སྒྲོལ་མ་ཉེར་གཅིག
སྔ་ལྟས་རང་ཤར་མའི་ལེའུ།
བློ་མཐུན་སྲིད་བློ་ལ་བཤད་སྲོལ་ཞིག་ཡོད། དེ་ནི་སྤྱི་ལོ ༢༠༡༠ ལོའི་ཟླ་དང་པོའི་ནང་གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་རྒྱ་ནག་ལ་མཐའ་མ་ཕེབས་ནས་བོད་རྒྱ་འབྲེལ་མོལ་མཚམས་ཆད་པ་རེད་ཅེས་དང། “དེ་སྔ་བཀའ་ཤག ༢༠༡༠ ནས་༢༠༡༢ ཟླ ༦ པ་བར་དུ་ཕེབས་མ་ཐུབ་པ་ཞིག་རེད་མ་གཏོགས། ད་ལན་བཀའ་ཤག་འདིའི་ཐོག་ནས་འབྲེལ་བ་གནང་མ་ཐུབ་པ་ཞིག་མ་རེད”ཅེས་ཡང་ནས་བསྐྱར་དུ་ལོག་སྒྲུབ་བྱེད་ཀྱིན་ཡོད་པ་འདི་རེད། ཧམ་པ་རི་ཙམ་བཤད་ན་བདེན་པ་ཤིག་ཙམ་འཐོབ་པའི་རེ་བ་འཆང་གི་ཡོད་པ་འདྲ། ད་ལྟའི་སྲིད་བློའི་བཀའ་ཤག་འདི་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སོགས་ཀྱི་ཕྱོགས་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་དང་བསྡུར་ཐབས་མེད་པ་ནི་དངོས་ཡོད་གནས་ཚུལ་རེད། བཀའ་ཁྲི་ཟུར་བ་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་སུ “བར་སྐབས་ལོ་ངོ་དགུ་ཙམ་རིང་ཆད་པའི་བོད་རྒྱའི་ཐད་འབྲེལ་ཕྱི་ལོ་༢༠༠༢ ནས་བསྐྱར་གསོ་བྱུང་བ་ནས་བཟུང་འབྲེལ་མོལ་ཐེངས་དགུ་བྱས”ཐུབ་ཡོད་པ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཐོག་སུབ་ཐབས་མེད་པའི་བྱས་རྗེས་རླབས་ཆེན་བཞག་པ་ཞིག་ཡིན་མོད། འོན་ཀྱང་བློ་མཐུན་སྲིད་བློའི་བཀའ་ཤག་གིས་༢༠༡༢ ལོའི་ཟླ ༦ པ་ཙམ་ནས་གོང་ས་མཆོག་གི<དམིགས་བསལ་སྐུ་ཚབ> བསྡུ་གསོག་བརྒྱབ་བཞག་པ་དེ་རྐང་རྗེས་ལག་སུབ་རང་ཆགས་ཡོད་པ་རེད། ད་རུང་དེ་སྔ་ལས་ལྷག་ཅིག་ཡོད་མདོག་མདོག་གིས་ཧམ་པ་བཤད་ཕོད་པ་ཞིག་འདུག་གམ།
མདོར་ན་སྲིད་བློའི་བཀའ་ཤག་སྐབས་སྔ་ཕྱི་གཉིས་ཀའི་རིང་བོད་རྒྱ་འབྲེལ་མོལ་དང་གྲོས་མོལ་གང་གི་ཆེད་དུ་ཡང་རྒྱ་ནག་ལ་འབྲེལ་བ་མཐུད་ཐབས་གཅིག་ཀྱང་བྱུང་མེད་པའི་དངོས་ཡོད་གནས་ཚུལ་འདི་སྲིད་བློའི་ཆོ་འཕྲུལ་དང་འབྲེལ་བའི་འཐུས་ཤོར་ཞིག་ཡིན་པ་བསྙོན་མེད་རེད།
སྤྱི་འཐུས་རྣམ་པས་བོད་རྒྱ་འབྲེལ་མོལ་ཡོང་ཆེད་<དམིགས་བསལ་སྐུ་ཚབ>བསྐོ་བཞག་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པའི་དགོངས་ཚུལ་གྱི་འོག་ནས། དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་མ་ཐུབ་པ་ནི་སྲིད་བློའི་བཀའ་ཤག་གི་འཐུས་ཤོར་རེད་དགོངས་ཀྱི་ཡོད་པ་འདྲ། གྲོས་ཚོགས་འཚོགས་དུས་ནམ་ཡིན་རུང་སྤྱི་འཐུས་རེ་ཟུང་གིས་<དམིགས་བསལ་སྐུ་ཚབ>ཀྱི་སྐོར་ལ་ཡང་ནས་བསྐྱར་དུ་དོགས་འདྲི་གནང་གི་ཡོད་པ་རེད། སྲིད་བློས་གོ་སྐབས་དེ་དང་བསྟུན་ནས་<དམིགས་བསལ་སྐུ་ཚབ>བསྐོ་བཞག་གི་དབང་ཚད་བཀའ་ཤག་ལ་ཡོད་པའི་རྣམ་འགྱུར་བསྟན་པ་མ་ཟད། སྲིད་བློས་སྤྱི་འཐུས་རྣམ་པའི་དགོངས་ཚུལ་ཡིན་མདོག་གིས་དམིགས་བསལ་སྐུ་ཚབ་བསྐོ་བཞག་གི་དབང་ཚད་བཀའ་ཤག་ལ་གནང་དགོས་པའི་སྙན་སེང་ཞུས་ཡོད་པ་འདྲ་སྟེ། རྒྱུ་མཚན་ནི། གོང་ས་མཆོག་ནས་ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐབས་སུ་བཀའ་སློབ་དེ་འདྲ་ཞིག་གནང་དགོས་བྱུང་བའི་རྒྱབ་ལྗོངས་ཀྱི་གནས་ཚུལ་བྱུང་རིམ་དང་བཅས་པ་ལ་ཡང་འགྲེལ་བཤད་ཡོད་སྲིད་པ་ཞིག་ཡིན་པས་རེད། ཡང་ན། གོང་ས་མཆོག་གི་<དམིགས་བསལ་སྐུ་ཚབ>བསྐོ་བཞག་སོགས་ཀྱི་ཐད་ལ་སྔར་བཞིན་གཞན་དབང་སྟབས་བསྟུན་གྱི་དབང་གིས་འགྱུར་བ་གཏོང་ཐུབ་ཀྱི་མེད་པ་ཡིན་ནམ། གལ་སྲིད་དེ་འདྲ་ཡིན་ན། སྲིད་བློས་གོང་ས་མཆོག་གི་<དམིགས་བསལ་སྐུ་ཚབ>རྣམ་པ་གཉིས་ལ་དགོངས་ཞུས་བཀའ་ཁྲོལ་གནང་བ་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་གནང་གིན་ཡོད་པ་འདི་ལ་ཡང་ཁྱི་སྤྱང་ལག་སྦྲེལ་གྱི་གཡོ་ཐབས་གཞན་ཞིག་ཡོད་སོང་བ་ཡིན་ནམ།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་སུ་འདས་པོ་རྒྱ་རི་ཚང་གིས་དམིགས་བསལ་སྐུ་ཚབ་ནས་དགོངས་པ་ཞུས་ཡོད་ཀྱང་། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཁྲོལ་གནང་མེད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡང་ཐོན་པ་རེད། དེ་ནི་བོད་པ་ཞིག་ཡིན་ཕྱིན་ཆད་མི་རེ་ངོ་རེ་ནས་དོ་སྣང་ཆེ་ཤོས་གནང་དགོས་པའི་རིགས་ཡིན་པས་བརྗེད་ཡོད་རྒྱུ་མ་རེད།
སྤྱི་༢༠༡༦ ལོའི་སྲིད་སྐྱོང་འོས་མི་བློ་སེང་ལ་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་གཙོ་སྐྱོོང་བས་<སྲིད་སྐྱོང་འོས་མིའི་སྲིད་ཇུས་དང་ལས་འཆར> ཞེས་པའི་བརྗོད་བྱའི་ཐོག་བཅར་འདྲི་གནང་སྐབས་ “གལ་སྲིད་སྐུ་ཚབ་བསྐོ་བཞག་གནང་དགོས་ཀྱི་ཡོད་ན་སྐུ་ཚབ་དེ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནང་ཡ་ཞིག་མ་གཏོགས་བཀའ་ཤག་གིས་བསྐོ་བཞག་གནང་ཡ་མིན་པ་ཞིག་གསུང་གི་ཡོད་པ་རེད་པ”ཞེས་པའི་ལན་ནི། “དེ་སྔ་ནས་གོང་ས་མཆོག་གི་སྐུ་ཚབ་རང་ནས་རྒྱ་ནག་ལ་འབྲེལ་བ་གནང་བསྡད་པ་རེད་པ། མ་འོངས་པར་ཡིན་ནའང་གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ལ་ཕེབས་བྱས་རྒྱ་ནག་མཉམ་དུ་བཀའ་མོལ་གནང་ཡ་ཡིན་པ་གསལ་བོ་ཞེ་དྲགས་རེད།་་་་་”ཅེས་པའི་ལན་འདེབས་གནང་སྟངས་འདིས་ཅི་ཞིག་གསལ་གསལ་ཐང་ཐང་ཆགས་སོང་པ་རེད་ཟེར་ན། སྲིད་བློས་གོང་ས་མཆོག་གི་<དམིགས་བསལ་སྐུ་ཚབ>བསྐོ་བཞག་གི་དབང་ཆ་བདག་བཟུང་བྱེད་བསམ་གི་ཡོད་པ་ཧ་ཅང་གསལ་བོ་རེད། དེ་འདྲ་མིན་ན་གོང་གི་དྲི་བ་ལ་ལན་དེ་ལྟར་གནང་དགོས་དོན་ག་ལ་ཡོད། གཙོ་སྐྱོང་བས་གནད་དོན་གཅིག་པོ་དེ་རང་གི་ཐོག་ལ་དྲི་བ་ཐེངས་གཉིས་དྲིས་སོང་རུང་། དྲི་བ་ལ་ལན་རེག་མ་སོང་། སྐབས་དེར་མཚོན་ན་ཡང་བློ་སེང་ལ་དགག་པ་རྒྱག་མཁན་དང་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཧ་ཅང་མང་རུང་། སྲིད་སྐྱོང་འོས་མི་སྤེན་ཚེ་དང་ཁོང་གི་རྒྱབ་སྐྱོར་བ། གསལ་འགོད་པ་དང་གྲོས་ཚོགས་འཐུས་མི་སོགས་སུ་ཞིག་གིས་ཀྱང་གནད་དོན་འདིའི་ཐད་དོགས་སློང་དགག་སྒྲུབ་གནད་དུ་ཁེལ་བ་གང་ཡང་གནང་ཐུབ་ཡོད་པ་མ་རེད།
གལ་སྲིད་གོང་ས་མཆོག་ནས་སྲིད་བློ་ལ<དམིགས་བསལ་སྐུ་ཚབ་བསྐོ>བཞག་གི་འགན་དབང་གནང་ཡོད་པའི་དབང་དུ་བཏང་ན། སྲིད་བློས་གོང་ས་མཆོག་གི་<དམིགས་བསལ་སྐུ་ཚབ>ལ་ཨ་རིའི་དོན་གཅོད་ལས་སྣེ་བ་དངོས་གྲུབ་ཚེ་རིང་ལྟ་བུའམ། ཡང་ན། ཤར་གླིང་ཟླ་སྒྲོན་དང་ཨོ་གླིང་དོན་གཅོད་ལས་ཐོགས་པ་ལྷག་པ་མཚོ་སྒོ་ལྟ་བུ་ཞིག་འཇོག་ཐུབ་པའི་འབད་བརྩོན་ཧུར་ཐག་གནང་གི་རེད་སྙམ། ད་རུང་གྲོགས་པོ་སྐལ་རྡོར་ལ་ཡང་རྐུབ་བཀྱགས་ཤིག་རེག་འགྲོ་ཤས་ཆེ་ལེ་རེད།
བོད་ཀྱི་དུས་བབ་གསར་ཤོག་ཏུ། སྤྱི་ལོ་༢༠༡༨ ༣ ༢༤ ཞེས་བཀོད་པའི་<བཀའ་ཤག་གི་ལན་འདེབས་གསལ་བཤད>ཅེས་པའི་ནང་དུ་སྲིད་བློས་བོད་རྒྱ་འབྲེལ་མོལ་གྱི་སྐོར་ལ་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་ཡོད་མེད་དང་འབྲེལ་ནས་མང་པོ་མང་པོ་ཞིག་བཤད་ཡོད། གལ་སྲིད་“ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ལ་ཕེབས་ཡོད་དང་མེད་ཟེར་ཡ་དེ། སྐུ་སྒེར་གྱི་གནད་དོན་ཞིག་ཆགས་ཡོང་གི་འདུག”པ་བདེན་ན། “་་་་་་བཀའ་ཤག་གིས་མ་མཁྱེན་པའི་ཐོག་ནས་ཕེབས་པ་ཡིན་པ་ཡིན་ན་ཆབ་སྲིད་ཀྱི་ཐོག་ནས་ནོར་གྱི་ཡོད་རེད་ལ། བཟང་སྤྱོད་ཀྱི་ཐོག་ནས་ནོར་གྱི་ཡོད་པ་རེད”ཅེས་དང་། ཡང་“་་་་་་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་རྒྱ་ནག་གཞུང་གི་ལས་བྱེད་སུ་ལ་བཀའ་མོལ་གནང་བ་ཡིན་ན། དེ་ཡང་བཀའ་ཤག་གིས་མཁྱེན་དགོས་ཀྱི་ཡོད་པ་རེད།”ཅེས་དང་། ཡང་། “་་་་་འཇོན་རུང་མ་འཇོན་རུང་སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་གིས་འགན་ཁུར་ནས་འགྲོ་གི་ཡོད་པ་རེད། ཆབ་སྲིད་ཀྱི་གནད་དོན་ཆགས་ཀྱི་ཡོད་པ་རེད། ངེས་པར་དུ་མཁྱེན་པ་གནང་དགོས་ཀྱི་ཡོད་པ་རེད་ཅེས་བསྐྱར་དུ་གྲོས་ཚོགས་ར་བ་འདི་བརྒྱུད་ནས་ནན་པོ་བྱས་ནས་ཞུས་ཀྱི་ཡོད” ཅེས་སོགས་འཛེམ་ཟོན་ཡ་ང་སྤུ་ཙམ་མེད་པར་སྐད་ངན་འདི་འདྲ་ཤོར་དགོས་དོན་ཅི་ལ་ཡོད། འདི་ལས་ང་ཚོས་རྟོགས་ཐུབ་པ་ནི་སྲིད་སྐྱོང་བློ་བཟང་སེང་གེ་ཟེར་བ་འདིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་འགན་འཁུར་ཐུབ་ཀྱི་མེད་པ་དེ་རེད།
སྤྱིར་ན་སྲིད་སྐྱོང་གི་འགན་འཁུར་ཐུབ་ཀྱི་ཡོད་མེད་ཟེར་བ་འདིའི་ནང་དུ་གལ་ཆེ་ཤོས་གཅིག་ཡོད་པ་ནི། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ་དང་ཐུགས་ཕམ་འབྱུང་གཞི་ཡོང་མ་དགོས་པ་ཞིག་གནང་ཐུབ་དགོས་པ་འདི་ཡིན་པ་རེད། ཡིན་ནའང་། བློ་མཐུན་སྲིད་བློས་འཛིན་སྐྱོང་བཀའ་ཤག་གི་འགན་ཁུར་བ་ནས་བཟུང་དུས་དེ་རིང་བར་དུ་གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་ཞུ་མཁན་རྣམས་ལ་གཞུང་འབྲེལ་གྱི་རྣམ་པའི་ཐོག་ནས་གསར་འགོད་གསལ་བསྒྲགས་སྤེལ་བ་སོགས་གང་ཡང་མཐོང་རྒྱུ་མེད་ལ། གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་ལ་ཆེད་མངགས་བཀའ་ཤག་གི་མཚན་ཐོག་ནས་ཡོངས་གྲགས་དགག་བཞག་གནང་བའི་ཡི་གེ་ན་གཅིག་མཐོང་མ་མྱོང་། ཧ་ཅང་ཡ་མཚན་པ་ཞིག་མ་རེད་པས།
བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བཀའ་བློན་ཁྲི་བ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ནང་དུ་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཁ་རྡུང་གཏོང་མཁན་མི་གཅིག་ཀྱང་རྙེད་མི་སྲིད་པ་ལྟ་བུ་ནི། སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་ཁྲི་ཟུར་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་དབར་གྱི་ཁྱད་པར་ཆེ་ཤོས་གཅིག་ཡིན། ལྟ་སྤྱོད་ལངས་ཕྱོགས་སོགས་གསལ་པོར་མཚོན་ཐུབ་པའི་ཁྱད་པར་ཞིག་ཀྱང་ཡིན་ངེས་རེད། ཡིན་ནའང་། བཀའ་ཁྲི་ལས་ཟུར་ཟམ་གདོང་རིན་པོ་ཆེའི་སྐབས་སུ་གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་བྱུང་མྱོང་མེད་པ་མ་རེད་དེ། སྐབས་དེའི་བཀའ་ཤག་ནས་གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ནས་དགག་སྒྲུབ་གནང་ཐུབ་མིན་ལ་ཐེ་ཚོམ་གང་ཡང་ཡོད་པ་མ་རེད། དོལ་འདྲེ་རྗེས་འབྲངས་པ་གཙོས་པའི་ཀླུ་མཁར་བྱམས་སྐུ་འཁོར་སྦྱིན་བདག་དང་བཅས་པར་གཞུང་འབྲེལ་གྱི་རྣམ་པའི་ཐོག་ནས་དགག་སྒྲུབ་དུས་ལས་མ་གཡོལ་པར་གནང་ཡོད་པ་རེད། འདི་ནི་སྐབས་དེའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ནས་ཕྱག་ལས་གནང་ཐུབ་ཀྱི་ཡོད་པའི་མངོན་རྟགས་གསལ་ཤོས་ཤིག་ཏུ་བགྲང་ཆོག་གི་རེད། ཡིན་ནའང་། དེང་སང་གི་སྲིད་བློའི་འཛིན་སྐྱོང་བཀའ་ཤག་ནི་རང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་དང་གཞན་དབང་སྟབས་བསྟུན་གནང་དགོས་ཀྱི་ཡོད་སྟབས་བཀའ་ཁྲི་ཟུར་བ་ཟམ་གདོང་བླ་མའི་བཀའ་ཤག་དང་བསྡུར་ཐབས་ཡོད་པ་མ་རེད།
དམིགས་གསལ་སྐུ་ཚབ་གླེང་བའི་གཏམ། ཅེས་པའི་གནས་དོན་ལ་༸དོན་གྱི་བདག་ཉིད་མཆོག་ནས་འོས་ཐོབ་སྲིད་སྐྱོང་ལ་ལམ་སྟོན་གང་གནང་ཡོད་མེད་བརྙན་འཕྲིན་ནང་གཟིགས་རྒྱུ་འདུག
བོད་ཀྱི་དུས་བབས་ནང་གནས་དོན་འདི་དེ་སྔ་གླེང་སློང་ཞུས་སྟབས་ངས་རྩད་ཞིབ་ཞུས་ནས་བརྙན་འཕྲིན་དེ་འཚོར་སོང་། སྲིད་སྐྱོང་ལ་ལན་གནང་ཐབས་གཅིག་ལས་མེད་པ་དེ་གནང་བཞིན་འདུག གལ་སྲིད་ཡིད་མ་ཆེས་ན་ཁྱེད་ཀྱི་ཡིད་ཆེས་འཕེལ་པའི་མཁས་དབང་རིན་པོ་ཆེ་མཆོག་དང་གཏམ་གླེང་ནང་གསལ་བའི་སྤེན་པ་ཚེ་རིང་ལགས་ནས་གསལ་བཤད་ཞུས་ན་དོག་བསེལ་ཡོང་སྲིད།
ངས་བལྟས་ན་དམིགས་གསལ་སྐུ་ཚབ་ཞིག་ཁྱེད་ཚོར་བཀོད་དགོས་ཀྱི་ཡོད་འདུག་ལ་སོང་སྲིད་བློ་ལ་ཡང་ཡང་བརྙད་ཀྱི་ཡོད་པ་བསམ་བཞིན་འདུག རང་རེའི་དཔེ་ལ་དགོན་པའི་ཁྱིི་ལ་ཞུས་ན་བླ་མའི་ཐུགས་ལ་ཕོགས་ཟེར་བ་སྟོང་པ་ཉིད་ག་ལ་ཡིན། མཁས་པ་ཚོས་དེ་ཕལ་ཆེར་སྟོང་ཉིད་པ་དགོང་གི་མེད་དམ་བསམ་པའི་བློ་རྒྱང་དུས་ནས་ཡོད། འཐུས་དང་མི་འཐུས་མི་ཤེས་ཀྱང་དགེ་རྒན་བཟང་པོའི་བསླབ་རེད་དྲི་བ་ཞུས་མེད།
གླེང་གཞི་འདིའི་དམིགས་ཡུལ་སྨད་ཆེད་དང་མི་དགའ་པའི་ནད་རུས་གསང་ཆེད་ཡིན་པ་ཐོག་མཐའ་བར་གསུམ་ནས་ཤེས་ཀྱི་འདུག སྡུག་ཏ་ང་རང་སྡུག་པ། གང་བྱས་ནས་ལན་འདེབས། ང་རེས་ང་རང་ལ་དང་པོའི་དཔེ་ཤིག་འབྲི་དགོས་ས་རེད།
བློ་བཟང་སེང་གེ་བོད་མི་དམངས་ཤིག་མང་མོས་འདེམས་བྱུང་པ་ལྟར་ལོ་ ༡༠ རིང་ང་རང་གི་དང་པོའི་བསམ་ཚུལ་ལས་ལྷག་པ་ཞིག་གནང་སོང་བསམ་བཞིན་ཡོད། གཙོ་བོ་༡༩༥༩ ནང་སྐྱབས་བཅོལ་གྱར་བ་ནས་༸ཁོང་གིས་བཀའ་དྲིན་ལས་གྲོས་རེད། དེ་མིན་རང་རང་སོ་སོའི་ཉོན་གྲིབ་ཀྱིས་འཕོང་རེད།
མཐར་སླར་གླེང་ན། གནས་དོན་འདི་ཡང་སྲིད་གླེང་བཞིན་ལ་སོང་ཁོང་རྣམ་པའི་ཡིད་ཆེས་འཕེལ་བའི་མཚན་གོང་དུ་ཞུས་པ་ནས་བརྙན་འཕྲིན་ལམ་ནས་དགོང་ཚུལ་ཞིག་ཤེས་ལམ་བྱུང་ན་བློ་སེང་ལོ་ ༡༠ རྗེས་སླར་ལོ་ལྔ་རིང་སྲིད་སྐྱོང་དུ་འཁོད་ཐབས་མེད་པས་ཁྱད་མེད་ཀྱང་མི་དམངས་ང་ལྟ་བུ་མང་པོ་ཞིག་ལ་དོག་བསེལ་ཡོང་རྒྱུའི་ཕན་པ་ཆེ་བས་དེ་དོན་གནང་ཐབས་།།
་་་་་་་་་་་ ཡིན་ནའང་། བཀའ་ཁྲི་ལས་ཟུར་ཟམ་གདོང་རིན་པོ་ཆེའི་སྐབས་སུ་གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་བྱུང་མྱོང་མེད་པ་མ་རེད་དེ། སྐབས་དེའི་བཀའ་ཤག་ནས་གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ནས་དགག་སྒྲུབ་གནང་ཐུབ་མིན་ལ་ཐེ་ཚོམ་གང་ཡང་ཡོད་པ་མ་རེད། དོལ་འདྲེ་རྗེས་འབྲངས་པ་གཙོས་པའི་ཀླུ་མཁར་བྱམས་སྐུ་འཁོར་སྦྱིན་བདག་དང་བཅས་པར་གཞུང་འབྲེལ་གྱི་རྣམ་པའི་ཐོག་ནས་དགག་སྒྲུབ་དུས་ལས་མ་གཡོལ་པར་གནང་ཡོད་པ་རེད། ་་་་་་་་་་
ཧ་ཧ། མཁས་དབང་རྣམ་པས་ཡ་མཚན་པའི་སྐད་ཆ་ཤོདཀྱིད། ང་ལ་ལྐུག་གིས་བལྟས་ན་ཁྱེད་ཚོས་༸་གོང་ན་མཆོག་ལ་མཚན་སྨད་ཞུ་མཁན་ལས་ལན་རྒྱབ་ཐུབ་དང་ཐུབ་མིན་ལ་བརྩོད་ཀྱིན། ང་བཀའ་ཁྲི་ཟུར་པ་དང་ད་ལྟའི་སྲིད་སྐྱོང་གཉིས་སུ་གང་ལ་ཕྱོགས་རེས་ཞུ་དགོས་མེད། འདིར་བོད་ཡིག་ཁྱ་ག་ཁྱོ་གས་ལན་འདེབས་ཞུ་དོན་དྲང་མིན་གྱི་གནས་དོན་ལ་ཅི་མ་རུང་སྙམ་ནས་ཞུས་ཡིན། མཚན་སྨད་ཞུ་མཁན་ལ་བོད་གཞུང་སུས་འཛིན་ནའང་གནང་ལམ་གཅིག་ལས་མེད་པ་དེ་ད་བར་ཚང་མས་གནང་རེད་ལ་ད་དུང་ཡང་དེ་ལྟར་གནང་རྒྱུར་དོག་པ་མེད། དཔེ་རྒྱན་ཞིག་བཀོད་ན། གཞུང་གི་དྲ་རྒྱའི་ནང་ནག་ཟིལ་ངངྲ། དོ་རྒྱལ་ལམ་ཤུགས་ལྡན། ཅེས་པ་སོགས་ཁྱེད་རྣམ་པས་གཟིགས་གཤའ། ཡང་ལམ་གཅིག་དེ་གང་རེ་ཞུས་ན་གནས་དོན་རྨོངས་བསེལ་ཆེད་གསལ་བཤད་ཞུ་རྒྱུ་ལས་གཞན་ནི་ངས་མི་འཚོར། དེ་ལྟ་བུ་ཞིག་ངས་ཀྱང་ཞུ་ཐུབ་ལ་རྣམ་པས་ཀྱང་ཐུབ་ཚོད་ལ།
གལ་ཆེ་ཤོས་དེ་ཁོང་གི་བཀའ་བསྒྲུབ་རྒྱུ་དེ་རེད། གཉིས་པ་དེ་སོ་སོ་དམ་གཙང་བྱ་རྒྱུ་དེ་རེད། གཞན་དེ་ལྟའི་གནས་ཚུལ་བྱུང་དུས་སླར་སྤེལ་མི་དགོས་བ་བྱུང་ན་རྨོངས་ལམ་དེ་རྨོངས་པས་རྨོངས་ཞེན་དུ་མ་འཇུག་པའི་ཁྱད་མེད་དམ་སྙམ།།