ཐེ་བོ་ཤེས་རབ་རྒྱ་མཚོ།
འཐུས་ཚང་མིན་ལ་མ་ལྟོས་པར་བཙན་བྱོལ་བོད་གཞུང་འདི་དམངས་གཙོའི་ལམ་ལུགས་སུ་བསྐྱོད་ནས་མི་ལོ་ལྔ་བཅུ་འགྲོ་བཞིན་པའི་སྐབས་འདིར་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ བའི་སྟེང་གྲོས་ཚོགས་ཀྱི་འཐུས་མི་ཚོས་བཙན་བྱོལ་བོད་གཞུང་འདི་རྒྱལ་པོ་ལམ་ལུགས་སུ་བསྒྱུར་བཞིན་འདུག
དགོངས་དཀྱེལ་ཆེ་བའི་ྋགོང་ས་མཆོག་གི་ཐུགས་རླབས་ཀྱིས་གཟོད་བཙན་བྱོལ་བོད་གཞུང་འདི་དམངས་གཙོའི་གླིང་ཕྲན་སྟེང་དེད་ཟིན་ཀྱང་གདོན་འཕྲུལ་ལྟ་བུའི་གཡོ་ཇུས་ནག་པོ་ཞིག་གིས་དམངས་གཙོའི་གླིང་ཕྲན་སྟེང་འབྱོར་ཟིན་པའི་བཙན་བྱོལ་བོད་གཞུང་འདི་ཕྱིར་ལྡོག་གིས་རྒྱལ་པོའི་གླིང་ཕྲན་དུ་བསྐྱོད་རྒྱུའི་ཉེར་བསྡོགས་བྱེད་ཀྱི་འདུག ཁོང་ཚོས་གླིང་ཕྲན་དེའི་རྒྱལ་པོ་ཟམ་གདོང་རིན་པོ་ཆེ་བསྐོ་རྒྱུ་ཡིན་པ་དང་། འདི་ནི་འགྲོ་བ་མིའི་དམངས་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཐོག་ནས་བལྟས་ན་དམངས་གཙོའི་སྲིད་གཞུང་ཞིག་རྒྱལ་པོའི་ལམ་ལུགས་སུ་བསྒྱུར་རྒྱུའི་སྟ་གོན་ཡིན་པ་མ་ཟད། འདི་ནི་འགྲོ་བ་མིའི་ལོ་རྒྱུས་ཐོག་དམངས་གཙོའི་སྤྱི་དམངས་ཤིག་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་འབངས་སུ་བསྒྱུར་རྒྱུའི་ཐོག་དང་པོའི་གོམ་སྟབས་ཤིག་ཀྱང་ཡིན་པ་རེད། ང་ཡང་རྒྱལ་འབངས་དེའི་གྲས་ཀྱི་གཅིག་ཆགས་རྒྱུ་ཡིན་སྟབས་ངས་རང་ཉིད་ཀྱི་དམངས་གཙོའི་སྤྱི་དམངས་ཤིག་ནས་རྒྱལ་འབངས་ཤིག་ཏུ་བསྒྱུར་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། འདས་པའི་ལོ་ངོ་བཅུའི་རིང་ཟམ་གདོང་རིན་པོ་ཆེ་ནི་ངའི་དམངས་གཙོའི་ལམ་ལུགས་ནང་ཆེས་བླ་ན་མེད་པའི་རང་ཉིད་ཀྱི་དབང་ཚད་སྤྱད་ནས་བདམས་པའི་ངའི་དམངས་གཙོའི་དབུ་ཁྲིད་ཡིན་པ་དང་འབྱུང་འགྱུར་ལོ་ངོ་ལྔའི་རིང་ཁོང་ནི་ཁོང་གི་ཟིལ་ཤུགས་ཀྱི་ཡན་ལག་ལྟ་བུའི་མཁྲེགས་འཛིན་རིང་ལུགས་པ་ཚོས་བཙན་གྱིས་བསྐོས་པའི་ངའི་རྒྱལ་པོ་ཆགས་རྒྱུ་རེད།
དེར་བརྟེན་ངས་རང་ཉིད་ཀྱི་དམངས་གཙོའི་ཁེ་དབང་སྲུང་སྐྱོབས་ཆེད་གཞན་གྱིས་ངའི་མགོ་ཐོག་ལ་བཙན་གྱིས་འགེལ་རྒྱུའི་རྒྱལ་པོ་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ་བཙན་གྱིས་འགེལ་མཁན་ཚོར་ཡང་ངས་ངོ་རྒོལ་བྱེད་ཀྱི་ཡོད།
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཀྱི་ར་བའི་ནང་སྤྱི་འཐུས་ཚང་འཛོམས་སར་ཚོགས་གཙོ་ནས་དགོངས་པ་ཞུ་སྐབས་སོ་ཁ་ར་ཏི་བཞིན་མི་ཡུལ་ལ་འགྱོད་བཤགས་རིང་པོ་བྱས་མྱོང་། དེར་བརྟེན་ཁྱེད་ཚང་ངོ་མ་བོད་ཀྱི་སོ་ཁ་ར་ཏི་ཞིག་བྱེད་འདོད་མཆིས་ཚེ་ཁྱེད་ཀྱིས་ངེས་པར་དུ་རང་ཉིད་རྒྱལ་པོ་ཞིག་མི་བྱེད་རྒྱུ་བདག་གིས་སེམས་ཁོང་ནས་གསོལ་བ་འདེབས་བཞིན་ཡོད་ལ། འདི་ནི་བདེན་པ་ཞིག་གི་ཆེད་དུ་ཡིན་པས་བདེན་པ་ལ་རང་ཉིད་ཀྱི་ཚེ་སྲོག་གིས་སྲུང་མཁན་གྱི་རླབས་ཆེན་སྐྱེ་བུ་ཟམ་གདོང་རིན་པོ་ཆེས་རྒྱལ་པོ་མི་བྱེད་རྒྱུ་ང་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
ཞོར་དུ་གྲོས་ཚོགས་ར་བའི་ནང་གི་འཐུས་མི་དེ་ཚོར་སྐྱོན་བརྗོད་མ་བྱེད། དེ་ནི་ང་ཚོ་འོས་འཕེན་མཁན་གྱི་མི་མང་གི་བྱད་དབྱིབས་ཀྱི་ཡག་བཙོག་ལྟ་སའི་མེ་ལོང་ཡག་པོ་ཞིག་ཡིན་པས་འཐུས་མི་དེ་དག་འུ་ཚོའི་བྱད་དབྱིབས་ངོ་མ་དེ་ཡིན་པ་ཤེས་པར་གྱིས་ཤིག
ཐེ་བོ་ཤེས་རབ་རྒྱ་མཚོ་ལགས།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིས་གྲོས་ཚོགས་ནང་དེ་ལྟར་གྲོས་གཞི་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་ལ་བཀའ་བསྐྱོན་ཚ་ཐག་ཆོད་ཅིག་གནང་འདུག་པས། ཁོང་རྒྱལ་པོ་བྱེད་འདོད་མི་འདུག
གལ་སྲིད་ཁོང་རྒྱལ་པོ་བྱེད་འདོད་ཡོད་ཚེ་སྐྱོན་འདེབས་དགོས་ངེས་རེད།
ངས་དེ་སྔོན་མཆན་ཞིག་གི་ནང་དུ་དེ་ཡི་སྐོར་བཤད་ཡོད།
༧གོང་ས་༧་མཆོག་གིས་མར་དམངས་གཙོ་གཙང་མ་དང་ཡང་དག་པ་ཆ་ཚང་པ་ཞིག་གནང་ཡོད་ཀྱང་བོད་མིས་དེ་དག་ལོངས་སུ་སྤྱོད་ཐུབ་ཡོད་མ་རེད་ཅེས་བཤད་ཡོད། དེས་ན་དེ་ཡི་ཚེ་དེ་ཡི་དུས་ན་ཞེས་ཀྱང་བཤད་ཡོད།
བོད་ཀྱི་དུས་བབས་ལས་དྲངས་པ།
ཡིག་ཆ་དེ་གྲོས་ཚོགས་སུ་སླེབས་རྗེས་བཀའ་ཁྲི་མཆོག་གིས། གྲོས་ཚོགས་སུ་ཡིག་ཆ་དེ་ཚུད་གི་མ་རེད་བསམ་པའི་རེ་བ་བྱུང་ལ་ཡིད་ཆེས་ཀྱང་ཡོད་ནའང་། ཡིག་ཆ་དེ་ཚུད་པར་བརྟེན་ཧ་ཅང་གི་ཐ་ཞན་ཏུ་མཐོང་གི་ཡོད། ཅེས་བློ་ཕམ་གྱིས་གསུངས།
སྐབས་དེར་ཁོང་གིས་གསུངས་དོན། བཅའ་ཁྲིམས་ནང་ལས་ཡུན་གཉིས་བསྟུད་མར་བྱས་པ་མ་ཡིན་པ་ཟེར་བ་དེར་བསམ་ཞིག་མ་བྱས་པ་དང་ཧོལ་རྒྱུག་གི་ངང་ནས་བཅུག་པ་དེ་འདྲ་མིན་པར་བསམ་བློ་མང་བོ་བཏང་བ་དང་། ཞིབ་འཇུག་མང་བོ་བྱས་ཏེ་དགོས་པ་རྒྱུ་མཚན་ཡོད་པའི་ཐོག་ནས་བཅུག་པ་ཞིག་རེད། དེའི་ཐོག་ཏུ་སྔོན་མ་བགྲོ་གླེང་གནང་མྱོང་ནའང་ཚུད་མེད། དེ་མ་ཚུད་པ་དེ་ནི་ཡང་དག་པ་ཞིག་རེད་བསམ་གི་འདུག་ཅེས་གསུངས།
ཡང་ཁོང་གིས། མང་གཙོའི་མངོན་འདོད་ཟེར་བ་དེ་གལ་ཆེན་པོ་རེད་ལ། དེ་ལ་འཛིན་སྐྱོང་དང་གྲོས་ཚོགས་སུ་ཡིན་རུང་ཚོར་སྣང་མེད་པ་ལྟར་བྱས་ན་འགྲིག་གི་མེད་པར། ཐུགས་སྣང་གནང་དགོས་ཀྱི་ཡོད་མོད། དུས་ཤེས་པ་དང་སྐབས་ཤེས་པ་ཞིག་དགོས་ལ། ད་ལྟའི་བཅའ་ཁྲིམས་འདིར་འགྱུར་བ་འགྲོ་མིན་ནི་ད་ལྟ་བཀའ་བློན་ཁྲི་པའི་ལས་གནས་ཞུ་བཞིན་པའི་གང་ཟག་དེ་ལ་ཕན་གནོད་གང་ཡང་མེད་པར། གང་ཟག་དེའི་རང་དབང་ག་དུས་ཡིན་ནའང་གང་ཟག་དེས་ཉར་རྒྱུ་མ་གཏོགས། བཅའ་ཁྲིམས་བསྒྱུར་བ་བཏང་ནས་འཕྲོག་ཐུབ་པ་དང་། བསྒྱུར་བ་མ་བཏང་ནས་འཕྲོག་ཐུབ་པ་གཉིས་ཀ་མེད་ཅེས་དང་། ད་ལྟའི་གནས་སྐབས་སུ་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་ཁྲིའི་འོས་བསྡུའི་ལས་རིམ་ཁྱབ་བསྒྲགས་བྱས་ཟིན་པ་དང་། མང་ཚོགས་ནང་ཚ་ཚ་འུར་འུར་གྱིས་ལས་འགུལ་འགྲོ་བཞིན་པའི་སྐབས་འདིར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་བསྣམས་ཕེབས་པ་འདི། ཁྲིམས་ཀྱི་དབང་བསྒྱུར་གྱི་ལྟ་གྲུབ་དང་མཐུན་གི་མི་འདུག་ཅེས་གསུངས་ཡོད།
སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར། ཁོ་མོས་བཀའ་ཁྲིའི་ཡུན་ཚད་བསྐྱར་བཅོས་ཀྱི་ཡིག་ཆ་དེ་ཁྱེར་ཡོང་དོན། ད་ལྟའི་བཀའ་ཁྲི་ཙམ་མིན་པར་མ་འོངས་པར་བཀའ་བློན་ཁྲི་པ་གཞན་རྣམས་ལའང་ལམ་ཁ་ཡོད་པ་ཞིག་ལ་བསམ་བློ་བཏང་བས་ཡིན་ཞེས་གསུངས།
རྒྱལ་པོ་ཐོག་མའི་མིང་ལ་མང་བསྐུར་རྒྱལ་པོ་བཤད་ཅིང་མིང་དེ་འདྲ་ཐོགས་ཚུལ་ཡང་མི་མང་གིས་ཁོང་རྒྱལ་པོ་བཀོས་པ་ལས་ཁོང་དེང་སེང་གི་སྲིད་དབང་སྒེར་སྤྱོད་པ་ལྟ་བུ་མ་རེད། རྒྱུ་མཚན་དེ་ལ་ལྟས་ན་ཟམ་གདོང་རྒྱལ་པོར་མི་འགྱུར་པའི་ངེས་པ་མེད་། གལ་སྲིད་ཟམ་གདོང་རྒྱལ་པོར་འགྱུར་ན་གོང་ས་མཆོག་གི་དགོངས་དོན་དང་མང་གཙོའི་འགྲོ་ལུགས་སོགས་ཕྱོགས་ཡོངས་སུ་འགལ་་ཡིན་།
གལ་སྲིད་ཟམ་གདོང་རྒྱལ་པོ་འགྱུར་པ་ཡིན་ན་དེ་ནས་རྒྱ་མི་ལ་སྐྱབས་འཅོལ་ན་ཁེལ་ཕན་ཆེའོ