ཆབ་མདོ་ངག་ཕུན།
རྒྱ་ནག་ཝུ་ཧན་གྲོང་ཁྱེར་དུ།།
འཇིག་རུང་ནད་ཡམས་རིམ་ཁྱབ་སྟེ།།
མི་རྣམས་ཚེ་སྲོག་དབང་མེད་འཕྲོག།
དེ་འདྲའི་ཛ་དྲག་དཀའ་ངལ་སྐབས།།
བོད་ཀྱི་གཞས་མ་སྙན་གྲགས་ཅན།།
གཞས་མ་དབྱངས་ཅན་སྒྲོལ་མ་ཡིས།།
ལྷག་བསམ་བཟང་པོ་ཀུན་བླངས་ཏེ།།
ནད་ཡམས་ཕོགས་སའི་གྲོང་ཁྱེར་ཆེད།།
རྒྱ་སྒོར་དུང་ཕྱུར་དུ་མ་ཞིག།།
ཞལ་འདེབས་རིམ་གྱིས་ཡོངས་བསྡུས་ཤིང་།།
ཉེན་སྐྱོབ་འབུལ་བའི་གཏམ་བཟང་ཐོས།།
ཁྱེད་ཀྱི་ལྷག་བསམ་སྙིང་སྟོབས་དེར།།
མི་རྣམས་ཡིད་དབང་ཡོངས་སུ་འཕྲོག །
བདག་ཀྱང་ཁྱེད་ཀྱི་མཛད་སྤྱོད་ལ།།
སྙན་མོའི་ངག་གི་བསྟོད་ཚིག་འབུལ།།
སུ་ཞིག་དཀའ་ངལ་འཕྲད་པས་སྐབས།།
ཐེ་ཚོམ་མེད་པའི་རོགས་པ་གནང་།།
སྙིང་རྗེ་ཅན་མ་ཁྱེད་ཉིད་ལ།།
སྙན་མོའི་དབྱངས་ཀྱི་བསྟོད་ཚིག་འབུལ།།
ཞེས་པ་འདི་ཆབ་མདོའི་གཞས་མ་གྲགས་ཅན་དབྱངས་ཅན་སྒྲོལ་མས་ངལ་བ་ལྷོད་མེད་ཀྱི་ད་རེས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་དུ་ཆེས་འཇིགས་སུ་རུང་བའི་ནད་ཡམས་དེ་ཉིད་ཀྱི་ཆེད་དུ་རྒྱལ་ཡོངས་རིག་རྩལ་པ་དུ་མ་ཞིག་གིས་སྣེ་ཁྲིད་གནང་སྟེ་རྒྱ་སྒོར་དུང་ཕྱུར་དུ་མ་ཞིག་བསྡུས་གནང་མཛད་ཅིང་། ཉེས་སྐྱོབ་ཀྱི་ཆེད་དུ་དངོས་ཟོག་འབོར་ཆེན་ཞིག་དངོས་སུ་ཞལ་འདེབས་འབུལ་བ་མཛད་པར་ཀུན་གྱིས་བསྟོད་དབྱངས་འཐེན་ཞིང་། ཡི་རངས་ཞུ་བཞིན་མཆིས་པས། བདག་ཀྱང་བོད་མི་ཞིག་ཡིན་པ་ཆ་ནས་བོད་ཀྱི་གཞས་མ་གྲགས་ཅན་ཁོང་ལ་སྙིང་དབུས་ནས་བསྟོད་ཚིག་འདི་ཉིད་འབུལ་བ་ཡིན། ཆབ་མདོ་ངག་ཕུན་གྱིས། ཕྱི་ལོ་ ༢༠༢༠ ཟླ ༢ ཚེས་ ༤ ཉིན་མོར།
ཆབ་མདོ་ངག་ཕུན་ལགས།
རྒྱའི་སྐྱག་རྫུན་འོག་ལ་ཁྱོད་དང་འདྲ་བའི་བོད་མི་མང་པོ་མགོ་སྐོར་ཐེབས་འདུག ངས་རྫུན་རྐུབ་བརྟོལ་ཆོག
༡༽ ཧན་ཧུང་གི་མིང་དབྱངས་ཅན་སྒྲོལ་མ་ཟེར་བ་འདི་ད་རེས་ནད་འབུ་འདི་འཐོན་སྐབས་གཞི་ནས་བཏགས་པ་རེད། སྔོན་མ་ཁོང་ལ་དབྱངས་ཅན་སྒྲོལ་མ་ཟེར་བའི་མིང་མེད། ཁྱེད་ཧན་ཧུང་གི་ལོ་རྒྱུས་ཆ་ཚང་སྔོགས་དང་།
༢༽ ཁྱེད་ག་པར་མགོ་འཁོར་སོང་། ཧན་ཧུང་གི་མ་གཞིས་ཀ་རྩེ་ནས་རེད། ཕ་རྒྱ་རེད། ད་ཆབ་མདོའི་རྒྱུད་པ་དེ་གང་ནས་ཡོང་བ་རེད་དམ། ཁྱེད་ཀྱིས་ཧན་ཧུང་གི་གཞས། 我的家乡在日噶则ཟེར་བའི་གཞས་དེ་གོ་མྱོང་ངམ། གཞས་དེ་འཐོན་དུས་ཧན་ཧུང་གིས་ཁོ་མོའི་ལོ་རྒྱུས་རྒྱས་པ་ཞིག་བཤད་སོང་།་དེའི་ནང་ཆབ་མདོ་ནས་ཡིན་པའི་སྐད་ཆ་མེད།
༣༽ ༢༠༠༨ལོར་བོད་ཁམས་ཁུལ་ལ་ས་རུད་དང་ས་ཡོམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་དུས་ཧན་ཧོང་མཐོང་རྒྱུ་མེད། དེ་བཞིན་ཡུལ་ཤུལ་ལ་ས་ཡོམས་རྒྱག་སྐབས་ཧན་ཧུང་མཐོང་རྒྱུ་མེད།
༤༽ ཝུ་ཧན་མངའ་སྡེ་ཆ་ཚང་གི་གཞུང་ལམ་བཀག། ཐ་ན་ཞིང་ཆེན་དཔོན་པོ་ཚོ་ཡང་གཞུང་ལམ་བེད་སྤྱོད་གཏོང་མི་ཐུབ་པའི་སྐབས་འདིར། ཧན་ཧུང་ཝུ་ཧན་ལ་ཇི་ལྟར་སླེབས་པ་རེད། དེ་ཚོ་ཚང་མ་འཁྲབ་པ་རེད། གློག་བརྙན་བཟོས་པ་རེད། ཧན་ཧུང་ཝུ་ཧན་ལ་ཕྱིན་མེད་པ་ནི་གསལ་པོ་རེད། གནམ་གྲུ་དང་གཞུང་ལམ་ཚང་མ་སྔ་ས་ནས་བཀག་ཟིན་པ་རེད། ད་ཁྱོད་གཅིག་བྱས་ན་མགོ་སྐོར་ཐེབས་ཡོད་སྲིད་ལ། གཉིས་བྱས་ན་ཆེད་མངགས་བོད་མིའི་ཁྲོད་ལ་ཆབ་སྲིད་དྲིལ་བསྒྲགས་སྤེལ་བཞིན་པ་གང་ཡིན་ངོ་སྤྲོད་གསལ་པོ་ཡོད་པ་མཁྱེན། ཁ་བརྡ་ཚང་གིས་ཀྱང་གནས་ཚུལ་ཡོད་ཚད་འདི་ལ་མ་སྤུངས་པར། བདེན་པ་ཡིན་མིན་རྩད་གཅོད་ཙམ་མ་བཏང་ན། ང་ཚོ་ཚང་མ་གཞན་གྱི་ཆབ་སྲིད་ཀྱི་བསླུ་བྲིད་འོག་ལ་འཁོན་ཉེན་ཆེ།
ངས་དོན་ཆེན་ཞིག་བཤད་རྒྱུ་བརྗེད་འདུག ༢༠༢༠ཟླ་བ་༠༡ཚེས་༢༥སྔོན་ལ་ཧན་ཧུང་གི་དྲ་རྒྱའི་ལོ་རྒྱུས་ནང་ལ་ཆབ་མདོར་སྐྱེས་པ་རྩ་བ་ནས་འཁོད་མེད། ཉེ་ཆར་དྲ་རྒྱ་ཡོངས་ལ་ཁོང་གི་ལོ་རྒྱུས་གསར་བསྣོན་དང་ཁ་བསྣོན་བརྒྱབ་སོང་། ཁོང་ཆབ་མདོ་ལ་སྐྱེས་པ་དང་། བོད་མིང་དབྱངས་ཅན་སྒྲོལ་མ་དེ་ཉེ་ཆར་དྲ་རྒྱའི་ཐོག་གསར་བསྣོན་བྱས་སོང་། སྐབས་དེ་དུས་རྒྱུ་མཚན་གང་ཡིན་ནམ་སྙམ་པ་ལས་གཏམ་བརྗོད་ཆེན་པོ་འདི་འདྲ་ཞིག་འཁྲབ་ཀྱི་ཡོད་པ་བསམ་ཡུལ་ལས་འདས།
རྒྱ་ནག་གི་རྒྱ་གྲམ་དམར་པོའི་ཚོགས་པ་དང་། དེ་བཞིན་གཞུང་གི་ཐེབས་རྩ་ཚོགས་པ་དང་ཆེད་ལས་རོགས་སྐྱོར་ཚོགས་པ་ཚང་མ་ཝུ་ཧན་ལ་འགྲོ་མ་ཆུག་པར་ཧན་ཧུང་གཅིག་པོ་བཏང་ཡོད་ཚེ། དེ་ནི་ཤིན་དུ་ནས་ཁྲིམས་འགལ་གྱི་བྱ་བ་རེད། གལ་ཏེ་ཧན་ཧུང་ཝུ་ཧན་ལ་ཕྱིན། དེ་ནས་ཕྱི་ལ་ལོག་ཡོང་། ཡང་ཝུ་ཧན་ལ་ཕྱིན་བྱས་ཚེ། ནད་འབུ་དངོས་ལ་ཕྱི་ལ་འགྲམ་པ་ལྟ་བུ་མ་རེད་པས། དགོངས་པ་ཡག་པོ་བཞེས་དང་ཆབ་མདོ་བ།
ཨོ་རྒྱན་སྐྱབས་ལགས། གུས་པས་ཁོ་མོའི་རྒྱུས་མཐིལ་ཕྱིན་པ་ཞིག་མི་ཤེས་རུང་། མོ་རང་རང་ཉིད་བཏང་བའི་གཞས་སེམས་ཁོང་གི་ཆབ་མདོ་ཞེས་པའི་གཞས་ནང་མོ་རང་ངོ་སྤྲོད་གནང་དུས་མོ་རང་ཆབ་མདོ་ནས་ཡིན་ལབ་འདུག དེ་མིན་ལོ་རྒྱུས་རྒྱས་པ་ཅི་མི་ཤེས། ནང་པོ་བཤད་ནས་དགོས་པ་དེ་ཙམ་ཞིག་མ་མཐོང་། ལན་དེས་འགྲིགས་པ་བྱོས།
ཨོ་རྒྱན་སྐྱབས་ལགས། གུས་པས་ཁོ་མོའི་ལོ་རྒྱུས་མཐིལ་ཕྱིན་པ་ཞིག་མི་ཤེས་རུང་། མོ་རང་རང་ཉིད་བཏང་བའི་གཞས་སེམས་ཁོང་གི་ཆབ་མདོ་ཞེས་པའི་གཞས་ནང་མོ་རང་ངོ་སྤྲོད་གནང་དུས་མོ་རང་ཆབ་མདོ་ནས་ཡིན་ལབ་འདུག དེ་མིན་ལོ་རྒྱུས་རྒྱས་པ་ཅི་མི་ཤེས། ནང་པོ་བཤད་ནས་དགོས་པ་དེ་ཙམ་ཞིག་མ་མཐོང་། ལན་དེས་འགྲིགས་པ་བྱོས།
ཆབ་མདོ་ངག་ཕུན་ལགས།
ལགས་སོ། ཐུགས་རྗེ་ཆེ། ཁྱེད་མི་དྲང་པོ་ཞིག་འདུག་པ་དེ་ལ་སྤྲོ་བ་འཕེལ།
གཞས་མ་དབྱངས་སྒྲོལ་མར་སེམས་གཏིང་ནས་བཀྲིས་བདེ་ལེགས་དང།
གཞན་ཕན་གྱི་བྱ་བར་བསྔགས་བརྗོད་ཞུ།
གངས་ཅན་ཁ་བའི་ལྗོངས་ལ། སློབ་དཔོན་ཐོན་མི་འཁྲུངས་ཡོད།
ཤེས་རིག་སྒྲོན་མེ་བསྣམས་ནས་། མུན་པའི་གནས་ལས་ཐར་སོང།