བསྲེགས་ནི་ཤིང་ནགས་མ་བསྲེགས། གཅེས་པའི་ལུས་སྲོག་བསྲེགས་ཀྱང།། བསྲེགས་ན་ན་ཟུག་མེད་མཁན།། གཞིས་ལུས་བོད་མི་རེད་དོ།།
མེ་ལྕེས་གནམ་ལ་ཟུགས་ཀྱང།། སྤྲིན་པས་གཡོན་ཙམ་མ་བྱས།། དུ་བས་ས་གཞི་སྒྲིབ་ཀྱང།། མཐོང་མཁན་དཀོན་པོ་རེད་དོ།།
རྒྱལ་བ་གདན་ཞུའི་དམ་བཅའ།། གཞིས་ནས་སྲོག་གིས་སྒྲུབ་ཀྱང།། སྲིད་སྐྱོང་ལྷན་རྒྱས་སྡེ་ནས།། གདན་ཞུའི་མཛད་འཆར་སྦས་སོང།།
འཕུར་ནི་གང་སར་འཕུར་སོང།། གླིང་བཞི་རི་རབ་བསྐོར་སོང།། ཞུ་ནི་མི་ལ་ཞུས་སོང།། ཞུས་རྗེས་གཉིད་ལ་བསྐུར་འདྲ།།
དགོས་ནི་མིང་ཆེན་དགོས་གི། འཐེན་ནི་དཔའ་སྐད་འཐེན་གི། ཞི་མོལ་ལྐོག་ནས་འཚོགས་སོང།། ཞིབ་རྒྱས་ཤོད་རྒྱུ་མི་འདུག།
འཚོགས་ནི་མཆོད་འབུལ་འཚོགས་གི། མར་མེ་ཁྲོམ་སྐོར་མང་གི། ཚོགས་སྐོར་སྐར་མ་ལྔ་ཡིས།། དཔའ་བོ་རེ་རེ་བསྐྱེལ་སོང།།
ཀེ་ཏ་ཀའི་བརྩམས་ཆོས་ལས་ཚན་བཤུས།
བསྟོད་རན་མེད་དུས་བསྟོད་པ།། ༧གོང་ས་མཆོག་གིས་བསྟད་སོང།། འདོགས་རན་མེད་དུས་བཏགས་པ།། མཁས་པ་ཆེན་པོས་བཏགས་སོང།།
མི་རྗེ་བཀའ་ཁྲི་ཐོབ་པར།། བོད་ཡིག་མེད་ན་ཆོག་གི། གལ་སྲིད་དགོས་གལ་བྱུང་ན།། ཐོབ་ནས་སྦྱངས་ཀྱང་ཆོག་གི།
གཞིས་ཆགས་མགོ་སྦྲེལ་འབོབ་ལུག། འོས་ཤོག་ཐོབ་རྒྱུའི་དོན་རེད།། མགོ་སྦྲེལ་བྱ་རྒྱུའི་གསུང་དབྱངས ། སྦྲང་སྐད་ལས་ཀྱང་ཆུང་བ།
རྒྱལ་བ་༡༣ པའི་སྐབས་ཀྱི་དམངས་གཞས་ཤིག
ཡ་དར་ཀོང་པོའི་དམག་གིས།། དབྱིན་མགོ་ས་ལ་གཡུག་སོང།། གནས་རྙིང་རྡོ་གཅལ་ཆེན་མོ།། དམར་པོ་ཁྲག་གིས་བརྒྱངས་སོང།།
རི་བྱ་རི་ལ་བྲོས་སོང།། ཕི་གླིང་ཆུ་ལ་མཆོངས་སོང།། དཔའ་བོ་བོད་དམག་ངར་མས།། ཕི་གླིང་ཙག་བཤག་བཏང་སོང།།
དམངས་གཞས་ཀྱི་མཚན་ཉིད་ཇི་ལྟར་ལགས། རྐང་པ་དྲུག་ཅན་གྱི་ཤློ་ཀ་རེ་བྲིས་ན་དམངས་གཞས་སུ་འགྱུར་རམ། འབྲུག་ཡུལ་དུ་འདི་འདྲའི་རིགས་ལ་གཙང་མོ་ཟེར་བཞིན་འདུག། བོད་ལ་ཡང་གཙང་མོ་ཟེར་བ་ཞིག་ཡོད་དམ། འབྲུག་པ་རྒན་རབས་རྣམས་ཀྱིས་གཙང་མོ་ནི་བོད་ལས་བྱུང་བར་འདོད། དེ་ཡང་གཙང་མོའི་ཐོག་མ་ནི།
གཙང་མོ་གཙང་ལས་ཡོངས་ཚེ། །
ལྷ་ཡི་སྲས་མོ་འདྲ་བྱུང་། །
སྒམ་པ་ལ་མོ་བརྒལ་ཚེ། །
གཙང་མོ་སྤྲེའུ་ལ་གྱུར་སོང་། །ཟེར་བ་དེ་ཡིན་པར་འདོད། དེ་ཡང་ངག་རྒྱུན་དུ་ཡོད་པ་ཙམ་ལས་ཡིག་ཐོག་ཏུ་ནི་ད་དུང་བཀོད་པ་མ་མཐོང་ངོ་། །
ཕི་གླིང་ཆུ་ལ་མཆོངས་སོང།།
ཟེར་བ་འདིས། ཡུལ་སྐད་དུ། ཕྱིན་སོང་ལ་ཕིན་སོང་དང་། ཕྱི་ལོགས་ལ་ཕི་ལོགས་ལབ་མཁན་ཡང་འདུག
བོད་སྐད་བོད་ཡིག་མཁྱེན་པ་ལ།།
བོད་མིའི་གྲལ་ན་ནེ་ཙོ་ཁ་བདེ་རེད།
འཛམ་གླིང་སྔུན་ན་ལྐུག་པ་མགོ་འཁོར་རེད།
ངོ་སོ་གཏད་སོ་མ་ཡོད་ཐལ།
་་་་་་་་་་་་་་ ་་་་་་་་་་་་་་་་་་་
དབྱིན་སྐད་དབྱིན་ཡིག་ཤེས་བ་ལ།།
བོད་མིའི་གྲལ་ན་སྤྱོད་ཡག་ཁ་འཇམ་རེད།
འཛམ་གླིང་སྔུན་ན་དཔྱོད་ཤེས་ཁ་བདེ་རེད།
རེ་སོ་ལྟ་སོ་ཡོད་ན་ཐང་།།
་་་་་་་་་་་་་་ ་་་་་་་་་་་་་་་་་་་
རྒྱ་སྐད་རྒྱ་ཡིག་ཤེས་བ་ལ།
བོད་མིའི་གྲལ་ན་རྒྱ་མིའི་རྒྱུག་ཁྱི་རེད།
འཛམ་གླིང་སྔུན་ན་མྱིང་མེད་མྱི་ལྡོམ་རེད།
རྒྱུག་སོ་འདུར་སོ་མེད་ས་རེད།
་་་་་་་་་་་་་་ ་་་་་་་་་་་་་་་་་་་
་་་་་་་་་་་་་་ ་་་་་་་་་་་་་་་་་་་
རྒྱ་བོད་དབྱིན་གསུམ་ཤེས་བ་ལ།
དགྲ་བོའི་མདུན་ན་བཙན་པོའི་རང་ཚུགས་ཤིག།
འཛམ་གླིང་སྔུན་ན་བདེ་བའི་ངར་སྐད་ཞིག།
བོད་ཁམས་མྱུར་དུ་སྐྱོབས་པར་ཤོག།
ཝའེ་ཆ་རོགས། སྒམ་པ་ཟེར་མི་འདི་ནོར་འདུག་མིན་ན། འ་ནི་འདི་གམ་པ་ཟེར་ལབ་འགོ ག་ཅི་སྨོ་ཟེར་བ་ཅིན་བོད་གཙང་གི་ས་ཆ་ཞིག་གི་མིང་ཨིནམ།
ཤར་ཁུག་ཡང་སྐྱར་སྨྱོ་འགོ་གཙུགས་སོང་།
ལྟོ་ཚང་མེ་དཀར་ལགས། ཁྱོད་ཀྱིས་གསུངས་མི་དེ་ཡང་བདེནམ་འོང་ལགས། ང་གིས་ནི་གོང་ལུ་ཞུ་དོཝ་བཟུམ་སྦེ་ངག་ཐོག་ལས་གོ་གོཝ་མ་གཏོགས་ཡིག་ཐོག་ལས་མཐོང་མཐོངམ་མེད། ཐིག་ཐོག་ལུ་བྲིས་མི་དེ་ད་རེས་འགོ་དང་པ་ཨིནམ་འོང་། ལོག་ཤུལ་ལས་ང་གིས་འདི་གི་སྐོར་ལས་འབྲི་ནི་གི་གོ་སྐབས་ཐོབ་པ་ཅིན་ཁྱོད་ཀྱིས་གསུངས་མི་དེ་སེམས་ཁར་བཞག་སྟེ་གམ་པ་ལ་ཟེར་འབྲི་གེ་ལགས།
ཤར་ཁུག་སེམས་བདེ་པོ་ཡོད་ས་མ་རེད། ཉ་དང་ཉུང་མ་ཚང་མ་བསྲེས་དུག རང་སྲེག་པ་ཚོ་ལ་བསྟོད་ཞར་ལ་རྒྱལ་བ་རིན་པོ་ཆེ་མཚན་སྨད་ཞུ་བའི་གཞས་ཕྱོགས་སྡེབ་བྱེད་པ་འདི་གཏན་གཏན་སྨན་ནོར་བའམ། ཡང་ན་ཤར་ཁུག་གི་སྲུང་མ་རྡོ་རྗེ་ཅན་མོ་དེ་ཁྲོས་ཡོང་གི་ཡོད་འདུག
རང་སྲེག་པ་ཚོས་གཙོ་བོ་གོང་ས་མཆོག་བོད་ལ་ཕེབས་པའི་ཆེད་དུ་རང་སྲོག་བློས་གཏོང་བཞིན་འདུག ཁྱེད་ཀྱིས་ཅིའི་ཕྱིར་འདི་ལ་གོང་ས་མཆོག་ལ་སྨད་བཞིན་ཡོད་དམ། དཔེར་ན། “བསྟོད་རན་མེད་དུས་བསྟོད་པ།། ༧གོང་ས་མཆོག་གིས་བསྟད་སོང།།”ཞེས་པ་འདི་ག་རེ་རས།
༼རི་བྱ་རི་ལ་བྲོས་སོང།། ཕི་གླིང་ཆུ་ལ་མཆོངས་སོང།། དཔའ་བོ་བོད་དམག་ངར་མས།། ཕི་གླིང་ཙག་བཤག་བཏང་སོང།།༽དམངས་གཞས་འདི་ཡང་དམངས་འཁྲུལ་པའི་གཞས་ཤིག་ཡིན་གྲང་། རྒྱལ་བ་༡༣ པའི་སྐུ་རིང་ལ་ཕི་གླིང་ཆུ་ལ་མཆོངས་རྒྱུ་ཕར་ཞོག། བོད་མི་མང་རབས་ཤིག་ཕི་གླིང་པས་བསད་ཚུལ་དེ་དུས་ཀྱི་ལོ་རྒྱུས་རྣམས་སུ་གསལ། ལྷག་དོན་དུ་ཡང་འབྲུག་པའི་རྒྱལ་རབས་སྨྲ་བ་རྣམས་ཀྱིས་ནི་དེ་དུས་འབྲུག་པ་རྒྱལ་པོ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་དང་ཁོང་གི་གོང་གཟིམས་ཨོ་རྒྱན་རྡོ་རྗེ་གཉིས་མེད་ན་དེ་དུས་ཕི་གླིང་པས་བོད་ཐལ་བར་བརླག་ངེས་ཚུལ་བྲིས་འདུག།
༧གོང་ས་ཨོ་རྒྱན་དབང་ཕྱུག་མེད་སོང་ན་བོད་དབྱིན་ཇིས་བཙན་དབང་ནང་ཚུད། རྒྱ་གར་རང་བཙན་རྗེས་བོད་ཀྱང་རང་དབང་འཐོབ་ངེས་པས་དོན་ལ་འབྲུག་པས་བོད་ལ་གནོད་སྐྱེལ་འདུག