ཅོ་རི་ཉི་མ།
དྲ་འབུ་ལགས་ལྟོས་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་ལམ་ལུགས་ཀྱི་དབང་སྒྱུར་འོག་ཏུ་ཡོད་པའི་བོད་མི་རིགས། འགྱེལ་ས་ནས་ལང་ཐུབ་ཆེད། རྒུད་ས་ནས་ཡར་རྒྱས་ཡོང་ཆེད། རང་དབང་མེད་ས་ནས་རང་དབང་འཐོབ་ཆེད། སྒེར་གཅོད་ནས་དམངས་གཙོའི་ལམ་དུ་བསྐྱོད་ཆེད་དུ་དྲ་འབུ་ནི་ལྷ་ཡི་ཆོ་འཕྲུལ་ལྟ་བུ་དང་། བདུད་ཀྱི་གཉའ་གནོན་ལྟ་བུ་ཆགས་ཡོད་པས་དུས་དང་རྣམ་པ་ཀུན་དུ་དགག་རྩོམ་འབྲི་དགོས་། དགག་མཆན་འདེབས་དགོས། ཤུགས་རྒྱོབས་དྲ་འབུ་ཚོ།
ཤར་གྱི་དམར་པོའི་སྲིད་དབང་སྒེར་གཅོད་པ་དང་ནུབ་ཀྱི་དཀར་པོའི་ལྷ་དབང་ལམ་ལུགས་ཀྱི་དཔོན་བློན་དག་སྐྲག་ས་གཅིག་ཡོད་པ་དེ་ནི་སྤྱི་ཚོགས་དྲ་རྒྱའི་སྟེང་གི་དྲ་འབུ་དག་ཡིན། སྤྱི་ཚོགས་དྲ་རྒྱའི་སྟེང་གི་དྲ་འབུ་དག་ནི་དུག་སྦྲང་ལྟ་བུ་ཡིན། དུག་སྦྲང་གི་གཤོག་པ་བྲག་ལ་བརྡབས་ནས་བྲག་རི་འཐོར་བའི་ལོ་རྒྱུས་མེད་ཀྱང་སྲིད་དབང་སྒེར་གཅོད་པ་དང་ལྐོག་ཟ་རུལ་སུངས་ཀྱི་དཔོན་ངན་ཚོའི་ཉལ་སའི་སྔས་མགོའི་ཕྱོགས་སུ་དུག་སྦྲང་བརྒྱ་ཕྲག་མང་པོས་གཤོག་པ་བརྡབས་དུས་དཔོན་ངན་དག་སྐྱིད་ཉལ་བྱས་ནས་གཉིད་ཁུག་ཐུབ་རེ་རྩ་བ་ནས་མེད།
ལྟོས་དང་དྲ་འབུ་ཚོ། ཤར་གྱི་དམར་པོའི་སྲིད་དབང་སྒེར་གཅོད་པ་དང་། ནུབ་ཀྱི་དཀར་པོའི་ལྷ་དབང་ལམ་ལུགས་པ་གཉིས་ཀྱིས་སྡུག་སྐད་ག་ཚོད་ཤོར་བཞིན་མི་འདུག་གམ། སྤྱི་ཚོགས་དྲ་རྒྱའི་ཐོག་གི་དྲ་འབུ་ལ་སྡང་ཟུག་ག་ཚོད་བྱེད་བཞིན་མི་འདུག་གམ། དྲ་འབུ་འགོག་ཐབས་དང་། དྲ་འབུའི་ཁ་གཏད་བཅག་ཐབས་ག་ཚོད་བྱེད་བཞིན་མི་འདུག་གམ། འདི་ནི་དྲ་འབུ་ལ་ནུས་པ་ཡོད་པའི་རྟགས་རེད། འདི་ནི་དྲ་འབུ་ལ་འཇོན་ཐང་ཡོད་པའི་རྟགས་རེད།
ཉོན་དང་དྲ་འབུ་ཚོ། ཆོས་སྲིད་ཟུང་འབྲེལ་གྱི་ལྷ་དབང་ལམ་ལུགས་ཀྱི་གྲོས་ཚོགས་ནང་གི་ཁ་ཡོད་ལག་སྟོང་གི་གྲོས་ཆོད་དང་སྤྱི་ཚོགས་དྲ་རྒྱའི་སྟེང་གི་དྲ་འབུའི་དགག་མཆན་གཉིས་ལས་ནུས་པ་དྲ་འབུའི་དགག་མཆན་གྱིས་ཆེ་བ་ཡོད། སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཀྱང་དྲ་འབུའི་དགག་མཆན་གྱིས་ཆེ་བ་ཡོད། དཔེར་ན། ད་ལན་ཟླ་སྒྲོལ་ཆུང་ཆུང་བཀའ་བློན་གྱི་རྐུབ་སྟེགས་སྟེང་ནས་མར་ཕབ་པ་དེ་ཡང་དྲ་འབུའི་དགག་མཆན་གྱི་ནུས་པ་རེད།
བོད་པའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་གང་དུ་སྐོར་མིན་དང་། དཔོན་ངན་ལྐོག་ཟ་རུལ་སུངས་ཚོ་དག་ཐེར་ཇི་ལྟར་བྱ་ཐུབ་མིན་བརྒྱ་ཆ་ལྔ་བཅུ་དྲ་འབུ་ཚོའི་ནུས་ཤུགས་ལ་རག་ལུས་ཡོད། དེར་བརྟེན་དྲ་འབུ་ནི་དགོས་མཁོ་ཡོད་པའི་དངོས་པོ་ཞིག་ཡིན། མུ་མཐུད་ནས་འབྲི་རོགས་བྱོས་ཞེས་ཞུ་རྒྱུ་ཡིན།
དྲ་གྲོགས་ཅོ་རི་ལགས་རྩོམ་ངོ་མས་ཡག་གདའ། དགའ་ནས་ཡོད། བྱི་ལ་དཀར་ནག་ལ་ཁྱད་པར་མེད་པ་ལྟར། ལྷ་དབང་ལམ་ལུགས་དང་དམར་པོའི་སྲིད་དབང་སྒེར་སྤྱོད་གཉིས་ལ་ཁྱད་པར་ཅུང་ཙམ་འདུག ལྷ་དབང་ལམ་ལུགས་ནི་མིས་བྱེད་ཐུབ་པ་གང་འདུག་དེས་མ་ཐུབ་ན་དངོས་མེད་ཀྱི་ལྷ་འདྲེ་བོས་ཡོང་གི་རེད། ལྷ་མི་གཉིས་ཀྱིས་འགོག་མ་ཐུབ་ཚེ་རྨོངས་འཐོམ་པ་ཚོས་རྡོ་ཆར་ཕབས་ཡོང་གི་རེད། དམར་པོའི་སྲིད་དབང་སྒེར་སྤྱོད་པས་མིས་མི་ལ་བཀོད་འདོམས་བྱེད་ཐུབ་པ་ལས་དངོས་མེད་ལྷ་འདྲེ་བཀོལ་ནས་གནོན་ཤུགས་སྤྲོད་ས་མེད། བྱས་ཙང་མི་མངོན་པའི་ལྷ་འདྲེ་བཀོལ་ནས་རང་རྒྱལ་གཞན་ཕམ་བྱེད་རྒྱུའི་ལམ་ལུགས་དེ་དམངས་ཀྱི་རྨོངས་པ་ལུག་སྨུག་པའི་གསེབ་ལ་འགྲོ་བ་ནང་བཞིན་རྨོངས་པའི་སྨུག་པ་འདྲ་བ་དེ་མ་སངས་བར་དུ་ལྷ་དབང་ལམ་ལུགས་དེ་ཡལ་རྒྱུར་དཀའ་སེ་རེད། དུས་རབས་འདི་འདྲ་ཞིག་ལ་སླེབས་ཀྱང་ད་དུང་རྨོངས་པའི་ཞྭ་མོ་དེ་མ་ཕུད་པར་འདུག་ལུགས་འདི་དུས་རབས་ཀྱི་རྗེས་ལུས་རེད།
ཅོ་རི་ལགས་ཁྱེད་ཀྱི་གསུངས་པ་ལྟར་སྤྱི་ཚོགས་དྲ་རྒྱ་དང་དེའི་ནང་གི་དྲ་བུའི་ནུས་ཤུགས་ཤིན་ཏུ་ཆེ་བ་ནི་དངོས་བདེན་རེད་ལ་རྒྱབ་སྐྱོར་ཀྱང་ཞུ་རྒྱུ་ཡིན་་་་་འོན་ཀྱང་རང་གི་སྒྲིག་འཛུགས་དང་དབུ་ཁྲིད་ལམ་ལུགས་སོགས་ལ་ཟུར་ཟའི་གཞི་མེད་སྐྱོན་བརྗོད་དེ་ཙམ་མ་གནང་བར་གང་ནས་གྲིན་མིན་ཐད་ཀར་གསུང་ན་སྐྱོན་ཆ་རྣམས་ཡོ་སྲང་ཡོང་རྒྱུར་ཕན་ཐོག་ཆེ་་་་་དཔེར་ན་ཟླ་སྒྲོན་གྱི་ལོ་ཚད་ལོན་གྱི་མེད་པ་ལྟ་བུ་རེད་་
གང་ལྟར་ཕྱི་ནང་ངོས་ཟིན་དགོས།
ཁ་བ་རི་པ་བདེན། ཕྱི་ནང་ངོས་མ་ཟིན་མཁན་གྱི་མི་དེ་ཚོས་དགྲ་བོ་གུང་ཁྲན་ཏང་གི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་བོད་མི་ཡོངས་རྫོགས་བཅུག་གི་ཡིན་ཟེར་དུས་སྐྱུག་མེར་ལངས་ཀྱི་ཡོད། བཙན་པོའི་རུས་རྐང་རྡུངས་མཁན་དང་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྐྱག་པ་བཏང་མཁན་གྱི་མི་དེ་ཚོ་ནི་བྱབ་ཆུང་རང་རེད་ལ་ཕྱི་ནང་མི་ཤེས་པའི་མི་རེད། དེ་ཚོ་ལ་བསླབ་བྱ་འདྲ་རྒྱབ་ཐུབ་ན་ཡག་པོ་འདུག
བོད་པ་རྗེས་ལུས་ཐེབས་མེད་སྟངས་ཀྱི་སྐོར་ལ།
https://www.youtube.com/watch?v=_ACdA_LjX7U
བོད་རིགས་མི་རིགས་ཀྱིས་འགོ་འཁྲིད་པ།
https://www.facebook.com/jam.che.5/videos/783541878456889/
རང་ཉིད་ཀྱང་དྲ་འབུ་རྫབ་ཆེན་ཞིག་ཡིན་པ་མ་བརྗེད་ན་ཡག་པོ་རེད།
ཀརྡོ་་་་སྐུ་ངོ་ཟམ་གདོང་བླ་མའི་གད་རྙིགས་དེ་ཚོ་འདིར་ཁུར་ཡང་ནས་ཅི་བྱ་རྩིས་ཡིན་་ཨ། ཟམ་གདོང་བླ་མས་སྲིད་མི་ཤེས་པའི་ཐོག་ཏུ་གྲྭ་ཆས་ཤིག་གྱོན་ནས་ཆོས་ཡང་ཡག་པོ་ཤེས་ཀྱི་ཡོད་ཟོལ་མི་འདུག ང་ཅོ་རི་དྲང་ངེས་མཁས་པ་ཞིག་ཅང་མིན་ཀྱང་རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་སེམས་གཙོ་སྨྲ་བ་ཡན་ཆད་བློ་འཛིན་བྱས་མྱངས་ཡོད།
ཤཀྱའི་རྒྱལ་པོས་འཁོར་ལོ་དང་པོའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཆད་རང་ངོས་ནས་གྲུབ་པའང་བདེན་པར་གྲུབ་པ་ཡིན་ཞེས་གསུངས། འཁོར་ལོ་གཉིས་པའི་སྐབས་སུ་ཀུན་བཏགས་རང་ངོས་མ་གྲུབ་ཤིང་གཞན་དབང་དང་ཡོངས་རང་ངོས་གྲུབ་ཅེས་གསུངས། འཁོར་ལོ་མཐའ་མའི་སྐབས་སུ་ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ་ཅེས་གསུངས་པ་རེད།
སྐུ་ངོ་ཟབ་གདོང་གིས་བཤད་སྟངས་བྱས་ན་་་་་འཁོར་ལོ་དང་པོའི་སྐབས་སུ་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་དང་། འཁོར་ལོ་གཉིས་པའི་སྐབས་སུ་ཆོས་ཐམས་ཅད་རང་ངོས་མ་གྲུབ་ཅེས་སྟོན་པས་གསུངས་པ་རེད་ཅེས་བཤད་བཞིན་གདའ།་་་་་ཧཧཧ ཆོས་ལུགས་ཀྱི་ཐོག་ཏུ་ཤེས་ཚོད་འདི་ཙམ་ལས་མི་འདུག གདན་ས་ཁག་ཏུ་ཡོད་བཞུགས་པའི་གྲྭ་རྐྱང་དཀྱུས་མ་བ་ཚོས་ཀྱང་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་སྐབས་སུ་ག་རེ་གསུངས་ཡོད་མེད་ཤེས་ཀྱི་རེད།
བོད་ཀྱི་རིག་གཞུང་གི་ཐོག་ཏུ་ཤེས་ཚོད་སྤུ་ཙམ་ཡང་མེད་པའི་སྲིད་སྐྱོང་བློ་སངས་ལྟ་བུ་ཞིག་ལ་གསུངས་ན་ཡིན་ཡིན་བདེན་བདེན་འདྲ་ཞིག་ཡོད་སྲིད་ཀྱང་ང་ཅོ་རི་ལྟ་བུ་ཞིག་ལ་སྐད་ཆ་དེ་འདྲ་བཤད་ན་དགོད་མོ་ཤོར་བའི་རྒྱུ་རེད་དོ།
བོད་པ་སྤྱི་ཚོགས་དངོས་པོའི་དཔལ་ཡོན་གྱི་ཐོག་ནས་རྗེས་ལུས་ཡིན་མིན་ལོང་བ་མིན་ན་མཐོང་ཚོད་དང་། འོན་པ་མིན་ན་གོ་ཚོད་ཡིན་སྟབས་ཅོ་རིས་འདི་ནས་གསལ་བཤད་མི་དགོས་པར་བྱོས།
སྔར་རྒྱ་གར་དང་། ཛམ་གླིང་ཡུལ་ལུང་ཐམས་ཅད་དུ། ཆོས་རྒྱལ་དང་ཆོས་དཔོན་ག་ཚོད་མཁས་མཛངས་བྱུང་ཡོད་ན་ཡང་། དེའི་དུས་སུ་མགར་ལས་རིགས་དེ་དག ཆོས་རྒྱལ་དང་ཆོས་དཔོན་དེ་དག་མགར་བའི་ལས་རིགས་དེ་དག མགར་བ་དེ་ཚོ་ལས་རྗེས་ལུས་ཡིན་པ་ཀུན་གྱིས་ཤེས་ཤེས་པ་རེད།
རྒྱལ་པོ་དང་། ཆོས་དཔོན། མཁས་པ་དང་བློན་པོ་དེ་དག་མགར་ལ་རེ་བ་མ་བྱས་པར། གྲི་དང་ལྕགས་རིགས་ཀྱི་ཡོ་བྱད་བཟོ་མི་ཤེས་པ་དེ་ཀུན་གྱིས། མཁྱེན་མཁྱེན་པ་རེད།
རྒྱལ་བློན་དེག་མགར་ལས་མི་ཤེས་པ་ཙམ་གྱིས། དེ་དག་རྗེས་ལུས་རེད་ཅེས་ལབ་མི་ཐུབ་པ་ལྟར། དེང་གི་ཕན་གནོད་གཉིས་ཀ་ཡོད་པའི་་ཚན་རིག་དང་། ཚན་རྩལ་འདིས་ཀྱང་དེ་ལྟ་བུའི་བསམ་ཤེས་ཅིག་བྱེད་ཤེས་དགོས་རེད། གཟབ་གདོང་སྤྲུལ་སྐུའི་གདོངས་དོན་དེ་འདྲ་ཅིག་ལ་བབ་བཞིན་ཡོད་རེད། ཅོ་རི་ལགས།
མཁས་དབང་ཅོ་རི་ཁྱོད། དཔེ་ཆ་དེ་ཙམ་ཡག་པོ་བལྟས་ཀྱང་། ཁ་བྱང་ལ་ཕྱོགས་ནས། བློ་བསྐྱེད་ཀྱི་ཉི་མ་ཤར་ས་མེད་པ་འདི་ཅི་ཡིན་ནམ་ལགས།
ཅོ་རི་སོགས་ལ།
དཔེ་དམར་རྗེན་ཞིག་བསྟན་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས། ཀློག་ཀླད་བཟོ་མི་ཤེས་པ་དང་། ཡི་ཤུའི་ཆོས་དཔོན་པོབ་ཀྱིས། ལག་འཁྱེར་ཁ་པར་བཟོ་མི་ཤེས་ཀྱང་། ཁོང་གཉིས་རྗེས་ལུས་པ་རེད་ཅེས། སུས་ཀྱང་བསྙོན་དུ་མེད། དེ་དེ་བཞིན་དུ་བོད་རིགས་ལ་ཡང་སྦྱར་ཐུབ་ན། བོད་རིགས་ལ་ཡང་ཡོན་ཏན་མང་པོ་ཡོད་པ་ཤེས་པར་འགྱུར་རོ།།
ཀརྡོ་་་་ངས་ནང་ཆོས་སློབ་སྦྱོང་བྱས་ནས་བདག་འཛིན་ཟེར་བའི་སྐད་སྒྲ་ཆེན་པོ་དེ་སྤངས་མ་ཐུབ་པའི་དབང་དུ་བཏང་ཀྱང་རྨོངས་དད་སྤངས་ཐུབ་སོང་བ་རེད། ང་ཅོ་རི་རིག་པའི་རྗེས་འབྲངས་ཤིག་ཡིན་མ་གཏོགས་ལུང་གི་རྗེས་འབྲངས་ཤིག་མིན། ལྷག་པ་ཏུ་སྐུ་ངོ་ཟམ་གདོང་གི་ཧམ་བཤད་དང་ལོག་བཤད། འཁྱོག་བཤད་ཀྱིས་བོད་མི་རྨོངས་དད་ཅན་ཚོ་ལོག་ལམ་དུ་ཁྲིད་པ་ལྟར་ཅོ་རི་ལོག་ལམ་དུ་ཁྲིད་ཐུབ་ལེ་མ་རེད། ཅིའི་ཕྱིར་ཞེ་ན་་་་ཅོ་རི་ན་ལེན་ཌའི་རིགས་ལམ་ལ་བྱང་ཆུབ་ཡོད་པའི་ཕྱིར།་་་་ཧཧ
ཀརྡོ་་་་བོད་པ་ཚན་རིག་ལག་རྩལ་དང་སྲིད་འབྱོར་གཉིས་ཀྱི་ཐོག་ནས་རྗེས་ལུས་རེད་ཅེས་ཟེར་གྱི་ཡོད་མ་གཏོགས་ཕྱོགས་ཐམས་ཅད་ནས་རྗེས་ལུས་རེད་ཅེས་བཤད་བཞིན་མེད། དཔེར་ན་ཆོས་མིན་སྲིད་མིན་གྱི་རྫུན་གྱི་འཁོར་ལོ་སྐོར་དགོས་ན་བོད་པའི་བླ་དཔོན་དག་སྔོན་ཐོན་པ་རེད་ཅེས་ཞུ་ཆོག་གི་རེད། དེར་ཤེས་པར་བྱོས།
ཤཀྱའི་བསྟན་པ་འོ་མའི་རྒྱ་མཚོ་ལྟ་བུ་དེའི་ནང་དུ་ཁྲག་གི་ཐིགས་པ་བཏབ་དགོས་ན་བོད་བླ་ཚོ་སྔོན་ཐོན་རེད། དམག་ལ་འགྲོ་དགོས་ན་ཤཀྱའི་དགེ་སློང་གི་ནང་ནས་བོད་པའི་དགེ་སློང་སྔོན་ཐོན་རེད། ད་དུང་མང་པོ་ལབ་ཀྱི་ཡོད་་་་ཧཧཧ་་་་དེ་རིང་དེ་ཙམ་ལས་མི་ཞུ།
ཕྱིའི་དངོས་པོའི་དཔལ་ཡོན་གྱི་ཐོག་ནས་བོད་པ་རྗེས་ལུས་ཡིན་པ་འདིར་སྐུ་ངོ་ཟམ་གདོང་གིས་བོད་མི་རྨོངས་དད་ཅན་ཚོས་ཤེས་མི་ཐབས་ཀྱི་སྐད་ཆ་བཤད་བཞིན་འདུག རྗེས་ལུས་ཡིན་པ་ལས་ཀྱང་སྐྲག་དགོས་ས་དེ་ནི་རྗེས་ལུས་ཡིན་པར་ངོ་མི་ཤེས་པ་དེ་རེད། བོད་པའི་རང་ཉིད་རྗེས་ལུས་ཡིན་པར་ངོ་མ་ཤེས་ན་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་པའི་རེ་བ་མེད།
ད་འགྲིགས་སོང་། ང་ཚོར་རང་བཙན་ལེན་མ་ཐུབ་བར་དུ། བོད་པའི་ནང་གི་ཡོན་ཏན་ནང་ཆོས་སོགས་རྒྱ་མི་ལ་ཕན་ཐུབ་པ་དང་། རྒྱ་མིའི་ཕྱི་ཡི་ཡར་རྒྱས་ཀྱི་ཡོན་ཏན་དེ། ང་ཚོ་བོད་མིར་ཕྱི་ཡི་ཡར་རྒྱས་འགྲོ་བ་ལ་ཕན་ཐུབ་པ་ཅིག་ཡིན་པས་ན། དེས་ན། ཅོ་རི་སོགས་ཀྱིས་ཀྱང་། དབུས་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཐུབ་པ་ན། ཁྱེད་རྣམས་ཀྱི་ལུས་སེམས་ཀྱི་དཀའ་ངལ་ཐོལ་པ་དེ་དག་མེད་པར་འགྱུར་རོ།།
ཀརྡོ་་་བོད་བླ་མའི་ཆོས་ལུགས་ཀྱིས་རྒྱ་མི་ལ་ཕན་ཐོགས་དགོས་མདོག་མདོག་དང་འཛམ་གླིང་ལ་ཕན་ཐོགས་ཡོད་མདོག་མདོག་གི་བཤད་སྟངས་འདི་ནི་ཆོས་རྒྱལ་རང་མགོ་མ་ཐོན་མགོ་ནག་མིའི་སྲོག་སྐྱོབ་ཟེར་བ་རེད། བོད་པའི་ཤཀྱའི་ཆོས་ལུགས་འདི་ཡང་རྒྱ་མོ་ཀོང་ཇོ་ཡིས་རྒྱ་ནག་ནས་ཡར་ཁུང་ནས་བསླེབས་པ་རེད། ལྷ་སའི་ཇོ་བོ་ཟེར་བ་དེ་ཡང་རྒྱ་ལྷ་བོད་དུ་གདན་འདྲེན་བྱས་པ་རེད། བོད་ཆེན་པོའི་རྒྱལ་ཁབ་སིལ་བུ་ཐོར་སོང་བ་ཡང་རྒྱ་ཆོས་དང་འབྲེལ་ཡོད་པ་རེད། བོད་བླ་ཚོས་རྒྱ་ཆོས་སོག་ཡུལ་དུ་འཆད་ནས་སོག་པོའི་དཔའ་བོའི་རིགས་རྒྱུད་ཀྱི་སྟོབས་ཤུགས་ཉམས་ནས་རང་མགོ་གཞན་འོག་ཏུ་ཤོར་སོང་བ་རེད། བོད་བླ་མའི་ཆོས་ལུགས་འདི་ཡུལ་ལུང་གང་དུ་དར་རྒྱས་བྱུང་མྱངས་ཡོད་ན་ཡུལ་ལུང་དེ་ཉིད་སིལ་བུ་ཐོར་སོང་བ་ནི་ལོ་རྒྱུས་ཀྱི་ཐོག་ནས་ཁ་གྲགས་ཡོད་རེད།
བོད་བླ་མའི་ཆོས་ལུགས་ཀྱིས་ཕན་ཐོགས་ཡོད་མེད་བོད་པའི་མདོག་རྒྱབ་ལ་ལྟོས་དང་ཤེས་འོང་གི་རེད། ཆོས་མིན་སྲིད་མིན་འདིས་དམྱལ་བ་ཚ་དམྱལ་མི་ཡུལ་དུ་ཡར་གདན་འདྲེན་བྱས་ཡོད་པ་འདི་ལ་བལྟས་ན་བོད་བླ་ཚོས་རྒྱ་མི་རིགས་དུང་ཕྱུར་གཉིས་ལྷག་ཡོད་པ་དེ་དག་ལའང་མི་ཡུལ་ཚ་དམྱལ་མྱོང་བཅུག་འདོད་རེད་དམ།་་་་ཧཧ
ནོར་བཅོས་་་
ཆོས་མིན་སྲིད་མིན་འདིས་དམྱལ་བ་ཚ་དམྱལ་མི་ཡུལ་དུ་ཡར་གདན་འདྲེན་བྱས་ཡོད་པ་འདི་ལ་བལྟས་ན་བོད་བླ་ཚོས་རྒྱ་མི་རིགས་དུང་ཕྱུར་བཅུ་གཉིས་ལྷག་ཡོད་པ་དེ་དག་ལའང་མི་ཡུལ་ཚ་དམྱལ་མྱོང་བཅུག་འདོད་རེད་དམ།་་་་ཧཧ་་་ཞེས་བཅོས
ཀརྡོ་་་ཁྱོད་ཁ་རྩེད་པའི་དུས་ཚོད་མི་འདུག སློབ་གྲྭར་རན་སོང། རྗེས་སུ་ཐུག་འོང
ཡ་ཡ། ལགས། ལགས་སོ།། །།
ཅོ་རི་ལགས་ད་བར་སྦྱང་ནས་བསམ་བློ་འཁྱེར་ཕྱོགས་དང་ཤེས་ཚད་དེ་ལས་མེད་ན་ད་དུང་སློབ་གྲྭར་ཕྱིན་ནས་ཕན་ཐོག་གང་ཡོང་་་་་་་་ཟམ་གདོང་བླ་མས་ཁྱོད་འདྲ་སྤྱི་ཚོགས་དྲ་རྒྱའི་ནང་དོན་མེད་སྐྱོན་བརྗོད་རིགས་བྱས་ནས་མ་བསྡད་པར་བོད་སྤྱི་པའི་ལས་དོན་བྱས་ཡོད་པ་རེད་ད་་་་་་ད་བྱས་ན་གང་ཡང་འཇོན་རྒྱུ་མེད་པ་ཁྱོད་འདྲ་བ་ལ་མཁས་དབང་ཞུ་དགོས་པ་རེད་དམ་་་་་་་་
ཅོ་རི་ལ་དགོས་པའི་ཆོས་ཞིག་འདི་ན་འདུག
https://www.facebook.com/trendinginchina/videos/703963459707140/
ཡང་ན་ཆོས་ཡོད་ཚད་ཐམས་ཅད་མི་ལ། མི་དགོས་པར་འདོད་དམ།