- དབྱངས་ཞུགས་པའི་ང་རོ་ཡི་སྙན་དེབ་པར་འགྲེམས་བྱེད་དགོས་དོན།
<<དབྱངས་ཞུགས་པའི་ང་རོ།>>ཡི་བླ་སྲོག་ཚེ་གསུམ་ནི་བོད་ཕྱི་ནང་གི་རྩོམ་པ་པོ་བརྒྱ་ལྷག་གི་བརྩམས་ཆོས་ཀྱིས་ཕུལ་ཞིང་། བོད་སྐད་ཡིག་གི་རྒྱུན་ཐག་ལ་འཇུས་པའི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་བྲོ་བ་དངོས་དེ་ནི་སྙན་དེབ་འདི་ལས་མངོན་གྱུར་བྱེད་པ་ཡིན། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ངོས་ནས་འདི་ལོའི་ཟླ་དྲུག་རིང་ལྷ་ས་རྩོམ་རིག་མེ་ལོང་དྲ་བའི་སྟེང་དུ། ལག་སོན་དྲ་འགོད་བྱས་པའི་བོད་ཀྱི་སྙན་ངག་པ་༡༡༩ལྷག་གི་སྙན་ངག་ཡོད་པ་དང་། (བོད་ཕྱི་ནང་གཉིས་ཀྱི་སྙན་ངག་པ་བརྒྱ་ལྷག་གི་བརྩམས་ཆོས་བཅུ་གྲངས་རེ་དྲ་འགོད་བྱས་ཤིང་། ) དེ་ལས་ལེགས་གྲོས་བདམས་ཏེ་དེབ་གཟུགས་སུ་འགྲེམས་སྤེལ་བྱེད་ཐུབ་བྱུང་ལ། དེབ་མིང་དུ<<དབྱངས་ཞུགས་པའི་ང་རོ།>>ཟེར་ཞིང་། དེབ་འདིའི་ནང་གི་སྙན་ངག་མང་ཆེ་ཤོས་ནི་སྟོང་ལོ་བཅུ་བཞི་ལོའི་སྙན་ངག་ཡིན་ལ། ཁ་ཤས་ཤིག་གིས་སྟོང་ལོ་བཅོ་ལྔའི་སྙན་ངག་བཏང་འབྱོར་བྱུང་བ་ཡང་ཡོད་པ་དེ་བཞིན་དུ་དྲ་འགོད་བྱས་ཡོད། མ་འོངས་པའི་ཡིག་ཚགས་ཤིག་ཏུ། དུས་སྐབས་གཅིག་རིང་གི་བོད་ཀྱི་སྙན་ངག་གི་ཁྱད་ཆོས་དང་དེའི་འབྲི་སྟངས། འཕེལ་རིམས་སོགས་སུ་ཞིབ་འཇུག་གི་རྒྱུ་ཆ་ཆུང་ཆུང་ཞིག་མི་ཆགས་པའི་ངེས་པ་མེད་པས་ན། ལྷ་ས་རྩོམ་རིག་མེ་ལོང་དྲ་ངོས་སུ་དམིགས་བསལ་སྡེ་ཚན་བཟོས་ཏེ་སྙན་ངག་པ་བརྒྱ་ལྷག་གི་སྙན་ངག་ལ་ཁ་བྱང་གཅིག་གི་སྒང་ནས་རིམ་བཞིན་ལྟ་ཐུབ་པ་དང་། དེབ་གཟུགས་སུ་པར་འགྲེམས་བྱས་ཏེ་ཕྱི་ལོག་བོད་ཀྱི་དཔེ་མཛོད་ཁང་དང་བོད་ཀྱི་སློབ་གྲྭ་ཁག་ཏུ་ཁྱབ་བརྡལ་བཏང་ཡོད།
སྙན་ངག་པ་བརྒྱ་ཕྲག་གཅིག་གི་བརྩམས་ཆོས་བདམས་བཀོད་དུ། གཞིས་ནས་༥༤དང་བྱེས་ནས་༦༥གཉིས་མཉམ་སྡོམས་ཀྱིས་སྙན་ངག་པ་༡༡༩ཡོད་ཅིང་། དེ་ལས་གྲྭ་བ་༣༨ ། སྐྱ་བོ་༨༡ ། བུད་མེད་༡༦་བཅས་ཀྱི་སྙན་ངག་གཅིག་རེ་ལེགས་བདམས་བྱས་ཤིང་། ཁོང་རྣམ་པའི་རང་རིགས་ཀྱི་ཡུལ་གོམས་སུ་འཐིམ་པའི་ཚོར་སྣེ་གསོན་པོ་དྲོད་མ་ཡལ་བ་དག་གིས་<<དབྱངས་ཞུགས་པའི་ང་རོ།>>ཞེས་པའི་སྙན་དེབ་འདི་མི་ཡུལ་ལ་ལེགས་སྐྱེས་སུ་བཏེགས་པ་ཞིག་ཡིན།
- སྙན་དེབ་འདི་དང་འབྲེལ་ནས་བོད་ཕྱི་ནང་གི་རྩོམ་པ་པོ་རྣམས་སུ་ཞུ་སྙིང་།
སྙན་དེབ་གསར་བ་ཞིག་དབུ་འབྱེད་བྱེད་དགོས་པའི་སྲོལ་ལུགས་འདི་ནི། ཡུལ་སྲོལ་གང་ཞིག་ནས་བྱུང་བའི་བརྒྱུད་རིམ་གོ་ཐོས་མེད་མོད། ཡིན་ཡང་། དེབ་གསར་དབུ་འབྱེད་བྱེད་པ་ནི་དོན་གྱིས་དེབ་གསར་དེ་སྤྱི་ཚོགས་སུ་ཁྱབ་སྤེལ་བྱེད་སྟངས་ཤིག་རེད་ལ། དེ་ཡང་སྤྱི་ཚོགས་སུ་མཐོང་ཡོད་པའི་མི་ཞིག་གིས་དབུ་འབྱེད་བྱེད་པ་དེས། དེབ་གསར་དེར་སྤྱི་ཚོགས་ནས་མཐོང་ཡོང་པ་དང་དོ་སྣང་སྤྲད་པའི་ལས་གཞི་ཞིག་ཏུ་ཡིན་པར་འདུག གང་ལྟར། དུས་རབས་ཀྱི་བརྡ་འཕྲིན་ཧ་ཅང་རྒྱུགས་ཆེ་བའི་གོ་སྐབས་དང་བསྟུན་ནས །དེབ་ནང་མཚན་འཁོད་ཀྱི་སྙན་ངག་པ་བརྒྱ་ཆའི་བརྒྱད་ཅུ་སྐ་འཕྲིན་ཚོགས་པ་བཟོས་ཏེ་ནང་འཇུག་བྱེད་ཐུབ་བྱུང་ཡོད།
དུས་རབས་དང་བསྟུན་ནས་རང་རིགས་ཀྱི་སྙན་ངག་འདི། འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ཁྱབ་དུ་སྤེལ་དགོས་པ་གལ་ཆེན་པོ་རེད་ལ། ད་ལྟའི་དུས་རབས་འདིར་བོད་ཀྱི་གནའ་དེང་གི་སྙན་ངག་འབྲི་སྲོལ་ནི། བོད་ཀྱི་ལོ་རྒྱུས་སྔོན་མ་དག་ནང་བྱུང་མྱོང་མེད་པའི་དར་སྲོལ་ཆེན་པོ་བྱུང་བཞིན་པའི་སྐབས་སུ། སྙན་ངག་པ་རྣམས་ཀྱང་རྒན་པ་དང་གཞོན་སྐྱེས་གཉིས་ཀྱི་ནང་ནས། གཞོན་སྐྱེས་ཀྱིས་སྙན་ངག་འབྲི་བའི་དར་སྲོལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ནའང་། འཛམ་གླིང་ལ་ཁྱབ་བརྡལ་འགྲོ་བའི་གོ་སྐབས་ཉག་ཕྲ་ཞིང་བོད་ཀྱི་ས་ཁུལ་རེ་གཉིས་སུ་ཁྱབ་སྤེལ་བྱེད་པ་དང་། སྐད་འཕྲིན་དང་འཕྲིན་སྟེགས། བོད་ཡིག་དྲ་ལམ་ཁ་ཤས་སུ་ཕྱོགས་བཏུས་སྙན་ངག་ཙམ་བྱས་ཏེ་བཞག་ཡོད་པ་མ་གཏོགས། སྣང་མེད་དུ་འཇོག་པ་སོགས་ཀྱི་གནད་དོན་དང་འཐུས་ཤོར་གྱི་དོན་རྐྱེན་བྱུང་གི་ཡོད་པས། འདི་ག་གསར་ཁང་གིས་བོད་དབྱིན་གཉིས་ཀྱི་སྒང་ནས་ཡིག་ཚགས་བཟོས་ཏེ་ཁྱབ་སྤེལ་གནང་བའི་ལས་འཆར་སྒྲིག་ཡོད།
སྙན་དེབ་འདི་བོད་ཆོལ་ཁ་གསུམ་གྱི་སྙན་ངག་པ་བརྒྱ་ལྷག་གིས་གྲུབ་པ་ཞིག་ཡིན་ལ། འཛམ་གླིང་རང་བཞིན་གྱི་བོད་ཀྱི་སྙན་ངག་གི་དེབ་ཞིག་ཡིན་པར་བཤད་ཀྱང་ཆོག རྒྱུ་མཚན་ནི། ཨ་རི་དང་ཡོ་རོབ། རྒྱ་གར་དང་བོད་ནང་སོགས་སུ་བཞུགས་པའི་སྙན་ངག་པ་རྣམས་ཀྱི་སྙན་ངག་ལེགས་བདམས་བྱས་ཡོད་པས་བོད་ཀྱི་འཛམ་གླིང་རང་བཞིན་གྱི་སྙན་དེབ་ཞིག་ཏུ་ངོས་འཛིན་བྱས་ཆོག
ལྷ་ས་རྩོམ་རིག་མེ་ལོང་དྲ་ངོས་ཀྱི་བོད་ཀྱི་སྙན་ངག་པ་བརྒྱ་ལྷག་གི་སྙན་རྩོམ་གྱི་དྲ་བྱང་གཤམ་དུ་བཀོད་ཡོད། འདིར་ནོན།
རྒན་རབས་པ་མང་པོ་ཞིག་ལུས་འདུག དེ་ནི་ཆད་པ་འཁུར་དགོས་པའི་ནག་ཉེས་རེད་ལ། དེ་ནི་གནོང་འགྱོད་བརྩེག་དགོས་པའི་ནོར་འཁྲུལ་ཡང་རེད། རྩྭ་མི་ཤིང་མིའི་གྲངས་འབོར་ལས། །དཔའ་རྟུལ་སུམ་ཅུའི་ཁེར་རྒྱུག་དགའ། །
རྒན་པ་ཚིག་སྒྲིག་མཁན་ལས་གཞོན་རབས་ཀྱི་སྙན་ངག་མཆོག་ཏུ་གྱུར་བས་རྒན་པ་ཞེས་པ་དག་དེབ་འདིར་ཡོད་པ་ལས་མེད་པས་དགའ་གི་རེད།
ཞོན་རབས་ནང་ན་སྙན་ངག་མཁན་མང་པོ་འདུག
རྒན་པ་དེ་ཚོས་རྒས་ཚར་པ་རེད། དཔེར་ན་ཀླུ་སྨྱོན་ལྟ་བུ་རེད། མི་རྒས་པའི་སྒང་ལ་སྙན་ངག་ཀྱང་རྒས་ཚར་རེད། xx
སྙན་ངག་རྒས་ཟེར་བ་འདི་ནི་སྙན་ངག་མ་ཤེས་པའི་རྟགས་རེད། སྙན་ངག་དང་རི་མོ་སོགས་སྒྱུ་རྩལ་ལས་རིགས་འདི་ཚོར་རྒས་རྒྱུ་ཡོད་པ་མ་ཞོགས་དེ་ལས་ལྡོག་སྟེ་ལོ་ཟླ་ཅི་ཙམ་མང་པོ་ཕྱིན་པ་དེ་ཙམ་གྱིས་རིན་ཐང་འཕར་ཡོང་གིན་ཡོད་པ་རེད། དཔེར་ན་པིས་ཁ་སོའི་རི་མོ་དང་སྦེ་ཐོ་ཝེན་གྱི་རོལ་དབྱངས་ལྟ་བུ་རེད། གསེར་ལ་རྒས་རྒྱུ་མེད་པ་དང་། །འགྱིག་ལ་རྒས་རྒྱུ་ཡོད་པ་ཡི། །ཁྱད་པར་ཙམ་ཡང་མི་ཤེས་པའི། །དེང་གི་གཞོན་སྐྱེས་ཨ་ཙ་མ། །
སློབ་སྦྱོང་བློ་སྦྱོང་འཚོ་བའི་ཉམས་མྱོང་དང་། །
སྒྱུ་རྩལ་ཐབས་ལམ་འདྲ་མིན་མི་ཤེས་པར། །
གང་དྲན་སྙན་ངག་ཡིན་པར་རློམ་པའི་མི། །
དེང་སང་གཞོན་རབས་ཁྲོད་ན་ཧ་ཅང་མང་། །
ཚིག་བཅད་བྲིས་ན་སྙན་ངག་ཡིན་པ་དང་། །
ཚིག་བཞི་འཁྱོངས་ན་སྙན་ངག་པ་ཡིན་ཟེར། །
དེང་གི་གཞོན་རབས་ཁྲོད་དུ་ཁྱབ་ཆེ་བའི། །
སྙན་ངག་སྙན་ངག་པ་གཉིས་ཨ་ཙ་མ། །
རྡ་སའི་གྲྭ་ལོག་སྙན་ངག།།
རོ་དང་མཚུངས་ལས་མི་འདུག