བཙན་བྱོལ་དུ་བུད་མེད་རྩོམ་འབྲི་བ་ཉུང་ཤས་ཤིག་མ་གཏོགས་མེད། བོད་ཡིག་གི་ལམ་ནས་རྩོམ་འབྲི་མཁན་དང་དབྱིན་ཡིག་གི་ནང་ལ་རྩོམ་འབྲི་མཁན་གཉིས་བསྡུར་ན།
སྔ་མ་མང་ཞིང་ཕྱི་མ་ཉུང་། དབྱིན་ཡིག་གི་ནང་ལ་རྩོམ་འབྲི་མཁན་གྱི་བོད་རིགས་བུད་མེད་ཉུང་ཉུང་ཞིག་ཡོད་པའི་ཁྲོད་ནས་གཅིག་ནི་དོམ་པ་ཚེ་རིང་དབང་མོ་ཡིན།
དོམ་པ་ཚེ་རིང་དབང་མོ་ནི་སྙན་ངག་ཚེ་སྲོག་བཞིན་གཅེས་མཁན་ཞིག་ཡིན། དོམ་པ་ཚེ་རིང་དབང་མོས་བྲིས་བའི་སྙན་ངག་རྣམས་སྒྱུ་རྩལ་གྱི་མཐོ་སར་བསྙེགས་འདུག་ཞེས་གཞན་གྱིས་སྨྲ།
ཁོ་མོའི་”ཁྱིམ་སྲོལ་”( Rules Of The House)ཞེས་བའི་སྙན་དེབ་དེ་ལ་ཨ་རིའི་སྙན་ངག་མཁན་(Anne Waldman)ལགས་ཀྱིས། “དབྱངས་ཀྱིས་ཕྱུག་པ་དང་ཐོར་བུར་བཀྲམ་ཞིང་ཡིད་དུ་འོང་བ། རྩོམ་སྟངས་འདྲེས་མས་སྒྲུང་དུ་བརྗོད་པའི་སྙན་ངག་”ཞེས་བསྔགས་བརྗོད་གནང་འདུག དོམ་པ་ཚེ་རིང་དབང་མོ་ནི་རྒྱ་གར་དང་བལ་ཡུལ་དུ་འཚར་ལོངས་བྱུང་། ཨ་རིའི་མ་སི་ཆུའུ་སི་ཐིའི་གཙུག་ལག་སློབ་ཁང་(University of Massachusetts)དུ་རིག་གནས་རབ་འབྱམས་པ་ཐོན། ཨ་རིའི་སན་ཕུ་རན་སིས་སི་ཁོའི་མངའ་སྡེའི་གཙུག་ལག་སློབ་ཁང་(San Francisco State University)དུ་གསར་རྩོམ་སྒྱུ་རྩལ་མཁས་བའི་(MFA)ལག་འཁྱེར་བླངས། ཁོ་མོའི་བརྩམས་ཆོས་དག( Atlanta Review) དང་(Boston Review, Mid American Review,26, Zyzzyva)སོགས་ཀྱི་སྒང་ལ་ཐོན་འདུག་པ་མ་ཟད་བཙན་བྱོལ་ནང་གི་དབྱིན་ཡིག་གི་དྲ་རྒྱ་དང་དུས་དེབ་འགར་ཡང་བཀོད་འདུག དོམ་པ་ཚེ་རིང་དབང་མོ་ནི་དབྱིན་ཡིག་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་(In Writing The Names) “མིང་དེ་དག་འབྲི་བ་བརྒྱུད་ནས་”ཟེར་བ་དང་(Recurring Gestures)”ཕྱག་རྒྱ་ཟློས་མ་”ཟེར་བ་གཉིས་ཀྱི་རྩོམ་པ་པོ་་ཡིན། ད་དུང་། སྤྱི་ལོ་༢༠༠༢ལོར་བརྩམས་པའི་ཤོག་ངོས་༩༣གྱི་བདག་ཉིད་ཅན་གྱི་སྙན་དེབ་”ཁྱིམ་སྲོལ་”( Rules Of The House) དང་༢༠༠༥ལོར་བརྩམས་པའི་ཤོག་ངོས་༨༡གི་བདག་ཉིད་ཅན་གྱི་སྙན་དེབ་”ཉིན་རེའི་ཆད་ལྷག་གི་ཁྲོད་དུ་” ( In The Absent Everyday) ཞེས་པ་གཉིས་ཀྱི་རྩོམ་པ་པོ་ཡང་ཡིན། ཚེ་རིང་དབང་མོ་བཞུགས་ས་ནི་ཨ་རིའི་སན་ཕུ་རན་སིས་སི་ཁོ་( San Francisco) ཡིན།
བཅར་འདྲིའི་སྐོར་དེ་འདི་རུ་ཡོད།
(གསལ་བཤད། བུད་མེད་རྩོམ་འབྲི་བ་དོམ་པ་ཚེ་རིང་དབང་མོའི་ལོ་རྒྱུས་མདོར་བསྡུས་འདི་ཕྱི་ལོ་༢༠༠༣ལོར་བཏོན་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་དང་”དེང་རབས་བོད་ཀྱི་རྩོམ་རིག་དང་སྤྱི་ཚོགས་ཀྱི་འགྱུར་བ་”(Modern Tibetan Literature And Social Change) ཟེར་བའི་རྩོམ་དེབ་དེ། གཞན་( www.tibetwrites.org) བཅས་ནས་བཏུས།
ཞི་མོ་ངག་སྒོ་འཇམ་པོ་གཟུགས་པོ་ལྡེམ་ལྡེམ་ཁྱུག་ཁྱུག་ཅིག་ཡོད། མཉམ་དུ་ཐེངས་འགར་ཟ་མ་བཟའ་མྱོང་ཞིང་། མོ་དང་ཐོག་མར་ཕྲད་པའི་དུས་ཀྱི་སྣང་ཚུལ་ལ་དམིགས་ཏེ་སྙན་ངག་་དགུང་ཁའི་ཉི་འོད་འོག་གི་སྤོས་དུད་ཅེས་པ་ཞིག་བྲིས་ཤིང་རྗེས་སུ་དེ་དབྱིན་སྒྱུར་བྱས་ནས་ཁོ་མོར་ལེགས་སྐྱེས་སུ་བསྐུར་པ་ཡིན། ལོ་སྔོན་མར་བོད་དུ་ཟླ་བ་དྲུག་གི་རིང་བསྡད་དེ་ཁོ་མོའི་ཕ་མའི་སྐྱེས་ཡུལ་ཁམས་སྒ་བའི་ཕྱོགས་ཀྱི་འཚོ་བའི་གནས་སྟངས་མཚོན་པའི་དེབ་ཅིག་བྲིས་ནས་ད་ལྟ་པར་སྐྲུན་བྱེད་རྒྱུར་བསྒུགས་བསྡད་ཡོད་ལུགས་ཐོས།
ཚེ་རིང་དབང་མོ་ལགས་ཐུགས་རྗེ་ཆེ།
བོད་མོ་ཞིག་གིས་དབྱིན་ཡིག་ཐོག་ནས་རྩོམ་ཡིག་རེ་བྲིས་ནས་སྐད་སྒྲ་གཞག་ཐུབ་ན་དེའི་ཚོད་ཀྱིས་བོད་དོན་ལ་ཕན་ནི་རེད་ལགས།
ཤུགས་རྒྱོབས་ཨ།
དོན་བཀྲ་ལགས། ཁོ་མོའི་སྙན་ངག་རེ་ཟུང་བོད་སྒྱུར་བྱེད་རོགས། ཨ་ཁུ་པད་མ་འབུམ་གྱིས་བསྒྱུར་པ་དེ་གཉིས་ལས་གཞན་ཀློག་མ་ཐུབ། ངའི་དབྱིན་ཡིག་གི་ཤེས་ཚད་ཞན་པས་དབྱིན་ཡིག་གི་སྟེང་ནས་སྙན་ངག་གི་བྲོ་བ་མྱོང་མི་ཐུབ་ཀི
དོམ་པ་ཚེ་རིང་དབང་མོ་ལགས་སུ་ཆེད་ཞུས།
ངས་ལོ་ཤས་ནས་བོད་ཡིག་གི་སྙན་རྩོམ་དབྱིན་ཡིག་ཏུ་བསྒྱུར་མཁན་ཞིག་རྙེད་དུ་རེ་ནས་ཕལ་ཆེ་མ་ཉུལ་བའི་ས་མེད་ཞུས་ཆོག་པ་འདྲ་པོ་ཡོད་ཀྱང་འདོད་བློ་ཚིམ་པ་ཞིག་མ་རྙེད། ད་རས་ཁྱོད་རང་དབྱིན་ཡིག་གི་སྙན་རྩོམ་གྱི་སྒྱུ་བསྩལ་མཁན་གྱི་མཚན་སྙན་གྲགས་ཐོས་པར་དགའ་སྤྲོ་དང་འབྲེལ་འཚམས་འདྲེ་བཀྲི་ཤིས་བདེ་ལེགས་ཞུས་བ་དང་ཆབསཅིག་ཏུ་རེ་བསྐུལ་ཞིག་ཞུས་ཀྱི་ཡོད། ང་སྡོད་ས་དབྱིན་ལེན་ལ་ཡིན། ང་ཚོའི་ཚོགས་པ་ནས་སྙན་རྩོམ་གྱི་མགུར་ཚིག་ཡོད་པའི་བླ་མའི་རྣམ་ཐར་དང་ཕྱག་དཔེ་ཁག་མང་པོ་ཞིག་དབྱིན་ཡིག་ཐོག་སྒྱུར་བཞིན་པ་ཡིན་པས་སྐུ་ཉིད་ཀྱིས་དེ་འདྲ་བསྒྱུར་ཡ་ལ་ཐུགས་ཁོང་གི་ཡོད་ན། བསྒྱུར་རྩོམ་ལ་ཕྱག་དངུལ་ཅི་ཙམ་ཡིན་མིན་དང་ཞལ་བྱང་དང་ཞལ་བག་ཨང་གྲངས་བཅས་གང་མགྱོག་འབྲེལ་བ་གནང་རོགས། ང་ཚའི་ chokyitu@yahoo.co ཁ་བྱང་འདིའི་འབྲེལ་བ་གནང་རོགས་གནང་། ཐུགས་རྠེ་ཆེ། བཀྲ་ཤིས་བདེ་ལེགས་ཞུས།
མཁྱེན་ལྡན་ཡངས་པ་དབྱིན་ཡིག་སྙན་རྩོམ་གྱི་སྒྱུ་རྩལ་མཁས་དབང་རྣམས་ལ་ཆེད་ཞུས།
ང་ཚོས་འདི་གར་ཚོགས་པས་རས་ཆུང་ཆུང་པའི་མགུར་འབུམ་དང་བླ་མའི་རྣམ་ཐར་དང་ཕྱག་དཔེ་ཁག་་མང་པོ་དབྱིན་ཡིག་ཐོག་ཕབ་བསྒྱུར་བྱེད་མཁན་ཉེ་བ་འཁོར་བཞིན་ཡོད་པས་སྐུ་ཉིད་ལ་ཐུགས་ཁོང་དང་ཐུགས་འདུན་ཡོད་ན་ང་ཚོ་ལ་འབྲེལ་བ་གནང་རོགས། chokyitu@yahoo.co,uk འདི་ལ་འབྲེལ་བ་གནང་རོགས་ཞུས།
བུད་མེད་ཅིག་གིས་བྲིས་པ་ཡིན་ན་ཚང་མར་དོན་སྣང་ཆེན་པོ་འདུག
བུད་མེད་ཀྱིས་བྲིས་པ་ཙམ་ཞིག་མ་རེད་ལགས། མོས་བྲིས་པ་དག་ལ་ངོ་མ་བྲོ་བ་འདུག འཚོ་བའི་གཏིང་ཞིག་ནས་ཅིག་བསྔོགས་ཡོང་གི་འདུག
ཁོ་མོའི་སྙན་ངག་དེབ་ཆུང་”ཉིན་རེའི་ཆད་ལྷག་གི་ཁྲོད་དུ་” ( In The Absent Everyday) ཟེར་བའི་སྐོར་ལ་གཞན་གྱིས་བཅར་འདྲི་བྱས་བ་ཞིག་ངོ་སྤྲོད་ཀྱི་མཇུག་དེར་བཞག་ཡོད། སྦྲེལ་ཐག་ལ་བསྣུན་ནས་ཉན་རོགས།
སྙན་ངག་བྲིས་ནས་མི་ཚེ་འཕྲོ་བརླག་ལ་མ་གཏོང་། སྤྱི་ཚོགས་ལ་ཕན་མི་ཐོགས། རང་གི་ལྟོ་གོས་ལ་ཕན་མི་ཐོགས། ཤི་ན་ཕན་མི་ཐོགས། ད་ག་རེ་བྱེད་དགོས་རེད།
རིག་འབྱུང་བཀྲ་ཤིས་དོན་འགྲིབ་ཟེར་བ་འདི་སྙན་ངག་པ་ཚོར་དགའ་བོ་ཡོད་མ་རེད་བསམས། ཕྱོགས་གཅིག་ནས་བོད་ཡིག་ནང་རྟོག་པ་རང་ཡན་གྱི་རྩོམ་བྲིས་གསར་གཏོད་པ་དང་དེང་རབས་སྙན་ངག་གསར་གཏོད་པའི་གྲས་མཁས་དབང་ལྗང་བུ་ལའང་དགའ་མིན་དགའ་མདོག་གི་ཕྱོགས་རིས་ཀྱི་གཏམ་དང་ངན་བརྗོད་བྱེད། ཕྱོགས་གཞན་ཞིག་ནས་དོམ་པ་ཚེ་རིང་དབང་མོ་ལྟ་བུ་སྙན་ངག་པ་ཕལ་བ་ཞིག་ཀྱང་ངོ་སྤྲོད་བྱེད་ཁག་བྱེད། ངོ་སྤྲོད་བྱས་པ་ལེགས་པོར་འདུག་ཀྱང་། མགོ་གཉིས་མའི་ལས་ཀ་དང་ཁ་གཅིག་ནང་ལྕེ་དཀར་ནག་གཉིས་གཡོ་བ་མང་དྲགས་ན་སུ་ཞིག་གིས་ཆ་འཇོག་བྱེད།
བོད་ཡིག་ཏུ་མེད་ན་ངས་ནི་དབྱིན་ཡིག་ཟེར་བའི་ཡི་གེ་གོར་གོར་ཟུར་གསུམ་བྱ་རྗེས་བྱེའུ་རྗེས་འདྲ་བ་དེ་ཚོ་ཀློག་མི་ཤེས་པས་ཅི་བྱ།
ཚེ་རིང་དབང་མོ་ནི་རང་དབང་གི་རྩོམ་པ་མོ་ཞིག་རེད། རྟག་པར་རང་དབང་གིས་འབྲི་འདོད་པ་དེ་འདྲ་བྲིས་ནས་སྡོད་མཁན་ཞིག་རེད་འདུག གནད་འགག་གཅིག་ནི་ཁོ་བོས་བོད་ཡིག་ཏོག་ཙམ་ཞིག་ཀློག་ཤེས་ཙམ་མ་གཏོགས་ནང་དོན་ཟབ་མོ་དེ་འདྲ་གོ་ཐུབ་པའི་བོད་ཡིག་གི་ཤེས་ཡོན་དེ་ཙམ་མི་འདུག
དོམ་པ་ཚེ་རིང་དབང་མོ་ལགས། ཐུགས་རྗེ་ཆེ་མུ་མཐུད་དུ་ཤུགས་རྒྱོབས། ཁྱོད་ནི་ང་ཚོའི་བོད་རིགས་བུད་མེད་ཀྱི་གཟི་བརྗིད་རེད། ཁྱོད་ཀྱི་སྙན་རྩོམ་དེ་དག་བོད་བསྒྱུར་བྱེད་ཐུབ་ན་ཡག་པོ་རེད། ང་ལྟ་བས་དབྱིན་ཡིག་ཡག་པོ་མི་ཤེས་མཁན་ཚོར་ཕན་ཐོག་ཆེན་པོ་ཡོད་རྒྱུ་རེད། ང་ཡིན་ན་ཀློག་རྒྱུའི་རེ་བ་ཡོད། ངས་བསམ་ན་ཀློག་མཁན་མང་པོ་ཡོད་རྒྱུ་རེད་
ཁོ་མོས་་
ཁོ་མོ་བོད་ཡིག་སློབ་གྲྭར་ཕལ་ཆེར་འགྲོ་མྱོང་མི་འདུག
བཀུར་འོས་ཨ་ཁུ་ཀླུ་སྨྱོན་ལགས།
པདྨ་འབུམ་གྱིས་བསྒྱུར་གནང་བའི་ཁོ་མོའི་སྙན་ངག་དེ་དེབ་གང་ཞིག་གི་ཐོག་ལ་བཀོད་ཡོད་དམ།
ཁོ་མོའི་སྙན་ངག་དེ་ཅིག་ཀློག་ན་འདོད་ཀི ལན་ཞིག་གནང་རོགས་ཨ་ཁུ་ལོ་ལོ།
ལ་རྩེ་འཕྲིན་གསར་ཞིག་གི་སྟེང་དུ་འདུག ཕལ་ཆེར་༢༠༠༦ལོའི་ཡིན་ས་ཡོད།
http://latse.org/
འདི་ནས་སྔོགས་དང་།
ངས་ཁོ་མོའི་དྲི་ལན་དེ་ཚོར་ཉན་པ་ཡིན། འགའ་རེ་གོ་གི འགའ་རེ་མི་གོ་གི ངའི་དབྱིན་ཇི་ཐེབས་ཆག་དེས་ཅིག་ཅིག་ར་བ་གི་མེད་པ་དེ་ཤེས་སོང་། ཧེ། མྱི་ངན་ད་ཤུགས་རྒྱགས་རན་རེད་ད།
ཨ་རོགས་དེ་རིང་ཁ་བརྡ་ཚང་ལ་ཅིག་བྱུང་བསྡད་ཡོད་ཀི་པ།
འོ་ད་བུད་སོང་ཐ་ཀོ གཏེ་ངན་ད་ནང་ནས་མང་པོ་ཅིག་འབྲི་གི་བསྡད་ན་ཡང་རྩ་ནས་འགྲོ་གི་མི་འདུག ག་རེ་ཡིན་ན་རྩ་ནས་མགོ་ཚོས་མ་སོང་། ད་ཡིན་ན་མིང་འབྲི་སའི་ཨེ་ཁུང་འདིའི་ནང་ནས་ངའི་མིང་བརླགས་འདུག་ཀ གློག་ཀླད་ཆག་རྒྱོའུ་འདིས་འཚམ་འཚམ་ལ་མིང་དང་གློག་འཕྲིན་ཚང་མ་རང་འཁོར་གྱིས་བབས་ཡོང་གི་འདུག ཡང་འཚམ་འཚམ་ལ་ཆ་ཚང་བརླགས་འགྲོ་གི ཁ་སྔོན་ཧྥ་རན་སིའི་རྒད་པོ་ཟིག་གི་བཤད་ནོ་བདེན་གི་ཡ། ཁོས་ཟེར་རྒྱུར། ཁོ་ཨ་རིར་ཡོང་ནས་ལོ་ ༤༢ འགོར་སོང་ན་ཡང་དངུལ་ཁག་ནང་ལ་དངུལ་རྩ་ནས་བཞག་མ་མྱོང་ཟེར། རྒྱུ་མཚན་དེང་སང་ཨ་རིའི་དངུལ་ཁང་ཚང་མ་གློག་ཀླད་སྒང་ལ་ཡོད་པ་རེད། ཉིན་གཅིག་ཨང་གྲངས་འཁྲུགས་སོང་ཟིག་ཟེར་དུས་གང་ལ་ཡང་འདེད་ས་ཡོད་པ་མ་རེད་ཟེར། དེ་ལས་རང་གི་རྔས་འོག་དང་ལྷམ་གི་ནང་ལ་བཞག་ཡོད་ཟེར།
ལྟོས་དང་། བུད་མེད་ཅིག་གི་དྲི་མ་ཁ་སོང་ན། ཨ་ལགས་འདི་བ་ཚང་འདར་སིག་རྒྱབ་བཏང་ནོ། གཅིག་འཕྲོ་གཅིག་ལ་ཕྱེད་ཀ་མ་ཀ་རྐྱང་རྐྱང་བཏང་བཞག་འདུག ཨ་ཁ་ཁ། ད་མོ་ལ་གཟུགས་པོ་ལྡེམ་མྱུར་ག་ཚོད་ཡོད་མེད་དེ་ཚོ་ད་དཔར་གི་ངོ་ན་བཤད་མི་དགོས་བཤམ་བཞག་ཡོད་ཀི་མོ། དེ་ལས་ཡོན་ཏན་གྱི་ཆ་ནས་ཤོད་དང་།
སྙིང་རྗེ། བླ་རྒན་འདིའི་མྱིག་གཉིས་སྔོན་ཆད་ཅིག་ནས་རུབ་བསྡད་ཡོད། ད་ནི་ལོ་རྒན་དྲུག་ཅུས་གཉའ་ནས་མནན་ཏེ་སྔོན་ལས་ལྷག་ཅིག་རུབ་བསྡད་ལོས་ཡོད། འདྲ་པར་ལ་བལྟས་ནས་ཅིག་བཤད་ཀི་འདུག ངས་ནི་ལག་པ་དྲོན་པོར་ལག་འཇུ་དང་ཁ་རླངས་དྲོན་མོར་ཁ་བརྡ་བྱས་པ་ཡིན།
འ་རོགས།
ལོ་རྒན་དྲུག་ཅུས་གཉའ་ནས་མནན་རུང་།།
རྩ་རྒན་དྲུག་ཅུ་གྱེན་ལ་ལངས་ཡོད།།
སྟུ་རྒན་དྲུག་ཅུའི་བཟེད་ནས་བསྡད་རུང་།།
སྒྱུ་རྩལ་དྲུག་ཅུས་དག་དག་བཟོ་ཐུབ།།
ཁ་བདེ་ཁྱོད། ཉི་མ་གཅིག་མགོ་སེར་མ་གོབ་ཏོ་ཅིག་གི་འོག་ན་རུབ་ཚར་བའི་མིག་གཉིས་ཀླད་ལ་འཁོར་བསྡད་མེད་ན་ལྟོས་ཨ།
ཀླུ་སྨྱོན་ལགས་ཐུགས་རྗེ་ཆེ།
དོམ་པ་ཚེ་རིང་དབང་མོས་ཁ་བརྡ་སོགས་མཚམས་མཚམས་ལ་ྐློག་གི་ཡོད་པ་རེད། ག་ལེར་ག་ལེར་ྐློག་ན་ཅུང་ཙམ་གོ་བ་འདུག་ཟེར།
དོན་དག་ཆ་ཚང་གོ་གི་ཡོད་མེད་མི་ཤེས།
རྒྱལ་མཚན་ལགས། ངེད་ནས་ཁྱེད་ལ་གློག་འཕྲིན་སྟབས་བདེ་ཞིག་བཏང་ཡོད་པས་དེར་གཟིགས་རོགས།
འ་རོགས་རིགས་འབྱུང་དོན་བཀྲ་ལགས་ལ། བུ་མོ་དེའི་རྩོམ་ཡིག་ཀློག་མ་མྱོང་། འོན་ཀྱང་དྲི་བ་དྲི་ལན་དེར་ཉན་པ་ཡིན། ངོ་ནས་སྙན་ངག་པ་ཅིག་ཡིན་ས་རེད་དྲན། ཀླུ་སྨྱོན་གྱིས་བཤད་པ་དང་གོང་བཀོད་དཔར་གཉིས་མི་འདྲ་གི དེ་བས་ན་དཔར་གསལ་བོ་ཅིག་འགོད་རོགས་ཞུ ད་ངོ་ཟོ་ཐུག་གི་འགྲོ་ཐུབ་ཀྱི་མ་རེད། ཐག་རིང་གི དེའི་སྒང་ལ་ངའི་ཨམ་སྐད་མི་གོ་གི་མདོག་མདོག་བསྟན་ན་ང་དེར་སྙིང་ལངས་ལངས་ཟིག་མྱིག་རྫོབ་ལ་ཡང་མི་ལངས་གི དེ་ལས་ཨམ་སྐད་གོ་ནོ་མཛངས་མ་ཚེ་སྐྱིད་ལ་ངེས་པར་དུ་ཐུག་གི་འགྲོ་གི་ཡིན།
ཀླུ་སྨྱོན་ང་མགོ་སེར་མ་ཟིག་རེག་སོང་ན་ངས་ཁྱོད་ལ་སྐད་གཏོང་། ཁོང་ཚོ་ལ་འུ་གཉིས་བསྡོམས་ནས་ནང་དུ་བླུགས་ན་ཡང་ཁེངས་ཀི་མ་རེད།
ཟླ་མེད། དོམ་པ་ཚེ་རིང་བཟང་མོར་སྙན་ངག་སྐོར་གཙོ་བྱས་ནས་ཁ་བརྡ་བྱེད་ན་འདོད་ན་ཡིག་སྐོགས་ཤིག་གི་ནང་དུ་ཨ་སྒོར་བརྒྱ་མ་ཤེས་མདོག་མདོག་བྱས་ནས་བཞག་སྟེ་སྐུར་ཤོག་དང་ངས་ཁྱེད་ལ་མོའི་ཁ་པར་ཨང་གྲངས་སྤྲོད་ཡ།
ཚེ་རིང་དབང་མོར་་་
ཨ་ལགས་ཁྱེད་ཀྱིས་དང་པོ་ཁ་པར་ཨང་གྲངས་དེ་བསྐུར་ཤོག་དང་དེ་ནས་ངས་ཨ་སྒོར་ཆད་ལུས་མེད་པ་ཕུལ་ཆོག
ཨ་རོགས་བླ་མ། ད་དོམ་པ་ཡིན་ན་དེར་ཟོ་སྒོར་བརྒྱ་ཐམ་པའི་ཁ་བརྡ་བྱས་ནས་ཧྭ་པུའུ་ཁྲོ་ལ། དེ་ལས་ཚེ་རིང་ལ་འདི་ནས་སྦ་སི་ནང་ནས་འགྲོ་ན་རང་གི་མོ་ཀྲ་སྐོར་ནས་འགྲོ་ན་འདོད་ན། ཐག་ཉེ་ནི་རེད། ཨམ་སྐད་གོ་ནི་རེད། གཟུགས་ཡག་ནི་རེད། དེའི་སྒང་ལ་སྡེ་ཚང་གི་མཛུམ་ཆུང་དེའི་ནང་ཟོ་ན་ལྟད་མོ་ཟིག་ཡོད་ཀི ད་ཁ་ལ་ཟ་རྒྱུའུ་བར་ནས་རླུང་མ་ལངས་ན་ངའི་ལས་དབང་ཧྲ་སོང་ནི་རེད། ཨོ་ད་མཛངས་མ་ཚང་ལ་རླུང་ལངས་ནས་ལོས་སྡུག་འདོད་ཀི ཁ་སང་ནེའུ་ཡོག་གི་ཕོ་སར་འགྲན་བསྡུར་ན་ཕོ་སར་གཅིག་གིས་སྐད་མི་གོ་མདོག་བྱས་དུས མཛེས་མ་ཚང་གི་སྡང་མིག་འཕང་ནོ་ལ་ལྟོས་དང་། སྙིང་ཀ་ཟོ་སྲེག་ནས་འགྲོ་བཞག་གི་ཀོ
གཞོན་ནུ་རླ་མེད་འདུ་རྐབ་རེ་ཀྲྭ་པ་ཡིན་མདོག་ཤིག་འདུགས། འོན་ཀྱངས་དེ་རང་ཡང་ཁ་ཙོག་བཤད་ཀྱི་འདུགས མྱིའུ་ཕྲུག་ལྡ་མྱི་ཟིག་ཟ་སོ་གཙི་ཀི་མེད་ཀོ
ངས་མོ་ལ་ཨམ་མཆོག་སྐད་དེ་གཞན་ལ་མ་རྒྱག་ཟེ་བཤད་ཡག་ཡེ་ཡོད་ད། མོ་སོང་ནས་སྡེ་ཕོ་སར་འགྲན་བསྡུར་ནས་ར་ཨ་མཆོག་སྐད་རྒྱག་གོ་གི ད་ཕོ་སར་ཚོས་གང་ང་གོ་རྒྱུ། ཕོ་སར་ཚང་མ་རིག་རིག་རིག་ཡེ་གོ་གེ་ཡའ།
ཁྱོད་དེ་ལ་སོང་བ་ཡིན་ནམ་ཕོ་གསར་འགྲན་སྡུར་དེ་དྲ་ངོས་ཤིག་ཏུ་ལྟ་རྒྱུ་འདུག འབུ་འགུལ་ནས་མི་བ་གི་ཡ།
གྲྭ་བས་ཁ་གཙོག་བཤད་མི་ཆོག་པའི་ཁྲིམས་དེ་གང་ན་འདུག མྱིག་རྫོབ། ཁྱོད་འདི་ད་ངོ་ནས་མཐོང་རྒྱ་ཅན་ཟིག་ཡིན། སོ་ཐར་གྱི་ཁྲིམས་ ༢༥༣ ན་འདུག་གམ། ཡང་ན་བྱང་སྡོམ་ན། ཡང་ན་སྔགས་སྡོམ་ན། ཁྱོས་གསལ་བོ་ཟིག་ཤོད་ད
ཕོ་གསར་དེ་ཚོས་ཨམ་མཆོག་གི་སྐད་ཟོག་གོ་དགོས་ནི་མ་རེད། མཛེས་མའི་ངོ་རིག་སོང་ན་འགྲིག་ནི་རེད།
ཨ་ཤུ་རེ་གོ་མཛེས་མ་དེར་ཐེངས་ཤིག་ཐུབ་ན་་་་་་་་་་་
ཨ་རོགས་འ་ལགས་ཚང་ཕོ་སར་ཟོ་རིག་ནས་འབུ་འགུལ་ནས་མི་བའ་ན་འགྲིག་ཀོ་མེད་ཀི་པ། ད་དེ་ནས་སྐྱེ་མེད་རྒྱགས་པ་ཁ་ཤས་ཡོད་ཀི ངས་ད་དེ་ཟོ་ཅིག་བཤད་ལེ་མ་ཁོམས་མ་བསྡད་དང་ང་། ད་ཕོ་སར་ཟོ་བལྟས་ན་འདི་ཟེར་ནས་ཟིག་མེད་ཀི དེ་སལ་འུ་ཚང་གི་བན་ལོག་ཚོ་ཁྲིད་འགྲོ་རྒྱུ་ན་མཛེས་མ་ཚང་གི་བརྒྱ་ཆ་བརྒྱ་ཐམ་པ་བོ་འུ་ཚང་ལ་སྤྲད་ནོ་ཁོ་ཐག་ཡིན་ལ། ད་བན་ལོག་ཚོ་ཚང་མ་གསང་སྤྱོད་སྒོ་འགྲམ་ཟིག་ཀ་འཚང་ནས་བསྡད་ཡོད་ཀི
མྱིག་རྫོབ། སྔོན་མ་སངས་རྒྱས་ཀྱི་སྐབས་ལ་ཁྱིམ་པ་འདུལ་བ་ལ་མཆོག་ཏུ་བསྔགས་པ་དགེ་སློང་འཆར་ཀ་ཟེར་ནི་རེད། དེའི་རྒྱུ་མཚན་འེ་ཤེས། དགེ་སློང་འཆར་ཀ་དེ་སྤྱོད་པ་རྩང་སེ་དང་། ཁ་གཙོག་མང་སེ་ཟིག་ཡིན་ནི་རེད། ཡིན་ན་ཡང་དེ་ནི་ཆགས་ལྡན་འགྲོ་བའི་རིགས་འདུལ་བའི་ཐབས་ཤེས་ཟིག་ཡིན་ནི་རེད། དེའི་རྐྱེན་གྱིས་སངས་རྒྱས་ཤཀྱྰ་ཐུབ་པས་ར་ས་ལུ་ལྗང་བའི་མདོ་ན། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད།། དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན།། དེ་བཞིན་བྱང་ཆུབ་སེམས་པའི་ཉོན་མོངས་ལུད།། དེ་ནི་སངས་རྒྱས་ཆོས་ནི་བསྐྱེད་ལ་ཕན།། གསུངས་ཟི་ཡ།།
སྔོན་མའི་མིས་མི་གཙང་བའི་ནང་གི་ནད་འབུ་ཕྲ་མོ་དག་ངོས་མ་ཟིན་པར་ཞིང་ཁར་སྐྱེལ་བཞིན་བསྡད་པ་རེད། ད་ལྟ་འཕྲོད་བསྟེན་ཡར་རྒྱས་སུ་སོང་ཚར་བས། སྔར་བཞིན་གཅིན་སྐྱག་གི་ནང་དུ་སྐྱེས་པའི་གྲོ་ནས་ཟོས་བསྡད་ན་ག་འདྲ་ཡིན་ནམ། དེང་སྐབས་ཀྱི་རྫས་འགྱུར་ལུད་རྫས་ཡིན་ན་དུག་ནག་འབར་བ་འདི་ལས་སྔོན་མའི་གཅིན་སྐྱག་དེ་ཚོ་གཙང་མ་ཡིན་ངེས།
ཀྲྭ་བའི་འདུལ་ཁྲུམས་མི་ཤིས་པས་ཀྲྭ་སའི་ཀྲྭ་བ་གཞོན་ནུ་ཟླ་མེད་ཁྱོད་ལ་ཆི་བྱུངས་སོངས་ནི་རེད།
༡༽ འཁྲིག་ཚིག་སྨྲ་བའི་ལྷག་མ་ཟེར་བ་ཞིག་ཡོད་པ་གོ་ཨེ་མྱོང་། ངས་བལྟས་གདན་ས་གསུམ་པོས་འབྱིན་པའི་ལྷག་མ་ལ་གཞུང་འབྲེལ་གྱི་ཐོག་ནས་ལོངས་སྤྱོད་པར་བལྟས་ན་གོ་མྱོང་ཡོད་རྒྱུ་མ་རེད་འདོད་ཀི
༢༽ ཡང་ན་དྲ་ཐོག་ནས་བཤད་ན་མི་སྐྱོན་ནི་ཨེ་རེད། འདུལ་བ་མདོར་བསྡུས་ཟེར་བ་ཞིག་ཡོད་པ་གོ་ཨེ་མྱོང་། འདུལ་བ་སུམ་བརྒྱ་བ་ཟེར་བ་དེའི་ནང་། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ།། དེ་ནི་གནང་བའི་ཕྱོགས་མཐུན་ཞེས་སོགས་བཤད་ཡོད་པ་ཨེ་ཤེས།
༣༽ ད་དུང་ལུང་གཞི་ལས། ཚོགས་པར་མི་འབྱུང་བའི་ངག་འཁྲིག་ཚིག་སོགས་རབ་བྱུང་གིས་དུས་ནམ་ཡང་སྨྲ་མི་རུང་བར་གསུངས་པ་མཐོང་ཨེ་མྱོང་།
༤༽ ཁྱིམ་པ་སུན་འབྱིན་ཟེར་བ་དེ་གོ་ཨེ་མྱོང་། གྲྭ་བས་ཁ་གཙོག་བཤད་ཁྱིམ་པ་སུན་འབྱིན་བྱེད་ཀྱི་འདུག ཡང་ན་བྱེད་ཀྱི་མི་འདུག
གྲ་སར་ལོ་མང་བསྡད་རབས་ཤིག་བཤད་བཤད་ནས་ད་དུང་འདི་ཙམ་ཡང་གོ་མེད་ན། ད་དངོས་གནས་དོལ་རྒྱལ་རེ་མཆོད་ནས་བསྡད་བསྡད་ཡོད་ས་རེད། ཁྱེད་ཚོ་མི་གསོད་མེ་རྒྱག་ལ་ཐོགས་པ་མེད་པ་དེའི་རྒྱུ་མཚན་ད་གཞི་ནས་ཧ་གོ་སོང་། ཨ་ཧ་བོ། རས་དམར་པོ་ཞིག་གོན་ཁུལ་བྱས་པ་དེ་དཀའ་ལས་ཁག་རོགས་རེས་བཞག
ཕོ་ངུ་ཚོ་རྨ་ཆུའི་ཕ་རོལ་རེད།། ས་མང་འབའ་བྱ་གསུམ་ནང་ཚན་གྱི།། ས་མང་རའི་མང་ཆུ་དྭངས་མོ་རེད།། ཕོ་ངུ་ཚོའི་ཆུང་དུས་རྩེད་རོགས་རེད།།
འབའ་མང་རའི་མང་ཆུ་ཁ་ནས།། སྡེ་ཆེན་པོ་ཀེ་ཐ་མ་ཡོད།། དེའི་ནང་གི་གསེར་མཚོ་སྐྱིད་གིས།། ཁ་སོ་མའི་ཞིང་ཀ་ཟིག་ནས།། ང་དངུལ་ཀི་མཛུབ་དཀྲུས་སྤྲད་ནོ།། ཡིད་ཟིག་ནས་བརྗེད་ཀྱི་ཆེད་ཡོད།།
སྐེ་ཐ་མ་ཡི་སྐེད་ཟིག་ནས།། ཁ་སོ་མ་ཡི་ཞིང་ཚིག་ན།། བན་སེར་བོས་ཡར་མ་ཡར་གོ་ནོ།། ཁྱོས་འདང་ཟིག་རྒྱོབ་དྲ་ཅི་ཞིག་རེད།།
རྗེ་རིན་པོ་ཆེ་ཐུགས་རྗེ་ཅན་དེས་ལམ་རིམ་ནང་དུ་ཁྱོད་ཚོ་ལ་འདུལ་བ་ལ་སློབ་གཉེར་བྱེད་མི་ཆོག་གསུངས་པ་ཞིག་ཡོད་ས་རེད། འོན་ཀྱང་ངའི་ལག་ཏུ་ཡོད་པའི་ལམ་རིམ་ཚོའི་ནང་དུ་དེ་འདྲ་མི་འདུག
ཟླ་མེད། ད་ཁྱོད་ཚོས་དགེ་བཤེས་ཡིན་ན་སྡིག་བཤེས་ཡིན་ན་དེ་ཚོའི་ནང་གི་ཆེ་གྲས་ཤིག་གི་༼དོལ་རྒྱལ་དང་མ་འབྲེལ་བའི་༽དུག་ལོག་དམར་པོ་དེ་ང་ལ་བསྐོན་དང་། ངས་ཁྱོད་ཚོའི་འཛིན་གྲ་ལ་འདུལ་བ་ཁྲིད་ཡ།
ད་མང་པོ་ཇི་ཞིག་འབྲི་གིན་ཡོད། ཤོག་ཡ།
འ་ཁ་ཁ། མྱིག་རྫོབ་ངས་ཁྱོད་ལ་དཔེ་ཆ་ཤེས་ནི་མ་རེད་ཟེར་ནས་བཤད་ཡོད། འཁྲུག་ཚིག་སྨྲ་བ་ཟེར་བ་དང་ཁ་གཙོག་བཤད་པ་གཅིག་འེ་རེད། འཁྲུག་ཚིག་སྨྲ་བ་ནི་རང་ཉིད་ཀྱིས་ཕ་རོལ་བོ་ལ་འདོད་པ་སྤྱོད་རྒྱུ་ཡིན་པ་ལུས་ངག་གི་རྣམ་འགྱུར་གང་རུང་ལ་བརྟེན་ནས་གོ་རུ་བཅུག་པ་དེ་རེད། ཁ་གཙོག་ལ་རྣམ་གྲངས་མང་ནི་རེད། ལྐུག་པ་ཁྱོས་མི་ཤེས་ཤེས་མདོག་འདི་ལྟར་བྱས་ཡོང་གི་རེད། དཔེར་ན་གཞི་མེད་དང་བག་ཙམ་གྱི་གླེང་གཞི་ལྟ་བུ་ཁ་གཙོག་ཡིན་ན་ཡང་འཁྲུག་ཚིག་སྨྲ་བའི་ལྷག་མ་མིན། ད་ཁྱོད་ཀྱིས་རང་གིས་མིང་ཙམ་གོ དཔྱིས་ཕྱིན་པ་མ་སྦྱང་བར་ཤིང་དགེ་རྒན་ལ་ཡང་མ་དྲིས་པར། མིང་ཙམ་གོ་བ་དང་ཐག་བཅད་འགྲོ་བ་དེ་ཁྱོད་རང་གིས་མི་ཤེས་པའི་རྒྱུ་རྐྱེན་གཙོ་བོ་རེད་ཤེས་སོང་ངམ།
ཁྱིམ་པ་བསུན་འབྱིན་ཟེར་བ་དེ་ཁྱོད་ཀྱིས་ཤེས་མི་འདུག དེ་ནི་ཁྱོད་ཀྱིས་ད་ལོ་ནས་དགེ་བླུགས་ཟེར་བ་དང་། བརླ་རྒྱགས་ཟེར་བ་དེ་ཚོ་ཡོངས་སུ་རྫོགས་པ་ཁྱིམ་པ་བསུན་འབྱིན་ཟེར་ནི་རེད། གང་ཡིན་ཟེར་ན་དགེ་འདུན་ལ་བརྟེན་པ་རེད། འདུལ་བའི་ཚིག་ན་གང་ཟག་ལ་བརྟེན་པ་དང་དགེ་འདུན་ལ་རྟེན་པ་རྦད་དེ་ལོག་ཀ་རེད། ང་ནི་གང་ཟག་ཟེར་བ་མ་གཏོགས་དགེ་འདུན་མི་ཟེར། རྒྱུ་མཚན་དགེ་འདུན་ནི་སྡོམ་ལྡན་བཞི་ཡན་ཚོགས་པ་ལ་ཟེར། དེ་ན་ཁྱིམ་པ་བསུན་འབྱིན་ནི་དགེ་འདུན་ལ་བརྟེན་པ་མ་གཏོགས་གང་ཟག་ལ་བརྟེན་པ་མེད། འདི་དག་ལ་མཚོ་ཊིཀ་སོགས་ལ་བལྟ་དགོས་པ་ལས་ཁྱོད་ཚོའི་ཁ་ཕོར་ནང་ན་ཡོད་པ་མ་རེད། ཁྱོད་ཚོའི་ཁ་ཕོར་ནང་ན་རྒྱོ་རྒྱགས་སྟངས་མ་གཏོགས་ཡོད་པ་མ་རེད་ཡ།
གལ་ཏེ་ཀུན་དགའ་བོས་བཅོམ་ལྡན་འདས་ལ། འཆར་ཀས་བུད་མེད་ལ་རེག་གི་འདུག་ཅེས་ཞུ་བ་འདི་ཆོས་ཅན། འཁྲུག་ཚིག་སྨྲ་བའི་ལྷག་མ་ཡིན་པར་ཐལ། ཁྱོད་ཀྱིས་དེ་འདྲ་འཁྲུག་ཚིག་སྨྲ་བའི་ལྷག་མར་འཇོག་པའི་ཕྱིར། ད་ཁྱོད་འདུལ་བའི་ཚིག་དེ་ཚོ་འེ་དགོས་ཀི ནག་འཐོམ་སེ་འགྲོ་སོང་ངེ།
ཟླ་མེད། ཚ་ཚ་ཚ་ཚ་ཚ་ཚ་ཚ། མཐུའེ་མཐུའེ་མཐུའེ། ཐོག་མར་ངས་ཁྱོད་གྱི་གདོང་ལ་མཆིལ་མ་གཅིག་འདེབས་ཀྱི་ཀྱིན། དེ་ནི་ཁྱོད་ལ་རྟགས་གསལ་གཏོང་མཁན་སུ་ཡང་མེད་པར་རང་གིས་དམ་བཅའ་རང་གིས་ཕུད་འདུག་པས་ཡིན། འདི་གཉིས་ལ་གཅིག་ལྟོས་དང་།
(གྲྭ་བས་ཁ་གཙོག་བཤད་མི་ཆོག་པའི་ཁྲིམས་དེ་གང་ན་འདུག མྱིག་རྫོབ། སོ་ཐར་གྱི་ཁྲིམས་ ༢༥༣ ན་འདུག་གམ།)
(ཁ་གཙོག་ལ་རྣམ་གྲངས་མང་ནི་རེད། ལྐུག་པ་ཁྱོས་མི་ཤེས་ཤེས་མདོག་འདི་ལྟར་བྱས་ཡོང་གི་རེད། དཔེར་ན་གཞི་མེད་དང་བག་ཙམ་གྱི་གླེང་གཞི་ལྟ་བུ་ཁ་གཙོག་ཡིན་ན་ཡང་)
ངས་ལ་དགེ་བླུགས་ཟེར་བ་དང་། བརླ་རྒྱགས་ཟེར་བས་ཁྱིམ་པ་བསུན་འབྱིན་གྱི་ཡོད་ན། བླུགས་མཁན་དང་བརླ་རྒྱག་བྱེད་མཁན་ཚོས་ཟེར་ཁྱིམ་པ་སུན་འབྱིན་ནི་ཨེ་རེད། ངས་བཤད་པ་དེ་ལྟུང་བ་གླེང་བ་རེད་མ་གཏོགས་སུན་འབྱིན་མ་རེད། ཁྱེད་ཚོས་དངོས་སུ་བྱེད་བཞིན་པ་དེ་སུན་འབྱིན་རེད།
ཡིན་ན་ཡང་དོན་དག་གཅིག་ལ་ང་ཡ་མཚན་སོང་། དེ་ནི་ཁྱོད་ཚོས་ཀྱང་མཚོ་ཊིཀ་ཟེར་བའི་མིང་གོ་ཡོད་པ་དེ་རེད།
མྱིག་རྫོབ་འདིས་ད་ལུང་སྡེ་བཞི་དང་ལུང་རྣམ་འབྱེད་དང་། གཞུང་དམ་པ་སོགས་ས་རློག་རྡོ་རློག་བྱེད་ཀྱི་ཡོད་ཚོད་དུ་སྣང་། འདི་བ་ཚང་ལ་ལོ་ཏྲི་ཟེར་ནི་ཟིག་ཡོད་པ་དེ་ཀློག་དགོས་ནི་རེད་ད། གཏེ་ངན་འདི་ལ་ལོ་ཏྲིའི་ཚིག་གཅིག་ཀྱང་ཡོད་ཀྱི་མ་རེད།
ཀུན་དགའ་བོས་བཅོམ་ལྡན་འདས་ལ། འཆར་ཀས་བུད་མེད་ལ་རེག་གི་འདུག་ཅེས་ཞུ་བ་འདི་ཆོས་ཅན། ཁྱིམ་པ་སུན་འབྱིན་ཡིན་པར་ཐལ། ཁྱོད་ཀྱིས་དེ་འདྲ་ལ་ཁྱིམ་པ་སུན་འབྱིན་དུ་འཇོག་པའི་ཕྱིར།
དངོས་ཀྱི་ལན་ནི། ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ་དང་། ཁྱོད་ཀྱིས་ཚེ་རིང་སྐྱིད་སོགས་ལ་དྲ་ཐོག་ནས་འཁྲིག་ཚིག་སྨྲ་བ་གཉིས་མི་འདྲ་བར་ཐལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་པོའི་ཐོག་ནས་མི་འདྲ་བའི་ཕྱིར། ད་དོལ་མཆོད་ཁྱོད་ལ་འདུལ་བའི་ཚིག་དེ་ཚོ་འེ་དགོས་ཀི ནག་འཐོམ་སེ་འགྲོ་སོང་ངེ།
ཨ་རོ། གཞོན་ནུ། ཨ་པ་ལེ་ལེ། ངས་ཁྱོད་གཅིག་འདྲི། དེ་ལ་ལན་གཅིག་རྒྱག་རོགས་ཀྱིས་དང་། ཁྱོིད་ཀྱིས་ལུང་སྡེ་བཞི་དང་ལུང་རྣམ་འབྱེད་དང་གཞུང་དམ་པ་ཟེར་བར་བལྟས་ན་ལུང་རྣམ་འབྱེད་དང་། གཞུང་དམ་པ་གཉིས་ལོགས་སུ་བགྲངས་པའི་ལྷག་མ་ལུང་སྡེ་བཞི་དེ་གང་གང་རེད། ཨ་པ་ལེ་ལེ། ལན་གཅིག་རྒྱོབ་དང་། (མྱིག་རྫོབ་འདིས་ད་ལུང་སྡེ་བཞི་དང་ལུང་རྣམ་འབྱེད་དང་། གཞུང་དམ་པ་སོགས་ས་རློག་རྡོ་རློག་བྱེད་ཀྱི་ཡོད་ཚོད་དུ་སྣང་། འདི་བ་ཚང་ལ་ལོ་ཏྲི་ཟེར་ནི་ཟིག་ཡོད་པ་དེ་ཀློག་དགོས་ནི་རེད་ད། གཏེ་ངན་འདི་ལ་ལོ་ཏྲིའི་ཚིག་གཅིག་ཀྱང་ཡོད་ཀྱི་མ་རེད།)
ངས་རྡ་འདུལ་ལུང་ཚོ་ས་རློག་རྡོ་རློག་བྱེད་ཀྱི་ཨེ་ཡོད་མི་ཤེས་ཏེ། ཁྱོད་འགོར་འགོར་ཉིག་འས་ཅིག་བཙལ་འདུག་གི་ཡོད་ས་རེད་ཀོ གང་ལྟར་གོང་གི་དྲི་བ་དེ་ལ་ལན་གཅིག་རྒྱོབ་དང་།
འདུལ་ལུང་སྡེ་བཞིའི་ངོས་འཛིན་ཙམ་ཡང་མི་ཤེས་པའི་གདན་སའི་དགེ་བཤེས་ཤིག་ཡོད་ཟིག ཨ་ཧ་བོ། དེ་རིང་ད་གཞོན་ནུས་དགེ་ལུགས་པའི་གདན་ས་ཁག་གི་ཚབས་བྱས་ནས་ཞབས་འདྲེན་ཞུས་སོང་ཡ། ད་ཁྱོད་ཀྱིས་ང་ཕྱག་གསུམ་མ་འཚལ་ན་ངས་རྗེས་མ་ཁྱོད་ཀྱི་མཆན་འདི་ག་ས་ག་བ་ནས་ཁྱོད་ཀྱི་མདུན་དུ་གཏོང་ཡོང་གི་ཡིན། དེ་དུང་མཁས་པ་ཚོས་ཁྱོད་ལ་ཅི་ཟེར་གཅིག་བལྟ་ཡ།
མཆན་དེ་ངས་པར་སློག་རྒྱག་ཚར་བར་མ་ཟད། དྲ་ངོས་ན་ཡོད་པ་པར་ཀྱང་བླངས་ཚར་བ་ཡིན། གང་ཡིན་ཟེར་ན་ཁྱོད་ཀྱིས་དྲ་བདག་ལ་འབྲེལ་བ་བྱས་ནས་ཞབས་འདྲེན་དང་ངོ་གདོང་མངོན་པའི་མཆན་དེ་བསུབ་ཏུ་འཇུག་རྒྱུ་རེད་འདོད་ཀི
ལྟུང་བ་གླེང་བ་ལ་འདུལ་བའི་གཞུང་དག་ན་གླེང་རུང་མི་རུང་འདྲི་དགོས་ཐོག་མར། དེ་ཡང་གླེང་མཁན་དགེ་འདུན་གྱིས་བསྐོས་པའི་ལས་བྱེད་པ་དག་གིས་གླེང་དགོས། ཁྱོད་ཚོ་ཡིན་ན་གླེང་རུང་མི་རུང་འདྲི་མི་དགོས། དེ་བཞིན་དུ་དགེ་རྒན་གྱི་ལྟུང་བ་དགེ་ཕྲུག་གིས་གླེང་ཆོག་པའི་ཕྱག་ལེན་ཆ་ཀ་ཡ་ལྡེབ་དེ་འདྲ་ཡོད་པ་འེ་རེད། འ་ཁ་ཁ་ད་ཁྱོད་རང་གིས་རང་གི་ཆོས་སྡེ་ཆེན་པོ་དག་གི་བསྟན་པ་ནང་ནས་མ་གཤིག ཆོས་སྡེ་ཆེན་པོ་དག་ན་ལྟུང་བ་གླེང་བ་ལ་གླེང་མཁན་དང་གླེང་བའི་གོ་རིམ། གླེང་བའི་ལས་བྱེད། དེ་བཞིན་དུ་གཤེགས་པའི་ཆོ་ཀའི་གོ་རིམ་སོགས་ཞིབ་ཚགས་མོ་ཡོད་ནི་རེད། དེ་ལས་རང་ཉིད་ཆོས་སྡེ་དེར་བསྡད་ན་ཡང་རང་ཉིད་རགས་དྲག་ནས་ཆོས་སྡེ་དེའི་སློབ་གཉེར་ཡང་པོ་བྱེད་མ་ཐུབ་པར་མ་ཟད། ཆོས་སྡེ་དེའི་ཕྱག་ལེན་ཕ་རིའི་སྤང་རྒྱན་དུ་གྱུར་ཅེས་སོམས་ཤིག
ཨ་རོ། གོང་གི་མཆན་ང་གཅིག་པ་ལ་ལན་ཞིག་རྒྱོབ་དང་། ངས་སྒུག་བསྡད་ཡོད། གདན་སའི་དགེ་བཤེས་མཁས་པ་ལགས།
གཞོན་ནུ་དང་མྱིག་རྫོད་གཉིས་ཀྱི་རྩོད་གླེང་འདི་ཡག་པོ་འདུག འོན་ཀྱང་། བརྗོད་གཞི་དང་འབྲེལ་མེད་དོན་གཞན་རེད་འདུག
ད་མཚམས་འཇོག་རོགས་གནང་། མཚམས་རེར་བརྗོད་གཞི་དང་འབྲེལ་བ་མེད་པའི་སྐད་ཆ་དེ་མང་དྲགས་ཀྱི་འདུག སྐུ་མཁྱེན།
གཟིམ་འཇགས་གནང་རོགས།
གདན་སའི་དགེ་བཤེས་འདུལ་བ་ལུང་སྡེ་དྲུག་མ། ད་ཤོག་ཡ།
ངས་ཁྱོད་ཀྱི་མཆན་འདི་སྤོབས་པ་མཐའ་ཡས་དང་། སྒོམ་སྡེ། ཀླུ་སྨྱོན། ཆོས་འཕེལ། རིགས་པའི་རལ་གྲི་སོགས་མཁས་པ་རྣམས་ཀྱི་མདུན་དུ་གཅིག་བཤམས་རྡ། དེ་ནས་ཁྱོད་ལ་་་་་
ཨ་རོགས། རིག་འབྱུང་དོན་བཀྲ། སྐུ་མཁྱེན། གཞོན་ནུ་ཟླ་མེད་ཀྱི་མཆན་༥༩པ་ལ་གཅིག་ལྟོས་དང་། འདིས་ཉི་མ་རྟག་པར་དཔེ་ཆ་གླེང་ཟེར་ནས་སྡོད་དུ་འཇུག་གི་མི་འདུག ད་སྡུག་ཐུག་ནས་གཅིག་གླེང་དུས་དེ་འདྲ་རེད། ང་གད་མོས་ས་ལ་རིལ་གྲབས་བྱས་མ་ཐལ་ན་དཀོན་མཆོག་གསུམ། ཧ་ཧ་ཧ།
ཧ་ཧ་ཧ་ཧ་ཧ་ཧ་་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་་ཧ་ཧ། ད་གཞོན་ནུ་ཟླ་མེད་ཀྱི་ལྗིད་ཁོག་མཐོང་སོང་། ལུང་སྡེ་དྲུག་མ་འདི་ལ་ཡར་རྒྱས་ཡོད་ཀི་ཡ།
ད་འདི་ཡོང་རྒྱུ་མི་འདུག ཚིག་མཛོད་ཚོའི་ནང་ན་ལུང་སྡེ་བཞི་ཡོད་མེད་འཚོལ་བཞིན་ཡོད་ངེས་རེད། ཨ་ཧ་བོ། ཡིན་ན་ཡང་གཞུང་དམ་པ་དང་། ལུང་བླ་མ་གཉིས་གཅིག་ཡིན་པ་ཚིག་མཛོད་ཚོའི་ནང་ན་བཤད་ཨེ་ཡོད་མི་ཤེས། ང་ལ་ཚིག་མཛོད་མེད་པས་བལྟ་ས་རག་མ་སོང་།
ད་ཁྱོད་ཀྱིས་ལུང་སྡེ་བཞི་མ་ཤེས་པར་ང་ལ་གྲངས་ཀ་རྒྱགས་རོགས་ཀྱིས་ཟེར་གི་ཡོད་པ་རེད་པ། ཡ་ཡ། སྡོམ་ལས། བཤད་མདོ་ལུང་གཞི་རྣམ་འབྱེད་ཕྲན་ཚེགས་དང་།། བླ་མའམ་དམ་པའོ། གསུངས་པ་ལྟར་རོ།
འོ་འདི་གཅིག་ཤི་ཤི་ཤི། གོང་གི་ལུང་དེའི་དོན་ནི། ལུང་གཞི་དང་། རྣམ་འབྱེད་དང་། ཕྲན་ཚེགས་དང་།། བླ་མའམ་དམ་པ་བཞི་པོ་ལུང་སྡེ་བཞི་ཡིན་གསུངས་པའི་དོན་རེད། ངས་དི་བ་ཡང་དེ་རེད། ད་ཁྱོད་ཀྱིས། “ལུང་སྡེ་བཞི་དང་། ལུང་རྣམ་འབྱེད་དང་། གཞུང་དམ་པ་སོགས་”ཟེར་བའི་ལུང་རྣམ་འབྱེད་དང་དམ་པ་གཉིས་ལོགས་སུ་བགྲངས་རྗེས་ཀྱི་འདུལ་ལུང་ལྷག་མ་སྡེ་བཞི་པོ་གང་རེད་ཟེར་གྱི་ཡོད། བཙལ་བཙལ་ནས་གྲངས་ཅིག་རྙེད་འདུག་པ་དེ་རང་གི་མགོ་ལ་རྒྱག་བྱེད་རེད་བསྡད་ཡོད་པ་ཨེ་ཤེས། ཨ་ཧ་བོ།
མྱིག་རྫོབ་འདི་བྱིས་པ་བྱིས་པ་རེད་བྱ། ལྟོས་དང་འདིའི་འཕགས་འཚགས་ལ་ལྟོས་དང་། དེ་རིང་གཅིག་བུ་ལ་ཁོ་ལ་འཕྲོད་རྟེན་ཡག་པོ་རེག་ཡོད།
སྔོན་དུས་ཡིན་ན་ཆོལ་གསུམ་ཡུལ་སྐད་ཐ་དད་ཡོད་པ་ལས་ཡིག་ཐོག་ནས་ཆོལ་གསུམ་གཅིག་གྱུར་གྱིས་བརྡ་སྤྲོད་བྱེད་ཐུབ། དེང་དུས་གསར་བུ་ཤེས་འཇོན་ཅན་ཁ་ཤས་ཚར་ནས་ཡིག་ལམ་སོ་སོར་ཕྱེས་ཟིན་ཏེ་ད་མདོ་སྨད་ཀྱི་ཡི་གེ་དབུས་ཁུལ་གྱིས་མཚོན་པའི་བོད་ཁམས་ཕལ་ཆེ་བས་གོ་མི་ཐུབ་པ་སྲོལ་གཏོད་གནང་ཡོད། དེའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ནི་དུས་བབ་ཚང་གི་བོན་རྒྱ་རིན་པོ་ཆེ་དང་། རྡོ་རྗེ་འཆང་སྐུ་འཕྲེང་བཞི་པ་ཨ་ལགས་ཀླུ་སྨྱོན། གཅན་གཟོད་རྒྱམ། གཞོན་ནུ་ཟླ་མེད། མྱི་རྫོད་སོགས་རེད། ཁོང་རྣམ་པའི་བཀའ་དྲིན་གྱིས་རྗེས་སུ་མདོ་སྨད་ཀྱི་ཡི་གེ་ཞེས་དེང་དུས་འབྲུག་པའི་ཡི་གེ་ལྟ་བུ་ཞིག་ཆགས་ཐུབ་ངེས་རེད། སྤྱིར་མྱི་རྫོད་སོགས་འབྲུག་པ་ལ་དགའ་བའི་རྒྱུ་མཚན་ཡང་འདིས་ཡིན་པར་ངེས།
མྱི་ཕྲུག་ལགས། ང་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་ཐོན་དུས་ནས་གཞུང་ཡིག་ཡོངས་རྫོགས་ལྷ་སའི་ཡུལ་སྐད་ཀྱི་ཐོག་ལ་ཡོད་པས། རྒྱ་གར་ཀྱི་སྐད་བཤད་ཀྱི་ཡོད་པ་དང་གཅིག་པ་འདྲ་བོ་རེད་ཡ། ཕལ་ཆེར་ཞིག་མི་གོ་གི། ཨ་ཧ་བོ། ཁྱོད་དེའི་ཅུང་སྔོན་ལ་སྐྱེས་ཡོད་རྒྱུ་ན། བོད་པ་ཚང་འདི་ལས་ངན་གི་ཡ།
ཁྱོད་སྐྱེས་པ་དེ་ཅུང་འགོར་སོང་ཟིག
འ་རོགས་མྱིག་རྫོབ། ངའི་བློ་ཐོག་ན་མང་པོ་ཟིག་ཡོད་ནི་མ་རེད་། ཡིན་ན་ཡང་བཀའ་པོད་ལྔའི་རྩ་བ་ཡོད་ནི་རེད་ཀོ
ཁྱེད་གཉིས་ཀྱི་རྩོད་པ་དེ་ངས་བཀག་ཐུབ་པ་མི་འདུག དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་ངོས་༡༩༦༠ཐམ་པའི་ངོས་ན། (ལུང་སྡེ་བཞི། འདུལ་བ་ལུང་རྣམ་འབྱེད། ལུང་གཞི། ལུང་ཞུ་བ། ལུང་ཕྲན་ཚེགས་བཞིའོ། ཡང་ན། ལུང་རིང་མོདང་ལུང་བར་མ། ཡང་དག་པར་ལྡན་པའི་ལུང་། གཅིག་ལས་འཕྲོས་བའི་ལུང་ངོ་)ཞེས་བྲིས་འདུག
ངས་བསམ་པར། ཁྱེད་གཉིས་ཀྱིས་མང་པོ་མ་རྩོད། ང་ཚོ་ཚང་མ་ཨ་རིའི་ཤར་ཕྱོགས་སུ་སྡོད་མཁན་རེད། རྗེས་མ། གོ་སྐབས་ཡོད་ན། གཞོན་ནུ་ཟླ་མེད་སྡོད་སའི་འགྲམ་ན་སྤང་ཆེན་པོ་ཞིག་འདུག དབྱར་ཐོག་ལ་ང་ཚོ་དེ་རུང་འཛོམས་ནས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད། མ་རེད་དམ། གཟིམ་འཇགས་གནང་རོགས།
འོ་ཡ། དེས་ན་ཉི་མ་གཅིག་ལ་འུ་གཉིས་ཀས། yahoo.meseege གསར་བ་རེ་བཟོས་ནས་དུས་ཚོད་བགོས་ཏེ་chart ཞིག་རྩེ་ཨེ་རེད། སྐབས་དེ་དུས་ཁྱོད་ལ་དེ་རིང་ལུང་སྡེ་བཞི་འཚོལ་སྐབས་ཀྱི་དུས་ཚོད་འདྲ་ཞིག་ཡོད་ནི་མ་རེད་ཀོ། ཁ་ཏུ་ཁ་ཐུག་ལ་བློ་ཐོག་ནས་གཏོང་དགོས་ནི་རེད། འུ་གཉིས་ཀས་ཕན་ཚུན་ས་ལ་གང་ནས་དྲིས་ཀྱང་ལན་ཐོག་མེད་དུ་འདེབས་དགོས་པ་རེད། མགྱོགས་པོར་འབྲི་དགོས་པས་ཡིག་ནོར་ལ་དོ་སྣང་མི་བྱེད་རྒྱུ་བྱེད་ཨེ་རེད། ངས་བཀའ་པོད་ལྔའི་ནང་གི་མདོ་རྩ་རྡ་དེ་ཙམ་མི་འགྲོ་ཡང་ལན་ཐོགས་མེད་དུ་འདེབས་ངེས་ཡིན། ད་དུང་མངོན་རྟོགས་རྒྱན་བཀའ་པོད་ཀྱི་ཁོངས་སུ་ཐེ་བའི་བྱམས་ཆོས་ལྷག་མ་བཞི་དང་བ།། སུམ་རྟགས་ཀྱི་རྩ་བ། སྙན་ངག་མེ་ལོང་མ་ཡན་ཆད་ལ་གཅིག་བསྡུར་ཨེ་རེད། དཀོན་མཆོག་གསུམ།
ད་འདི་ཚོ་ངའི་སྤང་ཨ་ལུང་མེ་ལོང་འདྲ་བོར་ཧེབ་ལངས་གོ་གི་པ།
ཨ་རོགས། ཁྱོད་གདན་སའི་དགེ་བཤེས་ཤིག་གིས། ང་ཁྱི་ཁང་ཕག་ཁང་བཀྲུ་མཁན་གྱི་གཡོག་པོ་ཞིག་ལ་ལག་མ་ཁེལ་ན་སེམས་སྐྱིད་རྒྱུ་མ་རེད་ཀོ
བོད་ཡིག་བརྡ་སྤྲོད་པ་སུམ་རྟགས་ཀྱི་འགྲོས་དང་མཐུན་པའི་ཐ་སྙད་དག་གཞུང་སྐད་དམ་གཞུང་ཡིག་ཏུ་ཆགས་ཟིན་ཁྱོད་ནས་ཁྱོད་མྱི་རྫོད་སོགས་ཀྱིས་གོ་ཐུབ་པ་དཀའ་ནི་རེད། ད་དུང་ལོ་ཁ་ཤས་སོང་ན་བོད་སྐད་ཡིག་ལ་ཁྱོད་དང་རིགས་མཐུན་དག་ལུག་ནང་བཞིན་ཆགས་རྒྱུ་རེད།
ཨ་རོགས་མི་ཕྲུག ཁྱོད་ཀྱིས་གོང་གི་ཡིག་ཕྲེང་བཞི་ལྔ་བོ་དེ་ཡང་འབྲུག་པའི་ཡི་གེ་འདྲ་ཟིག་རེད། ཅང་གོ་མི་ཐུབ་ཀི་ཡ། ཡང་ན་བར་བར་ནས་མང་པོ་རེ་ཆད་སོང་ནི་མིན་ན། མཚམས་སྦྱོར་ཐབས་རྡུག་འདི་མོས་ཟིག་རྡ་ང་ཚོ་ལས་ཀྱང་སྡུག་ཀི་ཡ། དྲིན་ཅན་པོ།
སྤང་དེའི་སྒང་ན་ག་དུས་ཡིན་ན་ཡང་སྐོར་ཟིག་ཚོགས་འཚོགས་པ་རེད། གཟའ་སྤེན་པ་མང་ཆེ་བ་ཧྥ་ལུང་ཀོང་ཚང་གིས་པོ་བྱས་ཡོད་ནི་རེད།
ཡ་ད་ཟླ་མེད་ཀྱིས་བརྗོད་བྱའི་སྟེང་ནས་བྲོས་ཏེ་སྤང་ཐང་གི་སྐོར་བཤད་ཀྱི་འདུག ཆུ་ཚོད་ཕྱི་པོ་རེད། ད་ཉལ་ན་མ་གཏོགས་སང་ཞོགས་སྔ་པོ་ཡང་ར་ལུག་གི་སྐེ་བཅད་སར་འགྲོ་དགོས་ནི་རེད། ང་ཚོ་སྡིག་གླ་བ་ཚོ་དཀའ་གི་ཡ། ཟླ་མེད་ལྟ་བུའི་སྐྱིད་པོ་ཞིག་ཡིན་ན་ཅི་མ་རུང་།
དོམ་པ་ཚེ་རིང་དབང་མོས་འདི་འདྲ་ཞིག་གསུངས་འདུག “ངའི་ནང་མི་དང་གྲོགས་པོ་ཚོ་སྙན་ངག་འབྲི་མཁན་མ་རེད་ལ་དེའི་སྐོར་ལ་སྤྲོ་སྣང་ཡོད་མཁན་ཡང་མ་རེད། ཁོང་ཚོའི་མཉམ་དུ་རྩོམ་རིག་གི་སྐོར་ལ་གླེང་མོལ་ཡོང་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་རེད། དེར་བརྟེན། ང་རང་གིས་སོ་སོ་ཁེར་རྐྱང་ཡིན་པའི་སྐབས་དང་ཁུ་སིམ་སིམ་གྱི་མཚན་མོའི་དུས་ཚོད་ལ་སྙན་རྩོམ་འབྲི་བཞིན་ཡོད་”ཟེར།
མ་གཞི་ནས་སྙན་ངག་ཡིན་ན་དེ་ད་ཁུ་སུམ་སུམ་འདྲི་དགོ་ནས་ཟིག་ཡིན་ས་རེད། རྒྱ་ནག་གི་རྩོམ་པ་པོ་ཚོ་ཤོ་ཆིན་ཟེར་བ་དེས་ཐོག་ཁུང་དམར་བོའི་རྨི་ལམ་ཡིན་ན་ཅིག་འབྲི་དུས་ཟི་ཁྲོན་གྱི་ས་དུང་ཅིག་ནས་བྲིས་པ་རེད་ཟེར། ད་མི་ལ་རས་པའི་མགུར་མ་དེ་ཚོ་ལ་རི་སྟོང་ལུང་སྟོང་ནས་བླངས་ཟིག་མོ། ད་རུང་ཚངས་དབྱངས་རྒྱ་མཚོའི་མགུར་མ་དེ་ཚོ་ཡང་བླ་མ་དེ་ཚོས་བཀག སེམས་པ་དང་བུ་མོའི་འཛུམ་མདངས་ཀྱི་ཕར་འཐེན་ཚུར་འཐེན་བར་ནས་བླངས་ཟིག་མོ།
གཞོན་ནུ་ཟླ་མེད་ལགས། ཁྱོད་རང་མགོ་མ་ཚོས་གོང་ནས་ཀླད་པ་འདག་མཁན་དང་མིག་གིས་མ་མཐོང་སྔོན་ནས་མི་ངོ་ཤེས་མདོག་བྱེད་མཁན་ཞིག་ཡིན་པར་ཤེས་བྱུང་། ང་བླ་མ་ཞིག་མ་རེད། ང་འདི་གར་ཚོགས་པའི་དྲུང་ཡིག་ཅིག་ཡིན། ང་ནི་བླ་ལོག་མ་ཡིན་ལ་གྲྭ་ལོག་ཅིག་ཀྱང་མ་ཡིན། དྲ་རྒྱ་འདིའི་སྟེང་དུ་མིང་རྫུན་མ་བཏགས་མཁན་མི་དེ་ཚོ་ཡར་རབས་སྤྱོད་བཟང་གི་ལམ་ལུགས་ལས་རྒལ་ནས་སྤྲང་པོས་སྤང་རྩེད་བྱེད་མཁན་ཤ་གཅིག་རེད་འདུག་པས། སྤྲང་ཕྲུག་ཁྱོད་ཚོའི་ཁ་ལས་དྲི་ངན་མ་གཏོགས་མི་འདུག མི་ཁྱོད་ཚོའི་སྤྱོད་པ་ལ་བལྟས་ན་༧རྒྱལ་བ་རིན་པོ་ཆེས་བོད་མི་ཡར་རབས་གོམས་གཤིས་དེ་ཉམས་པ་སླར་གསོ་བྱ་དགོས་ཞེས་རྒྱུན་དུ་གསུང་མུ་དེ་ལས་གོ་ལྡོག་མཁན། ཕག་ཕྲུག་ཕག་ཚང་གི་ནང་དུ་བཀག་པ་འདྲ་པོ་རེད་འདུག་པས་ཕག་ཕྲུག་ཁྱོད་ཀྱིས་གོ་བྱོས་ཤིག །
རྒྱལ་མཚན།
ག་རེ་བྱས་སོང་། མི་ཚང་མ་དགའ་དགའ་སྐྱིད་སྐྱིད་དང་། རྩེད་མོ་འདྲ་མིན་རྩེ་གི་རྩེ་གི་ལ་གློ་བུར་དུ་རྩ་འཕར་བསྡད་ཡོད་ནོ་ག་རེ་བྱས་སོང་། འདིའི་ནང་ན་རྒྱ་སྤོ་ལངས་ནས་སྐྲག་མཁན་ཡང་མེད་ལ། རྒྱ་མཇེ་ལངས་ན་འཛངས་ས་ཡང་མེད།
གོང་གི་མཆན་༢༡ པ་དེས་ཁྱོད་དཀྲུགས་ཡོད་ས་རེད། དེ་ཁྱོད་ལ་བྲིས་པ་མ་རེད། ངས་ཁྱོད་རང་གི་མཆན་དེ་ཚོ་ཀློག་གི་ཁོ་རང་མེད། འདི་ཨ་ལགས་ཀླུ་སྨྱོན་ཚང་ལ་བྲིས་པ་རེད། ཁྱོད་ཀྱིས་གོང་འོག་གི་ངེད་གཉིས་ཀྱི་མཆན་ཁ་ཤས་ཀློག་ན་ཤེས་ཀྱི་རེད། འོག་ཏུ་ཀླུ་སྨྱོན་ནས་ང་ལ་བྲིས་པའི་ལན་དེ་ཚོ་ལ་ལྟོས་དང་།
འདིར་ངས་མི་ཅིག་ལ་མཆན་འབྲི་གི་ཡོད་པ་མཐོང་ན་མི་དེ་ལ་ཤེས་ཡོན་ཡོད་པར་མཚོན་གི་ཡོད། ཁྱོད་ལྟ་བུ་ལ་ངས་འདིར་གསལ་བྱེད་ཙམ་བྱས་པ་མ་གཏོགས་མཆན་འབྲི་ས་དེ་འདྲ་ཡིན་མི་ད་རུང་མི་ཤེས། རྒྱུ་མཚན་ཁྱོད་རང་གིས་ད་རུང་ཤེས་རིག་དང་། ཆབ་སྲིད། ཆོས་ལུགས། ལོ་རྒྱུས། སྤྱི་ཚོགས། ཚན་རིག་སོགས་གང་གི་སྐོར་ལ་ཡང་ཡི་གེ་ན་གཅིག་ཀྱང་བྲིས་མེད་ལ། བྲིས་ཡོད་ཀྱང་ངས་ཁྱོད་རང་གི་ཡི་གེ་གང་ཡང་ཀློག་མེད་ལ། ངས་ཁྱོད་བླ་མ་ཡིན་མིན་དང་དྲུང་ཡིག་ཡིན་མིན་ཤེས་འདོད་ཡོད་པ་མ་རེད།
འོན་ཀྱང་ངས་ཁྱོད་ལ་མ་བྲིས་བཞིན་དུ། ཁྱོད་རང་གིས་ཁྱོད་ཀྱི་གནས་སྟངས་སོགས་ཆ་ཚང་གསལ་གསལ་དག་དག་བཤད་ཡོང་བ་འདི། ཅི་ཞིག་སྟོན་གི་ཡོད་མེད་མི་ཤེས། རྩ་མ་ཚང་བ་དེ་ཚོས་གཞན་གྱིས་རང་ཉིད་ཤེས་འདོད་མེད་ན་ཡང་གསལ་གསལ་དག་དག་རང་ཉིད་ངོ་སྤྲོད་བྱས་ཡོང་གི་རེད།
ཁྱོད་ཀྱི་གོང་གི་མཆན་དེ་ཚོ་ཞིབ་ཚག་ཐོག་ཀློག དེ་ནས་ཤོད། དྲུང་ཡིག་ཡིན་ཟེར། ཚོགས་པ་དེའི་བསོད་དེ་ལ། འདི་འདྲ་ཤེས་མ་ཤེས། གོ་མ་གོ ཚང་མ་བྲིས་འགྲོ་བ་དེ་འདྲའི་དྲུང་ཡིག་ཅིག ཚོགས་པ་དེའི་ཡིག་ཚང་ནང་ཚང་མ་གད་སྙིག་རྐྱང་གིས་རྒྱང་ཡོད་ཁོ་ཐག དྲུང་ཡིག་གི་ཚད་གཞི་ལ་ལྟོས་ན་ཚོགས་པ་དེ་ཡང་ཧ་གོ་གི་འདུག་ཡ།
གཞོན་ནུ་ཟླ་མེད་འདི་ཡང་རྒྱལ་མཚན་དང་ཐུག་ཚར་འདུག དངོས་གནས། ཁ་གར་བཞག་ས་ས་ན་ཁ་མི་དགེ རྐུབ་གར་བཞག་ས་ན་རྩྭ་མི་སྐྱེ་མཁན་ཞིག་རེད་ཡ།
མ་རེད་མ་རེད། ངས་གཞན་ལ་སྐད་ཆ་འདྲ་མིན་བཤད་ནས་རྒྱལ་མཚན་ཟེར་བ་དེར་ཡ་མ་བྱས་པ་རེད། དེ་ནས་ཁོ་རང་ཁྲག་དོག་ལངས་ནས་ཁོ་རང་ལ་ཅིག་བཤད་འདུག་ཟེར་ནས་རྐང་བཙུགས་ནས་བཤད་ཀྱི་ཡོད་ས་རེད།
དེ་ཡང་ཡིན་ས་མ་རེད། ཁོ་རང་ལ་སྐད་ཆ་ཅིག་བཤད་རོགས་བྱས་ན་བསམ་ནས་རྒྱུན་རིང་པོར་སྒུགས་པའི་མཐའ་མར་ངས་ཡི་གེ་ཅིག་བྲིས་པ་ན། ཁོ་རང་ལ་བྲིས་པ་ཡིན་ས་རེད་དྲན་ནས། དགའ་ཐག་འདྲ་ཆོད། ཡིན་ན་ཡང་ཁ་ནས་མ་དགའ་མདོག་མདོག་བྱས་ནས་ཁོ་ལ་མང་ཙམ་ཡ་བྱས་རོགས་བྱས་ན་བསམ་པ་ཡིན་ས་རེད། གཏེ་ངན་རེད། ངས་ཁྱོད་ལ་ཡ་ག་བ་བྱས་གི་རེད། ངས་ཁྱོད་ལ་བླ་མ་ཟེར་འེ། རྣམ་རྟོག
ཁྱོད་ཀྱིས་དྲ་རྒྱ་འདིའི་ཐོག་བཤད་ཚད་ལ་ཞིབ་མོ་ཞིག་བལྟས་དུས་ཁྱོད་ཀྱི་མེས་པོ་རུས་བརྒྱུད་དེ་སྤྲང་ཕྲུག་རྒྱུན་མ་ཆད་པར་བྱུང་བའི་མི་རྒྱུད་ཅིག་ཡིན་ཤེས་ནུས། ཁྱོད་ཀྱིས་སྐད་ཆ་དེ་བུད་མེད་ཅིག་གིས་བཤད་པ་འདྲ་པོ་འདུག ངས་དུས་ནམ་ཡང་ཁྱོད་ཀྱིས་གཏམ་ངན་དེར་ལྟ་འདུན་མེད། ཁྱོར་ད་རང་ཕྲུག་འདྲ་བ་ཙ་འུ་ཙེ་འུ་ཟེར་མཁན་གྱི་མོ་མགོ་གཅིག་རེད་འདུག་པས་དེ་ནས་བཟུང་ལ་ལེན་རྒྱག་འདོད་མེད
ཡ་རྒྱལ་མཚན།
ད་ཁྱོད་ཀྱིས་བཤད་པའི་སྐད་ཆ་འདིའི་ཁུངས་ཁས་ཤོག ༼གཞོན་ནུ་ཟླ་མེད་ལགས། ཁྱོད་རང་མགོ་མ་ཚོས་གོང་ནས་ཀླད་པ་འདག་མཁན་དང་མིག་གིས་མ་མཐོང་སྔོན་ནས་མི་ངོ་ཤེས་མདོག་བྱེད་མཁན་ཞིག་ཡིན་པར་ཤེས་བྱུང་། ང་བླ་མ་ཞིག་མ་རེད། ༽ ངས་ཁྱོད་ལ་བླ་མ་རེད་ཅེས་གང་ན་ལབ་འདུག མ་གཞི་ངས་ཁྱོད་ལ་ཁ་ག་བ་གྲགས་འདུག ཁུངས་ཁས་ཤོག་འ། དེ་མིན་ངས་ཁྱོད་ལ་སྐད་ཆ་གང་ཡང་མ་བཤད་པར་ཁྱོད་ཀྱིས་ང་ལ་དེ་འདྲ་གླེང་འགལ་དོན་ཅི་ཡིན། སེམས་པ་ཐང་ཐང་ཡོད་ན་ངས་ཁྱོད་ལ་སྐད་ཆ་དེའི་ཁུངས་ཁས་ཤོག་ཟེར་གི་ཡོད་པ་རེད།
སྐད་ཆ་ཐོག་མར་བཤད་མཁན་དེ་ཁྱེད་རང་རེད། ཀློག་མི་འདོད་ན་ཡང་ཀློག་དགོས་པ་རེད། རང་གིས་བསྙལ་བའི་ཆང་རེད། མི་ཞུམ་ན་ཡང་འཐུང་དགོས་པ་རེད། སྐད་ཆ་ཐོག་མར་རང་གིས་བཤད། ཁུངས་བསྐྱལ་མི་ཐུབ་དུས་ངའི་ཕ་མེས་སོགས་ལ་དམོད་པ་ནི་ཁྱོད་རང་སྐྲག་མི་དགོས་སར་དཔའ་གཏམ་བཤད་ལ་དགའ་བ་ཙམ་རེད། ཤོད་དང་། སྐད་ཆ་བཤད་ན་མདོ་དགོས་པ་རེད།
རྒྱལ་མཚན་དྲ་རྒྱ་འདིའི་ནང་ངས་ཁྱོད་ལ་ཐོག་མར་ཁ་གྲགས་འདུག་ཡང་ན་ཁྱོད་ཀྱིས་ང་ལ་ཐོག་མར་ཁ་གྲགས་འདུག ཤོད་དང་།
རྒྱལ་མཚན། ངས་ཁྱོད་ཀྱི་ལད་མོ་བྱས་ནས་ཡི་གེ་ཁ་ཤས་འབྲི གོ་རྒྱུ་ཡོད་མེད་ལྟོས་འ། ཁྱོད་ཕག་པ་རེད། ཕག་ཕྲུག་རེད། ཁྱོད་ཀྱི་ཨ་ཕ་སྤྲང་བོ་རེད། ཁྱོད་ཀྱི་ཨ་མེས་ཡང་མེས་ཚང་མ་སྤྲང་པོ་རེད། ཁྱོད་ཀྱི་ཨ་མེས་ཡང་མེས་ཚང་མ་སྤྲང་ཕྲུག་རེད། གོ་རྒྱུ་འེ་འདུག འདི་འདྲ་བྲིས་ན་རྩོམ་ཡིག་འེ་རེད།
གཅིག་གིས་འདོད་པ་གཅིག་གིས་མི་རྟོགས་ཤིང་།།
གཅིག་གིས་བསམ་ཚུལ་གཅིག་གིས་མི་ཤེས་པའི།།
གཅིག་འདྲ་གཅིག་འདྲ་ཐུག་པའི་སྐད་ཆ་འདིས།།
གཅིག་སྒྲིལ་ནུས་པའི་བསམ་པ་མ་གཏོར་རོགས།།
རིགས་རུས་གཅིག་དུ་སྐྱེ་བ་སྔོན་ལས་རེད།།
སྐད་ཡིག་གཅིག་ལ་འདྲིས་པ་རིགས་ཞེན་རེད།།
བོད་སྐད་གཙང་མ་མི་ཤེས་བོད་མོ་དེ།།
སྙན་ངག་འབྲི་མཁན་མ་ཞིག་ཡིན་ངེས་རེད།།
འོན་ཀྱང་བོད་ཀྱི་སྙན་ངག་འབྲི་མཁན་མ།།
ཡིན་མིན་དེ་ཡི་དོན་ལ་ཞིབ་དུ་སོམས།།
བོད་ཀྱི་སྙན་ངག་མཁན་ཞིག་ཆགས་དགོས་ན།།
བོད་ཡིག་སྟེང་ནས་བོད་ཀྱི་སྙན་ངག་ཕྲིས།།
ཨ་ཁ་ཤ་ཚ། དོམ་པ་མ་རེད། སྡོམ་པ་རེད། སྡོམ་པ་ཟེར་ན་སྒ་པ་རང་མ་རེད། ནང་ཆེན་ནས་རེད་ན་འགྲིག་པ་རེད།
བུ་མོ་ཁྱེད་གནམ་རྒན་མས་སྲུང་། བོད་ཀྱི་གཟི་བརྗིད་རེད། ད་དུང་ཤུགས་རྒྱབ་རོགས་གནང་།
བོད་ཀྱི་རིགས་རྒྱུད་བཟང་བོའི་གཅེས་ཕྲུག་ཚོ།།
བོད་ཀྱི་དོན་དུ་ཡོད་ཚད་མ་ཕུལ་ཀྱང་།།
བོད་རྩམ་ཟོས་ནས་དལ་བུར་མ་འདུག་པར།།
བོད་འདི་སྐྱོབས་པའི་ཐབས་ལམ་ཚོལ་རན་ཡིན།།
ཨ་ཧ་མདོ་མེད་ཨ་མཆོག་མ་གཟན་གྲོགས། །
ཨ་མཚར་དོན་གྱི་ཀུ་རེ་ཡིན་མདོག་གིས། །
ཨ་མདོ་ཡུལ་གྱི་ཨ་ལག་དེ་དག་གིས། །
ཨ་མ་ཡིན་ཀྱང་བརྒྱོ་མདོ་ཁ་བ་ལ། །
ལེགས་པ་རེད
རང་གི་སེམས་ན་སྐྱིད་གོ་དུས་། མྱི་གི་ལྟས་ན་མྱོ་གི་ཡོད་ཟེར་ནི་རེད་ཡ་།
དོན་མེད་ཉོབ་གཏམ་བཤད་ལ་ཉིང་དགོས་དབེན།།
དོན་ལྡན་སྙན་ངག་མཁས་པའི་བུ་མོ་ཁྱེད།།
དོན་ཆེན་མི་ཚེའི་ཕུག་རེ་ཟབ་མོ་དེ།།
དོན་འབྲས་གཡུར་དུ་ཟ་བའི་སྨོན་ལམ་ཡོད།།