནས་གཅིག་དུ་དགེ་རྒན་བྱས་པ་དྲན་གི།
ཆང་ལ་རོལ་ནས་མཚན་ནག་ཕུད་པ་དྲན་གི།
ང་རང་བཟི་དུས་ཨོང་དོང་ཕྱིས་པ་དྲན་གི།
འཕགས་པའི་ཡུལ་ལ་འགྲོ་བའི་དམ་བཅའ་དྲན་གི།
སྒོར་རྡོག་ཇི་ཡོད་མཉམ་དུ་བསགས་པ་དྲན་གི།
ལམ་དུ་ཁུར་བོ་ཁུར་ནས་ཡོང་བ་དྲན་གི།
རྟག་ཏུ་ཁོང་རང་རྗེས་ལུས་ཐེབས་པ་དྲན་གི།
དེ་འདྲ་ཕྱིན་ན་རང་བཙན་རེག་གི་མ་རེད།།
ཟེར་ནས་ང་ཡིས་རྩེད་མོ་བཤད་པ་དྲན་གི།
དཀའ་སྡུག་མང་པོ་ལམ་དུ་མྱངས་པ་དྲན་གི།
མཐའ་མཇུག་འཕགས་པའི་ཡུལ་སླེབས་པ་དྲན་གི།
མཉམ་དུ་རྒྱལ་བའི་སྐུ་དཀྱིལ་མཇལ་བ་དྲན་གི།
སྦེ་རིའི་སློབ་གྲྭར་ཟླ་འགའ་ཕྱིན་པ་དྲན་གི།
གོས་ལྷམ་ཧྲལ་ཧྲིལ་མ་གཏོགས་མེད་པ་དྲན་གི།
རྡ་ལི་འཐུང་ནས་གྲོད་ཁོག་ལྡིར་བ་དྲན་གི།
ཁོང་རང་ན་ནས་མིག་སྐོ་ལྷུང་བ་དྲན་གི།
དདགེ་རྒན་ཡིག་ཚད་གཏོང་དུ་ཕྱིན་པ་དྲན་གི།
ངེད་གཉིས་དང་པོ་གཉིས་པ་བླངས་པ་དྲན་གི།
དེ་ནས་ཕྱོགས་ཕྱོགས་ལས་གནས་སྙེགས་པ་དྲན་གི།
ང་ལ་ལག་ཁྱེར་དཀའ་ངལ་ཕྲད་པ་དྲན་གི།
ཁོང་རང་དྲིས་སྦས་ན་ཚས་མནར་བ་དྲན་གི།
མཐའ་མཇུག་དྷ་རམ་ས་ལར་འཛོམས་པ་དྲན་གི།
ལོ་འཁོར་འགའ་རེར་མཉམ་དུ་སྐྱེལ་བ་དྲན་གི།
ང་རང་ནུབ་ཕྱོགས་རླུང་གིས་ཁྱེར་བ་དྲན་གི།
བཟའ་ཟླ་བུ་ཕྲུག་དབང་དུ་གྱུར་བ་སྐྱོ་གི།
ཁོང་རང་ཤེས་བྱའི་གཡུལ་ས་བཟུང་བ་དྲན་གི།
སྙུག་རྩེའི་རི་མོ་དང་ལྷོད་མ་ཤོར་མཚར་གི
རྒན་ལྷ་མོ་ལགས་ལ་བཀྲིས་བདེ་ལེགས་ཞུ་གི་ཡིན། སྐུ་ཉིད་ནི་བོད་པའི་སྤྱི་ཚོགས་ནང་སྨྲ་བ་ཉུང་ལ་བྱས་པ་མང་བའི་རིན་ཐང་ཅན་གྱི་མི་ཞིག་ཡིན་པར་ངས་ངོས་འཛིན་བྱེད་བཞིན་ཡོད། དྲང་མོ་བཤད་ན་ཕྲན་ཡང་སྐུ་ཉིད་ཀྱི་ཤེས་ཡོན་དང་། ལྷག་བསམ། བསླབ་བྱ། ལྷག་པར་དུ་རྩོམ་རིག་གི་ལྡུམ་ར་ནས་འཚར་ལོངས་བྱུང་བའི་མེ་ཏོག་ཆུང་ཆུང་ཞིག་ཡིན། དབྱངས་ཅན་སྒྱུ་འཕྲུལ་དྲ་བ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ།།
དེ་རིང་གནམ་ལོ་གསར་ཚེས་རྟེན་འབྲེལ་དང་རྒན་ལྷ་མོ་ལགས་ནས་བོད་གངས་ཅན་ཡུལ་ལ་ཤེས་རིག་གི་སྐྱེད་ཚལ་ཅིག་ལེགས་སྐྱེས་སུ་བཏེགས་པར། གུས་པས་སེམས་ཐག་ཉེ་བའི་འཚམ་འདྲི་དང་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ།
གྲོགས་པོ་ཁྱེད་དང་ཁྱེད་ཀྱི་བུ་སྟག་ལོ་བ་གཉིས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ།
མདའ་ཚན་པ་ནང་མི་འཁོར་དང་བཅས་པར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
ལྕགས་ སྟག་ ལོ ་ལ།
ལྕགས་ ཡིན་ན་ངར་
སྟག་ ཡིན་ན་ངར་
ལོ་ བསླེབས་ན་ངར་
ལ་ རྒྱག་ན་ངར་
མདའ་ཚན་ཚེ་རིང་ལགས།
ལོ་གསར་བའི་ནང་ལ་སྐུ་བདེ་ནད་མེད་དང་བསམ་དོན་ཡིན་བཞིན་འགྲུབ་པའི་སྨོནའདུན་ཞུ།
སྟག་ལོ་བའི་ཡིག་གཟུགས་ལ་ལ་ངས་འདི་ནས་མཐོང་གི་མི་འདུག ཧི་གཟུགས་མིན་པ་འདྲ།
བུ་སྟག་ལོ་བ་ཡིན་ནའང་འདྲ། མ་ལུག་ལོ་བ་ཡིན་ནའང་འདྲ། གང་ལྟར་སྐུ་ཚེ་བརྟན་ཅིང་བསམ་དོན་འགྲུབ་པའི་སྨོན་འདེབས་ཞུས།
ང་ནི་བུ་སྟག་ལོ་ཞིག་ཡིན་་་་་ང་དང་ལོ་ཟླར་འདྲ་ཡོད་ཚེར་འདིར་ཕབས་པ་ཞུ