—གཙང་པ་བཀྲ་སྟོབས།
གཅེས་ཕྲུག་ཚོ།
ངོ་མ་ཁྱེད་ཚོས་ལམ་འདི་མ་འདེམས་རོགས།
གཅེས་ཕྲུག་ཚོ།
བོད་ཁ་བའི་བུ་རབས་ཚ་རྒྱུད་ཚོ།
ཁྱེད་ཚོ་ནི་སང་ཉིན་གྱི་མཛེས་སྡུག་མངོན་པའི་མེ་ཏོག་གི་ས་བོན་ཡིན་པས།
གལ་ཏེ་འུ་ཚོའི་མི་ལོ་ཁྲི་ཕྲག་དུ་མར་བསྲིངས་ནས་ཡོང་པའི་འདབ་བརྒྱད་བཞད་སའི་ལྡུམ་ར་འདི་སྟོང་ན་ཅི་ཞིག་བྱ།
འདབ་བརྒྱ་འཛུམ་སའི་པད་ཚལ་འདི་སྐམ་ན་མི་ཕམ་མམ།
འདབ་སྟོང་མཛེས་པའི་ཁ་བ་འདི་ཞུ་ན་མི་འགྱོད་དམ།
སྲོག་རྡོག་ཚོ།
ལྟོས་དང་།
ཆེར་མི་རིང་བའི་ས་ཆ་ཞིག་ཏུ།
ཆེས་ཡིད་དུ་འོང་བའི་པདྨའི་རི་བོ་ཞིག་འགྱིང་བཞིན་གདའ། ངོ་མ་ཡིན། ཁྱེད་ཚོས་བལྟས་ཨེ་ཡོད།
རིང་ཐུང་ཙམ་ལས།
ཁྱེད་ཚོ་ནི་ནམ་ཡང་མེ་ཏོག་གི་གླིང་དུ་བཞད་ངེས་ལ།
སྐབས་དེར་ཁྱེད་ཚོས་རང་རང་གི་ལམ་ནས་སྐལ་བཟང་མེ་ཏོག་གི་མཆོད་པ་ལྷ་ལ་འབུལ་ཆོག་ལ་ལྡུམ་རྭ་ཡི་བསྟན་པ་བོད་ལ་སྤེལ་ཐུབ།
དེ་དུས།
འུ་ཚོའི་ལྷ་ཡུལ་སྒམ་པའི་ཞིང་།
ཀླུ་ཡུལ་བསམ་པའི་ནོར།
མི་ཡུལ་སྐྲུན་པའི་བདེ་སོགས།
ཅིས་ཀྱང་རྒྱ་སེེར་མེ་ཏོག་གིས་བརྒྱན།
ཆུ་སྐྱེས་མེ་ཏོག་གིས་ཁུར།
གངས་ལྷ་མེ་ཏོག་གིས་སྐྲུན།
སྤང་རྒྱན་མེ་ཏོག་གིས་འདྲེན།
ཁ་བའི་མེ་ཏོག་གིས་བསྒྲུབ་ཅི་ལ་མི་ཡོང་སྟེ་ཡོང་ཁོ་ཐག་ཡིན།
དུས་དེ་དུས། རྫོགས་མཐའ་བྲལ་བའི་མེ་ཏོག་གི་གླིང་ཆེན་པོ་ཞིག་འུ་ཅག་གི་འཇིག་རྟེན་ན་ཆགས་འགྲོ་ཞིང་།
རང་དབང་གི་གླུ་སྒྲའི་ཁྲོད་ནས་མེ་ཏོག་འབར་ངེས་ལ།
བདེན་དོན་གྱི་ཉི་འོད་ཀློང་ནས་མེ་ཏོག་གི་འོད་འཚེར་ངེས་པས། དེའི་ཕྱིར།
ཁྱེད་ཚོ་མུ་མཐུད་ནས་འཚོ་དགོས།
ཚེ་སྲོག་མུ་མཐུད་ནས་བསྲིང་དགོས།
འདི་སྤོབས་པ་ཡིན།
འདི་ནི་དཔའ་རྩལ་ཡིན།
ངོམ་ཆོག་པའི་དཔའ།
འཕྱར་འོས་པའི་གྲི །
སྣུན་བདེ་བའི་མདུང་ཡང་འདི་ཁོ་ན་ཡིན་པར་མ་བརྗེད་རོགས།
དགེ་བ་ཡོད།
གཅེས་ཕྲུག་ཚོ །
གོ་ཨེ་བྱུང་།
༠༤/༠༣/༢༠༡༦ ཉིན།
ཕས་བྱེད་མ་ཐུབ་པ་ཞིག་བུས་བྱས་འདུག་བསམ་སྟེ་སྤོབས་པ་སྐྱེས་བྱུང་།
https://www.youtube.com/watch?v=AE7_QnEf7a0
བོད་རིགས་ཚོ། ཞི་བའི་ངོ་རྒོལ་གྱིས། དྲག་པོའི་མེར་བསྲེག་མ་གྱིས། དབུ་མ་དང་རང་བཙན་གང་གིས་ཀྱང་། སྲོག་འཇལ་ཐུབ་བགྱི་མ་རེད། དེས་ན་་་་་་་་་་་
ཁྱེད་གཉིས་ཀྱིས་བློས་གཏོང་དེ་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བསྔགས་བརྗོད་སྨོན་འདུན་ཞུ། བྱེས་འབྱོར་བོད་མི་རྣམས་ད་ཆ་མ་འོངས་སྲིད་སྐྱོང་གི་འགྲན་རྩོད་ནང་ཞུགས་བཞིན་པའི་སྐབས་འདིར་ཁྱེད་གཉིས་ཀྱིས་ང་ཚོར་བོད་དང་བོད་མིའི་གནས་ལུགས་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། ངོས་བོད་མི་རྣམས། ཁོང་གཉིས་ལྟ་བུའི་བློས་གཏོང་གནང་མ་ཐུབ་ནའང་ལས་རྒྱུ་འབྲས་འཕེར་བའི་ཕྱག་ལས་ཤིག་དང་། ༸གོང་ས་མཆོག་གི་བཀའ་དྲིན་མ་བརྗེད་པའི་ཕྱག་ལས་ཤིག་གནང་རྒྱུའི་རེ་བ་འཆང་།
རྒྱལ་ཁབ་མི་རིགས་རྩ་དོན་བསམ་ན་སློབ་སྦྱོིང་བགྱིས་།
རྒྱལ་ཁབ་མི་རིགས་རྩ་དོན་བསམ་མཐུན་བསྒྲིལ་བགྱིས་
རྒྱལ་ཁབ་མི་རིགས་རྩ་དོན་བསམ་ན་རིགས་གཞུང་སྲུང་།
རྒྱལ་ཁབ་མི་རིགས་རྩ་དོན་བསམ་ན་ཆབ་སྲིད་བརྟན་།