ཉིན་གྲངས་འདི་ཚོའི་རིང་བལ་ཡུལ་རྒྱལ་ཡོངས་ལ་ཆ་བཞག་ན་མ་ཧེ་དང་། ར་ལུག་སེམས་ཅན་སྟོང་ཕྲག་མང་པོའི་སྐེ་བཅད་ནས་དམར་མཆོད་གཏོང་བཞིན་པའི་སྒང་རེད་ལ་དེ་ནི་གཙོ་བོ་ཧིན་རྡུའི་ལྷ་མོ་ནོའུ་ཝ་རྡོར་དགའ་ཞེས་བས་བདུད་མན་ས་སོའུ་ཞེས་བ་འདུལ་བའི་རྒྱལ་ཁའི་དུས་ཆེན་ནམ་རམ་གྱིས་རྭ་ཝན་འདུལ་བའི་དུས་ཆེན་ལ་ངོས་འཛིན་བྱེད་བཞིན་པ་ཡིན་པར་སྐབས་འདི་དག་ལ་བོད་གྱི་མཐའ་མཚམསས་ཁུལ་ནས་ར་ལུག་མང་པོ་ནང་འདྲེན་བྱེད་བཞིན་པ་རེད།
བདུད་ཟེར་ནས་འདུལ་རྒྱུ་ཞིག་ཡོད་མེད་དེ་གང་ཤེས་དེ། སྙིང་རེ་རྗེ། ཉེས་མེད་ཀྱི་སེམས་ཅན་དེ་དག་ལ་དངོས་ནས་རོགས་སྐྱོར་ཞིག་དགོས་ཀྱི་འདུག ཟ་རང་དབང་མེད། འགྲོ་རང་དབང་མེད། སྲོག་རང་དབང་མེད། བོད་ནང་གི་བོད་མི་དང་འདྲ་བར་ནམ་གསོད་དང་ནམ་འཛིན་མི་ཤེས་པ་དེ་ཚོ་དངོས་ནས་སྙིང་རྗེ་བའི་ཡུལ་ཞིག་རེད།
ཨ་རོ་ཀླུ་ལགས། ཁྱེད་ཕྱིར་འབྱོར་ཡོད་པ་འདྲ། འདྲ་པར་འདི་མཐོང་ན་ཤ་འདར་སྙིང་་ལ་ཚ་ཤར་རྒྱག་པ་ཞིག་རེད།
སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཀྱ་ཐུབ་པ་ལ་ཕྱགས་འཚལ་ལོ། ་་་་་་་་་་་
བོད་པ་ཚོས་ཀྱང་དམར་ཟས་མ་སྤངས་ན་ཕལ་ཆེར་གོང་གི་འདི་དང་གཅིག་མཚུངས་རེད། དེ་ལ་བོད་པ་ཚོས་སྙིང་རྗེ་ཟེར་ཡང་རིན་ཐང་ཡོད་པ་མ་རེད་ལ་གཤེད་གཤེད་བཏང་ཡང་རང་ཉིད་ལ་གཤེད་པ་དང་གཅིག་མཚུངས་སོ༎
དོན་དངོས་ཐོག་བོད་པ་ཚོས་ལོ་གཅིག་ནང་ར་ལུག་ག་ཚོད་ཙམ་ཞིག་གི་སྲོག་འཕྲོག་ནས་བཟའ་ཡི་ཡོད་དམ།
བསམ་བློ་གཏོང་། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ཉིད་ལྟ་བའི་མེ་ལོང་དགོས༎
འགྲོ་བ་སེམས་ཅན་ཐམས་ཅད་སྙིང་རྗེ། ཕ་མ་མ་བྱས་པར་ནི་གཅིག་ཀྱང་མེད། ཨོཾ་མ་ཎི་པདྨེ་ཧཱུྃ།
ངས་སྐྱེ་བ་དུ་མ་ཞིག་ནས་ཕ་མར་བྱས་ཡོད་ཤག ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
བླ་མ་དཀོན་མཆོག་ཡོད་ན་ཐུགས་རྗེའི་གཟིགས། འགྲོ་བ་སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སྐྱེ་བར་ཤོག །
ད་སྟོན་ཀ་ཤར་ཡོང་གི་འདུག་ག བོད་ནང་ཟོག་ལུག་མང་པོ་བསད་ནས་རང་སོ་སོར་དམར་མཆོད་བྱེད་པའི་དུས་ཚོད་འཆར་གྲབས་འདུག
བོད་པ་ཚོས་ཀྱང་དམར་ཟས་མ་སྤངས་ན་ཕལ་ཆེར་གོང་གི་འདི་དང་གཅིག་མཚུངས་རེད། དེ་ལ་བོད་པ་ཚོས་སྙིང་རྗེ་ཟེར་ཡང་རིན་ཐང་ཡོད་པ་མ་རེད་ལ་གཤེད་གཤེད་བཏང་ཡང་རང་ཉིད་ལ་གཤེད་པ་དང་གཅིག་མཚུངས་སོ༎
དོན་དངོས་ཐོག་བོད་པ་ཚོས་ལོ་གཅིག་ནང་ར་ལུག་ག་ཚོད་ཙམ་ཞིག་གི་སྲོག་འཕྲོག་ནས་བཟའ་ཡི་ཡོད་དམ།
བསམ་བློ་གཏོང་། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ཉིད་ལྟ་བའི་མེ་ལོང་དགོས༎
སེམས་ཅན་འདི་ཚོ་སྙིང་རེ་རྗེ་ཤི་ཁ་འཇིགས་སྐྲག་མེད་པར་ཤོག ། ཕྱི་མ་ངན་སོང་་ལ་མི་སྐྱེ་པར་ཤོག། སླར་ཡང་སྐྱེ་བ་བཟང་་པོ་ཞིག་ལེན་ཐུབ་པར་སྨོན། སྨོན་ལམ་སེམས་གཏང་ནས་འདེབས། །