དྲང་སྲོང་འདུལ་འཛིན།
ད་བོད་རྒྱ་འབྲེལ་མོལ་༧གོང་ས་མཆོག་གིས་ཁོང་གི་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་གནང་སྟེ་སླར་གསོ་བྱེད་དགོས་པ་རེད་དམ། བཀའ་ཤག་ནས་འབྲེལ་མོལ་སྐུ་ཚབ་ཅིག་བསྐོ་བཞག་གནང་དགོས་ཀྱི་རེད་དམ། གཞན་དུ། ཞི་མོལ་ཚོགས་ཆུང་གི་ཚོགས་མི་ཇེ་མང་ཡར་རྒྱས་སུ་བཏང་ནས་དེའི་ནང་སྐབས་མཚམས་སོ་སོར་སྐུ་ཚབ་ཚོགས་ཆུང་གི་མི་འགྲོ་གཏན་འབེབས་གནང་དགོས་ཀྱི་རེད་དམ། འདི་གསུམ་ལས་ད་ལྟའི་ཆར་ལམ་ཁ་མེད་པ་འདྲ་བས། དམིགས་བསལ་སྐུ་ཚབ་དང་ཡང་ན་འབྲེལ་མོལ་སྐུ་ཚབ། དེ་མིན་ཞི་མོལ་ཚོགས་ཆུང་གི་ཚོགས་མི་ཇེ་མང་ཡར་རྒྱས་གཏོང་དགོས་པ་གང་ཡིན་ཡང། མི་དྲག་གྲས་ཤིག་ཡོང་དགོས་ཀྱི་ཡོད་པས། ང་ཚོས་རང་ཉིད་ཀྱི་རྩ་དོན་ཆེད་འདི་ལ་ཆིག་སྒྲིལ་གྱིས་འོས་ཤིང་འཚམས་པའི་མི་སྣ་ཞིག་མཚམས་སྦྱོར་བྱས་ན། འོས་འདེམས་འདི་མི་མང་གི་མངོན་འདོད་དང་མཐུན་པ་ཞིག་ཡོང་ཐུབ་ཁར། ལས་སྣེ་པའི་གནང་ཕྱོགས་ལའང་ཞབས་འདེགས་སུ་འགྱུར་བར་ཐེ་ཚོམ་མི་དགོས་པ་ཞིག་རེད་འདུག་པས། དང་པོ་ངས་རང་གི་མི་རིགས་ཀྱི་རྩ་དོན་ཆེད་འོས་འཕེན་གྱི་ཡིན།
༡ སློབ་དཔོན་ཟམ་གདོང་རིན་ཆེ་མཆོག
༼ དམིགས་བསལ་སྐུ་ཚབ་དང་འབྲེལ་མོལ་སྐུ་ཚབ། ཞི་མོལ་ཚོགས་ཆུང་གི་སློབ་སྟོན་པ། ༽
༢ རྒྱ་རི་བློ་གྲོས་རྒྱལ་མཚན།
༼ སྐུ་ཚབ་དང་འབྲེལ་མོལ་སྐུ་ཚབ། ༽
༣ ཐུབ་བསྟན་ལུང་རིགས།
༼ སྐུ་ཚབ་དང་འབྲེལ་མོལ་སྐུ་ཚབ། ༽
༤ བཀྲ་ཤིས་དབང་འདུད།
༼ སྐུ་ཚབ་དང་འབྲེལ་མོལ་སྐུ་ཚབ། ༽
༥ དོན་གཅོད་ཟླ་བ་ཚེ་རིང།
༼ རྒྱ་ནག་ཏུ་བསྐྱོད་པའི་ཚོགས་མི། ༽
༦ སུད་སི་དོན་གཅོད་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ།
༼ ཞི་མོལ་ཚོགས་ཆུང་གི་ཚོགས་མི་དང་རྒྱ་ནག་ཏུ་བསྐྱོད་པའི་ཚོགས་མི། ༽
༧ རྔ་བ་ཚེ་རྒྱམ།
༼ རྒྱ་ནག་ཏུ་བསྐྱོད་པའི་ཚོགས་མི། ༽
༨ ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་བྱེད་རྒྱ་ཡིག་ཚད་ལྡན་ཤེས་མཁན་ཙམ་དུ་མ་ཟད་བོད་རྒྱའི་ཆབ་སྲིད་དང་ལོ་རྒྱུས་ལ་དམིགས་བསལ་མཁས་པ་དེ་འདྲ་བསྐོ་བཞག་བྱེད་གལ།
གཞན་རྒྱ་བསྐྱོད་ཚོགས་མི་དྲིལ་བསྒྲགས་དྲུང་ཆེ་དང་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གཞན་རྣམས་རང་འཇགས་འཇོག་དགོས་པ་བཅས་ཀྱི་བསམ་ཚུལ་ཏུ།
༧གོང་ས་མཆོག་གིས་ཁོང་གི་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་གནང་སྟེ་སླར་གསོ་བྱེད་དགོས་པ་མོས།
རྒྱ་ནག་ཏུ་བསྐྱོད་མཁན་གྱིས་རྔ་བ་ཚེ་རྒྱམ་ནང་བཞིན་རྒྱ་སྐད་ཤེས་ན་ཧ་ཅང་ཕན་བསམ།
རྒྱ་རི་དང་ཚེ་རྒྱམ་གཉིས་ལ་མོས་མཐུན་མེད། གཟབ་གཟབ་གྱིས།
སྐུ་ངོ་བླ་བཟང་སེང་གེ་ལགས་ལ་ཐུགས་རྗེ་ཆེ། བོད་དོན་བསྐོར་ཁྱབ་བསྒྲགས་ལེགས་པོ་གནང་བཞིན་འདུག མ་ཟད་བོད་ནང་གི་བོད་མི་ཚོའི་ཆེས་དགའ་ཤོས་ཀྱི་སྐུ་ངོ་ཞིག་རེད་གསུངས་ཀྱིན་འདུག ང་ལ་ངའི་སློབ་གྲོགས་ཤིག་གི་བཤད་སོང་།
དྲང་སྲོང་འདུལ་འཛིན་གྱི་འདོད་ཚུལ་སྣོན་འཕྲི་ཞིག་རྒྱག་ན།
ཟམ་གདོང་རིན་ཆེ་དམིགས་བསལ་སྐུ་ཚབ་དང་འབྲེལ་མོལ་སྐུ་ཚབ། ཞི་མོལ་ཚོགས་ཆུང་གི་སློབ་སྟོན་པ།
༡ རྒྱ་ལོ་དོན་གྲུབ།
༢ རྒྱ་རི་བློ་གྲོས་རྒྱལ་མཚན།
༣ ཨ་ཀྱ་རིན་པོ་ཆེ།
༤ མཁས་དབང་མཁར་རྨེའུ་བསམ་གཏན
༥ ཚེ་བརྟན་དབང་ཕྱུག
༥ ཀུན་དགའ་བཀྲིས།
༦ དོན་གཅོད་ཟླ་བ་ཚེ་རིང།
༧ རྔ་བ་ཚེ་རྒྱམ།
༨ འཇམ་དབྱངས་ཉི་མ།
༩ སྤྱི་འཐུས་བསོད་ནམས་རྒྱལ་མཚན།
༡༠ ཆུང་ཚེ་རིང་།
འདི་རྣམས་ཚོགས་མིར་འདེམས་ནས་ནང་ཁུལ་ལས་ཁོང་ཚོས་ལས་བསྒོས་བྱ་ན་ཡག་པོ་མེད་འགྲོ།
མཆན་༡ པོོར་མོས་མཐུན་ཡོད
འཛམ་གླིང་གི་རྒྱལ་ཁབ་ཐམས་ཅད་ཀྱིས་ཚོང་དོན་དང་། དམག་དོན། ས་མཚམས། ཁུར་ཡུག་སོགས་དོན་ཆེན་ག་འདྲ་ཞིག་ལ་གྲོས་མོལ་བྱེད་ཀྱང་ཕན་ཚུན་སྐད་བསྒྱུར་བརྒྱུད་ནས་བྱེད་ཀྱི་ཡོད་པ་ལས་ཕ་རོལ་པོའི་སྐད་ཤེས་མཁན་གྱི་མི་སྣ་མངགས་གཏོང་བྱེད་ཀྱི་མེད། དེ་ནི་རྒྱལ་ཁབ་སོ་སོའི་ནང་སྐད་ཤེས་མཁན་མེད་ནས་མ་ཡིན་པར་རང་རང་སོ་སོའི་སྐད་ཡིག་ལ་ཐོང་དང་འདྲ་མཉམ་ཡིན་པ་སོགས་མཚོན་བྱེད་མང་པོ་ཞིག་ཡོད་པ་རེད། ང་ཚོས་ཀྱང་རང་རྒྱལ་ཁབ་ཀྱི་སྐད་རྒྱབ་ནས་རྒྱ་ནག་དང་གྲོས་མོལ་བྱེང་དགོས་པ་ལས་རྒྱ་སྐད་རྒྱབ་ནས་བྱེད་མི་རུང་བ་རེད། དེས་ན་ལྷན་རྒྱས་ཀྱིས་བོད་རྒྱའི་གྲོས་མོལ་ནི་མི་རིགས་གཉིས་ཀྱི་བར་གྱི་གནས་དོན་ཐག་བཅད་ཕྱིར་ཡིན་པ་ལས་གནམ་གྲུ་དང་མེ་འཁོར་གྱི་འཛིན་ཉོ་བའམ་ཚལ་ཉོ་རུ་འགྲོ་བའི་ཆེད་མ་ཡིན་པ་ཤེས་དགོས། གྲོས་མོལ་དུ་མི་འགྲོ་སུ་ཡིན་རུང་རྒྱ་སྐད་ཤེས་ཀྱང་བོད་སྐད་ངེས་པར་དུ་རྒྱག་དགོས།
རྒན་བྲག་ནས་གསུངས་བཞིན་ཏྔ་པ་ཚེ་རྒྱམ་ལ་འཐད་པ་ཡོད་།
དགོང་དག་ཡིག་ནོར་་་རྔ་བ་ཚེ་རྒྱམ་དུ་བཅོས་།
ཟམ་གདོང་རིན་པོ་ཆེས་རྩ་ཁྲིམས་དང་གཞུང་ལུགས་དང་པོར་བཞག་དོན་དངོས་གཉིས་པར་བཞག་ཏེ་རྒྱང་བཀྱེད་དྲགས་ནས་དོན་དག་ངོ་མ་དེ་བོར་ཨེ་འགྲོར་དོགས། རྒྱ་ལོ་དོན་གྲུབ་སྐུ་ན་རྒས་དྲག་ནས་འེ་ཡོང་མི་ཤེས། ཨ་ཀྱཱ་རིན་པོ་ཆེ་རྒྱ་ནག་གི་ཉེས་ཅན་པ་ཞིག་ཡིན་པས་ངོས་ལེན་ཨེ་ཡོད་མི་ཤེས། རྔ་བ་ཚེ་རྒྱམ་དོན་དངོས་དང་ཐུག་ན་བློ་ཁོག་གིས་ཨེ་འདང་མི་ཤེས། དེ་མིན་གཞན་པ་འོས་མིར་གསལ་ཆ་མེད། བློ་བཟང་སེང་གེ་རང་གདམས་ནས་སྲིད་སྐྱོང་དང་འགན་གཅིག་ལྕོགས་སུ་ཁུར་ན་འོས་པར་མཐོང་། བོད་རྒྱའི་དཀའ་རྙོག་དེ་ནི་མི་རིགས་གཉིས་ཀྱི་གནད་དོན་ཡིན་པས་འདས་མ་ད་གསུམ་གང་ལ་བལྟས་ཀྱང་གཞུང་དང་གཞུང་གི་འབྲེལ་ལམ་བྱས་ན་ལེགས་པར་མཐོང་།
གང་ལྟར་དགའ་བསུ་ཡོད།
ད་ལྟ་བར་སྐུ་ཚབ་གཉིས་ནས་རང་ནུས་ཡོད་རྒུས་འབད་བརྩོན་གནང་བས་ངས་འདིར་བོད་མི་དྲང་གཞག་ཞིག་གིས་ཁྱེད་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་བོད་ཀྱི་རྩ་དོན་འདི་ལྒང་ཕུག་ཕུ་བརྒྱབ་པ་ལྟ་བུ་ལམ་སེང་ཡོང་ཐབས་མེད། རྒྱུན་མཐུད་ནས་འབད་བརྩོན་གནང་དགོས། དོན་ཆེན་སྒྲུབ་པར་ངང་རྒྱུད་རིང་དགོས་ཟེར་བ་ལྟར་གཉུག་བསྲིངས་དགོས། ལས་དོན་དངོས་ནང་མ་བཞུགས་ན་སྲང་ལམ་གྱི་ཁ་རྒྱགས་པས་འབྲས་བུ་དུས་ནམ་ཡང་འཐོབ་མི་སྲིད། བསམ་བློ་བཏང་ནས་སྐད་ཆ་ཤོད་རྒྱུ་གལ་ཆེན་པོ་ཡིན། ལོང་མཆོངས་ཅན་གྱི་མཐར་ཐུག་དམིགས་ཡུལ་འགྲུབ་མི་སྲིད། དངོས་ཡོད་ལ་བསམ་བློ་བཏང་སྟེ་སྐད་ཆ་ཤོད་པ་དང་། གཞན་གྱི་བསམ་འཆར་ཉན་པ། འཛམ་གླིང་གི་གནས་བབ་ལ་རྒྱང་བལྟ་བྱེད་ཐུབ་པ། རང་གི་ནུས་ཤུགས་ལ་བལྟ་ཐུབ་པ་བཅས་བྱས་ན་གཞི་ནས་ཁྱེད་ཀྱི་བཤད་པ་དངོས་ཡོད་ཡིན་པར་བརྩི་ཆོག མཐོང་རྒྱ་གང་ཡང་མེད་པར་མདའ་དཀྲུགས་ཕུ་དཀྲུགས་ཀྱི་སྟོང་བཤད་བྱས་ན་དེ་ནི་ནང་རུལ་པའི་བྱེད་སྟངས་ངོ་མ་ཡིན། བཙན་བྱོལ་བའི་གོང་བུའི་ནུས་པ་འདི་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་ཡིན། ང་ཚོ་ཚང་མས་ཐུན་མོང་ཐོག་བཙན་བྱོལ་བོད་གཞུང་སྐྱོང་དགོས།
སྐུ་ཚབ་ཟུར་པ་གཉིས་གྱིས་ད་བར་སྐུ་ལས་བསྐྱོན་པ་སྙིང་ནས་ཐུགས་རྗེ་ཆེ་ཞུ།
ཞི་མོལ་འདི་གཙོ་བོ་རྒྱབ་ལྗོང་ལ་རག་ལས་ཀྱི་རེད། འོན་ཀྱང་འགྲོ་མཁན་ཚོ་ཕར་ཕྱོགས་ནས་ནག་ཉེས་ཅན་དུ་མི་བརྩི་བ་གལ་ཆེན་སོང་ཙང་། རྔ་བ་ཚེ་རྒྱམ་རྒྱ་གཞུང་གི་ཆབ་སྲིད་ནག་ཉེ་ཅན་དུ་བརྩི་བས་ཁག་པོ་རེད།
ཡང་གལ་ཆེ་ཤོས་ཤིག་ལ་འགྲོ་མཁན་དེས་རྒྱ་སྐད་ཡག་པོ་ཤེས་ན་ཕན་བསམ།
ཕྱོགས་ཡོངས་ནས་ལྟས་ན་རྔ་བ་ཚེ་རྒྱམ་ལེགས་ཤོས་སུ་མཐོང་། ཁོང་ལྟ་བུའི་ལོ་གཞོན་ཤེས་ཡོན་གཉིས་ལྡན་རེ་ཡོད་པ་ང་ཚོའི་གཟི་བརྗིད་ཡིན།
སྐུ་ངོ་རྒྱལ་ལོ་དོན་འགྲུབ་བདེ་ལེགས་སྨན་ཁང་ནང་དགོང་པ་རྫོགས་པའི་གནས་ཚུལ་ཞིག་ངོ་དེབ་སྒང་ལ་ཐོན་སོང། ད་ནི་ཕལ་ཆེར་བདུན་ཚིག་གཉིས་གསུམ་ཙམ་འགྲོ་ཟིན་པ་ཡོད། འོན་ཀྱང་སྐད་ཆ་དེ་བདེན་པ་མིན་ཚོད་རེད། གཞན་དྲང་སྲོང་འདུལ་འཛིན་གྱིས་གསུང་པ་དེ་དག་ལ་མོས་མཐུན་ཡོད་ལ་ཁ་སྣོན་གཅིག་ཞུ་རྒྱུ་ནི་ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཡང་དེའི་ནང་ཡོད་དགོས་པའི་མི་ཞིག་རེད།
ཕུང་སེ་གཉིས་དགོངས་པ་ཞུ་འདུག་་་་་་ད་ཡག་པོ་བྱུང་་་་
གང་ལྟར། བོད་རྒྱའི་དཀའ་རྙོག་འདི། བོད་རྒྱའི་གནས་སྟངས་ལ་རྒྱུས་ལོན་ཞིབ་མོ་ཡོད་མཁན་ཞིག་ལ་འགན་ལེན་བྱེད་བཅུགས་ན། ཕན་ནུས་ཆེན་པོ་ཐོན་གྱི་ཡོད་རེད།
དེས་ན། ཚོགས་གཙོ་གཅིག་རང་འོས་པ་ནི། རྔ་བ་ཚེ་རྒྱམ་ལགས་རེད་བསམ་སོང་། རྒྱུ་མཚན་ནི། གཅིག་ནས། རྒྱ་གཞུང་གི་སྲིད་བྱུས་དང་མི་མང་གི་གནས་སྟངས། འགྱུར་བ་སོགས་ཕྱོགས་ཡོངས་ནས་ལྟ་སྤྱད་ཀྱི་མིག་དང་དཔྱོད་སྤྱད་ཀྱི་བསམ་བློ་ཡོད་རེད། ལྷག་པར་དུ། དྲང་ཚུགས་རིང་ལུགས་ཅན་གྱི་མི་སྣ་ཞིག་ཡིན་པར་ཁོང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་ལོ་བཅུ་འཁུར་བའི་བྱས་རྗེས་ཀྱིས་གསལ་བཤད་བྱས་པ་མ་རེད་དམ།
གཉིས་ནས། ད་ལྟའི་བར་དུ། བོད་རྒྱའི་གནད་དོན་སྐོར་ལ་བོད་པ་རང་གི་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་དང་ཁ་ཕྱོགས་མང་པོ་སྤེལ་མྱོང་ཡོད་པ་རེད་དེ། ལོ་བཅུ་གསུམ་གོང་གི་རྔ་བ་ཚེ་རྒྱམ་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སྐོར་གྱི་ཆེད་རྩོམ་ཞིག་སྤེལ་ཡོད་པ་དེའི་ཐབས་ལམ་དང་ངོས་འཛིན་སོགས་ཀྱི་ལམ་སྟོན་ནི། ད་དུང་བེད་སྤྱོད་ཆེན་པོ་ཡོད་རེད།
ད་ལྟའི་དུས་ཚོད་དེ་ནི་ཛ་དྲག་དང་། རྙོག་འཛིངས་ཆེ་བའི་དུས་ཚོད་ཅིག་ཡིན་པས་ང་ཚོས་བབས་རླིང་བརྟན་གསུམ་གྱི་སྒོ་ནས་བསམ་ཚུལ་བཤད་ཅིང་། ལན་འདེབས་བྱ་དགོས་པའི་དུས་ཚོད་ཅིག་རེད་འདོད། དེས་ན། བོད་མི་ཚོས་དམངས་གཙོའི་ཁེ་དབང་ཡོངས་སུ་སྤྱད་དགོས་ཅིང་། འོས་འགན་ཚ་ཚ་འུར་འུར་དུ་སྲུང་དགོས་པའི་དུས་ཚོད་ཅིག་རེད།
ངའི་བལྟས་ན་ཚོགས་མིའི་གྲངས་ཀ་སྤེལ་རྒྱུ་དེ་གལ་ཆེན་པོ་མཐོང་གི་མི་འདུག
དེ་ལས་ཚོགས་མི་རྣམས་ཀྱི་ཉམས་མྱོང་དང་རྒྱ་ནག་གི་སྐོར་ལ་གོ་རྟོགས་ཡོད་མིན་དེ་ཧ་ཅང་གལ་ཆེན་རེད་སྙམ་གྱི་ཡོད།ང་ཚོ་ལ་གོང་དུ་བཀོད་པའི་བོད་ཀྱི་འགོ་ཁྲོ་རྒན་གཡོལ་ཞུས་པ་ཁག་ལས་གཞན་མེད་པ་རེད་དམ།ད་བར་རྒྱ་ནག་གི་སྒང་ལ་ཉམས་ཞིབ་མཐིལ་ཕྱིན་བྱེད་མཁན་ཁག་ཅིག་ལ་གོ་སྐབས་སྤྲད་ན་གང་འདྲ་འདུག
གོང་གི་མཆན་ལས་གྲངས་ཀ་སྤེལ་རྒྱུ་ཞེས་པ་དེ་གྲངས་ཀ་སྤར་རྒྱ་ཞེས་བཅོས་པ་ཡིན།བཟོད་གསོལ་ཞུ།
དབུས་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ནས་མིག་འཛུགས་གིས་འཐུས་མི་དྲག་དྲས་བསྐོ་བཞག་གནང་ཡང་རུང་ མི་མང་གིས་འོས་བསྡུ་བྱས་ཏེ་དྲག་དྲས་འཐུས་མི་འོས་བསྡུ་བྱས་ཀྱང་རུང་ གང་ལྟར་ང་ཚོའི་ཕྱོགས་ནས་མི་འགྲོ་གང་དྲག་བསྡམས་ཀྱང་འཐུས་མི་དེ་དག་རྒྱ་ནག་གཞུང་ནས་ངོས་ལེན་བྱེད་རྒྱུ་ཁག་པོ་རེད་ ལ་ ངོས་ལེན་བྱས་ཏེ་གྲོས་མོལ་འགོ་འཛུགས་བྱུང་ཡང་རྒྱ་གཞུང་གི་རྫིགས་གཏམ་དང་ བཀའ་སྐྱོན་ དམའ་འབེབས་མང་དག་ཞིག་ཉན་ནས་འཁྱེར་ཏེ་ལོག་ཡོང་རྒྱུ་ལྷག་རེ་བ་གཞན་ཁག་པོ་རེད་།
གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་ཆེ་ས་ནས་རྒྱོབས་ཟེར་ཀྱིན་མི་འདུག་གམ། དོར་ཞི་རྒྱ་མཚོར་འདིའི་སྐོར་ཉམས་མྱོང་ཡོད་པ་རེད། ཁོང་གིས་ཞལ་འདེབས་སློང་སྐབས་ཁྲི་གཅིག་གི་འཆར་གཞི་ཡིན་ན་ཁྲི་བཅུ་ལབ་པ་ཡིན་ན་ཏག་ཏག་ཁྲི་གཅིག་མ་མཐའ་ལའང་རེག་གི་རེད། དེ་མིན་དོན་དངོས་ཁྲི་གཅིག་ལབ་ན་སྟོང་གཅིག་མ་གཏོགས་རེག་གི་མ་རེད་ཟེར་སྲོལ་ཞིག་ཡོད་པ་དང་གཅིག་མཚུངས་རེད། ང་ཚོས་གཞུང་ངོས་ནས་སྐུ་ཚབ་གཏོང་དགོས་པའི་ཆ་རྐྱེན་རྒྱ་གཞུང་ལ་བཏོན་ན། མ་མཐའ་སླར་ཡང་ད་ལྟ་ཆད་ཟིན་པའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་འབྲེལ་ལམ་སྐྱར་མཐུད་ཐུབ་པར་གདེང་ཚོད་ཅིག་ཡོང་མདོག་ཁ་པོ་རེད།
རྒྱལ་ལོ་དོན་གྲུབ།
ཁ་ཅིག་གིས་རྒྱ་ལོ་དོན་གྲུབ་སྐུ་གཤེགས་སོང་ཟེར། གོང མཆན། ༤་་་པས་སྐུ་ཚབ་ལ་གཏོང་དགོས་ཟེར། དོན་དུ་གནས་ཚུལ་འདིར་ཁ་གསལ་ཡོད་མཁན་མཆིས་ཚེ་ང་ཚོ་རྒྱ་བོད་གཉིས་ཀྱི་གནས་ཚུལ་གོ་དཀའ་བ་ཚོར་ཕན་ཆེ་་བས་འགོད་རོགས་གནང་།
༧ གོང་ས་མཆོག་གི་ཐད་བསྐོས་མཛད་གནང་ན་ལེགས་པར་མཐོང་སོང།
རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ངོས་ཕྱོགས་ནས་རྦད་དེ་དགོངས་པ་ཞུས་ཟིན་པས། ད་ཆ་དམིགས་བསལ་སྐུ་ཚབ་ཟེར་བ་ཡོང་ས་ཡོད་པ་མ་རེད། གལ་ཏེ་ཅིས་ཀྱང་བསྐོས་ན་ཆོས་ལུགས་སྐུ་ཚབ་ལྟ་བུ་ལས་འོས་མེད། དེ་ཡང་དགོས་དོན་ཆེར་མི་ལྡན་པས། མདོ་དོན་རྗེས་སོར་རྒྱལ་བའི་སྐུ་ཚབ་ཟེར་བ་ཡོང་གི་མ་རེད། འདི་གཏན་དུ་སྒོ་བརྒྱབས་ཟིན་ཡོད།
༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟེར་བ་དེ་ད་ནས་བཟུང་འཇུག་གྲུབ་པ་རེད། ཕྱིས་ནས་ཀྱང་དམིགས་བསལ་སྐུ་ཚབ་ཟེར་བ་བསྐོ་བཞག་གནང་གི་མ་རེད། འོན་ཀྱང་རྒྱ་བོད་བར་མཐུན་འབྲེལ་དགོས་ངོས་ཡིན་པས་རབ་བྱུང་ན་ཁྲི་ཟུར་ཟམ་གདོང་མཆོག་དང་། ཕྱག་རོག་སྔོན་གྱི་སྐུ་ཚབ་གཉིས་བཅས་བྱུང་ན་ཤིན་ཏུ་བཟང་བར་སེམས།
གོང་ས་མཆོག་གི་སྐུ་ཚབ་ཟེར་བ་ཞིག་ད་ཡོངས་མི་སྲིད། འོན་ཀྱང་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་ཞིག་དགོས་ངེས་ཡིན་པས་རབ་བྱུང་ན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། རྒྱ་རི་བློ་གྲོས། སྐལ་བཟང་རྒྱལ་མཚན་གསུམ་གྱིས་གཙོ་བོ་གནང་སྟེ་གཞན་རྒྱ་སྐད་ཤེས་མཁན་ཁག་ཅིག་བྱུང་ན་བཟང་བར་སེམས།
དོན་དག་འདི་མི་མང་གིས་འདེམས་བཀོ་བྱེད་པ་ལས་༧གོང་ས་མཆོག་གིས་ཐད་འདེམས་བྱས་ན་སྟབས་བདེ་བོ་མི་འདུག
རྒྱ་རི་དགོངས་པ་ཞུ་ན་ཡག་པོ་རེད། ཁྲི་ཟུར་ཟམ་གདོང་ལ་རིག་སྟོབས་ཡོད་ཀྱང་བློ་སྟོབས་མེད། རྒྱ་ལོ་དོན་འགྲུབ་ལགས་ལོ་ན་མཐོ་གྲགས་པ་རེད།
ཡ་་་་་་་་་་་་་དེ་རིང་དངོས་གནས་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བའི་སྐབས་རེད་འདུག་་་་་་་་་་་་་་་་་་འོན་ཀྱང་རང་རེ་བོད་མི་རྣམས་མི་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་གཏན་ནས་མི་འིག་དུག་པས་དེ་ནི་ཆེས་ཤིན་ཏུ་བློ་འཕངས་པོ་རེད། མ་གཞི་ནས་བྱས་རྗེས་ཅན་གྱི་མི་ལ་གཟེངས་སྟོེད་མེད་པའི་ཐོག་དེས་་བྱས་དང་དེས་ཕུང་ཟེར་བ་ནི་སྤྱི་ཚོགས་འདི་ཡི་གོམ་གཤིས་ངན་པ་ཞིག་དང་སྒེར་ནད་སྤྱི་སྟེང་དུ་སྤུང་པ་ནི་རྒྱུན་ལྡན་གྱི་སྲོལ་ཞིག་ཡིན། ད་ལྟའི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ནི་དཀའ་བ་ཁྱད་དུ་བསད།་ངལ་བ་དང་དུ་བླངས་ནས་བོད་མི་རིགས་ཀྱི་བདེ་དོན་དང་། གཉིས་ཕན་དབུ་མའི་ལམ་གྱི་གནས་སྟངས་། རྒྱ་བོད་འཆམ་མཐུན་ཡོངས་ཐབས་བཅས་ལ་ཡོད་དགུ་རྩལ་ཀྲུག་གིས་འཛམ་གླིང་སྐོར་བ་རྒྱབ་ནས་རང་དོན་རྒྱབ་ཏུ་དོར་གཞན་དོན་དང་དུ་བླངས་སྟེ་མི་ཚེ་ཧྲིལ་པོ་སྐྱེལ་ཡང་། ད་དུང་ཁྱོད་དང་ཁྱོད་འདྲ་བའི་རླབས་ཆེན་གྱི་མཛད་རྗེས་དང་ལྡན་པ། འཇོན་ཐང་དང་། གཟི་བརྗིད། ད་དུང་ལྷག་བསམ། ཞེན་ཁོག བློ་སྟོབས། བཅས་ཀྱིས་ཁྱོད་ནི་ངེད་མི་རིགས་ལ་ཤིན་ཏུ་མཁོ་བའི་སྐབས་ཤིག་ཡིན་པས་འོ་རྒྱལ་ཆེ་ཡང་མུ་མཐུད་མཛད་འགན་བཞེས་རྒྱུ་རེ་བ་དང་ཡིད་ཆེས་ཀྱི་སྒོ་ནས་དེ་རིང་འདི་ལྟར་བྲིས་པ་ཡིན།
ངས་བལྟས་ན་གནས་སྐབས་སྐུ་ཚབ་དགོས་ཡ་ཡོད་མ་རེད། ཕ་རོལ་རྒྱ་དམར་གུང་ཁྲན་ཕྱོགས་ནས་བོད་མི་རིགས་ཀྱི་རང་སྐྱོང་གི་ཐོབ་ཐང་དང་རང་དབང་སྤྲོད་དེ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་བསམ་བློ་ཡེ་ནས་མེད་ལ་མི་རིགས་བོད་རྩ་མེད་བཟོ་རྒྱུའི་ངན་སེམས་བཅངས་ནས་ཡོད་པས་གྲོས་མོལ་བྱེད་རྒྱུའི་གཞི་རྩ་བསྡད་མེད་ལ་དགོས་དམིགས་ཀྱང་འགྲུབ་མི་སྲིད། གལ་སྲིད་ཁོ་པ་ཚོར་ཁེ་ཕན་ཡོད་སྐབས་དང་ཕྱི་ཡིས་གནོན་ཤུགས་འགོག་ཆེད་མགོ་སྐོར་གྱི་ཚུལ་དུ་མགྲོན་འབོད་འདྲ་བྱེད་སྲིད།
དཔེར་ཨོ་ལེམ་པིཀ་གི་སྔ་རོལ་དེར་འགྲོན་འབོད་མང་ཙམ་བྱས་མྱོང་ལ་དེའི་རྗེས་གོ་རྒྱུ་མེད་པ་ཆགས་པ་བཞིན་རེད།
དེ་ལས་ལྡོག་ཕྱོགས་ནས་ལས་འགུལ་ཤུགས་དྲག་སྤེལ་ན་ལེགས། རྒྱ་ནག་དམངས་གཙོར་འགྲུར་བའི་རྗེས་སུ་ངེས་པ་དོན་གྱི་གྲོས་མོལ་ཞིག་ཡོང་བར་ངེས།
ངས་བསམ་ན་ད་ཐེང་གྱི་སྐུ་ཚབ་དེར། དམིགས་གསལ་རྒྱ་ཕྱོགས་གྱི་ཆབ་སྲིད་གི་འགྱུར་འགྲོས་ཐད་རྒྱུས་མངའ་ཡོད་པ་ཞིག་དང། རྒྱ་ཡི་སྐད་ཡིག་གཉིས་ལ་ཐོག་པ་མེད་པ་ཞིག་ཡོད་ན་ཕན་ཐོག་ཆེ་བ་སྣང། དེ་ལ་ཡང་བཤད་ཕོད་པ་དང་ཉན་ཤེས་མཁན་སོགས་ཆ་འཇོག་འཕེལ་བའི་མི་ཞིག་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་དུ་སྣང།
བོད་ཀྱི་སྐུ་ཚབ་སུ་བཞག་ཀྱང་ཁྱད་པར་རྩ་བ་ནས་མེད། གཙོ་བོ་རྒྱ་ནག་གཞུངས་ལ་ཐུགས་ཡོད་པ་ལྐུག་པས་ལྟས་ན་ཤེས་གསལ་རེད།
རྒྱ་གཞུངས་འདི་དམངས་གཙོ་མ་ཆག་བར་དུ་རེ་བ་དེ་བས་མེད་པ་ཤེས་བཞིན་ད་དུང་འབྲེལ་བ་ནི་བདེ་པའི་ཨུ་ཚུག་མ་རེད། འདི་ནི་ལྐུག་པའི་ཨི་ཚུགས་རང་རེད།
རྣམ་པ་ཚོས་ད་དུང་དམིགས་བསལ་སྐུ་ཚབ་ལ་རེ་བ་གནང་གི་འདུག་པས་དམིགས་བསལ་སྐུ་ཚབ་ཟེར་བ་སུ་ཡི་སྐུ་ཚབ་གསུངས་གི་ཡོད། རྒྱལ་བའི་སྐུ་ཚབ་གསུངས་གི་ཡོད་ན་དེ་ནི་རེ་བ་སྟོང་ཟད་ངོ་མ་རེད། དེ་ལས་གཞན་ཞིག་གི་དམིགས་བསལ་སྐུ་ཚབ་གསུངས་གི་ཡོད་ན་སུ་འོས་གང་འོས་ཀྱི་བཀའ་མོལ་གནང་ན་སྒེར་ནད་གཞུང་ལ་མ་ཕོག་པའི་སྒོ་ནས་བསམ་ཚུལ་གསུངས་རོག་ཞུ་རྒྱུ་ཡིན།
སྐུ་ཚབ་ཟུར་པ་གཉིས་ཀྱིས་ད་བར་བོད་མི་རིགས་ཀྱི་སྐུ་ཚབ་གནང་ནས་རྒྱ་བོད་འབྲེལ་མོལ་ཐེངས་བཅུ་ཙམ་སོང་ཟིན་པར་སྙིང་ཐག་པ་ནས་ཁོང་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་མུ་མཐུད་དུ་གང་ཅིའི་ཐད་ལ་བཀའ་སློབ་སློབ་སྟོན་གནང་མུས་ཡོང་བའི་རེད་འདུན་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་མ་འོངས་པའི་སྐུ་ཚབ་ཏུའང་ཁོང་རྣམ་གཉིས་ཀྱི་ལས་འགན་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་མཁན་གྱི་མི་སྣ་ཤེས་འཇོན་གཉིས་ལྡན་ཞིག་དགོས་གལ་ཆེ བར་མཐོང་།
འདས་པའི་ཉམས་མྱོང་དང་ད་ལྟའི་གནས་བཏང་གང་ལ་ལྟས་ཀྱང་རྒྱ་བོད་འབྲེལ་བ་ནི་བྱི་པའི་མཇའ་འཇུ་དང་ཁྱད་མེད་རེད།
ང་ཚོས་བོད་ཀྱི་ངོས་ནས་སྐུ་ཚབ་སུ་བཞག་ན་ཁྱད་པ་པུ་ཙམ་མེད་། གཙོ་བོ་རྒྱ་ནག་དམངས་གཙོ་མ་ཆག་བར་དུ་བོད་རྒྱ་ཞི་བའི་འབྲེལ་བ་བྱེད་འདོད་ནི་བདེན་པའི་ཨུ་ཚུག་མ་རེད་དེ་ནི་ལྐུག་པའི་ཨུ་ཚུག་རེད།
སྐུ་ཚབ་རྣམ་པ་རྒྱ་ནག་དང་གྲོས་མོལ་ཐེངས་མང་པོ་གནང་ཡང་ད་བར་གྲུབ་འབྲས་བྱུང་མེད་ན་དེ་རྒྱ་ནག་གི་དཔོན་པོ་ལྟ་བ་མཁྲེགས་འཛིན་ཅན་དེ་ཚོས་ངོས་ལེན་དང་། གྲོས་ཆད་ལ་བརྩི་འཇོག་མ་བྱས་པར་ཁོ་ན་ལ་བརྟེན་ནས་བྱུང་བ་ལས། སྐུ་ཚབ་རྣམ་གཉིས་རྒྱ་ནག་ཏུ་ཕེབས་ནས་བོད་དོན་མ་གླེང་བ་དང་དཀའ་ལས་མ་རྒྱབ་པ་ནི་ག་ལ་ཡིན། དེ་ཡིན་ཙང་དགག་པ་དང་སྐྱོན་བརྗོད་བྱས་ན་རྒྱ་ནག་གི་དཔོན་རིགས་དེ་ཚོར་བྱས་པ་ལས། སྐུ་ཚབ་རྣམ་པར་དགག་པ་བརྒྱབ་ན་དེ་སྨྱོན་པས་བྱེད་སྟངས་ཤིག་མ་རེད་དམ། ཚང་མས་བློ་གཟུར་བོ་གནས་པ་དང་བསམ་བློ་ནན་པོ་བཏང་ནས་ཁ་བརྡ་བྱེད་ཐུབ་ན་ཡག་སྙམ། འདྲེ་ཤར་སྒོར་འགྲོ་དུས།། ཀླུད་ནུབ་སྒོར་བཏང་། ཞེས་པ་དང་། དགྲ་ལ་དགྲ་ལན་མེད་པར།། གཉེན་ལ་འཁོན་འཛིན་བྱེད་མཁན།།
ཞེས་པའི་དཔེར་ལྟར་མ་བྱས་ན་ལེགས།།།།།
ལེགས་ཉེས་མི་ཤེས་མི་ངན་ཚོས།།
མགོ་འཇུག་གཏན་ནས་མེད་པ་ཡི།།
ཁུངས་ལུང་མེད་པའི་སྐད་ཆ་དག།
སྲང་ལམ་ཁྲོད་ཀྱི་ཁྱི་འཁྱམ་དང་།།
ཁ་བྱང་མེད་པའི་ཡིག་འཁྱམ་ལྟར།།
གཟུར་གནས་སུས་ཀྱང་ཡ་མི་བྱེད།།
དགོངས་དག་འཇུག་ཅེས་པ་དེ་མཇུག་ཅེས་བཅོས་རོགས།།
ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་དྲའི་ཐོག་སྐུ་ཚབ་གཉིས་ཀྱི་དགོངས་ཞུའི་སྐོར་རྒྱ་འབུས་མཆན་བཀོད་འདུག
早该走人了,不换思维就换人!
སྔ་ས་ནས་བརྗེ་དགོས་ངེས་རེད། བསམ་བློ་གཏོང་སྟངས་ལ་འགྱུར་ལྡོག་མ་བཏང་ན་མི་ལ་བརྗེ་པོ་རྒྱོབ་རྒྱུ་ལས་ལྷག་མེད་པ་རེད།
汉人法西斯们,89年对他们自己民族的学生尚且那样地屠杀,血腥地对待藏人,也是意料之中的事情,与这样的统治者“谈判”不会有什么益处。藏人最好能早日走出达赖喇嘛“非暴力”和“中间路线”的立场,争取彻底的民族解放,否则藏人的命运只有被奴役和屠杀。
རྒྱ་མི་ཕ་ཤི་སི་རིང་ལུགས་པས་༡༩༨༩ལོར་ཤ་ཁྲག་གཅིག་པའི་སློབ་ཕྲུག་ཀྱངདམར་གསོད་བཏང་བས་ན་བོད་པར་དེ་ལྟར་བྱེད་པར་ཐེ་ཚོམ་ཅི། དེ་འདྲའི་དབང་བསྒྱུར་ཅན་དང་གྲོས་མོལ་ཡོངས་ཐབས་མེད། དེ་ལས་བོད་པ་ཚོ་ཏ་ལའི་བླ་མའི་འཚེ་མེད་ཞི་བ་དང་དབུ་མའི་ལམ་ཞེས་པའི་ལངས་ཕྱོགས་དོར་ནས་མི་རིགས་བཅིངས་བཀྲོལ་གྱི་འཐབ་རྩོད་ལ་ཞུགས་ན་བཟང་། དེ་ལས་ལྡོག་ན་བོད་པའི་མདུན་ལམ་ནི་བྲན་གཡོག་དང་དམར་གསོད་ལས་གཞན་ཅི།
请问洛第嘉日和格桑坚赞,你们遇到了恶狼,恶狼要吃你们,难道你们能和恶狼说:你们怎么能随便吃人呢,这是不对的。难道恶狼就不吃你们了?恶狼能听的懂吗?
རྒྱ་རི་དང་སྐལ་རྒྱན་ལགས། ཁྱོད་གཉིས་ལ་འདྲི་རྒྱུར། ཁྱོད་གཉིས་སྤྱང་ཀི་དང་གདོང་ཐུག་བྱུང་སྐབས། དེ་ཚོས་ཁྱོད་རང་གཉིས་བཟའ་གི་རེད་མ་གཏོགས་ཁྱོད་གཉིས་ཀྱིས་སྤྱང་ཀི་ལ་ཁྱོད་ཚོས་མི་གང་བྱུང་དུ་བཟའ་མི་རུང་ཞེས་བརྗོད་པས་དེ་དག་གིས་ཁྱོད་གཉིས་བཟའ་གི་མ་རེད་བསམ་བྱུང་ངམ། སྤྱང་ཀིས་མི་སྐད་གོ་གི་རེད་དམ།
自燃比辞职给中共的压力更大,试试看。比那自烧尼姑的勇气差远了,熊包!
དགོངས་པ་ཞུ་བ་ལས་མེར་བསྲེགས་བཏང་ན་ཀྲུང་དབྱངས་ལ་གནོན་ཤུགས་ཆེ་བ་ཐེབས་སྲིད། ཚོད་ལྟ་བྱས་ན་གང་འདྲ་འདུག སྙིང་སྟོབས་ནི་བཙུན་མ་མེར་བསྲེགས་གཏོང་མཁན་ལས་སྐྱོ། སྡར་མ་ཁྱོད་ཚོ།
མཆན་གོང་མའི་བཤད་སྟངས་ལ་ལྟོས་དང། འཚེ་མེད་ཞི་བ་དང་གཉིས་སྨན་ལྟ་གྲུབ་ཉམས་ལེན་ལ་ག་ཚོད་ཞེད་སྣང་སྐྱེ་མི་འདུག་གམ། སྡུག་གྱོང་རེད། རྒྱ་ནག་གཞུང་ལགས། ང་ཚོའི་མི་རབས་ནས་མི་རབས་བར་འཚེ་མེད་ཞི་བ་དང་དབུ་ལམ་རྒྱུན་འཁྱོངས་བྱེད་པ་ནི་ཁྱེད་ཅག་གས་འཐོར་དུ་འགྲོ་སྤྱད་ཡིན་ནའང་དེ་འཇིག་རྟེན་འདིར་འོས་ཤིང་འཚམས་པས་ཁྱེད་ཚོས་ཀྱང་བཟང་སྤྱོད་བཅས་ངོས་ལེན་གནང་ན་ཡག་གི་རེད།
ཞོར་དུ་སྐུ་ཚབ་ཐད། རྒྱལ་ལོ་དོན་གྲུབ་ད་སྐུ་བགྲེས་སྟབས་ཡོང་ཡ་ག་ན་ཡོད། གཞོན་སྐྱེས་ཤེས་ཡོན་ཅན་གྱི་ཁར།༼ དཔེར་ན། ཚེ་རྒྱམ་དང་ཟླ་ཚེ་ལྟ་བུ།༽ ཉམས་མྱོང་མཁས་དབང་དེ་འདྲ་བཞག་པ་ཡིན་ན་ཏག་ཏག་ཡོང་གི་རེད། ༼ ཟམ་གདོང་རིན་པོ་ཆེ་དང་ཤེས་རིག་བཀའ་ཟུར། ༽གཞན་ད་ལྟའི་བཀའ་ཤག་ཕྱེད་ཀ་ཞི་མོལ་ནང་ཡོད་པ་རེད། དེ་བས་བྱས་པ་ཡིན་ན། བྱེད་འདོད་ཡོད་ན། བྱས་མི་ཐུབ་པ་དང་བྱེད་ནུས་མེད་པ་དེ་འདྲ་ག་ནས་ཡིན། ཡིན་ནའང། བོད་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་དངོས་གནས་དྲང་གནས་སུས་ཕྱག་ལས་གནང་གི་ཡོད་མེད་མཐོང་ན་མ་གཏོགས་བཤད་ཚོད་དཀའ་ངེས་རེད། དེ་བས་ང་ཚོས་འགོ་ཁྲིད་ཚོའི་བློས་གཏོང་དང་རྣམ་དཔྱོད་སོགས་ལ་བལྟ་དགོས་པ་རེད། ཡིད་ཆེས་བྱེད་དགོས་པ་རེད་འདོད།
བཙན་བྱོལ་བོད་མི་ཚོ།
རིག་པ་རྣལ་དུ་ཕབ་ནས་བསམ་བློ་རེ་ཐོངས། བོད་རེ་བས་འཕུང་ཟེར་བ་ལ་ད་དུང་ངེས་ཤེས་མ་རྙེད་པ་འདི་ཡིད་སྐྱོ་བ་ལ་ཨང་། རྒྱ་ནག་དམར་ཕྱོགས་སྒེར་གཅོད་པའི་དབང་སྒྱུར་འོག་ནས་བོད་རྒྱ་ཞི་མོལ་ཟེར་བ་ཡོང་ཐབས་མེད་པ་བོད་རྒྱ་གཉིས་ན་སྔར་ནས་སྡོམ་ཚིག་བཀོད་ཟིན་པ་རེད། རྒྱ་ནག་གཞུང་ལ་ཞི་མོལ་གྱི་རེ་འབྲས་ཡོད་མེད་གཅིག་པུ་ཤེས་ཆེད་དུ་ང་ཚོས་ལོ་ངོ་ག་ཚོད་ཅིག་བཏང་སོང་ངམ། འབྲེལ་མོལ་ཐེངས་ག་ཚོད་ཅིག་བྱས་སོང་ངམ། རྒྱ་གཞུང་ལ་རེ་བ་མེད་པ་སྔོན་ནས་ཤེས་ཟིན་པ་རེད། ད་གླེན་རྟགས་མ་བསྟན་ན་རེད། ང་ཚོར་དགོས་པ་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་དང་དེའི་སྐུ་ཚབ་མ་རེད།
ང་ཚོས་རྒྱ་ནག་དམར་ཕྱོགས་དང་རྒྱ་ནག་གཞུང་དམངས་ཀྱི་གནས་སྟངས་མ་ཤེས་པས་ལན་པ་རེད། དེ་ཤེས་ན་ག་དུས་རྒྱ་ནག་ལ་འབྲེལ་མོལ་བྱས་ན་རེ་བ་ཡོད་པ་ཤེས་པ་ཡིན། ཞི་མོལ་ཚོགས་ཆུང་བཙུགས་ནས་དངུལ་འཕྲོ་བརླག་བཏང་ན་ཕན་ཐོགས་ཅང་མེད། གོ་སྐབས་ལ་སྒུག་མི་གང་བྱུང་མང་བྱུང་ཡོད་པ་རེད།
ང་ཚོ་ལ་ཉེ་བར་མཁོ་བ་ནི་མིང་དོན་མཚུངས་པའི་རྒྱ་ནག་གི་ཆབ་སྲིད་ཞིབ་འཇུག་སྡེ་ཚན་ཞིག་ཡིན། དེ་བརྒྱུད་ནས་རྒྱ་ནག་གི་འདས་མ་འོངས་ད་ལྟར་གྱི་གནས་བབ་དང་འགྱུར་ལྡོག་ལ་སྔོན་དཔག་ཐུབ་པ་བྱ་དགོས། བོད་དོན་འཐབ་རྩོད་དང་བོད་རྒྱ་འབྲེལ་མོལ་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་པའང་དེ་རེད།
དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་སུ་བསྐོ་བཞག་བྱེད་ཀྱང་བཀའ་ཤག་གི་རྒྱབ་གཉེར་ལ་༧གོང་ས་མཆོག་གིས་མཚན་གནང་དགོས་ཀྱི་ཡོད་པ་བཅའ་ཁྲིམས་དང་མཐུན་པས་བསྐོ་ལུགས་འདེམས་ལུགས་ཐད་སེམས་ཁྲལ་མེད། མི་སུ་འོས་མིན་འདི་ལྟར་མི་མང་ནང་དང་བླངས་བསམ་ཚུལ་བཏོན་པ་དེའང་ཡག་པོར་མཐོང་སོང།
ཡིན་ནའང། དེ་དང་མཉམ་དུ་བསམ་ཚུལ་ཞིག་མ་བཤད་ཐབས་མེད་ཆགས་སོང། བློ་བཟང་སེང་གེ་བཀའ་ཁྲིར་སླེབས་པ་ནས་བཙན་བྱོལ་བོད་མིའི་རྒན་རབས་གནད་ཡོད་རྣམས་བོད་ཀྱི་རྩ་དོན་ནས་ཕྱིར་བཤོལ་རྐྱང་རྐྱང་བྱེད་ཀྱི་མི་འདུག་གམ། དཔེར་ན། དམིགས་བསལ་སྐུ་ཚབ་མཆོག་གིས་དེ་སྔ་ཐེངས་གཉིས་སུ་བརྒྱུད་ལམ་ཡོངས་གྲགས་ཐོག་ད་ལྟའི་བཀའ་ཤག་དང་མཐུན་པའི་སྐུ་ཚབ་འཚོལ་རྒྱུའི་བརྡ་སྤྲད་པ་རེད། དེའི་སྔོན་ཨ་རིའི་ནང་གི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་དོན་རྣམས་སྔར་ལམ་ལྟར་གནང་གི་མིན་གསུངས་བ་རེད། སྐབས་དེར་མི་ཚང་མར་རྣམ་རྟོག་སྣ་ཚོགས་བྱུང་བ་རེད། ད་བལྟས་དུས་རྒྱ་རི་བློ་གྲོས་ལ་བློ་བཟང་སེང་གེ་མཉམ་ལས་ཀ་བྱེད་འདོད་མེད་པ་གསལ་ཁར། ཁ་སང་དགོངས་ཞུ་ངོས་ལེན་མ་གནང་རང་གནང་ཆགས་པ་རེད། དེ་བཞིན། སློབ་དཔོན་ཟམ་གདོང་རིན་པོ་ཆེར་མཚོན་ན། ཉེ་ལམ་གྱི་བློ་བཟང་སེང་གེའི་གནང་སྟངས་མང་པོ་ཞིག་འཇིག་རྟེན་ཆོས་བརྒྱད་གཙོ་ཆེར་འཛིན་པ་རྣམས་རང་བཞིན་གྱིས་རིན་པོ་ཆེའི་དགོངས་གཞི་དང་འགལ་བསྡད་གསལ་བོ་ཞེ་དྲག་རེད། དེ་ལས་ཀྱང་མ་བཤད་ཐབས་མེད་ཅིག་ནི། རང་སྲེག་སྐོར་ལ་༧གོང་ས་མཆོག་གིས་ཞལ་བཙུམས་ནས་བཞུགས་ཀྱི་ཡིན་ཞེས་པ་འདི་རེད། རང་སྲེག་གཏོང་མཁན་རྣམས་ཀྱིས་མཐར་གཏུག་ན་༧གོང་ས་མཆོག་ལ་དད་དམ་གཡོ་མེད་ཀྱིས་འདི་ལྟའི་སྙིང་སྟོབས་ཕངས་མེད་གསལ་སྟོན་གནང་བ་རེད། ༧གོང་ས་མཆོག་གིས་མི་མང་གི་འགོ་ཁྲིད་སྟབས་ཅང་གསུངས་དགོས་ཀྱི་འདུག་དགོངས་ཀྱི་ཡོད་པ་རེད། དེས་རྐྱེན་བོད་ནང་རང་སྲེག་གྲངས ༤༠ བརྒལ་ཚར་བ་རེད། འགོ་ཁྲིད་ཀྱིས་འོབ་མ་འདུས་པ་དང་མེར་སྲེག་ལས་འགུལ་ལ་གྲུབ་འབྲས་ཐོན་གྱི་མེད་ནའང་༧གོང་ས་མཆོག་གིས་ད་དུང་ཨུ་ཚུགས་གནང་ནས་བཞུགས་ཡོད་པ་རེད། ངས་བལྟས་ན་འདིའང་བློ་བཟང་སེང་གེ་ལྟ་བུའི་གང་མིན་ཚད་འཇོན་གྱི་ཡོད་ཟེར་མཁན་དག་ལ་བཞག་པའི་དྲི་བ་གལ་ཆེན་ཞིག་རེད་འདོད། མ་འོངས་པར་ཚེ་སྲོག་འདི་དག་ལ་འགན་ཁུར་མཁན་ཞིག་ཡོང་གི་རེད་དམ།
འདི་འདྲའི་གནས་ཚུལ་མང་པོས། ད་ཐེངས་རྒྱ་རིས་དགོངས་པ་ཞུས་པ་དེའང་མཐར་གཏུག་ན་བློ་བཟང་སེང་གེའི་ཕྱོགས་ཁག་དང། གང་ཟག་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་རག་ལས་པ་ཞིག་རེད་འདུག་པས། སྔོན་གྱི་སྲིད་སྐྱོང་ནག་ཉེས་ཅན་དག་གི་ལོ་རྒྱུས་བསྐྱར་ཟློས་བྱེད་མི་ཡོང་ངམ་བསམས་པའི་དོགས་པ་ཤིན་ཏུ་ཆེན་པོ་ཡོང་གི་འདུག་ལ། བོད་མི་མང་ཉམས་ཆུང་ཚོ་ད་དུང་འདི་ལས་གནས་སྟངས་སྐྱོ་རུ་ཕྱིན་ན་ག་རེ་གནང་དགོས་རེད་བསམས་ཀྱི་འདུག དཔེར་ན། ཉེ་འཆར། ༧གོང་ས་མཆོག་གིས་གཟེངས་རྟགས་ཀྱི་དངུལ་མང་ཆེ་བ་གཞན་ལ་བཏང་སོང། ཡག་པོ་ཧ་ལས་པ་ཡིན་གྱི་རེད་དེ། ད་དུང་ཁྱེད་ཀྱི་མི་མང་ནང་སྐྱོ་བོ་དེ་དང་དེ་འདྲ་བ་གྲངས་ཀྱིས་མི་ཟིན་པ་ཞིག་འདུག་ལ། རྡ་སའི་གཡས་གཡོན་གྱི་བོད་མི་ཚོ་མང་ཆེ་བ་ཉི་མ་འཁྱོལ་ཐབས་ཙམ་རེད་འདུག་པས། བོད་འདི་མ་འོངས་པར་གང་དུ་ཟགས་འགྲོ་མིན་བསམས་ནས་སེམས་ཁྲལ་ཤིན་ཏུ་ཆེན་པོ་འདུག
ནོར་བཅོས། རྒྱ་རིས་དགོངས་པ་ཞུས་པའི་རྒྱབ་ཀྱི་དོགས་པ།
དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་སུ་བསྐོ་བཞག་བྱེད་ཀྱང་བཀའ་ཤག་གི་རྒྱབ་གཉེར་ལ་༧གོང་ས་མཆོག་གིས་མཚན་གནང་དགོས་ཀྱི་ཡོད་པ་བཅའ་ཁྲིམས་དང་མཐུན་པས་བསྐོ་ལུགས་འདེམས་ལུགས་ཐད་སེམས་ཁྲལ་མེད། མི་སུ་འོས་མིན་འདི་ལྟར་མི་མང་ནང་དང་བླངས་བསམ་ཚུལ་བཏོན་པ་དེའང་ཡག་པོར་མཐོང་སོང།
ཡིན་ནའང། དེ་དང་མཉམ་དུ་བསམ་ཚུལ་ཞིག་མ་བཤད་ཐབས་མེད་ཆགས་སོང། བློ་བཟང་སེང་གེ་བཀའ་ཁྲིར་སླེབས་པ་ནས་བཙན་བྱོལ་བོད་མིའི་རྒན་རབས་གནད་ཡོད་རྣམས་བོད་ཀྱི་རྩ་དོན་ནས་ཕྱིར་བཤོལ་རྐྱང་རྐྱང་བྱེད་ཀྱི་མི་འདུག་གམ། དཔེར་ན། དམིགས་བསལ་སྐུ་ཚབ་མཆོག་གིས་དེ་སྔ་ཐེངས་གཉིས་སུ་བརྒྱུད་ལམ་ཡོངས་གྲགས་ཐོག་ད་ལྟའི་བཀའ་ཤག་དང་མཐུན་པའི་སྐུ་ཚབ་འཚོལ་རྒྱུའི་བརྡ་སྤྲད་པ་རེད། དེའི་སྔོན་ཨ་རིའི་ནང་གི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་དོན་རྣམས་སྔར་ལམ་ལྟར་གནང་གི་མིན་གསུངས་བ་རེད། སྐབས་དེར་མི་ཚང་མར་རྣམ་རྟོག་སྣ་ཚོགས་བྱུང་བ་རེད། ད་བལྟས་དུས་རྒྱ་རི་བློ་གྲོས་ལ་བློ་བཟང་སེང་གེ་མཉམ་ལས་ཀ་བྱེད་འདོད་མེད་པ་གསལ་ཁར། ཁ་སང་དགོངས་ཞུ་ངོས་ལེན་མ་གནང་རང་གནང་ཆགས་པ་རེད། དེ་བཞིན། སློབ་དཔོན་ཟམ་གདོང་རིན་པོ་ཆེར་མཚོན་ན། ཉེ་ལམ་གྱི་བློ་བཟང་སེང་གེའི་གནང་སྟངས་མང་པོ་ཞིག་འཇིག་རྟེན་ཆོས་བརྒྱད་གཙོ་ཆེར་འཛིན་པ་རྣམས་རང་བཞིན་གྱིས་རིན་པོ་ཆེའི་དགོངས་གཞི་དང་འགལ་བསྡད་གསལ་བོ་ཞེ་དྲག་རེད། དེ་ལས་ཀྱང་མ་བཤད་ཐབས་མེད་ཅིག་ནི། རང་སྲེག་སྐོར་ལ་༧གོང་ས་མཆོག་གིས་ཞལ་བཙུམས་ནས་བཞུགས་ཀྱི་ཡིན་ཞེས་པ་འདི་རེད། རང་སྲེག་གཏོང་མཁན་རྣམས་ཀྱིས་མཐར་གཏུག་ན་༧གོང་ས་མཆོག་ལ་དད་དམ་གཡོ་མེད་ཀྱིས་འདི་ལྟའི་སྙིང་སྟོབས་ཕངས་མེད་གསལ་སྟོན་གནང་བ་རེད། ༧གོང་ས་མཆོག་གིས་མི་མང་གི་འགོ་ཁྲིད་ཡོད་སྟབས་ཅང་གསུངས་དགོས་ཀྱི་མི་འདུག་དགོངས་ཀྱི་ཡོད་པ་རེད། དེས་རྐྱེན་བོད་ནང་རང་སྲེག་གྲངས ༤༠ བརྒལ་ཚར་བ་རེད། འགོ་ཁྲིད་ཀྱིས་འོབ་མ་འདུས་པ་དང་མེར་སྲེག་ལས་འགུལ་ལ་གྲུབ་འབྲས་ཐོན་གྱི་མེད་ནའང་༧གོང་ས་མཆོག་གིས་ད་དུང་ཨུ་ཚུགས་གནང་ནས་བཞུགས་ཡོད་པ་རེད། ངས་བལྟས་ན་འདིའང་བློ་བཟང་སེང་གེ་ལྟ་བུའི་གང་མིན་ཚད་འཇོན་གྱི་ཡོད་ཟེར་མཁན་དག་ལ་བཞག་པའི་དྲི་བ་གལ་ཆེན་ཞིག་རེད་འདོད། མ་འོངས་པར་ཚེ་སྲོག་འདི་དག་ལ་འགན་ཁུར་མཁན་ཞིག་ཡོང་གི་རེད་དམ།
འདི་འདྲའི་གནས་ཚུལ་མང་པོས། ད་ཐེངས་རྒྱ་རིས་དགོངས་པ་ཞུས་པ་དེའང་མཐར་གཏུག་ན་བློ་བཟང་སེང་གེའི་ཕྱོགས་ཁག་དང། གང་ཟག་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་རག་ལས་པ་ཞིག་རེད་འདུག་པས། སྔོན་གྱི་སྲིད་སྐྱོང་ནག་ཉེས་ཅན་དག་གི་ལོ་རྒྱུས་བསྐྱར་ཟློས་བྱེད་མི་ཡོང་ངམ་བསམས་པའི་དོགས་པ་ཤིན་ཏུ་ཆེན་པོ་ཡོང་གི་འདུག་ལ། བོད་མི་མང་ཉམས་ཆུང་ཚོ་ད་དུང་འདི་ལས་གནས་སྟངས་སྐྱོ་རུ་ཕྱིན་ན་ག་རེ་གནང་དགོས་རེད་བསམས་ཀྱི་འདུག དཔེར་ན། ཉེ་འཆར། ༧གོང་ས་མཆོག་གིས་གཟེངས་རྟགས་ཀྱི་དངུལ་མང་ཆེ་བ་གཞན་ལ་བཏང་སོང། ཡག་པོ་ཧ་ལས་པ་ཡིན་གྱི་རེད་དེ། ད་དུང་ཁྱེད་ཀྱི་མི་མང་ནང་སྐྱོ་བོ་དེ་དང་དེ་འདྲ་བ་གྲངས་ཀྱིས་མི་ཟིན་པ་ཞིག་འདུག་ལ། རྡ་སའི་གཡས་གཡོན་གྱི་བོད་མི་ཚོ་མང་ཆེ་བ་ཉི་མ་འཁྱོལ་ཐབས་ཙམ་རེད་འདུག་པས། བོད་འདི་མ་འོངས་པར་གང་དུ་ཟགས་འགྲོ་མིན་བསམས་ནས་སེམས་ཁྲལ་ཤིན་ཏུ་ཆེན་པོ་འདུག
སད་ན་ལགས་མ་སད་པ་ལགས། རྒད་པོ་ཞིག་གི་རྡིབ་བཤད་རྒྱགས་པ་དང་འདྲ།
སྲིད་བྱུས་ཉམས་ཞིབ་ཁང་ཟེར་བ་དེ་ཁྱེད་ཀྱིས་བཤད་པའི་དེ་འདྲ་ཞིག་ཡིན་ཞེས་བཀའ་ཁྲིས་གསུངས་མེད་དམ།
ཕ་རོལ་དགྲ་ལ་མགོ་བོ་བཏུད་ནས་བོད་དེ་རྒྱ་ཡི་འོག་ཏུ་བཞག
ལོ་ངོ་དུ་མར་གྲོས་མོལ་གནང་ཡང་འཐོབ་རྒྱུ་བོད་་དེ་རྒྱ་འོག་ཉིད།
ཁུང་མ་འཁྱོལ་གྱི་ལས་དོན་མ་འགྲུབ་གཞིས་བྱེས་བོད་མིས་ཁྲེལ་བ་ན།
རང་མནོངས་མ་བཟོད་ལས་དོན་གཤོལ་ནས་མུན་པའི་ཁུང་པོར་བྲོས་པ་ཉིད།
དམིག་བསལ་ཕྱག་ལས་ཡོད་ན་དམིགས་བསལ་སྐུ་ཚབ་བསྐོས། རྒྱ་བོད་འབྲེལ་མོལ་ཡོད་ན་འཐུས་མི་ཚོགས་ཆུང་བཙུག དེ་མིན་མིང་བཏོན་མིང་འབོད་སུ་དང་སུ་ལ་ཕན་ཐོགས་འདུག་གམ། ལགས།
བོད་ཀྱི་སྐུ་ཚབ་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ་ཡོད་བཞིན་དུ་གཞན་དགོས་དོན་མིན་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གོང་ས་མཆོག་གི་སྐུ་ཚབ་ནི་ཆོས་ལུགས་ཀྱི་སྐུ་ཚབ་ཞིག་ཡིན་དགོས།
བོད་ཀྱི་སྐུ་ཚབ་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ་ཡོད་བཞིན་དུ་གཞན་དགོས་དོན་མིན་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་