ཁྲོ་གཏུམ།
ཡར་བལྟས་རྫ་རེད
གངས་ཀྱི་ཅོད་པན་སྔར་ལས་དབུ་འཕང་མཐོ
རྫ་སྐེད་ནགས་རེད
ནགས་ཀྱི་གཡུ་ལོ་རི་བོའི་ལྟོས་དང་མཉམ
འདབ་རོལ་སྤང་རེད
རྐང་པའི་རྡོག་ལམ་གྱ་མ་གྱུ་ཡིས་ས་རྡོ་བཀད
ད་ལོའི་དབྱར་ཁ་ང་ཡི་རྣ་བའི་རྒྱབ་ཏུ་སླེབས་ན
རླུང་དང་ཚ་བས་ཁྱུར་མྱིད་རྒྱག་པའི་ས་གཞིའི་ཁ་དོག
རླུང་ཆེན་གྲང་མོས་འུར་འདོན་བྱས་ཏེ་ཤོག་བུ་ཐེད་པོས་མི་ངོ་འཚོ
རྡུལ་གྱིས་ཁུར་བའི་སྐད་ཀྱི་རྩུབ་རུས་འཕྲུལ་ལམ་བར་ན་གདོན་གྱིས་བཅག
ཇ་ཁང་ནང་དུ་རླུང་བུ་བབས
དབུགས་སྒང་ཁ་ཤས་དགུང་ལ་འཕྱོ་བའི་ཉམས་འགྱུར་བསྟན
མི་ཡི་རྫི་འདབ་སྲན་མ་ཞིག་སྟེ
ཆང་ལ་ལྷུང་ནས་ཁ་ལ་མ་བཞག་འཁྲིས་ཀྱི་དུད་སྣེ་སྤོང་སར་ཤུད
རྣ་བ་གཡོན་པ་འོན་པ་བྱས་ན
གཡས་ཀྱི་རྡུལ་འགའ་བཙག་རླུང་འདྲ
གཡས་པ་བསྡུས་ཏེ་གཡོན་གྱི་ཉན་སྒུག
གཡས་པ་ཚང་ལ་སྨྲེ་བ་འདྲ
ཕྱོགས་གཉིས་བསྡམས་པའི་ཏིང་སྒྲ་གཅིག་པས
མི་ཞིག་སྡོད་པར་ག་ལ་ཐུབ
ང་རང་ཉི་མའི་འོད་ལ་འཁྱུད་པར་ཧ་ཅང་དགའ
ཉི་འོད་དྲོན་མོ་དྲོན་མོ
རླུང་བུ་འཁྱགས་པ་གཏོར་བའི་དེ་ཙ་ན
ཨ་མའི་པང་ན་གཉིད་པའི་སྣང་བ་བསོར་མོ་ནམ་ཡང་ཡོད
༢༠༡༧ ལོའི་ཟླ ༠༣ ཚེས་ ༢༨ ཉིན།
རི་བོའི་གཏོས།
རྡུལ་གྱིས་ཁུར་བའི་སྐད་ཀྱི་རྩུབ་རུས་འཕྲུལ་ལམ་བར་ན་གདོན་གྱིས་བཅག་་་་་ཅི་ཡང་གོ་མ་སོང། རྩིབ་རུས་མིན་འགྲོ