སྨྱུག་རྒོད་གངས་བུ་དཔལ་།
དེང་སང་བོད་པའི་སྤྱི་ཚོགས་ནང་དབྱིན་སྐད་ཀྱི་མིང་མང་པོ་ཞེ་པོ་གཅིག་བོད་ཡིག་ནང་འབྲི་དུས་དག་ཆ་སོགས་ལ་དཀའ་ངལ་འཕྲད་དེ་སྒྲ་གདངས་མི་མཐུན་མང་པོ་ཡོང་བའི་དཀའ་ངལ་བསལ་ཐབས་སུ། ཤེས་ལྡན་པ་མང་པོའི་དབྱིན་སྐད་མིང་མང་པོ་བོད་ཡིག་དུ་དོན་བསྒྱུར་བྱེད་པ་དང་། ཡང་བོད་སྐད་དུ་སྒྲ་མཐུན་མཐུན་འདྲ་བའི་བོད་མིང་བཏགས་པ་སོགས་བྱས་པ་མི་ལེགས་པར་མཐོང་ནས། ང་ཚོས་དབྱིན་མིང་དེ་ཚོར་སྒྲ་གདངས་གསལ་པོར་འཐོན་པའི་བོད་ཡིག་གི་དག་ཆ་ཞིག་གཏན་འབེབས་བྱུང་ན་ཅི་མ་རུང་བསམས་ནས། ད་ལན་འདིར་ཉིན་རེའི་ཚོར་བའི་ནང་དགོས་མཁོ་དང་བེད་སྤྱོད་ཆེ་བའི་དབྱིན་མིང་མང་དག་ཅིག་བོད་ཡིག་ཏུ་བྲིས་ཡོད།
གཤམ་དུ་བྲིས་པ་དེ་ཚོ་ནི་གཏན་འབེབས་མིན་པར་ཁོ་བོས་དཔྱད་གཞིར་ཕུལ་བ་ཡིན་པས བློ་གཟུ་བོར་གནས་པའི་དཔྱོད་ལྡན་པ་ཚོས་དབྱིན་མིང་དེ་དག་བོད་ཡིག་ཏུ་བྲིས་སྟངས་ཐད་བསམ་འཆར་གང་ལེགས་གནང་རོགས། ཁོ་བོས་ཁྱེད་རྣམ་པའི་བསམ་འཆར་ལ་ཉན་ཞིབ་ཀྱིས་རིམ་པས་གོམ་པ་མདུན་དུ་སྤོས་རྒྱུ་ཡིན།
གསལ་བཤད། དཔེར་ན་yahoo messengerལྟ་བུ་དབྱིན་མིང་ཚིག་གཉིས་ཅན་དེ་ཚོ་འབྲི་དུས་སྔ་ཕྱིའི་མཚམས་གཅོད་བདེ་ཆེད་༼ཡ་ཧཽ་་མེ་སེན་ཇར་ལྟ་བུ་༽བར་དུ་ཚེག་བར་ཉིས་རྩེག་བྲིས་ཡོད།
༡༽ དྲ་ཚིགས་ཁག་གི་མིང་།
gmail རྗི་མེལ།
google གྷོ་གྷལ།
yahoo ཡ་ཧཽ།
yahoo messenger ཡ་ཧཽ་་མེ་སེན་ཇར།
hotmail ཧོཊ་མེལ།
rediff རེ་ཌིཕ།
facebook ཕེ་སེ་བྷུཀ
twitter ཊེ་ཝི་ཊར།
qq ཁེའུ་ཁེའུ།
google talk གྷོ་གྷལ་ཊོཀ
skype སེ་ཀྱེ་པེ། སེ་ཀ་ཡེབ།
Flickr ཧྥ་ལིཀ་ཀར།
hi5 ཧྱེ་་ཕ་ཡེཕ།
༢༽ ཁ་པར་བཟོ་གྲྭའི་མིང།
Nokia ནོ་ཀི་ཡ།
Samsung སེམ་སུང་།
Sony Ericsson སོ་ནྱི་་ཨི་རིཀ་སོན།
Motorola མོ་ཊོ་རོ་ལ།
LG ཨེལ་རྗི།
Apple ཨེབ་པལ།
HTC ཨེཆ་ཊི་སི།
Micromax མིཀ་རོ་མེཀ་སེ།
Karborn ཀར་བྷོན།
གློད་ཀླད་བཟོ་གྲྭའི་མིང་།
Apple ཨེབ་པལ།
Acer ཨེ་སར།
hp ཨེཆ་པི།
Lenovo ལེ་ནོ་ཝོ།
Dell ཌེལ།
Toshiba ཏོ་ཤི་བྷ།
Sony སོ་ནྱི།
ཉིད་ཀྱིས་རྒྱ་གར་དབྱིན་ཡིག་སྒྲ་གདངས་རྨང་གཞི་བྱས་སྒྲ་སྒྱུར་མཛད་པ་ཡིན་འདྲ།
རྒྱ་མིའི་དབྱིན་སྒྲ་ལས་རྒྱ་གར་གྱི་དབྱིན་སྒྲ་ཞེ་དྲག་ཡག་པ་ཡོད། མ་གཞི་གོང་གི་དེ་དག་རྒྱ་གར་གྱི་དབྱིན་སྒྲ་གཙོ་བོར་བྱས་པ་ཡང་མིན། གོང་གསལ་དེ་དག་ལས་སྒྲ་གདངས་གཏན་མི་འགྲིགས་པ་དེ་འདྲ་ཡོད་ན་གསུངས་རོགས། གང་ལྟར་མིང་ཚིག་དེ་དག་ལ་གཅིག་འགྱུར་གྱི་དག་ཆ་གཅིག་དགོས་འདུག
yahoo ཡ་ཧྰུ།
twitter ཊེ་ཝིཊ་ཊར།
hi5 ཧེཆ་ཨ་ཡི་་ཕ་ཡེཕྷ།
Sony སོ་ནི།
འདི་འདྲའི་བོད་བྲིས་སྐབས་ལ། Oxford Dictionary སོགས་ནང་ལ་ word-meaning གཉིས་ཀྱི་དཀྱིལ་དུ་ཨིན་ཚིག་ཀློག་ཐབས་ཤིག་བྲིས་ཡོད་པ་དེ་ལ་ཁུངས་བཅོལ་ན་འགྱུར་བཟང་ཤོས་སུ་ཆགས་ངེས།
ང་རང་གི་བསམ་ཚུལ་བྱས་ན། ད་ལྟའི་ཆར་བོད་ཡིག་གང་འདྲ་ཞིག་ཡིན་ཀྱང་དབྱིན་སྐད་ནང་དུ་དག་ཆ་ཆད་ལྷག་མེད་པར་འབྲི་ཐུབ་ཀྱི་ཡོད། སྒྲ་གདངས་ཇི་མ་ཇི་བཞིན་ཡོང་གི་ཡོད་མེད་མི་ཤེས།
wylie transliteration ཟེར་མཁན་དེ་སྐད་གྲགས་ཆེ་ཤོས།
ཁོང་ཚོའི་རྩ་ནས་རིགས་པ་ཞིག་བསླངས་ནས་ཞུས་ན། དབྱིན་ཇིའི་གསལ་བྱེད་དང་དབྱངས་ཡིག་ཉེར་དྲུག་པོ་རེ་རེ་རྣམས་བོད་ཡིག་ཐོག་ཏུ་གཏན་འབེབས་ཐུབ་ན། དེ་ནས་མིང་ཚིག་གང་འདྲ་ཞིག་འབྲི་དགོས་བྱུང་རུང་དཀའ་ངལ་མེད་པ་ཆགས་རྒྱུ་ཡིན།
དཔེར་ན། a ལ་ཨེ། b ལ་བི། c ལ་སི་ལྟ་བུ་གཏན་འབེབས་བྱ་དགོས་པར་སེམས་སོ༎ ༎
ད་དུང་། སམ་སུང་། སིཀཡི་པེ། སོགས་སྒྲ་ཉེ་སྙམ།
གྷོ་གྷལ་ཞེས་པ་མིག་ཤེལ་ནག་པོར་གོ་སྲིད་པ་རེད། དེ་བས་ན་རོའི་ཚབ་ཏུ་ཞབས་ཀྱུ་རྒྱབ་ན་བཟང་བ་མཐོང༌། དེ་སྒེར་གྱི་བསམ་ཚུལ་ཡིན།
ྭཝཱ་ར་ཎཱ་སི་ཟེར་མཁན་ཞིག་གི་དབྱིན་ཡིག་b ཡི་སྒྲ་གདངས་ལ་བི་ཞེས་བྲིས་པ་དེ་ b ཞེས་པའི་སྒྲ་ཞིག་གཏན་ནས་མི་འབྱུང་། འདི་ལྟར་ཡིན་བསམ་རྒྱུན་འཇགས་སུ་་གནས་བའི་ཉེན་ཁ་ཧ་ཅང་ཆེ་བའི་གསལ་བཤད་ཙམ་ཡིན། དབྱིན་ཡིག་ b ཞེས་པའི་སྒྲ་གདངས་ན་བོད་ཡིག་བརྩེགས་འདོགས་ཅན་ བྷེས་ཞེས་ན་ཅུང་ལེགས་སྙམ།
དཔེ་མཚོན་ཙམ་ཞུས་པ་ཡིན་མ་གཏོགས་ད་ལྟ་གཏན་འཁེལ་བ་དེ་འདྲ་མ་རེད།