སྤྱན་ཆེན་པོ།
ཟམ་པ་དེ་བརྒྱུད་ནས་སོང་ན་ཉག་ག་ཞིག་ལ་ཐོན
ཉག་གའི་ཕ་རོལ་ན་གྲོང་བརྡལ་ཞིག་ཡོད་པས
དེ་རིང་གྲོང་བརྡལ་དེར་ཚོང་ཟོག་ཉོ་རུ་སོང་བ་ཡིན
གྲོང་བརྡལ་འདིའི་མགྲོན་པོ་རྣམས
སྒོང་འཁུར་གྱི་གྲོག་མ་རེ་རེ་བཞིན
ཚ་རླབས་དང་མཉམ་དུ་འདུར་བཞིན་འདུག
ད་དུང་སྐེ་དྲིལ་ཅན་གྱི་བ་གླང་དང
རས་ཡུག་གཅིག་གྱོན་པའི་བ་རྫི་རྐང་རྗེན་དག་ཀྱང
ཚ་བའི་ཁྲོད་ན་དབུགས་ཧལ་ཧལ་ངང་འདུར་བཞིན་འདུག
ངས་ཁུ་ནག་ཅིག་ཉོས་ནས
མིད་པ་རློན་ཐག་ཆོད་ཅིག་འཐུང་བ་ཡིན་པས
ཚོང་བདག་མ་རྒྱགས་པ་དེས
བོད་མི་ཚོས་ཁུ་ནག་འཐུང་བ་ནི
འཕྲུལ་རྟའི་ནང་དུ་སྣུམ་རླུགས་པ་དང་འདྲ་ཟེར
དམྱལ་བ་མ་འདིའི་སྐད་ཆའི་ཕུགས་ན་ཅི་ཞིག་ཡོད་དམ
ཁུ་ཚུར་གྱིས་འདི་ལ་ཏག་ཏག་ཅིག་བཟོ་འདོད་རུང
རང་ནི་སྐྱབས་བཅོལ་བ་ཞིག་ཡིན་པས
སྐྱབས་བཅོལ་བའི་འདུག་གནས་དེ་ཤེས་པར་བྱས་པ་ཡིན
ཚ་བ་ཡང་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག་པས
དམྱལ་ཁམས་ལྟ་བུའི་གྲོང་བརྡལ་འདི་དང
མིག་ནང་ལ་རྩྭ་སྐྱེས་ཡོད་པ་འདི་དག་མཐོང་མི་འདོད་པས
ལྕགས་ཀྱི་མཆུ་ཏོ་དང་འདྲ་བའི
རླངས་འཁོར་དེ་བཙལ་ནས་ཕྱིར་ཡོང་བ་ཡིན
དམྱལ་ཁམས་གོ་བ་མ་རྟོགས་མཐོང་མྱོང་མེད་ཁེ་།
དམྱལ་ཁམས་མི་ཡུལ་འདྲ་བོ་ཡོད་ན་འགྲིག་འདའ་།
སྐྱིད་པོ་གཏོང་མཁེ་བཟང་རེད་།་།
སྙན་ངག་འདི་ཡག་གི
ནེ་པ་ལི་མྱིག་ལམ་མ་འཆར་གི དམྱལ་བ་བོ།
ཁྱོད་ཁྲི་ཁར་འབུད་ས་དེ་མྱིག་ལམ་ལ་འཁོར་ན་ཁག་མེད་ཀི། ཨ་ཁུ། ཁ་ནས་དམྱལ་བ་ལེན་གི་མ་འདུག། ཚེས་ཕྱི་མར་བཟང་ནི་མ་རེད། ཧ་ཧ་ཧ།
སྙན་ངག་འདྲ་མ་རེད། ལྷུག་རྩོམ་ཐུང་ཐུང་ཚིག་བར་ན་ཚག་ཐིག་མེད་པ་ཞིག་རེད། ཧ་ཧ་ཧ།
ཨ་ཁུ་ཀླུ་སྨྱོན་ཚང་གིས་མཁྱེན་འདུག