དོལ་སྨྱོན།
ཨ།
ཟུར་ཕུད་ལྔ་པའི་ཕྱག་གི་རལ་གྲིས་མགྲིན་པའི་རྩ་མདུད་མ་བཏུབ་ཅིང་།།
མཚོ་བྱུང་ལྷ་མོའི་སྙན་འཇེབས་རྒྱུད་མང་རྣ་བའི་བུ་གར་མ་དཀྲོལ་མོད།།
བརྡ་དང་ཐ་སྙད་ལྷས་མར་བསླས་པའི་རྨད་བྱུང་”དབྱངས་”ཀྱི་དོ་ཤལ་འདི།།
རང་སེམས་དམར་པོ་བཙོ་སྦྱང་བྱས་པའི་གསེར་གྱི་སྒྲོན་མེ་རྐང་གཅིག་ཡིན།།
ཨི།
མེ་ལོང་མ་ཡི་རྩ་འགྲེལ་དག་ལ་ངལ་བའི་མིག་ཟུང་མ་འཕངས་ཤིང་།།
དོན་རྒྱན་སོ་ལྔའི་དཔེར་བརྗོད་དག་གིས་སོར་མོ་ངལ་བར་མ་བྱས་མོད།།
ཉམས་དང་འགྱུར་བའི་བཀོད་པས་མཛེས་པའི་ལྷན་སྐྱེས་”དབྱངས་”ཀྱི་རང་སྒྲ་འདི།།
དགའ་སྐྱོ་ཆགས་སྡང་གཟུགས་སུ་གྲུབ་པའི་རང་བྱུང་ཨོཾ་ཡིག་དཀར་པོ་ཡིན།།
ཨུ།
ངག་གི་ལྷ་ཞིག་ཡོད་པར་ཐོས་མོད་ངག་གི་བྱིན་རླབས་མ་ཐོབ་ཅིང་།།
རིག་པའི་རྗེ་ཞིག་ཡོད་པར་གོ་མོད་རིག་པའི་དངོས་གྲུབ་མ་རྙེད་རུང་།།
ཚིག་དང་དོན་གྱིས་བྱུར་བུར་གཏམས་པའི་ལེཊ་བྱས་”དབྱངས་”ཀྱི་འགྱུར་ཁུག་འདི།།
སྲིད་པ་ཁམས་ཀྱི་གྲོང་ལ་གཏོར་བའི་བདུད་རྩིའི་ཐིགས་པ་དྲོན་མོ་ཡིན།།
ཨེ།
དནྜི་རང་གྲོལ་དགེ་ཆོས་སོགས་ཀྱི་ལོ་རྒྱུས་གསལ་པོར་མི་ཤེས་ཤིང་།།
ཤར་ནུབ་གནའ་དེང་སྙན་གཞུང་སོགས་ལ་གོམས་པའི་བག་ཆགས་མ་མཆིས་མོད།།
རང་སྣང་གང་དྲན་གླུ་རུ་བླངས་པའི་རང་གཟུགས་”དབྱངས་”ཀྱི་འདེག་འཇོག་འདི།།
དུབ་པའི་སེམས་ལ་ངལ་གསོ་གཏེར་བའི་སྦྲང་ཆར་བསིལ་མའི་འབབ་རྒྱུན་ཡིན།།
ཨོ།
མ་གྱུར་འགྲོ་བ་སེམས་སུ་སྒོམ་པའི་བྱང་སེམས་རློན་པ་མ་ཡིན་ཅིང་།།
མི་རིགས་ལ་རྒྱ་ཞེ་ལ་བརྣག་པའི་རིགས་ཀྱི་དཔའ་བོ་མ་ལགས་མོད།།
དབྱངས་གསལ་གཉིས་པོ་བསྟར་ལ་བསྒྲིགས་པའི་ཕ་སྐད་”དབྱངས་”ཀྱི་ང་རོ་འདི།།
རྩམ་པ་ཟས་པའི་ཟས་རིན་ཞིག་དང་མི་རུ་སྐྱེས་པའི་དོད་ཅིག་ཡིན།།
སྙན་ངག་རང་རེད་འདུག་།
གི་གུ་།
ཞབས་ཀྱུ་།
འབྲེང་པོ་།
ན་རོ་སོགས་ལ་སྦྱར་བའི་སྙན་ངག་ཡིན་
ས་རེད་།
མཁས་པའི་གང་ལབ་དང་རྣོ་པོའི་གང་བཅད་
ཟེར་བ་ལྟར་འབྲེལ་བཤད་གཅིག་ནི་ཡོད་
ཆོག་།ཐུགས་རྗེའི་ཆེ་།
ཀི་སྒྲ་སྒྲོགས་ནས་བསང་གསོལ་གཏོང་། །
བཀུར་སྟི་སྲི་ཞུ་ཉམས་མེད་སྐྱོངས། །
སྐེ་དང་མཇིང་པ་ཡར་སྟེགས་ནས། །
ལྐོག་ལབ་མ་བརྒྱབ་སྲོང་པོར་གྱིས། །
ཁྱི་དང་བྱི་ལའི་རྟུལ་བཞུགས་སྤོངས།།
ཁྱུ་མཆོག་ཅན་གྱི་འགྲོས་སུ་གཤེགས།།
ཁྱེ་དང་གྲགས་པ་རླུང་ལ་སྐུར།།
ཁྱོ་མང་ཅན་ཚོའི་རྗེས་མ་སྙོགས།།
གང་གི་སེམས་ན་ཤེས་རབ་ཟླ་བའི་བསིལ་ཟེར་ཡོད་པས་སྙན་ཚིག་ཀུ་མུད་ཁ་ནས་བཞད། །
གངས་རིའི་དཔའ་བོའི་སྙིང་ཁྲག་རླངས་པ་མཁའ་དབུགས་ལས་ཞུགས་ཁོང་དུ་སིམ་པས་དབང་རྩ་རྒྱས། །
ཚེ་སྲོག་གསོན་པོའི་དཔའ་འབར་ཚ་རླབས་ཉི་འོད་ལ་འཁྱུད་ལུས་ལ་ཐིམ་པས་སྤྲོ་སེམས་ཁོལ། །
གཤིན་གསོན་རེ་བའི་འདྲེན་བྱེད་འབུམ་གྱིས་སྟོབས་ལྡན་གཞོན་ནུ་ཁྱོད་ཅག་སྒུག་གོ་མ་གཡེལ་ཅིག །
ཡང་སྐྱར་དབྱངས་ལྔ་གཅིག་དགོས་ན། །
་
ཨ་ཁ་དྲ་གྲོགས་རིག་འཆལ་ཚོ། །
ཨི་ཁུང་མ་སེམས་འདོད་ཆགས་འོངས། །
ཨུ་ཚུགས་བརྒྱབ་ནས་མི་སྡུག་སྒོམས། །
ཨེ་མ་ཆོས་གྲོགས་ཕོ་མོ་ཚོ། །
ཨོམ་ནས་སྭཧྰ་མང་ཙམ་འདོན། །
་
དབྱངས་ལྔའི་སྙན་དངགས་འདི་ལ་ཟེར། །
བོད་ཀྱི་སྙན་ངག་པ་དེ་ཚོའི་ཤེས་ཚད་དང་བརྩོན་འགྲུས་གཉིས་ཐད་ནས་མ་འདང་བ་རེད།
http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%93%E0%BC%8B%E0%BD%84%E0%BD%82%E0%BC%8B%E0%BD%94%E0%BC%8B%E0%BD%91%E0%BD%BA%E0%BC%8B%E0%BD%9A%E0%BD%BC-2/
།
་་་་་་་་་་ ང་རང་གིས་བལྟས་ན་རིག་གནས་གསར་བརྗེ་བྱུང་བའི་རྗེས་ལ་བོད་པའི་རྩོམ་རིག་ཟེར་ན་འདྲ་རྩོམ་པ་པོ་ཟེར་ན་འདྲ་འཕེལ་རིམ་གསུམ་བྱུང་བ་རེད། ཐོག་མ་སྙན་ངག་དང་བསྟོད་རྩོམ་ཤུགས་ཆེན་པོ་རེད། དེའི་རྗེས་ལ་བརྩམས་སྒྲུང་དང་དཔྱད་རྩོམ་ཏོག་ཙམ་བྱུང་བ་རེད། ད་ལྟ་འབོལ་རྩོམ་དང་གློག་བརྙན་ཐོག་ལ་འཕེལ་རྒྱས་འགྲོ་བཞིན་འདུག་བསམ་གྱི་ཡོད། ་་་་་་་་་