འདྲེ་མགོ་རྡོ།
དེ་རིང་སང་ཉིན་སྐད་ཆ་གསར་བ་ཞིག་ཡོད་པ་ནི། འབུམ་རམས་པ་བློ་བཟང་སེང་གེས་དམ་འབུལ་དུས་ཚེས་སྐོར་རེད། སྐུ་ཞབས་བློ་སེང་དེང་དུས་ཤེས་ཡོན་གྱི་གནས་ཚད་མཐོ་བོ་ཡིན་པ་དང་། ཡུལ་ལུང་འདྲ་མིན་གྱི་ཆབ་སྲིད་ལ་རྒྱུས་མངའ་ཡོད་སྟབས། ཁོང་གིས་མ་འདྲ་བ་ཞིག་གནང་གི་རེད་ཟེར་མཁན་དག་ནི། ཕལ་ཆེར་ཁོང་གིས་བདམས་པའི་དམ་འབུལ་དུས་ཚེས་ལ་མོས་མཐུན་ཡོད་ཀྱི་རེད། དེ་ནི་ཁོ་པ་དག་གིས་གནང་སྟངས་དེའང་དེང་དུས་དང་མཐུན་ལ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོས་དང་མཐུན་པར་རྨོངས་དད་བྱེད་པ་དེ་རེད། འདིའི་དོན་དངོས་ཀྱང་ཉིན་ཁ་ཤས་རྗེས་སུ་མངོན་འགྱུར་བྱ་རྒྱུ་རེད།
ཡིན་ནའང་། ང་ཚོས་བསམ་བློ་ནན་ཏན་དང་གཟབ་ནན་གྱིས་གཏོང་ལོས་དགོས་ཏེ། ༧གོང་ས་མཆོག་གིས་ཆབ་སྲིད་ནང་ཐུགས་འགན་བཞེས་ཀྱི་མེད་པས། ༧ཁོང་གིས་གནད་དོན་བཟང་ངན་གང་ལྷགས་སྐབས་སུའང་དགོངས་འཆར་དང་ལམ་སྟོན་བྱ་རྒྱུ་ཁག་པོ་ཡིན་སྟབས། རང་རེ་བ་རྣམས་ལ་ནི། ད་གཟོད་མིག་བཙུམ་ནས་གཉིད་ཁུག་ནས་ཡིད་ཆེས་བྱ་ཆོག་པའི་གནས་སྟངས་མེད་པ་གསལ་བོ་རེད། ད་ནས་བཟུང་གནང་སྟངས་གང་ལའང་༧གོང་ས་མཆོག་གི་དགོངས་པ་ཟེར་བའི་ཚིག་ཡ་མེད་འདི་འང་མེད་སྟབས། ང་ཚོས་བློ་སེང་ལ་དོགས་འདྲི་བྱེད་རྒྱུ་རྒྱུ་མཚན་ཡོད་ན་ཧ་ཅང་ལས་སླ་བོ་རེད།
འོ་ན། ང་ཚོས་ཁོང་གི་པཱ་ཅུག་སྐོར་ལ་དོགས་སློང་ཅུང་ཙམ་བྱས་ན། ཁོང་གིས་བཤད་ན། པཱ་ནི་རྒྱུ་འབྱོར་ལ་དམིགས་པ་དང་། ཅུག་ནི་ཚེ་རིང་པོའི་མཚོན་དོན་ཡིན་པས་དེ་ལྟར་ཐག་གིས་བཅད་པ་ཡིན་ཟེར། སྐབས་འདིར་ང་ཚོའི་མི་ལ་ལས་པཱ་དང་ཅུག་གི་ནང་དོན་ལ་འགྲེལ་བཤད་ཀྱིས་ཁོང་གི་གནང་སྟངས་དེ་འགྲིག་ཡོད་མེད་ཟེར་མདོག་ཁ་བོ་རེད་དེ། དེ་ནི་རིག་པ་རྣལ་དུ་གནས་མཁན་ཞིག་ཡིན་ན། བོད་ཀྱི་སྲིད་སྐྱོང་པའི་དམ་འབུལ་དུས་ཚེས་རྒྱ་ནག་གི་ཡི་གེའི་ནང་དོན་དང་བསྟུན་པ། རྒྱ་མིའི་བསམ་ཕྱོགས་དང་བསྟུན་པ་བཅས་ནི་རིགས་ཞེན་དང་རུས་པ། ལ་རྒྱ་ཟེར་བའི་ངོས་ནས་བཤད་ན་རྦད་དེ་ཐོབ་སྐར་ཀླད་ཀོར་རང་རེད།
དེང་སང་འཛམ་གླིང་ནང་མི་རིགས་ཟེར་བ་འདི་རིག་གནས་ཀྱི་ངོས་ནས་འཇོག་རྒྱུའི་བདེན་མཐའ་སེལ་བཞིན་པ་རེད་ལ། རིག་གནས་གཅིག་པས་ད་གཟོད་མི་རིགས་གཅིག་གི་འདུ་ཤེས་དང་ཞེན་ཁོག་སླེབས་ཀྱི་ཡོད་པ་རེད། བོད་ཀྱི་བསམ་པའི་ཁྱེར་སོ་གཅིག་པུའི་ངོས་ནས་ལྟོས་ཀྱང་། རྒྱ་ནག་དང་བསྡུར་ཐབས་ནམ་ཡང་མེད་ལ། རང་གི་མི་རིགས་ཀྱི་ལོ་རྒྱུས་དང་ཤེས་རིག་དར་རྒུད་མཚོན་ཐབས་བཅས་ཀྱི་དུས་ཆེན་རྣམས་ཀྱང་བོད་མི་རང་གི་བློ་གྲོས་ལས་བྱུང་བ་མ་གཏོགས། རྒྱ་མིས་བཞེད་ཕྱོགས་ལྟར་ད་བར་སུ་གང་གིས་གཏན་འབེབས་དང་ཐག་གཅོད་བྱས་མྱོང་མེད།
ཕྱོགས་འདི་ནས་ལྟོས་ཚེ། བོད་ཀྱི་དམངས་གཙོའི་སྲིད་སྐྱོང་པ་ཁྲི་རབས་དང་པོ་འདི། བོད་ཀྱི་རིག་གནས་དང་སེམས་ཁམས་ལ་རྦད་དེ་ཀླད་ཀོར་ཡིན་པ་ནི་གསལ་བོ་ཆགས་བཞིན་པ་རེད་ལ། གལ་སྲིད་བོད་ནང་ནས་ཁོང་གི་གནང་ཕྱོགས་འདི་གསན་པ་ཡིན་ན། རང་སྲོག་དམར་པོ་བློས་བཏང་ཟིན་པ་དག་གིས་ཀྱང་གཤེགས་ཡུལ་ནས་གནས་སྟངས་འདི་ལ་དགོངས་པ་ཡིན་ན། བོད་ཀྱི་མི་རབས་གསར་བ་ཟེར་བའི་ཤེད་དང་དཔུང་ཤུགས་ཅན་གྱི་ཤེས་ཡོན་པའི་སྡེས་གནས་སྟངས་འདི་གསན་པ་ཡིན་ན། ཉེ་ཆར་བློ་སེང་གིས་ཁ་ནས་མང་པོ་བགྲངས་བའི་ཀིརྟི་དང་དཀར་མཛེས་ཡུལ་ནས་གནས་སྟངས་འདི་གསན་པ་ཡིན་ན། ཁོང་ལ་འཚམས་འདྲི་ཞུ་མཁན་དང་། ཤོག་སྦག་སྦར་མཁན་དག་གིས་མི་རབས་གསར་བའི་འབུམ་རམས་པས་ཁོང་གི་དམ་འབུལ་ཟླ་ཚེས་རྒྱ་མིའི་བཞེད་ཕྱོགས་ལྟར་གཏན་འབེབས་བྱས་ཚུལ་ཐོས་ན། ད་གཟོད། ཁོང་ཚོས་རང་དང་སྐུ་ཞབས་བློ་སེང་ལ་བར་ཐག་ཅི་ཙམ་ཡོད་པའི་བསམ་བློ་གཏོང་ངེས་པས། འདི་ནི་ཁོང་གིས་མ་མཐར་བོད་དང་བོད་མིར་རྒྱུས་མངའ་ཅི་ཙམ་བྱས་ཡོད་མེད་ཀྱི་ཚད་ཤིང་ཞིག་ཀྱང་རེད།
བོད་ལ་བྱས་རྗེས་བཞག་པའི་ཉིན་མོ་ཡོད་ལ། རྒྱལ་ཁབ་འཕྲོག་པའི་ཉིན་མོའང་ཡོད། དེ་བཞིན་དགའ་སྐྱོའི་ཉིན་མོ་མང་པོ་ཡོད་པ་ནས། གལ་སྲིད་བློ་སེང་གིས་གཅིག་བདམས་ན། གལ་སྲིད་ཟླ་བ་བརྒྱད་པ་གཡས་གཡོན་ལ་དུས་ཚེས་རླབས་ཆེན་ཞིག་དགོས་ན། རང་སྲོག་བློས་གཏོང་བྱས་པའི་ཆབ་སྲིད་བཙོན་པའི་སྒྲིག་འཛུགས་ཀྱི་དགུ་བཅུ་གསུམ་ཚུགས་པའི་ཉིན་མོར། ཞེ་འཁོན་དང་། ན་ཟུག རྣམ་དཔྱོད་དང་བཅས་ཏེ་དམ་འབུལ་ཞུས་ན་གང་ལ་མི་འགྲིག་གམ། གང་དུ་ནོར་འཛོལ་འབྱུང་ངེས་སམ། སུས་ལོ་རྒྱུས་ལ་ནག་ཐིག་བབས་སོང་ཞེས་སྐད་ཅོར་རྒྱག་གི་རེད་དམ། རྩ་བ་ནས་མ་རེད།
༢༠༡༡། ༨། ༤། ཉིན།
རྩོམ་ཡིག་འདི་ནི་བདག་གི་བསམ་ཕྱོགས་དང་ཡོངས་སུ་མཐུན་གྱི་འདུག
ང་ཚོའི་སླེབས་ལ་ཉེ་བའི་སྲིད་སྐྱོང་ཁོང་གི་ཁྲི་འདོན་དུས་ཚེས་བདམས་སྟངས་དང་དེའི་འགྲེལ་བཤད་ཉེ་ཆར་བང་ཆེན་ཚགས་པར་ཐོག་བཀོད་པ་དེ་ལ་མི་རིགས་རང་གི་རིག་གནས་སེམས་ཁམས་དང་ཡང་ན་ཆབ་སྲིད་འཐབ་རྩོད་ཀྱི་དོན་སྙིང་ཅི་གང་མེད་པ་མ་ཟད། རྒྱ་རིགས་བསམ་ཤེས་ཚོས་གོ་ན་དགོད་ཁ་འཆོར་བ་དང་སྙིང་ཡོད་བོད་མི་ཚོས་བསམ་ན་སེམས་ན་དགོས་པའི་གནད་དོན་རང་རེད།
༡) བོད་མི་རིགས་ལ་རང་གི་ཐུན་མོང་མ་ཡིན་པའི་རྟགས་རྟེན་འབྲེལ་བདམས་སྟངས་ཀྱི་རིག་གནས་དང་དེ་ལ་དགའ་ཞེན་དཔག་མེད་བྱེད་མཁན་གྱི་མི་མང་ཡོད་པ་རེད། དེ་ཡོངས་སུ་སྣང་མེད་བཏང་ནས་རྒྱ་ལུགས་ཀྱི་དུས་ཚེས་དང་བསྟུན་ཁུལ་བྱེད་པ་འདིས་ཅོལ་ཆུང་གི་རྣམ་པ་བསྟན་པ་ཙམ་མ་ཟད། རང་གི་མི་རིགས་དང་དེའི་རིག་གནས་ལ་མཐོང་ཆུང་ཁྱད་གསོད་ཚད་མེད་རེད་བསམ་གྱི་འདུག
༢) འདི་ལ་ཆབ་སྲིད་ཀྱི་དོན་སྙིང་ཅི་ཡང་མེད་པ་གསལ་པོ་རེད། རྒྱ་ནག་གིས་ཨོ་ལིམ་ཕིག་གི་རྩེད་འགྲན་དུས་ཚེས་དེ་འདྲ་ཞིག་ལ་འགོ་བཙུགས་ཡོད་པ་བདེན་ཡང། རྩེད་འགྲན་དེ་བརྒྱུད་ནས་རྒྱ་ནག་ལ་དཔལ་འབྱོར་དང་མིང་མཐོང་གི་ཁེ་ཕན་ཆེན་པོ་ཐོབ་ཡོད། འོན་ཀྱང་ང་ཚོས་སྲིད་གཞུང་གསར་པར་འཕོ་བ་འདི་མི་རིགས་ཤིག་གི་ལས་འགན་སྒྲུབ་ཆེད་རེད་མ་གཏོགས། སྐུ་ཞབས་བློ་བཟང་སེང་གེས་བཤད་པ་བཞིན། ”ཕྱུག་པོ”” རིང་པོ” ཆགས་རྒྱུའི་ཆེད་དུ་རེད་དམ། མ་གཞི་ཕྱུག་པོ་རིང་པོ་ཞེས་པའི་ངོ་གདོང་གི་གོ་བ་ནི། བཀའ་ཁྲིའི་སྐུབ་སྟེགས་བརྒྱུད་བློ་བཟང་སེང་གེ་ཁོ་རང་ཕྱུག་པོ་ཆགས་རྒྱུ་དང། གོ་གནས་ཀྱི་སྐུ་ཚེ་རིང་པོར་གནས་དགོས་པ་འདྲ་ཞིག་གི་བཟོ་ལྟ་ཡང་མི་འདུག་གམ།
༣) རྒྱ་རིགས་ནང་དུ་ཤེས་ཡོན་ཅན་དང་བསམ་ཡོད་མང་པོ་ཡོད་པས་དེ་ཚོས་འདི་གོ་ན་ག་འདྲ་བསམ་སྲིད་དམ། རྒྱ་ནག་ཟེར་པ་འདི་གནའ་ནས་ད་བར་སོ་སོའི་མི་རིགས་ལ་ང་རྒྱལ་ཡོད་མཁན་ཞིག་རེད། ང་ཚོའི་སྲིད་སྐྱོང་གསར་པས་ལྫིད་ཁོག་དང་དོན་སྙིང་ཅི་ཡང་མེད་པའི་སྐད་ཆ་འདི་འདྲ་བཤད་ན་ཁོ་ཚོ་ཁོང་བགད་ཤོར་རྒྱུ་རེད། མ་གཞི་ནས་བློ་བཟང་སེང་གེའི་རྒྱུས་ཆ་ཚང་རྒྱ་རིགས་ཚོས་སྔ་ས་ནས་ལོན་ཚར་པའི་དོགས་པ་ཡོད།
༤)གལ་ཆེ་ཤོས་བོད་རིགས་མི་མང་དང་ལྷག་པར་དུ་གཞིས་ལུས་རྒྱལ་གཅེས་སྙིང་སྟོབས་ཀྱིས་ཕྱུག་པའི་བོད་མི་ཚོས་ཁོའི་སྐད་ཆ་འདི་གོ་ན་སྙིང་ན་ནས་མིག་ཆུ་འཆོར་རྒྱུ་རེད། རྒྱ་མིས་བོད་བསད་པ་རེད། རྒྱ་མིས་བོད་ས་འཕྲོགས་པ་རེད། རྒྱ་མིས་བོད་ལ་དབང་སྒྱུར་ཐུབ་ཚོད་བྱེད་ཀྱི་ཡོད་པ་རེད། གཞིས་ལུས་བོད་མི་ཚོས་སེམས་ཤུགས་ཆེན་པོས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། བློ་བཟང་སེང་གེར་ན་ཚ་ག་འདྲ་ཞིག་ཕོག་པ་ཡིན་ནམ། ལས་ཀའི་འགོ་བཙུགས་དུས་ནས་རྒྱ་དགའ་བོད་སྡུག་གི་སྐད་ཆ་ལབ་པ་འདི་ཅི་རེད། རྒྱ་ནག་དང་བསྟུན་དགོས་པའི་བསམ་བློ་ཡིན་སྲིད་ཀྱང། རང་ལ་སྟོབས་དང་ཇུས་ཤིག་མེད་ན། སྤྱང་ཀིའི་ཁ་ནས་ཤ་ལེན་རྒྱུའི་སྟོང་བསམ་རང་ཡིན།
༥) བོད་སྐད་ཡིག་གི་རང་མགོ་ཡག་པོ་ཞིག་མི་ཐོན་བཞིན་དུ་རྒྱ་སྐད་རྒྱག་ཁུལ་འདི་ཅི་རེད། དེང་སང་བོད་གཞིས་བྱེས་གང་སར་བོད་སྐད་གཙང་མ་རྒྱག་པའི་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར་ཁོས་རྒྱ་སྐད་མ་ཤེས་ཤེས་ཁུལ་གྱིས་བརྒྱབ་པ་འདིས་ནང་ཁོག་ཅི་འདྲ་ཞིག་རུལ་ཟིན་པ་གསལ་པོ་མཐོང་གི་མི་འདུག་གམ།
དེ་འདྲ་ཞིག་མ་རེད་དམ་དྲ་གྲོགས་ཚོ།
བཀའ་ཁྲི་བློ་སེང་མཆོག་རིང་མིན་པྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་དམ་འབུལ་མཛད་སྒོ་ཟབ་རྒྱས་གནང་རྒྱུར་གཏན་འཁེལ་བ་ནི་ཁོ་རང་གི་དུས་ཚོད་ངེས་ཅན་བཟོས་པ་ཡིན་ནམ། ༧གོང་ས་༧མཆོག་གི་བཀའ་དགོངས་ཡིན། དེ་ལས་གཞན་པ་བོད་གཞུང་ལ་དམིགས་གསལ་ལྷ་འདྲེ་གང་ཡིན་མི་ཤེས་པ་མི་སྨྱོན་པ་ཁ་ཤས་ཡོད་པས་དེ་ཚོའི་ལུང་སྟན་འདྲ་ལ་གཞི་བཞག་ནས་བྱས་པ་ཡིན་གསལ་པོ་མི་འདུག དུས་ཚོད་ལ་ཁྱད་པར་དེ་ཙམ་ཡོད་མདོག་མ་རེད་གཙོ་བོ་ཕྱག་ལས་དངོས་གཞིར་གྲུབ་འབྲས་བཟང་ངན་རེད། དེ་ཡང་འོག་གི་བཀའ་བློན་སོགས་ལས་བྱེད་རྣམས་ལྷག་བསམ་དགོས་པ་དང་། དེ་ལ་མི་མང་ནས་རྒྱབ་སྐྱོར་དང་རྡོག་རྩ་གཅིག་སྦྲིལ་ཡོད་མིན་ལ་རག་ལུས་པ་ཡིན་ཙང་ཚང་མས་མང་མོས་ཀྱིས་གདམ་ཟིན་པའི་སྲིད་སྐྱོང་ཁོང་ལ་ངན་སྨྲས་དང་། མི་འདོད་པའི་རྣམ་འགྱུར་མི་སྟན་པར་ཤར་སྐྱོད་བྱ་རྒྱུ་ལས། དེ་ལས་ལྷག་ཙམ་ཞིག་བྱེད་རྒྱུ་ཡོད་མདོག་བྱས་ནས་དྲ་རྒྱ་དང་། གསར་ལམ་ཁག་ནས་རྒྱབ་བཤད་རྐྱང་རྐྱང་བྱས་སྡད་ན་འགྲིག་ཡོད་མིན་དགོངས་པ་བཞེས་རྒྱུ་གལ་ཆེ། ད་ནི་ཁོང་ཡག་སྡུག་ལ་དཔྱད་པ་བྱེད་པའི་དུས་མ་རེད། ཁོང་ལ་རྒྱབ་སྐྱོར་དང་། དཔུང་འདེག་བྱེད་པའི་དུས་ལ་བབ་ཡོད་དོ།
ནད་པ
༢༠༡༡/༠༨/༠༤ ཉིན་འདོན་སྤེལ་བྱས། སངས་རྒྱས་པའི་རྣལ་འབྱོར་གྱི་ཞིག་གིས་ངོས་ནས་བཤད་ན་རྣམ་དོགས་ཟེར་བ་དེར་རྒྱུ་མཚན་གང་ཡང་མེད་པར་འདོད་པ་ཡིན། དེ་ཡང་ལས་འབྲས་དང་རྟོགས་པ་ཚད་མཐོན་པོར་སླེབས་པའི་གང་ཟག་ཞིག་གིས་ངོ་བོར་ཁོ་ནར་གནས།
ཡིན་ནའང་རྒྱུ་མ་རིག་པ་ཟེར་དེ་ཡོད་པའི་དབང་དུ་བཏང་ན་ཀུན་རྫོབ་འཇིག་རྟེན་པའི་ནང་གི་དངོས་པོའི་ཆོས་ཉིད་ལའང་རྟགས་དང་རྟེན་འབྲེལ་ཟེར་བ་དེ་བརྩི་སྲོལ་ཡོད།
བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོའི་ནང་དུ་སྤྱི་ཟླ་ ༨ ཚེས་ ༨ ཉིན་ཉིན་འབྱུང་འཕྲོད་འཕྲོད་སྦྱོར་ཐོག་ནས་བལྟས་ནས་འབྱུང་འཕྲོད་སྡུག་ཤོས་དེ་འཕྲད་ཅིང་དེ་ཡང་ཚེས་ ༨ འབྱུང་འཕྲོད་མེ་ཆུ་འཕྲད་འདུག དེ་ཡང་རྩིས་གཞུང་ལས། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཅེས་འཕྲོད་ཧ་ཅང་གི་ངན་པ་ཞིག་འཁེལ་འདུག
ད་ཡང་དེས་མ་ཚད་སྤྱི་ ༨ ཚེས་ཉིན་ལག་པ་སྟོང་པའི་རྟེན་འབྲེལ་ངན་པ་དབུལ་ལག་ཟེར་བ་དེ་འཁེལ་འདུག ལག་སྟོང་པའི་དབུལ་འཁེལ་བའི་ཉིན་བྱ་བ་གང་ཞིག་འགོ་འཛུགས་བྱས་ཀྱང་ཕྱི་འབྱུང་བྱ་བ་དེར་གྲུབ་འབྲས་ཅི་ཡང་མི་ཐོན་པར་དབུལ་ལག་ངན་པའི་ཉིན་ཞིག་འཁེལ་འདུག
རྒྱ་ནག་གིས་གྲངས་ ༨ དགུ་ཡག་པོར་རྩི་བཞིན་ཡོད་ཀྱང་བོད་པའི་སྲོལ་རྒྱུན་ལྟར་ན་གྲངས་དགུ་དེ་ཧ་ཅང་གི་ངན་པར་རྩི་སྲོལ་ཡོད། དཔེར་ན། བཟང་པོ་བཅུ་འཛོམས་དང་ངན་པ་དགུ་འཛོམས་ཞེས་གྲངས་དགུ་འཁེལ་བའི་རིགས་ངན་པར་བརྩི་བ་རེད། དཔེར་ན་ཚེས་གྲངས་བཟང་ངན་སྐབས། ཚེས་དྲུག་བཞི་དགུ་ཉིན་ཟླ་གཟའ་འཛིན་དང་། །གཟའ་སྐར་ངན་ངན་དང་མཚན་མོ་ལམ་བཞུགས་ངན། །ཞེས་ཚེས་དགུ་འཁེལ་བའི་ཉིན་དེ་བོད་སྲོལ་རྒྱུན་གསོ་རིག་གཞུང་ལས་ངན་པར་བཤད་འདུག
བོད་པའི་ལོ་རྒྱུས་ཐོག་ནས་བརྩིས་ན་༡༩༥༩ ཞེས་གྲངས་དགུ་འཁེལ་བའི་ལོ་དེར་བོད་ས་ཡོངས་རྫོགས་རྒྱ་དམར་གྱི་བཙན་འཛུལ་བྱས་ཏེ་༸ གོང་ས་མཆོག་གིས་གཙོས་པའི་བོད་མི་རྣམས་༥༩ ལོ་དེ་ནས་བཟུང་ད་བར་སྐྱབས་བཅོལ་བ་ཞིག་ཆགས་འགོ་ཚུགས་པ་རེད།
རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་ལ་ཆ་མཚོན་ན་ཡང་༡༩༡༩ ལོར་འབྲིང་རིམ་སློབ་གྲྭ་ནས་ཐོན་རྗེས་ཐོག་མར་གསར་ཤོག་གི་རྩོམ་སྒྲིག་ལས་ཀ་ཞིག་བརྩམས་ཀྱང་ཁུངས་མ་འཁྱོལ་བར་ལས་ཀ་དེ་གཡུགས་ནས་རྒྱ་ནག་ཧྲང་ཧེ་དུ་མེ་འཁོར་ནང་དུ་བསྐྱོད་པའི་ལོ་རྒྱུས་ཡོད།
ད་དུང་ནང་ཆོས་ནང་དེ་བཞིན་གཤེགས་པའི་གདུགས་དཀར་ལས། རྟགས་དང་རྟེན་འབྲེལ་ངན་པ་ཟློག །བལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །བགེས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཅེས་གྲངས་ ༨༡ གྲངས་ ༨ སོགས་ངན་པར་བརྩིས་ནས་ངན་ཟློག་གནང་བ་རེད་འདུག
སྤྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་ཚབས་ཆེན་ཞིག་བྱུང་བ་རེད། ད་དུང་ ༡༩༨༩ གྲངས་ ༨ དང་ དགུ་འཁེལ་བའི་ལོ་དེར་རྒྱ་ནག་ནང་དུ་ཁྲག་དྲི་བྲོ་བའི་དྲག་མནན་བརྩམས་པ་རེད།
ད་དུང་བོད་མིས་ཚོས་ཕྲུ་གུ་སྐྱེས་མ་ཐག་ཏུ་ཕ་མ་གཉིས་ཀྱི་བཙས་མ་ཐག་ཏུ་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་། །གྲང་དགུ་དེ་རིགས་ངན་ལ་ངན་པ་དགུ་འཛོམས་པའི་དབང་གིས་མི་ཚེའི་ནང་ངན་དགུ་ཐུབ་པའི་སྨོན་ལམ་བཏོན་སྲོལ་ཡོད།
དེར་བརྟེན་བཀའ་ཁྲིའི་ཁྲི་འདོན་གྱི་ལས་དོན་དེ་བོད་པའི་ངོས་ནས་བརྗོད་ན་བྱ་བ་གལ་ཆེན་ཞིག་ཆགས་ཡོད་ཀྱང་བོད་གཞུང་གིས་ངོས་ནས་སྤྱི་ ༨ ཚེས་ ༨ ཉིན་འབྱུང་འཕྲོད་སྡུག་ཤོས་དེ་དང་དབུལ་གལ་ངན་པའི་ཉིན་དེར་རང་དུ་ཁྲི་འདོན་བྱེད་དགོས་པའི་རྒྱུ་མཚན་དེ་ཆེད་དུ་བཟོས་པ་ཞིག་ཡིན་ནམ་ཡང་ན་སྣང་མེད་དུ་སྐྱུར་བ་ཞིག་ཡིན་མིན་ངས་མི་ཤེས་ཀྱང་རྟགས་དང་རྟེན་འབྲེལ་ངན་པ་ཟེར་འདྲ་འགྲིག་ན་ཏན་ཏན་དེར་བཀྲ་མི་ཤིས་པའི་གནས་ཚུལ་ཞིག་ཕྱིས་སུ་འབྱུང་བ་རེད།
དཔེར་ན་རྗེ་ཙོང་པས་ཀྱང་། རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ཞེས་རྟེན་འབྲེལ་ལེགས་པར་འགྲིག་དགོས་རྒྱུ་དེ་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། དེ་བཞིན་ཕར་པ་ལོ་ཙྰ་བ་དང་རྗེ་བཙུན་མི་ལ་ལོ་རྒྱུས་ནས་ཀྱང་ཟངས་ལུང་བཞི་པའི་སྟོང་པ་ཞིག་ཕུལ་བའི་རྟགས་དང་རྟེན་འབྲེལ་ལས་བཀའ་བརྒྱུད་པའི་བསྟན་པ་གསལ་བར་བྱེད་པའི་སྣོད་ལྡན་བུ་སློབ་རྩ་ཆེན་བཞི་འབྱུང་བའི་ལུང་བསྟན་པ་དང་། ཟངས྄སྟོང་པར་ཕུལ་བའི་རྟེན་འབྲེལ་གྱིས་མི་ལ་རས་པའི་སྐུ་ཚེ་ཧྲིལ་པོར་བཀྲས་ལྟོགས་དང་འཚོ་སྐྱོ་པོ་འབྱུང་བའི་ལུང་བསྟན་བྱུང་བ་ཡོད།
ད་དུང་བུད་མེད་ཀྱི་དམེ་བ་དགུ་མིག་དང་། སྐྱེས་པ་དགུ་མིག ངན་དགུ་སོགས་སྣ་ཚོགས་ཤིག་བརྩི་སྲོལ་ཡོད། ངས་བསམས་ན་སྤྱི་ ༨ ཚེས་ ༨ དེ་ གང་ནས་བརྩིས་ཀྱང་གཟའ་སྐར་དང་། འཕྲོད་སྦྱོར། འབྱུང་འཕྲོད། དབུལ་ལག ལོ་གྲངས། ཚེས་གྲངས་སོགས་ཕྱོགས་གང་ནས་བལྟས་ཀྱང་ཡག་ཡག་པོ་འགྲིག་མེད་སྟབས། བྱུང་ན་ཚེས་གཟའ་སྐར་དང་འབྱུང་འཕྲོད་དེ་གང་བཟང་བཟང་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན།
བཀའ་ཁྲི་གསར་པའི་ལམ་སྟོན་འོག་བོད་མི་ཚང་མས་ཕྱ་གྲུ་མཉམ་འདེགས་ཐོག་འབྲས་བཟང་འཐོབ་པའི་སྨོན་འདུན་དེ་ངའི་རེ་བ་ཡིན།
རིག་པ་འདོན་པ།
ལྷ་མོ་དབྱངས་ཅན།
༢༠༡༡/༠༨/༠༤ ཉིན་འདོན་སྤེལ་བྱས། རང་རེའི་བཀའ་ཁྲིའམ་སྲིད་སྐྱོང་པ་གསར་བ་འདི་ལ་བོད་མི་རང་གི་ཕུལ་དུ་བྱུང་བའི་རིག་གནས་ཀྱི་ཞག་རྩི་དྲི་མ་ཙམ་ཡང་མ་གོས་པར་རྒྱ་ནག་ལྷོ་ཕྱོགས་ཀྱི་གནམ་བོའི་ལྷ་སྒྲུང་གི་རྗེས་སུ་འབྲངས་ཤིང་འུད་ཀྱིས་ཤོད་པ་འདི་ལ་བློ་ཕམ་ཅུང་སྐྱེས་སོང་། ཚེས་གཅིག་ནོར་ན་བཅོ་ལྔའི་དཔེ་ལྟར་འགོ་འཛུགས་སྟངས་ཀྱི་རྟེན་འབྲེལ་ནོར་བ་འདིས་ལས་དོན་རྣམ་ལྷུན་འགྲུབ་ཡོང་བའི་རྟགས་དང་མཚན་མ་ནོར་བ་རེད། བོད་མི་རང་ལ་ཕུལ་དུ་བྱུང་བའི་རྩིས་རིག་དང་གཟའ་ཚེས་འཕྲོད་སྦྱོར་གྱི་འགྲོ་ལུགས་ཡོད་བཞིན་དུ་ཞབས་འདྲེན་འདི་རིགས་ཞུ་དགོས་དོན་མེད་པར་བསམ། དངོས་གནས་ཧ་རེ་ཧུར་རེ་རང་རེད། ད་ཅི་དྲགས།
གྲགས་བསོད་
༢༠༡༡/༠༨/༠༣ ཉིན་འདོན་སྤེལ་བྱས། ང་ལ་མཚན་ན་རྟགས་དང་རྟེན་འབྲེལ་མི་དགོས་ལ་མོ་དང་རྩིས་དེ་བའི་ཀྱང་མི་དགོས། ང་རང་ཚོ་ལ་དགོས་པ་ནི་ཕ་གཞིས་གྲུ་བཞིའི་སྟེང་དུ་གདོང་དམར་པོའི་མི་རིགས་ང་ཚོ་ལ་ལོ་རྒྱུས་དང་ལྡན་པའི་རང་དབང་དང་ཐོབ་ཐོང་འདྲ་མཉམ་སོགས་དགོས་པ་ཡི། བོད་པ་ཚང་གི་རྟེན་འབྲེལ་ཡག་པོ་བྱུང་མ་སོང་ཟེར་མཁན་འཇམ་དབྱངས་ཀྱིས་བཤད་པ་དེ་ནི་ཀུན་སློང་གང་འདྲ་ཞིག་ཡོད་མི་ཕལ་ཆེར་ཚད་དཔགས་ཐུབ་པ་ཞིག་རེད།
དཔའ་ཆེན་དོན་གྲུབ།
༢༠༡༡/༠༨/༠༣ ཉིན་འདོན་སྤེལ་བྱས། ཟླ་ཚེས་ནམ་ཞིག་ལ་བཀའ་ཁྲི་གསར་བའི་དམ་བཅལ་འབུལ་གྱི་ཡིན་མིན་དེ་ལ་ཁྱད་པར་མི་འདུག འོན་ཀྱང་། རྒྱ་རྗེས་བོད་འདེད་ཀྱི་བསམ་བློ་གསལ་བོར་བརྗོད་པ་འདིས་རང་རིགས་ཀྱི་མཛེས་དཔྱོད་སེམས་ཁམས་ཡ་མེད་བཏང་བའི་རྣམ་འགྱུར་ཞིག་བསྟན་འོང་གི་འདུག
རང་རེ་རྣམས་ལའང་ཉིན་དཀར་དང་ཉིན་ནག་གི་དབྱེ་བ་ཡོད་པ་རེད། བོད་རྩིས་ཀྱིས་འགྲོས་སུ་བརྟག་པ་ཞུས་ན་ལས་དོན་མགོ་འཛུགས་ཀྱི་ཉིན་མོ་ཡག་པོ་དེ་འདྲ་ཡོད་པ་རེད།
རྒྱ་ནག་ཅན་རང་རེད་འདུག
འཇམ་དབྱངས།
༢༠༡༡/༠༨/༠༢ ཉིན་འདོན་སྤེལ་བྱས། ཤར་ཕྱོགས་ཁུག་རྟའི་ཤེས་ཡོན་ངས་མི་ཤེས། བོད་གཞུང་ལན་འདེབས་ཚོགས་ཆུང་ནང་རྒྱ་ནག་ལ་ལན་འདེབས་མཁན་ཁོ་རང་གཅིག་པུ་རེད་འདུག ངའི་ཤེས་ཚད་ཁྱོད་ཀྱིས་བརྗོད་པ་ལྟར་ཡིན། མིའི་ལད་ཟློས་བྱས་ཏེ་འགྲེང་གཟུགས་ཐུབ་ཙམ་ཡིན། ཡིན་ན་ཡང་རྒྱ་ནག་གི་ཕྱོགས་བཟུང་སྟེ་བརྒྱད་བརྒྱད་དགུ་དགུ་དགུ་མང་པོ་ཞིག་རིམ་པ་དགུ་བརྩེགས་སུ་སྒྲིག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྟངས་ཤིག་ཡོད་པར་མ་མཐོང་། ན་ཟུག་དང་འཁུན་སྒྲ་སོགས་སྟོབས་ཤུགས་སུ་བསྒྱུར་དགོས་པ་བདེན་ཡང་། ཐབས་ལམ་གསར་པ་མི་འཚོལ་བར་རང་ཕ་གསོད་པའི་དམེས་པོ་ཚང་ལ་བསྟུན་དགོས་པ་དེ་བས་ཀྱང་མ་མཐོང་། བྱེད་སྟངས་འདི་ལ་དེང་རབས་ཀྱི་ཐ་སྙད་ལྟར་ན། མགོ་འདོགས་རང་ལུགས་ཟེར། གང་ལྟར་གཟུ་བོར་གནས་པའི་དཔྱད་པ་རེ་དང་གནང་སྟངས་རེ་གནད་དུ་ཆེའོ།།
བྱམས་པ་རྒྱལ་མཚན
༢༠༡༡/༠༨/༠༢ ཉིན་འདོན་སྤེལ་བྱས། དགོངས་དག་ཞུ། འཇམས་དབྱངས་དང་ཤར་ཕྱོགས་ཁུག་རྟ་གཉིས་གང་ཡང་མི་ཤེས་མཁན་གཉིས་རེད་ཅེས་བཤད་འདོད་བྱུང་སོང་། ང་ཚོ་ག་དུས་ཡིན་ན་ཡང་བརྒྱད་ཅེས་པའི་ཐ་སྙད་འདིའི་སྟེང་ནས་ཕོངས་ཀྱི་ཡོད་ན། ང་ཚོ་ལངས་ས་ཡང་ངེས་པར་དུ་ཐ་སྙད་འདི་ལ་དགོས། འདས་སོང་གི་ལོ་རྒྱུས་ཁྲོད་ཀྱི་ཡིད་སྐྱོ་བའི་རྣམ་པ་དག་སེམས་ལ་ཡང་ཡང་དྲན་པར་བྱས་ཏེ། སྐབས་དེའི་ན་ཟུག་དང་། འཁུན་སྒྲ། སྡུག་བསྔལ་དག་ནི་ངེས་པར་དུ་ང་ཚོའི་སྟོབས་ཤུགས་སུ་བསྒྱུར་དགོས་ལ། ད་ཐེངས་བློ་སེང་ལགས་ཀྱི་སྐད་ཆ་དེ་འདྲ་བཤད་ཡོད་ན་དེ་ནི་བླ་ན་མེད་པའི་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྟངས་ཤིག་ཡིན་པར་འདོད། གང་ལྟར་ཡང་ང་ཚོ་ནམ་ཡང་རྒྱ་ནག་གི་འགྲེལ་བཤད་རྒྱག་སྟངས་ཀྱི་ལྡོག་ཕྱོགས་ནས་གོ་བ་བླངས་ཏེ་ཁ་གཏད་དུ་ལངས་རྒྱུ་གལ་ཆེན་ཡིན་པར་འདོད། རྒྱ་ནག་ལ་གནས་ལུགས་དང་རྒྱུ་མཚན་མི་འགྲོ་བ་མཁྱེན་པར་མཛོད།
ཤར་ཕྱོགས་ཁུག་རྟ།
༢༠༡༡/༠༨/༠༢ ཉིན་འདོན་སྤེལ་བྱས། རྟགས་དང་རྟེན་འབྲེལ་ཞེས་པ་འདི་སྣ་དགོད་རྒྱག་ས་ཞིག་གཏན་ནས་མིན། འདི་ལ་ཞིབ་འཇུག་བྱ་ཡུལ་ཡོད་ལ། རྟགས་དང་རྟེན་འབྲེལ་ལ་འཁྱུད་པའི་བློ་གྲོས་ཀྱིས་མི་རིགས་ཤིག་གི་བསམ་བློའི་འཕེལ་རིམ་མཚོན་ཐུབ་པས། རྟགས་དང་རྟེན་འབྲེལ་འདི་རིག་གནས་ཤིག་གམ་བོད་མིའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པས། དེས་རང་ངོ་རང་གིས་ཟིན་རྒྱུར་རྟགས་དང་རྟེན་འབྲེལ་འདིའང་འཚོལ་བྱའི་དངོས་པོ་ཡ་མེད་ཅིག་ཡིན་པ་བསྟན་ཡོད། དེའི་ཞིབ་རྒྱས་གཞན་ཞིག་ནས་གླེང་།
འོན་ཀྱང་། བཀའ་ཁྲིའི་དམ་བཅའ་ཕུལ་ལ་ཉེ་བའི་འབུམ་རམས་པ་སྐུ་ཞབས་བློ་བཟང་སེང་གེས་(八八九九九) ཞེས་པ་འདི་ཉེ་སྔོན་ནས་བདམས་ཤིང་སྤོབས་པ་མཐོན་པོས་འགྲེལ་བཤད་རྒྱག་སྟངས་ནི་གཅིག་བྱས་ན་ལེགས་པའི་ཆ་རེ་ཡོད་སྲིད་ཀྱང་། མི་ལ་ལྷ་མིང་བཏགས་ཚར་རྗེས་ཀུན་གྱིས་འདི་འང་རྣམ་དཔྱོད་ཅིག་ཏུ་མཐོང་སྲིད་མོད། ངས་བལྟས་ན་འདི་ལ་ཟབ་ཡངས་ཀྱི་ནང་དོན་དང་། རང་གི་རིག་གནས་ཀྱི་ཞགས་རྩི་འདྲ་གང་ཡང་མེད་ཁར། ཤེད་ཅན་འཕྲུལ་མཛངས་ཅན་གྱི་བྱེད་སྟངས་ཤིག་དེ་བས་ཀྱང་མ་རེད་འདོད་པས། འགོ་འདི་ནས་འཛུགས་ཚུལ་འདིས་ཀྱང་ང་ལ་ནི་མ་འོངས་པར་དྲི་བ་སྣ་ཚོགས་སླེབས་ཀྱི་འདུག་ན།
འཇིག་རྟེན་པའི་ལྷ་དྲེག་ལྡན་དག་གིས་ཅིག་མཁྱེན།
འཇམ་དབྱངས།
༢༠༡༡/༠༨/༠༢ ཉིན་འདོན་སྤེལ་བྱས། རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག སྒྱུར་པ་པོ་ལ་ཡང་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་ཉེ་ཆར་བོད་ཀྱི་བང་ཆེན་ནང་བློ་བཟང་སེངྒེས “རྒྱ་ནག་གིས་༢༠༠༨ ལོའི་ཕྱི་ཟླ་༨ ཚེས་༨ ཀྱི་དགོང་མོ་ཆུ་ཚོད་༨ སྐར་མ་༨ སྐར་ཆ་༨ ཀྱི་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་འགོ་འཛུགས་བྱས་པ་རེད། བརྒྱད་བརྒྱད་ཞེས་པ་དེ་རྒྱ་སྐད་ཐོག་རྒྱ་ནག་གིས་ཨ་གྲངས་ཡག་པོར་བརྩིས་ཏེ། ཕྱུགས་པོར་ཆགས་ཀྱི་རེད་ཟེར་གྱི་ཡོད་པ་དང་། དགུ་དགུ་དེ་རྒྱ་སྐད་ཐོག་ག་རེ་ཡིན་ནའང་རིང་པོར་བརྩི་ཡི་ཡོད་པས། ཕྱུགས་པོ་རིང་པོ་ཡིན་ན་ཡག་པོ་རེད། དེར་བརྟེན། ངའི་དམ་འབུལ་མཛད་སྒོ་དེ་པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)རེད་”ཅེས་སྤོབས་པ་དང་བཅས་བཤད་འདུག སྐུ་ཉིད་ཀྱི་བཀའ་ཁྲིའི་ཁྲི་སྟོན་སོགས་ཆ་ཚང་རྒྱ་ནག་ལ་བསྟུན་དགོས་པའི་རྒྱུ་མཚན་ཅི། རང་རེའི་བོད་པ་ཚང་ལ་མཚོན་ན་ཨང་ཡིག་བརྒྱད་པ་འདི་ཅི་འདྲའི་སྣ་ནག་མ་ཞིག་ཡིན་པ་དང་། ཨང་ཡིག་8པའི་ལོ་ཟླའི་ནང་ཅི་འདྲའི་ཤི་རྨས་གཏོར་བཅོམ་གྱི་གོད་ཆགས་སྐྱི་བ་ཞིག་བྱུང་བ་ཀུན་གྱིས་ཤེས་གསལ་ཙམ་དུ་མ་ཟད། ཤར་དུང་རིའི་ནང་གི་རྩོམ་ཡིག་ “ལྟས་ངན་ཨང་ཀི་ 8 པ་” ཞེས་པ་དེར་ལྟོས་དང་ཤེས་ངེས། མ་ཟད་རང་རེའི་བོད་པ་ཚང་ལ་ཡང་རྟགས་དང་རྟེན་འབྲེལ་ལེགས་པའི་ཟླ་ཚེས་དང་ཨང་ཀི་སོགས་ཅི་འདྲའི་མང་པོ་ཞིག་ཡོད་པ་རྣམས་སྣང་མེད་དུ་བཏང་ནས། རྟེན་འབྲེལ་འགོ་ནས་འཆུགས་པའི་ལྟས་ངན་དེ་འདྲ་གནང་དགོས་དོན་ཅི། ངས་བལྟས་ན་ད་རེས་ཀྱང་བོད་པ་ཚང་གི་རྟེན་འབྲེལ་ཡག་པོ་བྱུང་མ་སོང་།
གཟུ་གནས་བློ་ལྡན།
༢༠༡༡/༠༨/༠༢ ཉིན་འདོན་སྤེལ་བྱས། ཡག་པོ་བྲིས་འདུག ཐུགས་རྗེ་ཆེ་ཞུ། བོད་སྒྱུར་སྐབས་༸ཏཱ་ལའི་བླ་མ་ཞེས་པའི་དོད་དུ་༸གོང་ས་མཆོག་ཞེས་འགོད་རོགས། རྩོམ་པ་པོའི་ངོས་བོད་ཀྱི་སྤྱི་ཚོགས་གསར་རྙིང་གི་བརྒྱུད་རིམ་དང་༸གོང་ས་མཆོག་གིས་མང་གཙོར་ཁྲིད་པའི་བརྒྱུད་རིམ་ད་དུང་ཅུང་མཚོན་ཤུགས་ཆེ་ཙམ་བྱུང་ན་ལེགས་སོ་སྙམ།
ནམ་མཁའ།
༢༠༡༡/༠༨/༠༢ ཉིན་འདོན་སྤེལ་བྱས། དཔེ་མི་བཟད་པ་ཡག་པོ་རེད་འདུག
༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་འཛམ་གླིང་གི་སྒང་ལ་ཁྱབས་བསྒྲགས་བྱེད་དགོས་པ་ཞིག་རེད་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
གྲངས་བརྒྱད་ལ་ཡག་པོ་མིན་པའི་རྒྱུ་མཚན་ནི་རྒྱ་ནག་ཨོ་ལོམ་པིག་མགོ་བརྩམས་པའི་དུས་ཡིན་ཙང་ཡག་པོ་མེད་ཚུལ་དང་། རྒྱའི་གྲངས་གནས་བརྒྱད་ཡག་པོ་རྩི་ཚུལ་གསུང་པ་ནི་དོན་ལ་དེ་ཙམ་ཁྱད་པར་འདུག་གམ། གྲངས་གནས་བརྒྱད་རང་རེ་བོད་པས་ཀྱང་ཡག་པོ་རྩི་བཞིན་འདུག དཔེར་ན། བརྒྱད་རྒྱལ་མཚན་མོ་བའི་ལྟས་ན་མོ་བཟང་། ཤོ་བའོ་ལྟས་ན་ཤོ་བཟང། རྒྱལ་མཚན་མགོ་ལ་ཉི་མ་ཤར། སྡང་དགྲ་བོ་མགོ་ལ་མུན་པ་རུབ། ཅེས་བཤད་སྲོལ་ཡོད། ད་དུང་དངུལ་སོགས་གྲངས་ཀ་རྒྱབ་སྐབས་བརྒྱད་ཁ་ལོང་ན་བཟང་བར་རྩི་སྟེ། བརྒྱད་ཁ་ཡར་ལྟས་ཟེར་བ་རེད།
གོང་གི་མཆན་དེ་དག་ནི་དུས་བབ་དྲ་ཐོག་གི་འབྲེལ་ཡོད་མཆན་འགའ་རེད།
དམངས་ཁྲོད་ཀྱི་བཤད་སྲོལ་བྱས་ན་བརྒྱད་དང་དགུ་གཉིས་ཀ་གྲངས་ཀ་ཡག་པོ་རེད། དཔེར་ན་ཤོ་འབོད་སྐབས། མེ་བརྒྱད་ཚ་ཚ་འཕྲོས།། སྲུང་མ་མགྲོན་དུ་འཁོར།། སོགས་མང་། དགུ་པ་ལ། དགུ་ཟུར་དཔུང་པ་གྲི་ལས་རྣོ། སོགས།
བསམ་ཚུལ་འདི་ང་ལའང་འཁོར་བྱུང་། འདི་དངོས་གནས་ཨུན་འཕར་བྱེད་ཅིག་ཏུ་བློ་སེང་གིས་བསམ་གྱིན་ཡོད་མོད། དེ་ལས་ལྡོག་སྟེ་ཁོ་རང་བོད་དང་བོད་ཀྱི་རིག་གནས་ལ་ཞེ་འདྲིས་གཏིང་འདྲིས་མིན་པ་མཚོན་བྱེད་དུ་གྱུར་བ་རེད། འདི་ནི་རྣམ་དཔྱོད་ལྡན་པའི་ལས་ཀ་བྱེད་སྟངས་ཤིག་མ་རེད་ལ། ཟམ་གདོང་གི་རྗེས་མཐུད་པའི་བཀའ་ཁྲིའི་རིག་པ་ཐབས་ཆག་ཅིག་ཅི་ལ་མིན་ནམ། བོད་འདིའི་ལས་དབང་སྐྱོ་བ་ལ།
ངའི་དམ་འབུལ་མཛད་སྒོ་དེ་པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)རེད།
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
losang senggen 88ཕྱི་ ཟླ་༨ ཚེས་༨ ཆུ་ཚོད་༩ སྐར་མ་༩ སྐར་ཆ་༩ ཐོག་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་ལས་ཁུར་དམ་འབུལ་ མཛད་སྒོ་དེ་དྷ་ས་གཙུག་ལག་ཁང་དུ་གཏན་ཁེལ་ཡོད་པ་དང་། དེ་ནི་རྒྱ་ནག་གིས་ཚེས་གྲངས་ལ་རྟེན་འབྲེལ་བརྩི་སྟངས་ལྟར་གཏན་འབེབས་བྱས་པ་ ཞིག་ཡིན་འདུག
དེ་ཡང་བློ་བཟང་སེང་གེ་མཆོག་གིས་མཛད་སྒོའི་དུས་ཚེས་སྐོར་གསར་འགོད་པར་ངོ་ སྤྲོད་གནང་དོན། “རྒྱ་ནག་གིས་༢༠༠༨ ལོའི་ཕྱི་ཟླ་༨ ཚེས་༨ ཀྱི་དགོང་མོ་ཆུ་ཚོད་༨ སྐར་མ་༨ སྐར་ཆ་༨ ཀྱི་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་འགོ་འཛུགས་བྱས་པ་ རེད། བརྒྱད་བརྒྱད་ཞེས་པ་དེ་རྒྱ་སྐད་ཐོག་རྒྱ་ནག་གིས་ཨང་གྲངས་ཡག་པོར་བརྩིས་ཏེ། ཕྱུག་པོ་ཆགས་རྒྱུ་རེད་ཟེར་གྱི་ཡོད་པ་དང། དགུ་དགུ་དེ་རྒྱ་སྐད་ཐོག་ག་རེ་ཡིན་ནའང་རིང་པོར་བརྩི་ཡི་ཡོད་པས། ཕྱུག་པོ་རིང་པོ་ཡིན་ན་ཡག་པོ་རེད། དེར་བརྟེན། ངའི་དམ་འབུལ་མཛད་སྒོ་དེ་པཱ་པཱ་(88)ཅོའུ་ཅོའུ་ཅོའུ་(999)རེད་”ཅེས་འགྲེལ་ བརྗོད་གནང་འདུག
ཟླ་༧ ཚེས་༣༡ ཉིན་མཁས་དབང་བློ་བཟང་སེང་གེ་ལགས་སུ་གསར་འགྱུར་བརྒྱུད་ལམ་གྱིས་རྒྱ་གར་དང་ རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་ལ་བཅར་འདྲིའི་སྐབས། ཁོང་གིས་རྒྱ་གར་དང་རྒྱ་ནག་གཉིས་གྲོས་མོལ་སྐབས་རྒྱ་གར་གྱིས་བོད་དོན་དེ་གྲོས་ གཞིའི་སྙིང་དོན་དུ་ངོས་འཛིན་གནང་རོགས། སྔར་བོད་ནང་རྒྱ་ནག་གི་དམག་མི་མེད་པའི་སྐབས། རྒྱ་གར་གི་ས་མཚམས་ཁག་ཧ་ཅང་ཞི་འཇམ་ཡོད་པ་དང། བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྗེས་རྒྱ་གར་གྱི་ས་མཚམས་དང་མཚོ་ཐོག་ཏུ་ རྒྱ་ནག་གིས་དམག་མི་འགྲེམས་འཇོག་བྱས་པར་བརྟེན། རྒྱ་གར་མི་མང་གིས་བོད་དེ་གལ་ཆེན་པོ་ཡིན་པ་ཤེས་རྟོགས་འབྱུང་གི་ཡོད་པ་རེད་ལ། ང་ཚོས་ཀྱང་དེའི་ཐོག་དོ་སྣང་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
གསར་འགོད་པས་བོད་རྒྱ་གྲོས་མོལ་གྲ་སྒྲིག་ཡོད་མེད་སྐོར་དྲིས་པར། ཁོང་གིས་ལན་འདེབས་གནང་དོན། བོད་པའི་ངོས་ནས་ས་ཆ་དང་དུས་ཚོད་ག་འདྲ་ཞིག་ཡིན་ཡང་རྒྱ་ནག་མཉམ་དུ་གྲོས་མོལ་ གྲ་སྒྲིག་ཡོད། ང་ཚོས་ཞི་བའི་ཐོག་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐབས་ལམ་ཞིག་འཚོལ་རྒྱུའི་ འདུན་པ་ཡོད། ད་ལྟ་གནད་དོན་འདིའི་ཐོག་བསྟུན་མཁས་ཉུང་བ་དང། ཁོང་ཚོས་བོད་ཀྱི་གནད་དོན་ཐོག་གྲོས་མོལ་གནང་རྒྱུར་ང་ཚོ་འདོད་མོས་ཡོད་པའི་ རོགས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག
བཀའ་ཁྲི་གསར་པའི་དམ་འབུལ་དང་སྟབས་བསྟུན་ཁྲི་སྟོན་ཞིག་ཀྱང་བོད་གཞུང་མང་མཉམ་འཛོམས་ཀྱིས་གོ་སྒྲིག་བྱས་ཡོད་པ་རེད།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༠༨, ༣’ )
བཀའ་ཁྲི་བློ་བཟང་སེང་གེ་རྒྱལ་འགྱུར་ཅིག །བོད་རྒྱལ་ལོ། །
ཀིརྟི་སྐྱབས་ལགས་ཀྱི་བསམ་ཚུལ་ཞིབ་བཀླགས་བྱས་ཟིན། སེམས་དང་བསམ་པའི་དཀྱིལ་ནས་གླེང་སློང་དང་སེམས་ཁུར་བྱས་རྟགས་ར་འཕྲོད་ཀྱི་འདུག་པས། དགའ་བྱུང་། ད་དུང་བགྲོ་གླེང་གནང་མཁན་ཕེབས་པར་དགའ་བསུ་ཞུ།
ཁ་སང་དུས་བབ་དྲ་ངོས་སུ་བོད་བསྒྱུར་བྱས་པའི་སྐུ་ཞབས་བློ་སེང་གི་རྩོམ་ཡིག་དེ་ནི་བཀའ་ཁྲིའི་གནས་ཚད་དང་མཐུན་པའི་རྩོམ་ཡིག་ཅིག་ཡིན་མིན་མི་ཤེས་ཀྱང་། སྤྱིར་བཏང་རྩོམ་ཡིག་ཡག་པོ་བྲིས་འདུག དེའི་ནང་ཁོང་གིས་འདི་འདྲ་ཞིག་བཤད་འདུག ༼ མི་ལོ་བཅུ་ཕྲག་རིང་ཏཱ་ལའི་བླ་མའི་བོད་ཀྱི་སྲོལ་རྒྱུན་ཁྲོད་ལྷ་དང་སྐུ་དྲག་གིས་དབང་སྒྱུར་བའི་མ་ལག་རིམ་བཞིན་དོར་ཏེ་བོད་མི་ཚོར་ཁོང་ཉིད་ཞལ་མ་བཞུགས་པའི་ཉིན་མོ་གྲ་སྒྲིག་བྱ་དགོས་བའི་བརྡ་སྟོན་གྱི་ཡོད། ༽ འདི་ནི་དུས་ཚོད་རིང་པོའི་ནང་རིམ་བཞིན་ཐོན་པའི་སྐད་ཆའི་འགྲོས་ཤིག་རེད། སྐད་ཆ་འདི་དང་འདིའི་བརྗོད་དོན་སྔ་ཕྱིའི་ཕྱི་ནང་གི་འགྱུར་རིམ་ཚང་མར་ཁོང་གིས་བསམ་བློ་གཏོང་སྟངས་ནི་རྩོམ་ཡིག་དེ་གཞི་བྱས་ན་བོད་ལ་རེ་བ་ཞིག་ཀྱང་མངོན།
སྐབས་འཚོལ་བ་ཚོས་གོ་སྐབས་འཚོལ་བར་ཡ་མཚན་རྒྱུ་ཅང་མེད། མཁས་དབང་བློ་སེང་མཆོག་རྒྱལ་གྱུར་གཅིག
མ་འཐེན་མ་འཐེན་རྐང་གཉིས་བོད་པ་ཚོ། ཐོག་མེད་དུས་ནས་འཐེན་པའི་ཉེར་ལེན་གྱིས། རང་ས་ཕ་ས་ཡོངས་རྫོགས་མི་ལ་ཤོར། དགྲ་བོ་ཡིད་ཚིམ་དགོས་པ་རང་གིས་བཟོས། མ་འཐེན་མ་འཐེན་བོད་རིགས་རྩམ་ཟན་ཚོ། ཐོག་མེད་དུས་ནས་རང་རིགས་འཐེན་འཐེན་ནས། རང་ཆོས་རིགས་པའི་གནས་ཀུན་རྩ་སྟོར་བྱས། དགྲ་དགའ་གཉེན་སྡུག་ལས་འདི་ད་མ་བྱེད། མ་འཐེན་མ་འཐེན་བཙན་བྱོལ་སྨྱུག་ཐོག་ཚོ། ཐོག་མེད་དུས་ནས་རང་རིག་སེང་གེ་རྣམས། སྨྱུག་རྩེའི་ལམ་ནས་མ་ཉེས་ཁ་གཡོག་བྱས། རང་རིགས་དཔའ་བོའི་སེམས་ཁམས་ད་མ་གཅོག མ་འཐེན་མ་འཐེན་གདོང་དམར་ཞབས་འདྲེན་ཚོ། དམངས་ཀྱིས་འོས་འདེམས་རྒྱལ་བའི་དགོངས་མཐུན་གྱི། མཁས་དབང་མིང་འཛིན་བོད་ཀྱི་སེང་གེ་དེ། སེང་གེའི་ཁྲི་ནས་འཐེན་ཐབས་ད་མ་བྱེད། འཐེན་འདོད་ཆེ་ན་དམར་པོའི་སྲིད་གཞུང་ཐོན། སློག་འདོད་ཆེ་ན་མེས་རྒྱལ་མགོ་རྟིང་སློག སྟོར་འདོད་ཆེ་ན་ང་དགུའི་དགྲ་ཁམས་སྟོར། འཇོན་ཐང་མེད་ན་ཁ་རོག་ཙོག་གེར་སྡོད། བཀྲ་ཤིས་གསས་མཁར་བརྩེགས་པའི་དུས་བཟང་འདིར། འབྱུང་བྱ་འུག་པའི་སྐད་ངན་ད་མ་སྒྲོགས། ཀ་ལ་པིང་ཀའི་དབྱངས་ཀྱིས་མདུད་བསུས་ཏེ། རང་རེའི་བོད་ཀྱི་བཀའ་ཁྲིར་སྐུ་བསྟོད་འབུལ། བྱ་བ་མ་བརྩམས་གོང་ནས་ཐན་སྒྲ་ཡིས། སེམས་ཤུགས་བོད་ཞེན་གཅོག་པའི་གཏམ་མ་གླེང། མཁས་མཛངས་རྣམ་དཔྱོད་ཅན་གྱི་བོད་མི་ཡི། ཕུགས་བསམ་རྩ་སྟོར་ལས་འགུལ་ད་མ་སྤེལ། རང་ཅག་བསོད་ནམས་དཔལ་ལས་ལེགས་གྲུབ་པའི། ཤེས་འཇོན་གཉིས་ལྡན་གངས་ཅན་དཔའ་བོ་དེ། སྐུ་ཚེ་ཡུན་བརྟན་སྒྲིག་འཛུགས་ས་བརྟན་གྱིས། བོད་དོན་བདེན་མཐའ་མྱུར་དུ་གསལ་གྱུར་ཅིག དེ་སྔ་རྐང་འཐེན་ད་ཡང་རྐང་འཐེན་གྱི། འགྲུབ་རྒྱུ་མེད་པའི་བློ་ངན་དར་ཐག་དེས། གངས་ཀྱི་ར་བས་བསྐོར་བའི་ས་འཛིན་མགུལ། ཡོངས་སུ་བསྡམས་པའི་ངང་ཚུལ་འདི་ཉིད་སྐྱོ། ཇི་ཙམ་སྡུག་ཀྱང་ཁ་བ་གདོང་དམར་བུ། ཡིན་པའི་བོད་ཞེན་ལ་རྒྱ་ཁོག་བཅངས་ཏེ། མཐུན་འགྱུར་རྒྱབ་བརྟེན་ལམ་སྟོན་ཉི་འོད་ཀྱིས། མཐུ་དཔུང་སྡོང་གྲོགས་མཛད་པའི་དུས་ལ་བབས། མི་འགྲུབ་པ་ཡི་བསམ་རྒྱ་ད་མ་བསྐོར། མི་འཇོན་པ་ཡི་སྨྱུག་རྩལ་ད་མ་ངོམ། མི་ཐུབ་པ་ལ་འགྲན་རྩོད་ད་མ་བྱེད། རང་རིགས་མཐུན་བསྒྲིལ་ལས་ལ་འདི་མི་དགོས།
མདུད་བསུས་ཞེས་པར་མདུན་བསུས་ཞེས་པར་བཅོས་རོགས།
བཀའ་ཁྲི་བློ་སེང་མཆོག་བཙན་བྱོལ་བོད་མི་བརྒྱ་ཆ་མང་ཆེ་བས་འདེམས་ཐོན་བྱུང་ནས་སླེབས་པའི་སྲིད་སྐྱོང་བ་ཞིག་རེད། དམ་འབུལ་དུས་ཚེས་ནི་ཁོ་རང་གིས་ཐག་གཅོད་བྱེད་དབང་ཡོད་རྒྱུ་རེད། འོ་ན་དམ་འབུལ་དུས་ཚེས་མང་མོས་ཐག་གཅོད་བྱེད་དགོས་ཨེ་རེད། མ་གཞི། རྣམ་རྟོག་དགྲར་ལངས། ཁང་སྟོང་རྐུ་མས་ཁེངས། ཅེས་པའི་ངག་རྒྱུན་འདི་ཅིས་མི་བདེན་། རྣམ་རྟོག་གི་ལུག་གུ་བརྒྱུད་བསྡད་པའི་བོད་མི་རིགས་འདི་དུས་རབས་ཉེར་གཅིག་ལ་སླེབས་ཀྱང་ད་དུང་རྣམ་རྟོག་གི་དྲ་བ་ནས་ཐར་མི་ཐུབ་པ་འདི་ཅི་ཡིན་ནམ། རྣམ་རྟོག་ལ་མི་བརྩི་མཁན་ནུབ་ཕྱོགས་པ་དང་ཨ་རི་བ་རྒྱ་དམར་སོགས་ལ་གཅིག་གཟིགས་དང་། བྱ་བ་ལམ་འགྲོ་ཆུ་རྒྱུག་རྒྱུག་རེད་མི་འདུག་གས། ནང་ཆོས་ནང་དུ་ཡང་རྣམ་རྟོག་ནི་དོར་བྱར་བསྟན་པ་ལས་བླང་བྱར་བསྟན་པ་ནི་གང་དུ་ཡང་མི་འདུག། རྗེ་མི་ལས། ལྷ་པ་མོ་པ་རྩིས་པ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་པ་གསུམ། ཞེས་དང་། རྣམ་རྟོག་མ་རིག་ཆེན་པོ་དེ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། ཞེས་རྣམ་རྟོག་ནི་མ་རིག་པ་དང་མི་ཤེས་པ་གཏི་མུག་ལ་བཞག་འདུག ཇི་སྲིད་རྣམ་རྟོག་བླང་བྱར་འཛིན་པ་དེ་སྲིད་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོ་འཕང་ནི་ལྟ་ཞོག། རང་ཉིད་ཀྱི་གནས་སྐབས་ཀྱི་ལས་དོན་ཡང་མི་འགྲུབ་པ་ནི་དངོས་ཡོད་རེད།
བཙན་བྱོལ་བོད་མིའི་སྲིད་སྐྱོང་བ། མཁས་དབང་བློ་བཟང་སེང་གེ་མཆོག་གི་དམ་འབུལ་གྱི་ དུས་ཚེས་འདི། རྒྱ་མི་རིགས་ཀྱིས་རྟེན་འབྲེལ་བརྩེ་གསོལ་ལྟབུ་ཡོད་ཀྱང་། ཁྱེད་ཀྱི་སྲིད་སྐྱོང་གནང་བའི་དུས་ཡུལ་རིང་བོད་ཀྱི་རྩ་དོན་ལ་བྱ་བ་ལམ་འགྲོ་ཡོང་བར་སྨོན།། ་་་་་་་་་་རྒྱ་མི་རིགས་ཀྱི་ཨང་གྲང་༨་པར་རྟེན་འབྲེལ་བརྩེ་བ་དང་། ་་་་་་དབྱིན་ཅི་བས་ཨང་གྲང་༧་པར་རྟེན་འབྲེལ་བརྩེ་བ་བཞིན། བོད་པ་ཚང་གི་ཨང་གྲང་༣་པར། ཆོས་དང་སྲིད་འཇིག་རྟེན་ཀྱི་འཚོ་བའི་ནང་རྟེན་འབྲེལ་མང་པོ་བརྩེ་རྒྱུ་ཡོད།། དཔེ་ན།། ༼ཉི་ཟླ་སྐར་་་གསུམ།། ༽ ༼དཀོན་མཆོག་་་་གསུམ།།༽ ༼ཆོས་ལུང་སྤྲུལ་་་གསུམ།།༽༼ མཁན་སློབ་མཆོག་་་གསུམ།།༽༼ མ་གཟའ་དམ་་་གསུམ།།༽ ༼རིགས་་་གསུམ་་་མགོན་པོ།།༽ ༼ ཇོ་བོ་རྣམ་པ་་་གསུམ།། ༽༼སེར་འབྲས་དགའ་་་གསུམ།། ༽༼རྒྱ་བ་ཡབ་སྲས་་་གསུམ།།༽༼ བོད་ཀྱི་སྤྲུལ་སྐུ་རྣམ་་་གསུམ།། ༽༼བོད་ཀྱི་མཆོད་པ་རྣམ་་་གསུམ།། ༽༼ བོད་ཆོལ་ཁ་་་གསུམ།། ༽ ༼ཆོས་རྒྱལ་མི་དཔོན་རྣམ་་་གསུམ།། ༽༼ཕྱི་ནང་གསང་་་གསུམ།། ༽ ༼དམངས་གཙོའི་ཀ་བ་་་གསུམ།། ༽༼ རྟ་ནོར་ལུག་་་གསུམ།།༽༼ བུ་སྤུན་་་གསུམ།། ༽༼བོུ་སྤུན་་་གསུམ།།༽༼ རྒན་གཞོན་བར་་་གསུམ།།༽༼ ཕུ་མདའ་བར་་་གསུམ།།༽༼ སྟེང་འོག་བར་་་གསུམ།།༽ ༼ བཀྲིས་བདེ་ལེགས་ཕུན་་་གསུམ་་་ཚོག།།༽ རྒྱ་ཆེ་ཞིང་གཏིང་ཟབ་བའི་རྟེན་འབྲེལ་གྱི་མཚོན་རྟགས་༣་པ་འདི་ལྟབུ་བོད་པ་ཚང་ལ་ཡོད་པ་ལས་ཞན་སུ་ལ་ཡོད།། བཀྲིས་བདེ་ལེགས།།།
བཙན་བྱོལ་བོད་མིའི་སྲིད་སྐྱོང་བ། མཁས་དབང་བློ་བཟང་སེང་གེ་མཆོག་གི་དམ་འབུལ་གྱི་ དུས་ཚེས་འདི། རྒྱ་མི་རིགས་ཀྱིས་རྟེན་འབྲེལ་བརྩེ་གསོལ་ལྟབུ་ཡོད་ཀྱང་། ཁྱེད་ཀྱི་སྲིད་སྐྱོང་གནང་བའི་དུས་ཡུལ་རིང་བོད་ཀྱི་རྩ་དོན་ལ་བྱ་བ་ལམ་འགྲོ་ཡོང་བར་སྨོན།། ་་་་་་་་་་རྒྱ་མི་རིགས་ཀྱི་ཨང་གྲང་༨་པར་རྟེན་འབྲེལ་བརྩེ་བ་དང་། ་་་་་་དབྱིན་ཅི་བས་ཨང་གྲང་༧་པར་རྟེན་འབྲེལ་བརྩེ་བ་བཞིན། བོད་པ་ཚང་གི་ཨང་གྲང་༣་པར། ཆོས་དང་སྲིད་འཇིག་རྟེན་ཀྱི་འཚོ་བའི་ནང་རྟེན་འབྲེལ་མང་པོ་བརྩེ་རྒྱུ་ཡོད།། དཔེ་ན།། ༼ཉི་ཟླ་སྐར་་་གསུམ།། ༽༼དཀོན་མཆོག་་་་གསུམ།།༽༼ཆོས་ལུང་སྤྲུལ་་་གསུམ།།༽༼ མཁན་སློབ་མཆོག་་་གསུམ།།༽༼ མ་གཟའ་དམ་་་གསུམ།།༽ ༼རིགས་་་གསུམ་་་མགོན་པོ།།༽༼ ཇོ་བོ་རྣམ་པ་་་གསུམ།། ༽༼སེར་འབྲས་དགའ་་་གསུམ།། ༽༼རྒྱ་བ་ཡབ་སྲས་་་གསུམ།།༽༼ བོད་ཀྱི་སྤྲུལ་སྐུ་རྣམ་་་གསུམ།། ༽༼བོད་ཀྱི་མཆོད་པ་རྣམ་་་གསུམ།། ༽༼ བོད་ཆོལ་ཁ་་་གསུམ།། ༽ ༼ཆོས་རྒྱལ་མི་དཔོན་རྣམ་་་གསུམ།། ༽༼ཕྱི་ནང་གསང་་་གསུམ།། ༽༼དམངས་གཙོའི་ཀ་བ་་་གསུམ།། ༽༼ རྟ་ནོར་ལུག་་་གསུམ།།༽༼ བུ་སྤུན་་་གསུམ།། ༽༼བོུ་སྤུན་་་གསུམ།།༽༼ རྒན་གཞོན་བར་་་གསུམ།།༽༼ ཕུ་མདའ་བར་་་གསུམ།།༽༼ སྟེང་འོག་བར་་་གསུམ།།༽ ༼ བཀྲིས་བདེ་ལེགས་ཕུན་་་གསུམ་་་ཚོག།།༽ རྒྱ་ཆེ་ཞིང་གཏིང་ཟབ་བའི་རྟེན་འབྲེལ་གྱི་མཚོན་རྟགས་༣་པ་འདི་ལྟབུ་བོད་པ་ཚང་ལ་ཡོད་པ་ལས་ཞན་སུ་ལ་ཡོད།། བཀྲིས་བདེ་ལེགས།།།
རྟེན་འབྲེལ་འགོ་ནས་སྒྲིག་པར་བགྱིས་ཤིག་ཨང་།
དེ་སྔོན་གཞུང་ས་དགའ་ལྡན་ཕོ་བྲང་གི་བཀའ་བློན་དམ་འབུལ་སྐབས་སུ་བོད་ལུགས་ཀྱི་གཟའ་སྐར་འཕྲོད་སོགས་ལ་བརྟགས་པའི་སྲོལ་བཟང་པོ་ཡོད་པ་བཞིན་ད་ལན་བཀའ་ཁྲི་གསར་པ་མཆོག་ནས་ཀྱང་དེ་ལྟར་གནང་ཐུབ་ན་རང་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་པའི་འགན་འཁུར་བ་ཞིག་པའི་མཚན་གནས་རྗེས་འབྲེལ་ཡོང་རྒྱུ་དེ་ལྟར་ཡང་། རྒྱ་ལུགས་ཀྱི་གལ་ཆེར་བརྩི་བའི་དུས་ཚིག་འདི་འདྲ་ཞིག་འདེམས་པ་ནི་ཆུང་ཡ་མཚན་པར་མ་ཟད་དགྲ་གཉེན་གྱི་དགལ་ཟླར་གནས་པའི་དུས་སྐབས་འདིར་བཟང་སྤྱོད་ཀྱི་འགན་ཡང་བཞེས་དགོས་པར་སེམས། སོ་སོའི་མི་རིགས་ལ་རིག་གཞུང་མེད་ན་མི་ནས་དཔེ་ལེན་དགོས་པ་དངོས་བདེན་ཡང་དེ་འདྲའི་ཐབས་སྐྱོ་བོར་ཐུག་མེད། མ་ཟད་བཀའ་ཁྲིའི་དམ་འབུལ་ཉིན་བོད་ནང་གི་བོད་མི་ཚོས་དགའ་སྤྲོའི་རྣམ་འགྱུར་མངོན་ལྐོག་བརྒྱུད་གསུམ་ནས་བསྟན་འགྱུར་ཐེ་ཚོམ་མེད་ཀྱང་། ཚེས་ཆ་དེ་བསམ་ན་ཁོང་ཚོར་ཚོ་སྣང་གང་འདྲ་ཞིག་འབྱུང་ངེས་སམ།
རྒྱ་དམར་ཀླ་ཀློས་ཇི་ལྟར་བཤད་པ་བཞིན་རང་རེའི་བོད་མི་རིགས་ཀྱི་སྲོལ་རྒྱུན་དེ་དག་རྗེས་ལུས་དང་། མུན་ནག་ཏུ་ངོས་འཛིན་ཇི་ལྟར་བྱས་ཀྱང་༧གོང་ས་ཆེན་པོའི་བཀའ་དྲིན་གྱི་འཛམ་གླིང་མི་མང་ནས་བོད་པའི་རིག་གཞུང་ལ་རྩི་བཀུར་དང་གུས་པའི་ཆེ་བསྟོད་བཞུན་བཞིན་པ་དེ་ལྟར་ཡང་། བློ་སེང་་ནས་སོ་སོའི་རིག་གཞུང་འདིར་ཉམས་མྱོང་མེད་པའི་དབང་གིས་བློན་པོ་ཆུ་སྣ་གང་འདྲེན་གྱི་ལམ་དུ་སོང་ནས་རྗེས་ལུས་སུ་ངོས་འཛིན་བྱས་ཀྱང་བསྟན་དགྲ་རྒྱ་མིའི་སྐར་རྩིས་ལ་བརྩི་དགོས་གང་ཡིན་ནམ། ནམ། ནམ། ནམ། ནམ།་བདེན་པའི་ལན་གཅིག་ཡོད་ན་གནང་བར་ཞུ། ངས་དེ་ལྟར་ལབ་དགོས་པ་ནི་བསྟན་དགྲ་རྒྱ་དམར་དེ་ང་ཚོའོ་ཕ་བསོད་ལག་དམར་པ་ཡིན་པས་སོ།
མི་ལ་ཤས་ཀྱིས་བརྗོད་དོན་མ་རྟོགས་པར་རྣམ་རྟོག་དང་རྐང་པའི་མ་འཐེན་ཟེར་བ་སོགས་ཀྱི་གཏམ་བརྗོད་ཀྱི་འདུག་ན། དེ་དག་གིས་ངས་ཅི་ཞིག་བཤད་ཀྱི་ཡོད་མེད་འགོ་འཚོས་པ་གནང་རོགས།
སྐུ་ཞབས་བློ་སེང་གིས་རང་ཉིད་ཁྱིམ་ཚང་དབུལ་བོ་ནས་སྐྱེས་པ་དང་། མང་གཙོ་དང་འདྲ་མཉམ་ལ་ཆུང་ཆུང་དུས་ནས་གོམས་འདྲིས་ཡོད་པར་སྒྲོག་པ་ནི་སྲིད་སྐྱོང་འདིའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན། དོན་དག་འདི་ད་བར་སུས་ཀྱང་ངོས་ལེན་མེད་ཚུལ་བཤད་མེད། འོན་ཀྱང་ངོས་ལེན་ཡོད་དགོས་ན་མ་འོངས་ཁོང་གི་ཕྱག་ལས་གནང་ཕྱོགས་ཀྱིས་མཚོན་ཐུབ་པ་ཞིག་ཡིན།
མི་རྣམས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞི་ནི་ཁྲིམས་ཀྱིས་དབང་བསྒྱུར་བའི་སྒྲིག་འཛུགས་ཤིག་དང་། དེ་ལ་བློ་སེམས་གཏོད་པའི་མི་མང་ཞིག དེ་གཉིས་ལས་ཆབ་དཔལ་རིག་གསུམ་གང་གི་ཆ་ནས་ཀྱང་ཟུར་འདུག་བྱེད་པའི་ཁྱིམ་བརྒྱུད་དང་རིགས་བརྒྱུད་ཆེན་མོ་རྣམས་བཅས་ཕྱོགས་གསུམ་དང་། ཟུར་གསུམ་མ་ཞིག་གིས་གྲུབ་ཡོད་ཙང་། སྐུ་ཞབས་བློ་སེང་གི་མང་གཙོ་དང་འདྲ་མཉམ་གྱི་དོན་དངོས་ཀྱང་ཕྱོགས་ངོས་གསུམ་པོ་དེའི་བར་ནས་འཁོར་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པས། ཕྱོགས་གསུམ་པ་བ་དེར་རང་བཞིན་དང་གདོད་མ་ནས་ཡོད་པའི་ཤེད་ཤུགས་དག་ཁྲིམས་ཁར་འདེད་ཐུབ་པ་ཡིན་ན། ད་གཟོད་སྐུ་ཞབས་བློ་སེང་གིས་སྲིད་སྐྱོང་གནང་བ་ལོ་རྒྱུས་ནང་འཁོད་རྒྱུར་འགོ་ཚུགས་པ་རེད། ཡིན་ནའང་། འདི་ནི་ད་དུང་ལྟ་ས་ཉག་ཅིག་ཡིན།
དཔེར་ན། ཕྱག་ལས་དང་པོ། བཀའ་བློན་འདེམས་ཕྱོགས་སྐོར་རེད། འདིའི་ཐད་སྐད་ཆ་རིང་ཐུང་སྣ་ཚོགས་ཡོང་གི་ཡོད་ཀྱང་། གཙོ་ཆེ་ཤོས་གངས་ཅན་པའི་སྒྲོམ་གཞིར་འགྱུར་བ་མེད་པའི་ཐོག གོང་གི་ཟུར་དང་པོ་དང་གཉིས་བ་གཉིས་ཀའི་ཁྱབ་ཁོངས་ལས་བརྒལ་ཏེ། ཕྱོགས་གསུམ་པར་འཕོས་པ་ཡིན་ན། གལ་སྲིད་འཕོས་པ་མིན་ན། འདི་ནི་ཁོང་ལ་ད་ལྟ་བབས་པའི་གནོན་ཤུགས་ཆེས་ཆེ་བ་ཞིག་ཡིན་པས། ཟུར་ངོས་གསུམ་པ་དེར་ཁོ་རང་རང་བཞིན་གྱིས་དགའ་མོས་མེད་ཀྱང་། དངོས་ཡོད་གནས་ཚུལ་མང་དག་ཅིག་གིས་ཟུར་གསུམ་པ་དེར་བསམ་བློ་གཏོང་དགོས་པ་ཆགས་ཡོད་ལ། ད་དུང་དེའི་ཁྲོད་དུ་ཁོང་ལ་འཇིགས་སྐུལ་འཐེན་མཁན་ཡང་བྱུང་ཡོད་པར་ཚོད་དཔག་བྱས་ཆོག དེ་བས་བཀའ་བློན་ལས་རོགས་ཀྱི་སྤུས་ཚད་ནི་ཁོང་གི་ལོ་ལྔའི་གྲུབ་འབྲས་མཐོང་སྤྱད་ཅིག་ཀྱང་རེད་འདུག་པས། དེ་དག་ནི་སྐབས་བབ་ལྟ་དགོས་ས་ཉག་ཅིག་རང་རེད།
ཡིན་ནའང་། སྐུ་ཞབས་བློ་སེང་གི་ད་བར་སྦྱངས་བའི་ཁྲིམས་དང་ཞིབ་འཇུག་བྱས་པའི་བཙན་བྱོལ་བོད་མིའི་མང་གཙོའི་གྲུབ་དོན་རྣམས་མི་རྣམས་ལ་དེ་བས་ཀྱང་གསལ་བོ་ཆགས་མེད། ཁོང་གི་ཤེས་བྱ་འདི་གཉིས་ཀྱི་ཕྱག་ལས་དང་པོ་ཚུགས་དུས་ནས་མ་རྐང་ཟིན་ཐུབ་མིན་ངས་ཞིབ་ལྟ་བྱེད་ཀྱི་ཡོད་ལ། མདོར་ན། ངའི་བློ་མིག་དོགས་པོ་འདི་སྐུ་ཞབས་བློ་སེང་གི་སྲིད་སྐྱོང་དུས་ཡུན་ནང་ཡལ་ཐབས་མེད་པ་ཞིག་ཀྱང་ཡིན།
མཆན་བུ་འདི་ལ་གོ་རྒྱུ་ཞིག་འདུག་པས་འདིར་དྲངས་ཡོད།
༼ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༥ གི་ཆུ་ཚོད་ ༥ སྐར་མ་ ༢༤
ང་ཚོས་རང་རང་ས་ནས་གོ་དོན་རེ་དཔེར་བརྗོད་རེ་བཞག་པས་མི་ཕན་གི བློ་བཟང་སེངྒེ་ནས་བོད་ལ་གོ་དོན་དེ་འདྲ་ཡོད་པ་ཨང་གྲངས་དེ་འདམ་པ་ཡིན་ཅེས་མ་བཤད་པར། ཀྲུང་གོ་ལ་དེ་འདྲ་ཡོད་པ་རེད་ཟེར་ནས་འདམ་པ་དང་། ཁྱད་པར་ཀྲུང་གོའི་ཨོ་ལེན་ཕེཀ་ཡིན་ན་ཅིག་གི་ཉིན་མོ་འདམ་པ་ཡིན་ཟེར་ནས་བཤད་པ་རེད་ཟེར། བཙན་བྱོལ་སྤྱི་ཚོགས་ནང་དུ་རྒྱ་ནག་ཏུ་ཨོ་ལེན་ཕེཀ་རྩེ་པ་དེ་དོན་ལ་གནས་པ་མ་རེད་ཟེར་ནས་ངོ་ལོག་བྱས། བོད་ལ་རང་དབང་མི་འདུག་ཟེར་ནས་ངོ་ལོ་བྱས་བྱས་ཚང་མ། ད་ཐེངས་གི་བློ་སེང་གི་བྱེད་སྟངས་འདིས་ང་ཚོ་ནོར་བ་རེད་ཟེར་ནས་མ་དྲིས་པར་ངོས་ལེན་བྱས་པ་ཞིག་རེད།
ད་དུང་གད་མོ་ཤོར་དགོས་པ་ནི། བོད་སྐད་ཤེས་པ་དེ་མ་བཤད། དབྱིན་ཇི་ཤེས་པ་དེ་མ་བཤད། རྒྱ་སྐད་མི་ཤེས་པ་དེའི་སྟེང་ན་པྰ་པྰ་ཅོའོ་ཅོའོ་སོགས་གོ་ན་ངོ་ཚ་ནས་འབར་འགྲོ་རུང་། ཁོང་ལ་ངོ་ཚ་རྒྱུ་ནི་ཡོད་མི་སྲིད། ངོ་ཚ་རྒྱུ་ཡོད་ན་འོས་ཤོག་ཐོབ་པ་དང་ལྷན་དུ་ད་ལྟའི་བར་དུ་བརྒྱུད་ཡོང་པའི་བོད་གཞུང་ལ་རྫོགས་ཚིག་འབྲི་མི་སྲིད། ལྟད་མོ་མང་པོ་རྗེས་ནས་སྟོན་རྒྱུ་རེད། སྐུབ་སྟེགས་སྟེང་དུ་མ་བསྡད་པའི་སྔོན་ནས་ལྟད་མོ་མང་པོ་བསྟན་ཚར་སོང་། ༽
སྟག་ར་ལུང་རྟོགས་ལ་སོགས་བོད་མི་ཚོས།།
བསམ་འདུན་དོགས་པ་སྦྲེལ་ཏེ་སྤེལ་བ་འདི།།
ཡ་གའི་གནད་ཀྱི་མདོ་ཁར་མི་རེག་ཀྱང་།།
དམའ་རིམ་རྣམ་རྟོག་མཚོན་ཆའི་འཁོར་ལོ་ཉིད།།
དངོས་པོ་གཅིག་ལ་མཐོང་ཚུལ་སྟོང་ཕྲག་གིས།།
མ་མཐུན་མ་འདུས་རིགས་མཐུན་མི་འདི་རྣམས།།
མདོར་གྱིས་དེད་ན་རིགས་པ་ཡག་དག་ལ།།
འགྲོགས་ནས་དཔྱད་པ་བྱེད་མཁན་ཉུང་ཉུང་ཡིན།།
ཟླ་དུས་ཚེས་གྲངས་བཞེད་ཕྱོགས་རྒྱ་མིའི་ལུགས།།
གངས་ཅན་བོད་པའི་ལུགས་ལ་མི་མཛའ་བ།།
སྐྱེས་བོ་ཕལ་བའི་ཡིད་དུ་འཁོར་ངེས་པ།།
སྐབས་འཚོལ་རྐང་པ་འཐེན་པར་གང་ནས་འགྲོ།
དེ་བས་རང་ལུགས་རང་གིས་སྲུང་ཤེས་ན།།
ཕ་རོལ་གོ་འཁྲབ་མཚོན་ཆས་མི་བཏུབ་པ།།
བདེན་པ་རྣམ་པར་རྒྱལ་བའི་ལོ་རྒྱུས་ཉིད།།
ཁྱེད་རྣམས་འདྲ་བའི་རང་རིགས་དག་གིས་སྦྱོངས།།
བཀའ་ཁྲིའི་དམ་འབུལ་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་གནང་བ་དེ་བོད་པའི་རིག་གཞུང་གི་ཞག་རྩི་མེད་པའི་རྟགས་སུ་སྨྲ་བ་དག་ཉོན་ཅིག ཁྱོད་ཚོ་བོད་པའི་རིག་གཞུང་ལ་དུང་བ་ཡོད་པ་ནི་དགའ་འོས་མོད་དེ། སྐབས་འདིར་བོད་ལུགས་ཀྱི་དབང་དུ་བྱས་ན་༨༨།༩༩༩།མིན་པར་བོད་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ་ཁེལ་ཡོད། དུས་དེ་ནི་སྐྱེ་འགྲོ་སྤྱི་དང་ལྷག་པར་གངས་ཅན་པར་བཀའ་དྲིན་ཆེ་བའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོའི་ནང་དུ་ཕའི་རྒྱུ་དང་མའི་རྐྱེན་ལ་མ་ལྟོས་པར་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་མེ་ཏོག་པདྨའི་སྙིང་པོར་རྫུས་ཏེ་སྐྱེས་པའི་འཁྲུངས་སྐར་དང་མཉམ་དུ་ཁེལ་ཡོད་སྟབས་ཧ་ཅང་གི་རྟགས་དང་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཡིན་པས་ཐུགས་ལྷོད་ལྷོད་གནང་རོགས་ཞུ།
ཀཱི་ལང་ཐུབ་བཟང་ལགས།
ཁྱེད་ནས་དོན་གནད་ཅིག་བཤད་ཀྱི་ཡོད་རབ་བསམ་མོད་ཀྱང་། སྐུ་ཞབས་བློ་སེང་གིས་དང་པོ་ཨ་རི་ནས་རྒྱ་རིགས་གྲོགས་པོ་ཚོར་འགྲེལ་བཤད་རྒྱག་དུས་ནས། བོད་ཚེས་གང་དུ་འཁེལ་ཡོད་མེད་རྩ་བ་ནས་འགྲེལ་བཤད་མ་རྒྱབ་མེད། ད་བར་འགྲེལ་བཤད་གང་ཡང་གནང་མེད། དེས་རྐྱེན་ཨྱོན་མཚོ་ལས་སྐྱེས་པའི་ཉིན་མོ་འཁེལ་ཡོད་ན་དེ་ནི་ཁོང་ལ་ལམ་ཐུག་ཅིག་ལས་ཅི་གང་ཡང་མིན། དེས་རྐྱེན་བྱེད་སྟངས་འདི་ལས་ཁོང་གི་སྤྱི་ཁོག་ལ་དོགས་སློང་བྱ་ཆོག་པ་ནི་གཟུར་གནས་ཀུན་གྱིས་མི་མཁྱེན་པ་ཅི་ལ་ཡོད་དམ།
ལྷག་པར་ཏུ་ཁྱེད་འདྲའི་རིགས་ཀྱིས་ནུས་བ་སྤུངས་བ་དང་རྒྱབ་སྐྱོར་བྱ་ཁུལ་ཡིན་ན། གཙོ་བོ་ཁོང་གི་གནང་ཕྱོགས་ཀྱི་ངོས་གཉིས་ཀ་མཁྱེན་པ་གནང་ནས་རྒྱབ་སྐྱོར་བྱེད་ཐུབ་ན། ད་གཟོད་ཁོའི་བློ་རྩ་ཇེ་བརྟན་ལ་འགྲོ་ངེས་རེད། དེ་མིན་ཨུ་ཚུགས་གླེན་ཤེད་ཀྱི་དུས་རབས་རྫོགས་ཟིན་པས། དཔའ་བོ་བྱེད་ན་རྣམ་དཔྱོད་ཅན་ཞིག་བྱེད་དགོས་པ་རེད་དོ།
བོད་བསྒྱུར་བྱས་པའི་སྐུ་ཞབས་བློ་སེང་གི་རྩོམ་ཡིག་དེའི་ནང་། སྤྱིར་དམིགས་གསལ་གྱིས་ང་ཚོའི་འདང་རྒྱག་ཕྱོགས་དང་མི་མཐུན་ས་ཆེར་མི་འདུག འདྲེ་མགོ་རྡོ་ནས་༿བཀའ་ཁྲིའི་གནས་ཚད་དང་མཐུན་པའི་རྩོམ་ཡིག་ཅིག་ཡིན་མིན་མི་ཤེས་ཀྱང་། ༾ གསུངས་བཞིན་ཞིབ་འདང་རེ་དང་རྒྱོབ་དང་། དང་པོ། རྒྱ་ལུགས་བཞིན་གྱི་ཚེས་གྲངས་གཏན་འཁེལ་ནས་སྲིད་སྐྱོང་བསྒྲགས་གཏམ་སྤེལ་བ་འདི། སུས་ཀྱང་བསམ་མ་མྱོང་བའི་དོན་རྐྱེན་གློ་བུར་ཞིག་ཡིན་སྟབས་ང་ཚོ་ཡོངས་སུ་འདྲོགས་ལངས་ནས་རང་རང་གི་བསམ་ཚུལ་འདོན་བཞིན་པ་ལྟར། དོན་དངོས་ནས་བཤད་ན་ སྐུ་ཞབས་བློ་སེང་ལ་ང་ཚོ་དང་མི་འདྲ་བའི་བསམ་གཞིགས་བྱེད་སྟངས་རྣོ་ངར་ཅན་ཡོད་པའི་ཁྱད་རྟགས་རེད། འོན་ཀྱང་ཅིའི་ཕྱིར་དུ་བཀའ་ཁྲི་བློ་སེང་ལགས་བསམ་གཞིགས་འདི་ལྟར་བྱས་་བ་ཡིན་ནམ། ཨང་གྲངས་བརྒྱད་འདི་བོད་མི་རིགས་ལ་མཚོན་ན་༿ལྕགས་སྒྲོག་ཁོལ་མ་དང་རྣོ་ལྕགས་ངར་མ༾ཚབ་དུ་གྱུར་མྱོང་བའི་ཚུལ་སུས་ཀྱང་མ་མཐོང་མ་ཐོས་ཟེར་སྲོལ་ག་ལ་ཡོད། ལྷག་དུ་བཀའ་ཁྲི་ཞིག་གི་ཐད་ནས་དེ་བས་ཀྱང་ངོ། འདི་ལྟར་འདང་རྒྱག་ཕྱོགས་ཚོར་ཤུགས་ཀྱི་སྟོབས་ཆེ་སྟབས་བརྡར་ཤ་ཡང་དག་ཅིག་གཅོད་བྱེད་དུ་ཆ་རྐྱེན་ཡག་པོ་རང་མ་རེད། ཕྲན་གྱིས་བཀའ་ཁྲི་བློ་སེང་རང་མི་རིགས་ཀྱི་རིག་གཞུང་གི་རུས་རྐང་མི་འདུག་སོགས་རྫབ་ཆེན་དེ་འདྲ་ནམ་ཡང་ལབ་མི་སྲིད། དེ་ལས་རྒྱ་ནག་གི་གཅེས་ཕྲུག་དུ་གྱུར་བའི་ཨང་གྲངས་འདི་ལ་བློ་སེང་ལགས་སྙིང་ཉེ་དགོས་དོན་གང་ཡིན་ནམ། རྒྱ་ནག་ཨང་གྲངས་འདི་ལ་དུང་བ་ཟབ་རྐྱེན་ཁོ་བོས་སྤྲེད་འཁྲབ་པའམ། ཡང་ན་རྒྱ་ནག་ཕྱོགས་ནས་དོ་སྣང་ཆེར་བསྐྱེད་དུ་ཡིན་ནམ། དེ་མིན་ན་་་་ཅི་ཞིག་ཡིན་ནམ་སོགས་འུ་ཅག་གིས་བསམ་གཞིགས་ཡང་དང་བསྐྱར་དུ་བྱེད་ཆོག གཉིས་བ། ༼ མི་ལོ་བཅུ་ཕྲག་རིང་ཏཱ་ལའི་བླ་མའི་བོད་ཀྱི་སྲོལ་རྒྱུན་ཁྲོད་ལྷ་དང་སྐུ་དྲག་གིས་དབང་སྒྱུར་བའི་མ་ལག་རིམ་བཞིན་དོར་ཏེ་བོད་མི་ཚོར་ཁོང་ཉིད་ཞལ་མ་བཞུགས་པའི་ཉིན་མོ་གྲ་སྒྲིག་བྱ་དགོས་བའི་བརྡ་སྟོན་གྱི་ཡོད། ༽ ཞེས་གསུངས་བ་ལྟར་བོད་མི་རིགས་རང་ཉིད་ཀྱི་ཆེད་དུ་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་ཁམས་དང་མོས་བ་ལྟར་ཐག་གཅོད་གང་ཡང་བྱེད་རུང་བ་འདི་ཙམ་རེད། རྟགས་དང་རྟེན་འབྲེལ་ཀྱི་ཆེད་དུ་བོད་སྤྱི་བའི་རྩ་དོན་ལ་ཤུགས་རྒྱག་གི་ཡོད་ན་དཀའ་ལས་རང་རེད། འདྲེ་མགོ་རྡོ་འདང་རྒྱག་ཕྱོགས་ནན་ཏན་རེད། བཀྲ་ཤིས་ཤོག
བསམ་འགྲུབ་ལགས་ཀྱིས
སྐུ་ཞབས་སྐུ་དྲག་དང་ཁྱིམ་བརྒྱུད་ཀྱི་ཤེད་ཤུགས་ལ་དགའ་བོ་མེད་པ་གསལ་བོ་རེད།
དགོངས་དག དེ་རིང་ཡི་གེ་ཚང་མ་འཐོར་འགྲོ་གི་འདུག
གང་ལྟར་དོན་རྩ་སྐུ་ཞབས་བློ་སེང་གིས་སྐུ་དྲག་དང་ཁྱིམ་བརྒྱུད་ཆེན་མོ་རྣམས་ཀྱིས་བསྒྱུར་བའི་གནས་བབ་ལ་གདོང་ལེན་བྱེད་འདོད་ཡོད་མེད། ཁོང་གི་བཀའ་བློན་ལས་རོགས་ལས་མཚོན་ཐུབ་པ་ཞིག་ཡིན་པས། དེར་ང་ཚོས་ལྟ་དགོས་པ་ཞིག་རེད།
དུས་ཚེས་གླེང་རྒྱུ་ད་ཕལ་ཆེར་འགྲིག་སོང་། དེས་བློ་སེང་ལ་བསམ་གཞི་རེ་སྤྲད་ཡོད་ངེས་རེད། དེ་བས་ང་ཚོས་ཁོང་གི་ཕྱག་རོགས་བཀའ་བློན་གླེང་ན་མི་དགའ་འམ།
ངའི་བཀའ་བློན་རྣམས་འདི་ལྟར་ཡིན།
ཆོས་རིག བཀྲས་མཐོང་བསྟན་རྣམ།
ཤེས་རིག གཡུ་ཐོག་ཀརྨ་དགེ་ལེགས།
བདེ་སྲུང་། འབྲོང་ཆུང་དངོས་གྲུབ།
དཔལ་འབྱོར། ཚེ་རིང་དོན་གྲུབ།
དྲིལ་བསྒྲགས། རྔ་བ་ཚེ་རྒྱམ།
ནང་སྲིད། རྒྱ་རི་སྒྲོལ་མ།
འཕྲོད་བསྟེན། ལྷ་རྗེ་རྟ་མགྲིན།
དགྲ་བཅོམ་པས་བསམ་ཚུལ་གསུངས་བ་དགའ།
ང་ནི་མིང་འདོན་བྱེད་རྒྱུར་འདོད་པ་མེད། ཁྱེད་ཚོས་མུ་མཐུད་དུ་གླེང། དེ་རང་ང་ཚོ་ཚང་མ་དྲ་ཐོག་ན་ཡོད་པས་གླེང་རོགས་ཞུ།
གླེང་རོགས་ཞེས་བཅོས་དགོས།
བོན་རྒྱ་བ་དང་མི་ནག་མདུང་ཐུང་སོགས་ཀྱིས་སྐད་ཆ་བཤད་པ་ཡག་པོ་རེད། ང་ཚོས་གླེང་སྟངས་ཤེས་ན་ཡག་གི ང་ཚོས་བརྒྱད་འདི་གང་ལ་ཡོད་སར་བཙལ་ནས་ཕྱིན་པ་དང་། སྐུ་ཞབས་བློ་སེང་གིས་བརྒྱད་ལ་འགྲེལ་བ་གནང་སྟངས་གཉིས་ཀ་རྦད་དེ་ཁ་ཁ་རེད། སུས་ཀྱང་ཨང་ཀི་བརྒྱད་གང་དུ་ཡོད་མེད་སྐད་ཆ་དྲིས་ཡོད་པ་མ་རེད། མདོ་དོན་ཨང་ཀི་བརྒྱད་ལ་རྩིས་འདང་ཆེ་ལུགས་ཆེ་སྟངས་དེ་རྒྱ་ནག་གི་བཞེད་ཕྱོགས་ཁོ་ནའི་སྟེང་སྐུ་ཞབས་བློ་སེང་འབབ་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་པ་འདི་རེད།
སྐད་ཆ་འདི་ཞེན་ཁོག་དང་། སྲིད་དོན་ཚིག་འགྲོས་ནས་གླེང་དགོས་སྟབས། ཁྱེད་ཚོ་དག་གིས་བརྒྱད་གང་ཐོབ་བཙལ་ནས་སོང་བ་འདི་ལས་ཀ་ལྷག་མ་རེད། འོ་ན། བོད་ཀྱི་མཁས་གྲུབ་ཚོའི་འཁྲུངས་འདས་ལོ་ཚུགས་རབ་གསལ་མེ་ལོང་ལས་ཨང་ཀི་ཚང་མ་ཡར་མར་གང་དུའང་སྦྱར་ཆོག་ཆོག་རེད། གང་དུ་འགྲེལ་འགྲེལ་རེད། དེ་བས་ཁྱེད་ཅག་གིས་གནད་དོན་གླེང་མི་ཤེས་ན་མ་བཤད་ནའང་འགྲིག་གི་རེད། མདོ་དོན་ཆབ་སྲིད་ཟེར་བ་འདི་མི་ཚང་མས་བཤད་ན་ཤོད་འགྲོ་བ་ཞིག་ཡིན་རྒྱུ་མ་རེད་སྙམ།
དྲ་གྲོགས་ལྷན་རྒྱས། གོང་གི་ངའི་མཆན ༢༣ ཐད་ནས་བགྲོ་གླེང་ཞུ་འདོད་ཡོད་ན། ངས་དེ་རང་དང་སང་ཉིན་གཉིས་ཀར་དུས་ལྟར་ལན་ཕུལ་ཆོག གུང་གསེང་ཡིན། བྱིས་པ་ལྟ་ཞོར་བསམ་ཚུལ་ལྷུག་བརྗོད་བྱེད་ངེས་ཡིན།
ད་བར་སྐུ་ཞབས་བློ་སེང་གོ་སྐོར་ལ་ཅང་མ་ཤེས་པར་ཡི་གེ་བྲིས་པ་ཚོས་ཀྱང་། མི་རབས་གསར་བ་ཞིག་གིས་འབྱུང་འགྱུར་ལ་བཅངས་པའི་ལས་དོན་ཐད་བགྲོ་གླེང་བྱ་ཆོག དེ་ལྟར་བྱ་ཐུབ་ཚེ། གཅིག་བྱས་ན།་སྐུ་ཞབས་བློ་སེང་ལ་བསམ་གཞི་འགའ་རེག་སྲིད་པ་རེད། དེ་མིན་སྐྱ་མིན་སེར་མིན་ཚང་མས། གླེང་ཤེས་མིན་ཚང་མས་གཅིག་བཤད་བསྡད་ན་སྙིང་བོ་ཁྱོན་ནས་མི་འདུག དེ་ཐུགས་ལ་འཇགས་རོགས།
དེ་མིན་སྐྱ་མིན་སེར་མིན་ཚང་མས། གླེང་ཤེས་མིན་ཚང་མས་གཅིག་བཤད་བསྡད་ན་སྙིང་བོ་ཁྱོན་ནས་མི་འདུག དེ་ཐུགས་ལ་འཇགས་རོགས།
༧གོང་ས་མཆོག་གིས། ༼ ཁྱེད་རང་ཚོ་ཁ་ཤས་ཤིག་གིས་ཕལ་ཆེར་ཤེས་རྒྱུ་རེད། ༢༠༠༡ ལོ་ནས་ང་ཚོའི་ཆབ་སྲིད་ཀྱི་འགན་དེ་འོས་བསྡུ་བྱས་པའི་མི་དེས་ཡོངས་སུ་ཁུར་ནས་ཕྱིན་པ་རེད། ལོ ༡༠ ལྷག་ཅིག་ཕྱིན་པ་རེད། དེའི་རིང་དེར་ངོས་ཀྱི་གནས་སྟངས་ཕྱེད་རྒན་ཡོལ་ཆགས་བསྡད་ཡོད་པ་རེད། ཕྱེད་རྒན་ཡོལ་གྱི་གནས་སྟངས་ཡིན་ཞེས་ངོས་ནམ་རྒྱུན་བཤད་བསྡད་ཡོད། ཁྱེད་རང་ཚོ་ཁ་ཤས་ཀྱིས་གོ་མྱོང་ཡོད་པ་རེད།
ད་ད་ཆ་རྒན་ཡོལ་ཆ་ཚང་ཙམ་དུ་མ་ཟད་པའི་ལོ་རྒྱུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་བ་ཡིན། དེའང་དགའ་བཞིན་སྤྲོ་བཞིན་སྤོབས་པའི་ངང་ནས་བཏང་བ་ཡིན། ད་ང་ཚོའི་ད་ལོའི་འོས་བསྡུ་བྱས་ནས་ཐོབ་པའི་མི་གསར་བ་བློ་བཟང་སེང་གེ་འདིར་སླེབས་བསྡད་ཡོད་པ་རེད། སྐྱེས་ས་རྒྱ་གར་དུ་སྐྱེས། འཚར་ལོངས་ཀྱང་རྒྱ་གར་དུ་བྱུང་། ཐོག་མ་ང་ཚོའི་བོད་གཞུང་གི་སློབ་གྲྭའི་ཁོངས་སུ་སློབ་སྦྱོང་བྱས། དེ་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་། དེ་ནས་ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་བཅས་སུ་སློབ་སྦྱོང་བྱས་ཏེ་དེང་དུས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཆགས་བསྡད་ཡོད།
ད་བོད་ཡིག་ཡག་ཉེས་གང་འདྲ་ཡོད་མེད་གཞི་ནས་རྒྱུགས་ལེན་དགོས་པ་རེད། གང་ལྟར་ངོས་རང་ཡིད་ཆེས་གཙང་མ་ཡོད། དངོས་གནས་རང་འགན་ཁུར་ཐུབ་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ༽ ཅེས་བཀའ་སྩལ་འདུག
ཉེ་སྔོན་ཨ་རིར་༧གོང་ས་མཆོག་དང་དྲུང་ཆེ་ཚེ་རྒྱམ། སྐད་བསྒྱུར་མཁས་པ་ཐུབ་བསྟན་སྦྱིན་པ་བཅས་ཀྱིས་རྒྱ་རིགས་གྲོགས་པོ་སྐོར་ཞིག་ལ་མཇལ་འཕྲད་སྐབས། ༧གོང་ས་མཆོག་གིས་འོས་ཐོབ་བཀའ་ཁྲི་སྐུ་ཞབས་བློ་སེང་ངོ་སྤྲོད་གནང་བ་ཞིག་འདིར་དྲངས་ཡོད།
པ་པ་ཅུག་ཅུག་ཅུག་གི་དགོས་དོན་གསར་འགྲེལ་བྱས་སོང་། སློབ་དཔོན་རིན་པོ་ཆེའི་འཁྲུངས་སྐར་ཡིན་རབ་བཤད་སོང་། ཡག་པོ་རེད། སྐུ་ཞབས་བློ་སེང་ལ་བསམ་བློ་ཞིག་འཁོར་ཡོད་པ་ཏན་ཏན་རེད། དམངས་ལ་ཉན་འཇོག་བྱས་པ་ཐུགས་རྗེ་ཆེ།་ད་གཉིད་ཁུག་གི་ཡིན།
གུ་རུ་རིན་པོ་ཆེའི་བཀའ་དྲིན་ལ། ཁོང་ལ་མཐུ་དང་ནུས་པ་ཆེ་དྲག་ནས། རྒྱ་ནག་གི་ 八八九九九 གཉའ་ཞུམ་ཞུམ་མགོ་སྒུར་སྒུར་གྱིས་བོད་ཟླ ༦ པའི་ཚེས ༡༠ ལ་ཕྱག་འཚལ་སོང་།