ལྷོ་ཕྱོགས་ཉི་ཟླ།
ཁ་སང༸གོང་ས་མཆོག་གིས་གསོལ་རས་གནང་བའི་ གངས་ ལྗོངས་ རང་ དབང་ དམངས་ གཙོའི་ སྒྲིག་ འཛུགས་ སམ། གང་ ལྗོངས་ རང་ དབང་ དམངས་ གཙོའི་ ལྷན་ ཁང་ ཞེས་ བཏགས་ ན་ འོས་ འཚམ་ ཡིན་ ཚུལ་ གསུངས་ ཡོད་་ པ་མ་ཟད་སྐུ་ཚབ་ཐད་ལ་ཡང་ཁྱེད་ཚོ་ཨུ་ཐུག་ན་ང་རང་གི་མིང་བེད་སྤྱོད་བཏང་ན་ཆོག་ གི་རེད་ཅེས་གསུངས་ཡོད་པ་དང་ལྷན་ཚོགས་ཀྱི་བཅའ་ཁྲིམས་བསྒྱུར་བཅོས་ཁ་ཤས་ལ༸གོང་ ས་མཆོག་གིས་ངོས་ལེན་གནང་མེད་པས་དེ་ཚོ་ང་ཚོའི་ངོས་ལེན་བྱས་ནས་བསྐྱར་དུ་ཁོང་ གི་བཀའ་དགོངས་བ་ནང་བཞིན་བསྒྲུབ་ཐུབ་པའི་རེ་བ་གཙང་མ་བྱེད་དགོས་བ་ཞིག་དང་ བྱེད་འོས་བ་ཞིག་རེད།
ང་ཚོའི་ངེས་པར་དུ་ངོ་ཤེས་དགོས་ནོར་བུ་རང་ལ་་ཡོད་དུས། ནོར་བུའི་ནོར་ཉམས་མ་ཤེས། ནོར་བུ་གཞན་ལ་ཤོར་དུས། སྙིང་ རླུང་སྟོད་ལ་འཚང་ཡོང་།ཟེར་བ་ནང་བཞིན་མ་ཡོང་པར་༸གོང་ས་མཆོག་གིས་ཞེ་དྲག་གི་ བོད་མི་རིགས་འདི་ལ་ལྡོག་དུ་མེད་པའི་ཐུགས་བརྩེ་བ་ཆེན་པོས་གཟིགས་ཡོད་པ་ཧ་གསལ་ བོར་དགོས་བ་ཞིག་དང་གོ་ཡོང་བ་ཞིག་ད་ལྟའི་སྐབས་འདི་ལ་ཡིན་ན་ཡང་གཟིགས་དང་ཚང་ མའི་མཁྱེན་གསལ་རེད།
བཅའ་ ཁྲིམས་བསྒྱུར་བཅོས་སྐབས་སུ་ཡིན་ན་ཡང་འདྲ་འདུག དེ་མིན་གནད་འགག་ཆེ་བ་ཡོད་སྐབས་ངེས་པར་དུ༸གོང་ས་མཆོག་ལ་བཀའ་འདྲི་ཞུ་དགོས་བ་ འདི་ཧ་ཅང་ཧ་ཅང་གལ་ཆེ་བ་ཞིག་དང་གནད་འགག་ཆེ་བ་ཞིག་ཡིན་པས་གཞུང་ཞབས་པ་ཚང་མའི་ ངེས་པར་དུ་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཐུགས་བསམ་རྒྱ་ཆེ་ས་ནས་བཞེས་དགོས་བ་ ཞིག་ཆགས་འདུག
བཅའ་ ཁྲིམས་བསྒྱུར་བཅོས་སྐབས་སུ་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་ནས་ཐག་གཅོད་གནང་ ཡོད་པ་འདི་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་མི་མང་མང་མོས་ཀྱི་རྒྱབ་སྐྱོར་མེད་མཁན་ཁ་ཤས་ད་དུང་ཚོགས་ཆེན་སྐབས་ སུ་ཡང་རང་འཇགས་བཞག་ཡོད་པ་འདི་ཡག་པོ་ཞིག་མཐོང་མ་སོང་། འདི་འདྲའི་རིགས་གཞུང་ཞབས་ཀྱི་རྒྱབ་སྐྱོར་ཡོད་པ་མི་མང་གི་རྒྱབ་སྐྱོར་མེད་ མཁན་གྱི་རིགས་འདི་ཚོ་རང་འཇགས་སུ་མ་བཞག་པར་ངེས་པར་དུ༸གོང་ས་མཆོག་ལ་ཞུ་དགོས་ བའི་གནས་ཚུལ་ཞིག་ཆགས་ཡོད་འདུག
རེ་ བ་མཐའ་མ་ཞིག་ལ་བོད་ཀྱི་རྒྱལ་གླུ་གསར་བ་ཞིག༸གོང་ས་མཆོག་གི་གསོལ་རས་གནང་རོགས་ ཅེས་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་ཚབ་བྱས་ནས་གསོལ་བ་དགོས་བ་འདི་ཁ་ཚ་དགོས་ གཏུགས་ཞིག་རེད། ད་ལྟའི་སྐབས་ཀྱི་བོད་ཀྱི་རྒྱལ་གླུ་འདི་ལ་སྐྱོན་ཞིག་ཡོད་པ་རྩ་བ་ཉིད་ནས་མཐོང་ གི་མེད། ཡིན་ཡང་རྒྱལ་གླུ་གཏོང་སྐབས་སུ་བོད་མི་རིགས་ཀྱི་ལ་རྒྱ་དང་དཔའ་བོ་དཔའ་མོ་ ཚོའི་སྙིང་སྟོབས་མཚོན་ཐུབ་དགོས་ཞིག་དགོས་བ་མ་ཟད་མི་རིགས་འདི་ཚད་མེད་ཞི་བའི་ སྒོ་ནས་ཤ་དང་རུས་བ་མ་ཐུག་བར་དུ་སྙིང་སྟོབས་ཡལ་གྱི་མེད་ཅེས་བའི་ཚིག་ཙམ་གྱི་ ནུས་བ་སྟོན་ཐུབ་པ་ཞིག་དགོས་བ་ཞེ་དྲག་གནད་འགག་ཆེན་པོ་རེད།
ང་ ཚོ་སུ་ཡིན་ཡང་ཀྱི་བོད་ཀྱི་རྒྱལ་གླུ་གཏོང་བ་ལས་ཚད་མེད་ཡོད་ཏན་མ་བཏོན་ན་སེམས་ ལ་ཕན་ཐོགས་དང་ཚོར་བ་ཞེ་དྲག་སྟེར་ཐུབ་ཀྱི་འདུག་པ་འདི་མྱོང་ཚོར་གྱི་གྲུབ་ཡོད་ རེད། གང་ཡིན་ཞེ་ན་ཚད་མེད་ཡོན་ཏན་མ་གྱེར་འདོན་སྐབས་སུ་མི་མང་པོས་མིག་ཆུ་རང་དབང་ མེད་པར་ཤོར་ཡོང་བ་འདི་དམིགས་གསལ་གྱི་ཚོར་བ་ལྷུག་པོ་ཞིག་སྤྲད་ཡོད་པས་རྟགས་ རེད། རྒྱལ་གླུ་གསར་བ་ཞིག་ལ་རེ་རྒྱག་དགོས་བ་ཡང་རྒྱུ་མཚན་དེ་ནང་བཞིན་ཡིན། མུ་མཐུད་དུ༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་དགོས་བ་དེ་འདྲ་ཞིག་རེད།
༧གོང་ས་མཆོག་གིས། དེ་ཁྱོན་ནས་འགྲིག་གི་མ་རེད། འདི་ནི་ཉམས་མྱོང་དང་གོ་རྟོགས་མེད་པའི་སྐད་ཆ་ཞིག་རེད། ངས་སྔོན་མ་ནས་ཁྱོད་ཚོས་ང་མེད་པ་ལྟར་གནང་དགོས་པ་རེད་ཅེས་ཡང་ཡང་བཤད་ཡོད།
ཁྱོད་ཚོས་གཟབ་གཟབ་གནང་དགོས་པ་རེད། ད་བར་ལོ་ངོ་ལྔ་བཅུ་ཕྱིན་པ་རེད། བོད་པ་ཚོ་སྣང་བ་དག་དྲགས་ཏེ། ད་དུང་ཡང་མུ་མཐུད་འདི་ལྟར་བསྡད་ན་འགྲིག་འགྲོ་རྒྱུ་རེད་བསམ་གྱི་ཡོད་པ་རེད།
ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་ཡོད་པ་རེད། གལ་སྲིད་གྲོས་ཚོགས་འཚོགས་བསྡད་ཡོད་པའི་སྐབས། ཁྱོད་ཚོའི་གྲོས་ཚོགས་སྒོ་རྒྱག་དགོས་ཟེར་ན་ག་རེ་བྱ་རྒྱུ་ཡིན། བཀའ་ཤག་སྒོ་རྒྱོབས་ཟེར་ན་ག་རེ་བྱ་རྒྱུ་ཡིན། དེའི་འགན་དེ་ངས་འཁུར་ཐུབ་པ་མ་རེད།
གངས་ལྗོངས་ རང་དབང་ དམངས་གཙོའི་ སྒྲིག་འཛུགས་ཀྱི་
༸གོང་ས་ མཆོག་ རྒྱལ་གྱུར་ ཅིག
གངས་ལྗོངས་ རང་དབང་གི་
ཆོས་སྲིད་ དཔལ་གསུམ་ དར་གྱུར་ ཅིག
དམངས་གཙོའི་ སྒྲིག་འཛུགས་ཀྱིས་
གཞིས་བྱེས་ བོད་མི་ རྒྱལ་གྱུུར་ ཅིག
བཟང་སྤྱོད་ སྒྲིག་འཛུགས་ཀྱིས་
བོད་རིགས་ མི་མང་ རྒྱལ་གྱུར་ ཅིག
བོད་མིའི་ དམངས་གཙོའི་ སྒྲིག་འཛུགས་ཀྱིས་
འཛམ་གླིང་ ཞི་བདེ་ལ་ ཕན་པར་ གྱུར་ཅིག །
བོད་རྒྱལ་ལོ། །དགེའོ། དགེའོོ། དགེའོོོ། །
རྒྱལ་གླུ་༧གོང་ས་མཆོག་གིས་གསུངས་དགོས་མ་རེད། གཞིས་བྱེས་གཉིས་ནང་ཚིག་འབྲུའི་བཅད་རྒྱར་བྱས་ཏེ་རྩོམ་བསྡུ་རུབ་བྱེད་ནས་ལེགས་ཤོས་དེ་འདེམས་ན་འགྲིག་གི་རེད་པ།
བོད་པ་ཚང་ལ་བཀའ་སློབ་གཟབ་མོ་ག་ཚོད་ཕེབས་ཀྱང་འགྱུར་བ་ཞེ་དྲག་འགྲོ་རྒྱུ་མེད་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ང་ཚོས་ཞིབ་འཇུག་བྱེད་དགོས་ཀྱི་འདུག ༸གོང་ས་མཆོག་གིས་ད་བར་བཀའ་སློབ་རབ་དང་རིམ་པ་གནང་ཡོད་པ་མ་ཟད། ཕལ་ཆེ་བ་བླང་དོར་ཤེས་དགོས་པའི་བཀའ་སློབ་ཡིན་མོད། བཀའ་སློབ་ལ་དོ་སྣང་གིས་ཕྱིས་སུ་སློབ་སྦྱོང་བྱེད་མཁན་དེ་ཙམ་མེད་དོན་ཅི་ཡིན་ནམ། དེའི་ཐད་༸གོང་ས་མཆོག་དང་། སློབ་དཔོན་ཆེན་པོ་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སོགས་སྐྱེས་ཆེན་ཚོས་ལན་མང་གསུངས་འདུག་པས། ཚང་མས་དོ་སྣང་གནང་གལ་ཆེ་བར་སེམས། ཐུགས་རྗེ་ཆེ།
འདི་ན་༧གོང་ས་མཆོག་ལས་བཀའ་ཁྲི་ལ་མཚན་གནས་ཀྱི་ཆེ་བསྟོད་མང་བ་འདུག ག་རེ་ཡིན་ན།
གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རེད།
ད་གངས་ལྗོངས་རང་དབང་དམངས་གཙོ་ཚོགས་པ་ཟེར་ནས་བཏགས་ནའང་འདྲ། བོད་ལྗོངས་རང་དབང་དམངས་གཙོ་ཚོགས་པ་ཞེས་འདོགས་ན་འདྲ། གང་ལྟར་ཡང་སྙིང་སྔར་ཁྲིམས་མཐུན་གྱི་གཞུང་དེ་མེད་པ་བཟོས་ཚར་བ་ཡིན་དུས། མི་རང་རང་སོ་སོའི་གང་བཏགས་ཀྱང་ཆོག་པ་ལས་དེ་ལ་དམིགས་བསལ་དགེ་མཚན་གང་ཡང་མ་མཐོང་། ༧གོང་ས་མཆོག་གིས་བཀའ་སློབ་ནང་རྒྱ་གར་གཞུང་གིས་བོད་གཞུང་སྒོ་རྒྱབ་དགོས་པའི་འབོད་བསྐུལ་བྱུང་མཚམས་ང་ཚོ་དཀའ་ངལ་ཡོང་བའི་ཉེན་དྭོགས་ལ་གཟིགས་ནས་ཡིན་ཚུལ་གསུངས་འདུག་ཀྱང་། དེ་ལྟར་ཡིན་ན་དེ་སྔ་མི་ལོ་ལྔ་བཅུ་ལྷག་རིང་དེ་ལྟར་མི་ཡོང་བར་ད་ཆ་དགའ་ལྡན་ཕོ་བྲང་གི་གཞུང་བསྡུ་བའི་ཉིན་མོ་ནས་དེ་ལྟར་ཡོང་བ་དེ། རྒྱ་གར་གཞུང་ལ་དམངས་གཙོའི་གཞུང་ལས་ཚོགས་ཁག་གཅིག་གམ ཆོས་ལུགས་བྱེ་བྲག་པ་ཞིག་གི་མིང་ལ་བརྩི་མཐོང་ཆེ་བ་འཛིན་པའི་རྣམ་པ་ཞིག་བསྟན་འདུག་པས་དེའི་རྒྱ་གར་གཞུང་དང་། མི་མང་ལ་དམའ་འབེབས་དེ་ལས་ཆེ་བ་མེད་པས་ཚང་མའི་བློར་ངེས་བྱོས།
༧གོང་ས་མཆོག་གིས། སྔོན་མ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག བོད་རིགས་རྒྱ་ཆེའི་མི་མང་གིས་ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། ཅེས་པའི་སྐད་ཆ་ཞིག་བྱུང་བ་རེད། སྐད་ཆ་དེ་ལ་བརྟེན་ཏེ། ད་ལྟའི་གནས་སྟངས་འདི་ལའང་མ་འོངས་པར་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། དེ་བས་ད་ལྟའི་ང་ཚོའི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” ཡང་ན། “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ལྟ་བུ་ཞིག་བཏགས་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་པ་རེད།
ཁ་སང་ཟམ་གདོང་རིན་པོ་ཆེ་ལ་ཐུགས་རྗེའི་ལེགས་འབུལ་གྱི་མཛད་སྒོས་ཐོག་མ་འོང་བའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེའི་གཏམ་བཤད་ཞིག་གིས་ང་བློ་འཚབ་སྐྱེ་རུ་བཅུག་སོང་། ཁོས་བཤད་རྒྱུར་ངས་ད་ལྟ་སྐྱར་ཞིབ་ཅིག་བྱས་དུས་༼ཆིག་སྒྲིལ་དང་གསར་གཏོད་རང་མགོ་རང་ཐོན༽གསུམ་ནི་ཟམ་གདོང་རིན་པོ་ཆེས་ཁོང་གིས་ཕྱག་ལས་གནང་ཚར་འདུག་ཟེར། འདི་ནི་རྗས་སུ་ལས་དཀའ་རང་ཐོག་དུ་བབ་དུས་ཁ་གཡར་སའི་འཇུ་ས་བཀན་མོ་ཞིག་མིན་ནམ་སྙམ།
དེ་ལས་ལྷག་གི་ནུས་བ་ཞིག་སྟོན་རྒྱུ་མེད་ན་ད་ང་ཚོས་རེ་བ་རྒྱག་སའི་༼ཆིག་སྒྲིལ་དང་གསར་གཏོད་རང་མགོ་རང་ཐོན༽དེ་ཡང་གནམ་མཁའི་འཇའ་བཞིན་ཡལ་སོང་། རེ་བ་དེ་ཡང་སྟོང་ཟད་དུ་གྱུར་སོང་། ངའི་འོས་ཤོག་ཡང་འཕྲོ་བརླགས་ཕྱིན་སོང་།
ཟམ་གདོང་རིན་པོ་ཆེ་དང་། མ་འོང་བའི་བཀའ་བློན་ཁྲི་པ་བློ་སེང་གཉིས་ཀྱིས་༼ བཙན་བྱོལ་བོད་གཞུང་ ༽ཁྲིམས་མཐུན་གྱི་གཞུང་དེ་མེད་པ་བཟོས་སོང་།
ང་ཚོའི་བཅའ་ཁྲིམས་དེ་ཕར་རྒྱ་རྒན་ལ་མ་གནོད་པ་དང་། ཚུར་རྒྱ་གར་ལ་མ་གནོད་པ་གཅིག་འབྲི་དགོས་དུས་ཁག་པོ་བྱས་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པ་དངོས་ཡོད་ཡིན་པ་དང་། ང་ཚོ་མི་རབས་རྙིང་པ་ཚོའི་རྗེས་འཛིན་ཡིན་དུས་རྣམ་དཔྱོད་དང་དཔལ་ཡོན་རྒྱས་པའི་དུས་རབས་འདིར་ང་ཚོས་སྔར་ལྷག་གིས་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱ་དགོས། ད་ལྟའི་རྒྱ་དམར་དེར་བོད་རྒྱ་མིའི་འོག་ཡིན་ཞེས་ཡིག་ཆ་སྤྲད་པ་དང་། སྐད་ཆ་ཇི་ཙམ་བཤད་ཀྱང་གྲུབ་འབྲས་མེད་པ་ནི་གསལ་པོ་རེད། དེ་བས་ལོ་རྒྱུས་ཀྱི་བདེན་སྤང་ཡོད་པའི་བཙན་བྱོལ་བོད་གཞུང་ཞེས་པའི་མིང་དེ་རང་འཇགས་བཞག་ན་ཡག་ཤོས་རེད།
སྐྱུ་རྩི་རྒྱལ་ལོ། བོད་རྒྱལ་ལོ། །དགེའོ། དགེའོོ། དགེའོོོ། །
༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རི་རབ་བཞིན་བརྟན་པར་ཤོག།
གངས་ལྗོངས་རང་དབང་དམངས་གཙོ་རྒྱལ་ལོ།
ད་ནི་བཙན་བྱོལ་བ་ང་ཚོའི་རྩ་དོན་ངོ་མ་ནི་རང་རང་གནས་ཡུལ་དུ་གནས་བཟོད་བདེ་པོའི་ངང་འཚོ་བ་ཞིག་སྐྱེལ་ཐབས་དེ་ཡིན་པ་ལས་གཞན་རྩ་དོན་ཟེར་བ་ཞིག་རྩ་བ་ནས་མེད། བོད་རྒྱལ་ཁབ་ནི་འཛམ་གླིང་རྒྱལ་ཁབ་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དེས་རྒྱལ་ཁབ་གཞན་གྱི་དོན་དུ་རང་ཉིད་རྩ་མེད་བཟོ་དགོས་ཀྱང་བཟོ་དགོས་དེ་ནི་རྒྱལ་སྲས་བྱང་ཆུབ་སེམས་པའི་ཉམས་ལེན་གཙོ་བོ་དེ་ཡིན། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་བསྐྱེད་པ་རྣམས་སྐྱེ་རྒྱུར་ཅིག །སྐྱེ་བ་ཉམ་པ་མེད་པ་ཡི། །གོང་ནས་གོང་དུ་འཕེལ་གྱུར་ཅིག
བོད་རྒྱལ་ལོའི་ཚབ། བདེན་པ་ཉིད་རྒྱལ་གྱུར་ཅིག
ལོངས་ཤོག་ལོངས་ཤོག་གི་ཚབ་ལ་བྱུང་ཆུབ་སེམས་མཆོག་མ་རེད།
གང་ལྟར་རང་མགོ་མ་མཐོན་རོ་མགོར་ཅ་ཅོ་སྒྲོགས་ཟེར་བའི་དཔེ་རང་རེད།
བཀའ་ཡིག་དེའི་ནང་། ཁ་སང་ཕྱི་ཚེས་ ༢༥ ཉིན་རྣམ་པ་ལྷན་རྒྱས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྟེང་གི་སྙན་ཞུ་དང་པོ་དགོངས་བཞེས་མཛད་ཐབས་མ་གྱུར། སྙན་ཞུ་གཉིས་པའི་ནང་གསལ་སྔོན་གླེང་དང་། དོན་ཚན་དང་པོ་གསར་འཇུག་གནང་རྒྱུར་དགག་བྱ་མ་གཟིགས་ཀྱང་། དོན་ཚན་དང་པོའི་ནང་གསེས་གཉིས་པར་ ‘‘ གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ་ ” ཞེས་པའི་ཚབ་ཏུ་ “ གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ་ ” ཞེས་འགོད་རྒྱུ་དང་། དོན་ཚན་དང་པོའི་ནང་གསེས་གསུམ་པར། “ བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཁག་དུས་ཡུན་རྒྱས་བཅད་དུ་བསྐོ་བཞག་གནང་རྒྱུ་ ”ཞེས་བཀོད་ཡོད་པའི་ཚབ་ཏུ་ “ བཙན་བྱོལ་སྒྲིག་འཛུགས་དང་། བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ་” ཞེས་བཅོས་བསྒྱུར་བྱ་དགོས། ཞེས་བཀོད་འདུག་ལ། དེ་བཞིན། རྒྱལ་རྟགས་སྟེང་༼ བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་རྣམ་རྒྱལ༽ ཞེས་པའི་ཚབ་ཏུ་༼ བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༽ ཅེས་པ་མཚན་བྱང་དུ་བསྩལ་ཡོད་པ་རེད།