རྐ་སྲས་ཀྱིས་བསྒྱུར།
སྐུ་ཞབས་དང་སྲས་མོ་རྣམས་པ། ཨ་རིའི་གློག་བརྙན་ཁྲབ་སྟོན་པ་དང་། མཉམ་འབྲེལ་རྒྱལ་ཚོཊ་ཕོ་མོ་འདྲ་མཉམ་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚོཊ་པའི་བུད་མེད་ཀྱིས་ཆབ་སྲིད་གོ་གནས་ཁྲོད་ཆ་ཤས་ལེན་པ་དང་ཆབ་སྲིད་དབུ་ཁྲིད་བྱེད་དགོས་སྐོར་གྱི་མགྲིན་ཚབ་པ་མཱེ་གྷན། མཱར་ཁུལ་ལ་དགའ་བསུ་གནང་རོགས།
(ཐལ་མོ་ལྡེབ་པའི་སྒྲ)
དགུང་མོ་བདེ་ལེཊ། དགུང་མོ་བདེ་ལེཊ་ཙམ་ཞུས་པས་འཐུས་སམ། ཆེས་ཤིན་ཏུ་དགུང་མོ་བདེ་ལེགས་ཞེས་ཞུས་ན་ལེགས་པ་འདྲ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ། ཆེས་མཐོའི་ངེས་སྟོན་པ་ཕེན་ཛི་ལའེ། བཀའ་དྲིན་ཆེ།
བཀུར་འོས་སྲས་མོ་དང་སྐུ་ཞབས་རྣམས་པ། ཕྲན་གྱིས་མཉམ་འབྲེལ་རྒྱལ་ཚོཊ་ཕོ་མོ་འདྲ་མཉམ་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚོཊ་པར་བུད་མེད་ཀྱིས་ཆབ་སྲིད་གོ་གནས་ཁྲོད་ཆ་ཤས་ལེན་པ་དང་ཆབ་སྲིད་དབུ་ཁྲིད་བྱེད་དགོས་པའི་མགྲིན་ཚབ་པ་བྱེད་རྒྱུ་བྱུང་བར་གུས་མཐོང་དང་གཟི་བརྗིད་དུ་བརྩི་བཞིན་ཡོད། ངས་རང་ཉིད་བུད་མེད་ཅིག་ཡིན་པར་སྤོབས་པ་བྱེད་ཀྱི་ཡོད་ལ། བུད་མེད་མགྲིན་ཚབ་པ་ཞིག་ཡིན་པར་སྤོབས་པ་བྱེད་ཀྱི་ཡོད།
དོ་དགུང་འདིར་ཉིན་མོ་དམིགས་བསལ་བ་ཞིག་ལ་ཁྱེད་ཅག་གི་མདུན་དུ་ལངས་ཏེ། ང་ཚོ་ད་བར་ལམ་ཐག་རིང་པོ་ཞིག་ཏུ་འབྱོར་ཡོད་པ་མ་ཟད། ད་དུང་མདུན་སྐྱོད་ཀྱི་ལམ་དུ་སྙེགས་དགོས་པ། ཚང་མར་དྲན་གསོ་ཞིག་གཏོང་རྒྱུ་བྱུང་བ་རང་ཉིད་ཀྱིས་སྦོབས་པར་བརྩི་བཞིན་ཡོད། ངས་ཁྱེད་ཅག་ལ་དེ་རིང་ང་འདིར་ཡོང་དོན་དང་། ངས་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ནུས་སྟོབས་དང་ལྷན་དུ་ལས་ཀ་བྱེད་པ་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་ཅིག་བཤད་འདོད་བྱུང་།
ང་རང་ལོ་བཅུ་གཅིག་ཡིན་པའི་སྐབས་ཤེས་རྟོགས་ཅི་ཡང་མེད་པའི་ངང་། གང་ལྟར་སྟབས་འགྲིག་ནས། བུད་མེད་ཀྱི་མགྲིན་ཚབ་པ་ཞིག་ཏུ་གྱུར་བ་རེད། དེ་ནི་པེ་ཅིན་ཚོགས་འདུ་དང་དུས་སྐབས་གཅིག་པ་ལྟ་བུ་ཞིག་ཏུ་བྱུང་བ་རེད། དེར་བརྟེན། དེ་ནི་ལོ་ཉི་ཤུ་ཙམ་གྱི་གོང་རེད།
ངའི་ཕ་ཡུལ་ཏེ་ལཱོ་སན་ཇི་ལར་བྱུང་བའི་བྱུང་བ་གལ་ཆེན་ཞིག་གིས་ཕྲན་གྱི་ལྟ་ཚུལ་ཏེ། ཅི་ཞིག་ཡིན་ཡང་འགྲུབ་ཐུབ་པ་ཞིག་ཡིན་པའི་ལྟ་ཚུལ་དེ་ཆགས་སུ་བཅུག་བྱུང་། སྐབས་དེར་ང་རང་རྨང་གཞིའི་སློབ་གྲྭར་ཡོད་ཅིང་། ང་ཚོས་བརྙན་འཕྲིན་བལྟ་བཞིན་ཡོད། བརྙན་འཕྲིན་དེར་བརྡ་ཁྱབ་ཞིག་སྤེལ་གྱིན་འདུག བརྡ་ཁྱབ་དེ་ནི་སྣོད་ཆས་བཀྲུ་བྱེད་འདག་རྫས་ཤེར་ཁུའི་སྐོར་ཅིག་རེད།
བརྡ་ཁྱབ་དེའི་ཚིག་ནི་འདི་ལྟར་“ཨ་རིའི་ཁྱོན་ཡོངས་ཀྱི་བུད་མེད་རྣམས། ཞག་རྩི་ཆགས་པའི་ཚལ་སླང་དང་བ་མར་འཐབ་བཞིན་ཡོད།”ཟེར། ངའི་འཛིན་གྲྭའི་ནང་གི་བུ་གཉིས་ཀྱིས་“རེད། དེ་ནི་བུད་མེད་གང་དུ་གཏོགས་ས་དེ་རེད། ཐབ་ཚང་ནང་རེད། ཟེར། སྐབས་དེར་ང་ཧང་སང་ཞིང་། ཁོང་ཁྲོ་ལངས་བ་བ་མ་ཟད། ཚིག་དེས་ང་ལ་ཕོག་ཐུགས་ཆེན་པོ་བྱུང་ཞིང་། དེ་ལྟར་ཟེར་བ་ནི་གཏན་ནས་མ་འགྲིག་པ་ཞིག་ཡིན་པས། དེའི་སྐོར་ལ་ངེས་པར་དུ་ཅི་ཞིག་བྱེད་དགོས་ཀྱི་འདུག་བསམ་པ་ངས་ད་ལྟ་ཡང་དྲན་གྱི་འདུག
དེར་བརྟེན། ང་རང་ཁྱིམ་དུ་སོང་ནས་ཨ་ཕ་ལ་ཅི་ཞིག་བྱུང་བ་བཤད་པ་ཡིན། ཁོང་གིས་ང་ལ་དེའི་ཐད་ཡི་གེ་བྲིས་ནས་གཏོང་དགོས་པའི་སྐུལ་མ་གནང་བྱུང་། ངས་དེ་བཞིན་བྱས་ཏེ་ཡི་གེ་བྲིས་པ་ཡིན།
ལོ་བཅུ་གཅིག་ཡིན་པའི་ངས་བསམ་བློ་བཏང་ནས། རང་གི་ཡིད་ལ་དྲན་ཐུབ་ཚོད་ཀྱིས། གལ་ཏེ་ཆེས་དབང་ཤུགས་ཆེ་བའི་མི་སྣ་ཞིག་སྟེ། ང་ལ་ཉན་མཁན་ཞིག་ལ་ངས་ཡི་གེ་གཏོང་དགོས་ན། དེ་ནས། ངས་སྲིད་འཛིན་གྱི་ལྕམ་ལ་ཡི་གེ་གཏོང་དགོས་པ་རེད་དྲན་བྱུང་། དེར་བརྟེན། ངས་ང་ཚོའི་སྲིད་ལྕམ་ལ་མགྱོགས་པོར་ཡི་གེ་བྲིས་པ་ཡིན། སྐབས་དེའི་ང་ཚོའི་སྲིད་ལྕམ་ནི་ཧེ་ལི་རཱེ་ཁི་ལཱེན་ཋིན་རེད།
ད་དུང་ངས་རང་ཉིད་ལ་གསར་འགྱུར་མཁོ་སྤྲོད་བྱེད་མཁན་ལཱིན་ཊཱ་ཨེ་ལིར་བྷི་ལ་ཡི་གེ་བྲིས་པ་ཡིན། ཁོང་གིས་སྐབས་དེར་བྱིས་པ་ཚོར་གསར་འགྱུར་མཁོ་སྤྲོད་ལས་རིམ་སྒྲུབ་ཀྱི་ཡོད་པ་རེད། དེ་ནས་ངས་དབང་འཛིན་ལྟེ་གནས་ཀྱི་གྷི་ལོ་རེཡ་ཨལ་ལིར་ཊི་ལ་ཡི་གེ་བྲིས་པ་ཡིན། རྒྱུ་མཚན་ནི། ཐ་ན་ང་རང་ལོ་བཅུ་གཅིག་ཡིན་ཡང་། ངས་གྲྭ་སྒྲིག་ཚང་མ་བྱེད་ན་འདོད།
མཐར་ངས་འདག་རྫས་དེ་བཟོ་སྐྲུན་བྱེད་མཁན་ལ་ཡི་གེ་བྲིས་པ་ཡིན། བདུན་ཕྲག་ཁ་ཤས་སོང་རྗེས། ང་རང་ཧ་སང་བ་ཞིག་ལ་ང་ལ་སྲིད་ལྕམ་ཧེ་ལི་རཱེ་ཁི་ལཱེན་ཋིན་དང་། ལཱིན་ཊཱ་ཨེ་ལིར་བྷི། གྷི་ལོ་རེཡ་ཨལ་ལིར་ཊི་བཅས་ཀྱི་རྒྱབ་སྐྱོར་ཡི་གེ་འབྱོར་བྱུང་། དེ་ནི་ཆེས་རྨད་དུ་བྱུང་ཞིང་སྤྲོ་སྣང་སྟེར་བ་ཞིག་རེད། བྱིས་པའི་གློག་བརྙན་གསར་པ་ཁང་གིས་བྱུང་བ་དེ་རྒྱུས་ལོན་བྱེད་ཆེད་ངེད་ཚང་ལ་བརྙན་ལེན་པ་འགའ་བཏང་འདུག
ཕལ་ཆེར་ཟླ་གཅིག་ཙམ་གྱི་རྗེས་སུ་འདག་རྫས་བཟོ་སྐྲུན་པ་ཕཱོག་ཊིར་དང་། གྷེམ་བྷོ་གཉིས་ཀྱིས་ཁོ་ཚོའི་འདག་རྫས་ཀྱི་བརྡ་ཁྱབ་བརྗེ་སྤོར་བྱས་ཏེ། ཁོ་ཚོས་ཨ་རི་ཁྱོན་ཡོངས་ཀྱི་བུད་མེད་ཚོ། ཞག་རྩི་ཆགས་པའི་ཚལ་སླང་དང་བ་མར་འཐབ་བཞིན་ཡོད་ཅེས་པ་དེ། ཨ་རིའི་ཁྱོན་ཡོངས་ཀྱི་མི་ཚང་མ་ཞེས་པར་བསྒྱུར་འདུག
སྐབས་དེར་ངས་ལོ་བཅུ་གཅིག་ཡིན་པའི་རང་ཉིད་རིན་ཐང་ཞིག་གི་ཆེད་དུ་ཡར་ལངས་ཏེ་ཤུགས་རྐྱེན་ཆུང་ཆུང་ཞིག་ཐེབས་སུ་བཅུག་པ་རྟོགས་བྱུང་། རིན་ཐང་ཟེར་བ་ནི། ཉེ་ཆར་ཕྲན་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཐོབ་ཐང་ཚོགས་པ་དང་ལྷན་དུ་རྒྱུས་ལོན་ལྟ་སྐོར་གྱི་ཆ་ཤས་སུ་རཱོ་ཝེན་ཊའ་རྒྱལ་ཁབ་ཀྱི་སྲིད་འཛིན་ཕཱོལ་ཁཱ་གྷི་མཱེ་ལ་ལྟ་སྐོར་བྱེད་སྐབས་ཤེས་རྟོགས་བྱུང་བ་སྟེ། སྲིད་འཛིན་ཁོང་ནི་ཌེ་ཇེམ་བྷི་སྐྱབས་བཅོལ་སྒར་གྱི་བུ་མོ་ཆུང་ཆུང་མ་འོངས་པའི་ཉིན་མ་ཞིག་ལ་སྲིད་འཛིན་བྱེད་པའི་རེ་བ་བྱེད་མཁན་དེ་དང་འདྲ་མཉམ་ཡིན་པ་དེར་ཟེར་ཞིང་། རིན་ཐང་ཟེར་བ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷེན་ཁེ་མོན་ཁོང་། གཞོན་སྐྱེས་རྣམས་ཏེ་མཉམ་བྲེལ་རྒྱལ་ཚོགས་ཀྱི་ནང་སྒོར་འཛུལ་ནས་ཁོང་ལ་ལག་འཇུ་བྱེད་འདོད་བྱེད་མཁན་རྣམས་དང་འདྲ་མཉམ་ཡིན་པ་དེར་ཟེར་བ་ཡིན།
རིན་ཐང་ཟེར་བ་ནི། ཆུང་མ་རྣམས་རང་ཉིད་ཀྱི་ཁྱོ་ག་ཚོར་དང་འདྲ་མཉམ་ཡིན་པ་དང་། སྲིང་མོ་ཚོ་རང་གི་གཅེན་གཅུང་རྣམས་དང་འདྲ་མཉམ་ཡིན་པར་ཟེར་ཞིང་། ཁོ་མོ་ཚོ་ནི་རང་གི་གཅེན་གཅུང་དག་ལས་ལྷག་ཅིག་མིན་ལ་དམན་ཞིག་ཀྱང་མིན་པར་ཁོ་ཚོ་འདྲ་མཉམ་ཡིན་པར་ཟེར་བ་ཡིན།
རྣམ་པ་ཚོས་མཁྱེན་གསལ་ལྟར། མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཐོབ་ཐང་ཚོགས་པས་གཉིས་སྟོང་སུམ་ཅུ་ལོའི་ཕོ་མོ་འདྲ་མཉམ་ཐད་དུ་ཞིབ་འཇུག་ཅིག་བྱས་འདུག ཞིབ་འཇུག་འདིས་ཆེས་ཧང་སང་དུ་འཇུག་པ་ནི། ད་ལྟའི་གནས་སྟངས་ཀྱི་ཆ་ནས་ཕོ་མོ་འདྲ་མཉམ་མིན་པ་གཏན་ནས་མེད་པར་བྱེད་པ་ནི་2095 ལོར་བར་མ་གཏོགས་ཡོང་མི་ཐུབ་པར་བསྟན་ཡོད། དེ་ནི་ད་དུང་ལོ་ངོ་བརྒྱད་ཅུའི་རྗེས་སུ་རེད།
ད་དུང་འཛམ་གླིང་རང་བཞིན་གྱི་བུད་མེད་ཀྱིས་ཆབ་སྲིད་ཁྲོད་མཉམ་ཞུགས་དབུ་ཁྲིད་དང་། གྲོས་ཚོགས་སུ་ཆ་ཤས་ལེན་པ་ནི་ 1995 ལོ་ནས་བརྒྱ་ཆ་བཅུ་གཅིག་ཙམ་འཕར་ཡོད་པ་རེད། ལོ་ངོ་ཉི་ཤུའི་རིང་ལ་བརྒྱ་ཆ་བཅུ་གཅིག་ཙམ་རེད། དེ་ནི་དཔེ་མི་སྲིད་པ་ཞིག་རེད། འདི་ནི་ངེས་པར་དུ་འགྱུར་བ་གཏོང་དགོས་པ་ཞིག་རེད། བུད་མེད་ཀྱིས་འཛམ་གླིང་གི་མི་འབོར་དང་ནུས་ཤུགས་ཀྱི་ཕྱེད་ཀ་ཟིན་གྱི་ཡོད་པ་རེད། དེར་བརྟེན། ཆེས་མཐོའི་ཐག་གཅོད་དབང་ཚད་ཀྱི་སྡེང་ཆའི་སྟེང་དུ་བུད་མེད་ཀྱི་འབོད་སྒྲ་སྟེ། ང་ཚོའི་འབོད་སྒྲ་མི་གོ་བ་ནི་དྲང་བདེན་ཞིག་མ་རེད་ལ། དངོས་ཡོད་དང་མཐུན་པ་ཞིག་ཀྱང་མ་རེད།
གནས་སྟངས་དེ་འགྱུར་བ་གཏོང་བའི་ཐད་ཀྱི་ཕྲན་གྱི་ལྟ་ཚུལ་ནི། ང་ཚོས་བུ་མོ་རྣམས་དང་། བུད་མེད་ཚོར་ཁོ་ཚོ་ལ་དབུ་ཁྲིད་ཀྱི་རིན་ཐང་ཡོད་པའི་ཞེན་སྐུལ་བྱེད་ཅིང་། དེའི་ཐད་རྒྱབ་སྐྱོར་བྱེད་དགོས་པ་སྟེ། རཱོ་ཝེན་ཊའ་རྒྱལ་ཁབ་ཀྱི་སྲིད་འཛིན་ཁཱ་གྷི་མཱེ་ཡི་རྒྱལ་ཁབ་ལྟ་བུ་གྲོས་ཚོགས་འཛིན་སྐྱོང་ཁྲོད་བུད་མེད་དབུ་ཁྲིད་བརྒྱ་ཆ་64% ཡོད་པ་ལྟ་བུར་མུ་མཐུད་མིག་དཔེ་བལྟ་དགོས་པ་རེད།
དེ་ནི་འཛམ་གླིང་གི་སྲིད་གཞུང་ཚང་མའི་ནང་ནས་བུད་མེད་དབུ་ཁྲིད་ཀྱི་བརྒྱ་ཆ་མཐོ་ཤོས་དེ་རེད། དེ་ཧ་ཅང་ཡིད་དུ་འོངས་བ་ཞིག་རེད། ང་ཚོར་དེ་ལྟ་བུའི་སྐྱེས་པ་མང་པོ་དགོས་ཀྱི་འདུག ང་ཚོར་ངའི་ཨ་ཕ་ལྟ་བུའི་སྐྱེས་པ་སྟེ། ལོ་བཅུ་གཅིག་སྐབས་ཀྱི་ང་རང་ངེས་པར་བསྒྲུབ་འོས་པ་ཞིག་གི་ཆེད་དུ་ལངས་སུ་བཅུག་མཁན་དེ་ལྟ་བུ་དགོས་པ་རེད།
དེ་ལྟར་བྱས་ཏེ་ང་ཚོས་བུ་མོ་ཚོར་ཁོ་ཚོའི་འབོད་སྒྲ་ཆུང་ཆུང་དེ་ནི། དོན་དངོས་སུ་ཆུང་ཆུང་ཞིག་གཏན་ནས་མ་ཡིན་པར་དེས་འགྱུར་བ་ཤུགས་ཆེན་པོ་གཏོང་ཐུབ་པའི་དྲན་སྐུལ་བྱེད་དགོས། དེ་ལྟར་ང་ཚོས་བུད་མེད་རྣམས་ལ་ཁོ་ཚོས་སྤྱི་ཚོགས་ཀྱི་ཆ་ཤས་ལེན་པ་ནི་གལ་གནད་ཆེན་པོ་ཡིན་པ་དང་། ཁོ་ཚོར་རང་ཉིད་ཀྱི་སྤྱི་ཚོགས་དང་། ས་གནས་སྲིད་གཞུང་ནང་དུ་ནུས་པ་ལྡན་པར་བྱེད་པ་དང་། དེ་བཞིན་གྲོས་ཚོགས་ཀྱི་གོ་གནས་ཁྲོད་ནུས་པ་ལྡན་པར་བྱེད་དགོས་པར་དྲན་སྐུལ་བྱེད་དགོས། དེ་ནི་ཧ་ཅང་གི་གལ་ཆེན་པོ་རེད།
བུད་མེད་ལ་གྲོས་ཚོགས་ཀྱི་ཆེས་མཐོའི་ཐག་གཅོད་དབང་ཆའི་ཁྲོད་ངེས་པར་དུ་གོ་གནས་དགོས་པ་ཡིན། ཁོ་ཚོ་དབང་ཆའི་གོ་གནས་དེའི་ཁྲོད་གདན་ཞུ་བྱེད་དགོས་པ་ཡིན། གནས་སྟངས་འགའ་ཤས་ཀྱི་ཆ་ནས་བུད་མེད་ལ་གོ་གནས་མེད་སར་ཅི་བྱེད་དགོས་པ་ཤེས་སམ། དེ་ལྟར་ཡིན་ན། བུད་མེད་ཚོས་རང་ཉིད་ཚོར་དབང་བའི་གོ་གནས་ཤིག་སྐྲུན་དགོས་པ་རེད།
གྲོས་ཚོགས་སུ་བུད་མེད་ཀྱིས་ཆ་ལས་ལེན་མ་ཐུབ་ན་འགྱུར་བ་ཞིག་ལག་སྟར་བྱེད་མི་ཐུབ་པའི་འཛམ་གླིང་རང་བཞིན་ཅན་གྱི་གོ་རྟོགས་དེ་ང་ཚོར་དགོས་པ་ཡིན། བཤད་སྲོལ་ཞིག་ལ་རྨི་ལམ་དང་ཕུགས་རེ་ཡོད་པའི་བུ་མོ་ཚོས་མ་འོངས་བའི་ཕུགས་རྒྱང་མཐོང་བ་ཡིན་ཟེར།
དེ་ལྟ་བུའི་ཕུགས་རེ་ཞིག་རྒྱུན་ཁྱོངས་བྱེད་པར་ང་ཚོས་ཕན་ཚུན་གྱི་ནུས་པ་མཐོར་འདེཊ་བྱེད་དགོས་པ་ཡིན། རྒྱུ་མཚན་ནི། དེ་ལྟ་བའི་ཕུགས་འདུན་ཞིག་གི་རྒྱུན་སྐྱོང་བར་རིན་ཐང་གི་སྐོར་བཤད་པ་ཙམ་གྱིས་མི་འཐུས། རང་ཉིད་ངེས་པར་དེ་ལྟ་བུའི་ཕུགས་འདུན་ལ་ཡིད་ཆེས་ཡོད་དགོས་པ་ཡིན། དེ་ཡང་ཕུགས་འདུན་དེར་ཡིད་ཆེས་པ་ཙམ་གྱིས་མི་འགྲིག་པར། རང་ཉིད་ཀྱིས་ངེས་པར་དུ་དེའི་ཆེད་དུ་འབད་བརྩོན་བྱེད་དགོས་པ་ཡིན་པས། ད་ནས་བརྩམས་ཏེ། ང་ཚོས་ལྷན་འབད་བརྩོན་བྱ། བཀའ་དྲིན་ཆེ།
ཤིན་ཏུ་བཀའ་དྲིན་ཆེ།
༄༅། དོན་མེད་རྒྱལ་རྒྱུད་རིང་ལུགས་ཀྱི་སྐོར་བྲིས་དགོས་དོན་མི་འདུག་
ཉམ་ཐག་ཁྲི་ཚོ་མང་པོའི་དཀའ་ངལ་སེལ་བའི་ལས་དོན་གང་ཡང་སྤེལ་མེད།
ཧང་སངས་དགོས་དོན་ཅི་ཡང་མི་འདུག་
དུས་ཀྱི་འཕོ་འགྱུར་འོག་ཏུ་སྤྱི་ཚོགས་འཚོ།
སྔོན་དུས་བུད་མེད་ཐབ་ཚང་སྲུང་མཁན་ཙམ།
དེང་དུས་བུད་མེད་རྒྱལ་ཁབ་འགོ་འཁྲིད་མང།
བོད་ཀྱི་བུད་མེད་ནུས་སྟོབས་འདོན་ལ་རེམ།
འཛམ་གླིང་ཕར་ལྟ་ཚུར་ལྟ་རེད།
ཕོ་མོ་འདྲ་མཉམ་དུས་ལ་སླེབས།
བོད་ཀྱི་བུད་མེད་གཉིད་མ་ཁུག།
འཛམ་གླིང་བུད་མེད་ལས་ལ་བལྟོས།