སྤྱན་ཆེན་པོ།
ཆུ་བོ་ཞིག་གི་བཞུར་རྒྱུན་དེད་ནས་རི་བོ་ཞིག་ལ་དགུན་ལྭ་བཟོས
དབྱར་ཁ་ཞིག་ལ་མུན་པ་འཁོར་བས་ས་སྲོད་ཀྱི་མཁུར་ཚོས་དམར་པོ
གློག་ཞགས་ཀྱིས་ཐག་རིང་ནས་དྲུད་ཡོང་བའི་མིག་མདུན་གྱི་མེ་སྟག་ཅིག
མཚན་ངོགས་སུ་རང་ཉིད་བྲིས་དེ་ཟླ་བ་ལ་ལག་སྙོབ་བྱས
རྣམ་སྨིན་གྱི་སྡོང་རྒན་དེའི་ཡལ་གར་གོ་རིམ་མི་འདུག་པས
དཔེ་སྒྲོམ་གྱི་ནང་དུ་ཐན་པ་བྱུང རྩིས་འཁོར་གྱི་ངོས་སུ་ས་རྡུལ་འཚུབ
མཚན་མོའི་རྨི་ལམ་གྱི་རྨ་ཁ་ད་དུང་མ་སོས་བས
མིག་ཟུང་ཤེད་ཀྱིས་བཙུམས་ན་ཡང་མིག་མདུན་གྱི་ཆང་ཕོར་ནག་པོ
བསྐལ་བར་བསགས་པའི་ཐ་སྙད་ཀྱིས་གླན་འདུག་པས
རྣམ་ཤེས་ནི་སྤྲིན་གསེབ་ན་གནས་པའི་དྲན་པ་དམར་བོ་ཞིག་གོ
འཇིག་རྟེན་འདིའི་མཐའ་ན་འོད་རླབས་ཤིག་ཡོད་པ་ཡིད་ལ་དྲན་པས
གློ་བུར་དུ་ཤར་ལྷོའི་མཚམས་སུ་ཀི་རིང་ཞིག་བཏབ་པ་ཡིན
༢༠༡༦-༡༡-༢༡
སྙན་ངག་ལེགས་པོ་ཞིག་འཁྱོངས་དགོས་ཚེ། སྙན་ངག་གི་མཚོན་ཐབས་བཙན་གྱིས་སྦྱོར་བ་ཁོ་ན་མིན་པར། སྐད་ཆའི་གོ་རིམ་ལ་ཞིབ་ཆ་དང་འཇམ་ལྷོད་ཅུང་དགོས་པ་འདྲ། དེ་མིན་སྟ་རེ་ཁྱེར་ནས་ནགས་ལ་འགྲོ་བའི་དཔེ་མ་འདས་སོ།