ཀླུ་སྨྱོན།
ཡེ་ཤུ་བ་དང་ཁ་ཆེ་བ་ཚོ་ཁོ་ཚོའི་ཆོས་ལུགས་ལས་གསུངས་པའི་ཁྲིམས་དང་འགལ་ན་དམྱལ་བར་འགྲོ་གི་རེད་དམ་མ་རེད། འགྲོ་ན་དམྱལ་བའི་ལས་མཁན་ཚོར་ཆོས་ལུགས་འདྲ་མིན་གྱི་བཅའ་ཁྲིམས་དང་འགལ་མཁན་གྱི་མིང་ཐོ་ཉར་སའི་ཐོ་དེབ་ནག་པོ་འདྲ་མིན་ཡོད་པ་རེད་དམ། ཁ་ཆེ་བ་ཞིག་གིས་ཕག་ཤ་ཟོས་ན་དམྱལ་བ་གང་འདྲ་ཞིག་ཏུ་འགྲོ་དགོས་རེད། ནང་པ་ཞིག་གིས་བྱ་ཤ་ཟོས་ན་དམྱལ་བ་ག་འདྲ་ཞིག་ཏུ་འགྲོ་དགོས་པ་རེད། ཧིན་དུ་བ་ཞིག་གིས་བ་ལང་གི་ཤ་ཟོས་ན་དམྱལ་བ་ག་འདྲ་ཞིག་ཏུ་འགྲོ་དགོས་པ་རེད།
ཆོས་ལུགས་འདྲ་མིན་གྱི་བདེ་འགྲོ་བ་ཚོ་འགྲོ་སའི་དག་ཞིང་འདྲ་མིན་ཡོད་པ་ནང་བཞིན་ཆོས་ལུགས་འདྲ་མིན་དང་འགལ་བའི་བར་དོ་བ་ཚོ་འགྲོ་སའི་དམྱལ་བ་ཡང་འདྲ་མིན་ཡོད་པ་རེད་དམ། དམྱལ་བའི་ལས་མཁན་དེ་ཚོ་ཚང་མ་ནང་པ་སངས་རྒྱས་པ་ཡིན་ནམ། དེ་ཚོས་དམྱལ་བ་བ་ཚོར་ནང་པའི་གཞུང་ནས་གསུངས་པའི་ལས་འབྲས་དཔང་པོར་བཞག་ནས་ཁྲིམས་ཐག་གཅོད་ཀིན་ཡོད་དམ།
དཔེར་ན་ཧིན་དུ་བ་ཞིག་གིས་མཆོད་སྦྱིན་གྱི་ཆེད་དུ་ར་མ་ཞིག་བསད་པ་ཡིན་ན་དེ་ཧིན་དུའི་ཆོས་ལུགས་ལ་སྦྱར་ན་ཚོགས་བསགས་པའི་ཆོས་ཤིག་ཡིན་ཡང་། ནང་པའི་ཆོས་ལུགས་གཞན་ལ་འཚེ་བ་མེད་པ་ཞེས་པ་དེ་དང་འགལ་བ་ཞིག་ཡིན་པས། ཧིན་དུ་བ་དེ་ལ་དམྱལ་བའི་ལས་མཁན་ཚོར་ནང་ཆོས་གཞིར་བཞག་གིས་ཆད་པ་གཅོད་དམ། ཡང་ན་ཧིན་དུ་གཞིར་བཞག་གིས་ཐར་པར་གཏོང་ངམ། མོའུ་འགལ་གྱི་བུའི་རྟོགས་བརྗོད་ལྟར་ན་དམར་མཆོད་བྱེད་པའི་ཧིན་དུའི་བླ་མ་ཚོ་དམྱལ་བ་ན་ཡོད་ཚོད་འདུག་ཅིང་། ནང་པ་ཁོ་ནའི་ཆོས་ཀྱིས་དམྱལ་བ་ལས་ཐར་ཐུབ་ལུགས་འདུག
དཀོམ་མཆོག་གསུམ་ངར་མ་ཟིག་རེད། བླ་མ་མཁྱེན་ནོ། །
ཆོས་ཀྱི་གནད་མ་རྟོགས་པའི་རང་རྟགས་ཟངས་མར་བསྟན་པའོ།།
སྔོན་མ་ནས་གྲྭ་སར་ཡག་པོར་བསྡད་དེ་གཞུང་ལ་ཐོས་བསམ་ལེགས་པོ་བྱེད་དགོས་རེད་པ
དཔེ་ཀློག་ཙམ་གྱིས་ས་རྒྱ་ཅང་ཆོད་ནི་མ་རེད
དམ་པའྀ་ཆོས་ཀྱི་མདོ་ནི། སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རང་བཞིན་དྲན་ཤྀང་ཤེས་པའི་སེམས་སེམས་རེ་རེ་ཡོད་དེ།
སེམས་དེ་ནི་མཁན་པོ་དང་ལྷས་ཀྱང་བྱས་ཕ་མ་ལས་ཀྱང་མ་སྐྱེས། ཐོག་མའྀ་མཐའ་མྱའྀ་རྙེད་པ་ནས་ཀྱང་ཡོང་ནས་ཡོད། མཐར་ཀྱང་ཤྀང་བའི་མ་མྱེད་པར་ཡང་མྱི་འགྱུར་ཏོ། སེམས་དེས་དགེའ་བ་རྒྱ་ཆེར་སྤྱད་དེ་སེམས་ཅན་ཀུན་ལ་ལེགས་པ་བྱས་ཤྀང་དམ་པའྀ་ཆོས་བྱིན་བ་དང་། སེམས་རྣམ་པར་སྦྱངས་པས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔར་རྒུབ་ནས། སྐྱེ་བ་དང་རྒ་བ་དང་ན་བ་དང་ཤི་བ་ལས་ཐར་ཏེ་བླ་ན་མེད་པའྀ་བདེ་སྐྱིད་ཐོབ་བོ། སེམས་དེས་ལེགས་ཉེས་འདྲན་མར་སྤྱད་ན་ལྷ་དང་མྱྀའྀ་གནས་སུ་སྐྱེའོ། སྡིག་པ་དང་མྱི་དགེའ་བའྀ་ལས་ཆེར་སྤྱད་པ་ན། སྡིག་ཡུལ་སེམས་ཅན་དམྱལ་བ་ལས་རྩོགས་པར་སྐྱེས་ཏེ་སྡུག་བསྔལ་བའྀ་ནང་དུ་རྒྱུན་དུ་འཁོར་རོ། དེ་བས་ན་བདག་གི་སེམས་ལ་བླ་ན་མྱེད་པའྀ་བྱང་ཆུབ་མན་ཅད་ཀྱང་ཡོད། སེམས་ཅན་དམྱལ་བ་ཡེང་ཅད་ཀྱང་ཡོད་པ་ཡིན་ནོ།
ནང་ཆོས་དང་དམྱལ་བ་ངོ་སྤྲོད་འདི་ནི་ཁྲི་ལྡེ་སྲོང་བརྩན་གྱི་རིང་ལ་སྤྱི་བསྒྲགས་སུ་བྲག་ལ་བརྐོས་བཀོད་པ་དེ་ལས་བཤུས་པ་ལས་བདག་གིས་ཀྱང་བཤུས་ནས་བཀོད་དོ།
ཁྱོད་ཤི་ང་འདུག་མེད་པ་ཡོད་ཚད་ཡིན།
ལས་མཁན་གཤིན་རྗེ་འཇིགས་རུང་ཁྲག་འཐུང་ཡིན།
རྒ་ཤི་སྐྱེ་བའི་བར་གསེང་སྟོང་པ་ན།
རྣམ་རྟོག་དམྱལ་བ་ཚ་ཞིང་ཚ་བ་ཡིན།
ཤེས་ཁམས་དམྱལ་བའི་ཐང་ཆེན་གོང་འོག་ལ།།
འགྲོ་དང་མི་འགྲོ་རྟོག་པའི་ཁྱད་པར་ཙམ།།
གར་ཡོད་འདིར་ཡོད་མཛུག་རྩེ་སེམས་ལ་གཏོད།
རང་སེམས་རང་ལ་གསལ་བས་འདྲི་མི་དགོས།།
ཧ་ཧ་ཧ།
མཁས་དབང་མིག་བརྒྱད་པ་དང་དྲི་མེད་ལྷག་བསམ་ལྟ་བུ་རེ་མེད་ན་དྲི་བ་འདི་རིགས་ལ་ལན་མི་ཐེབས་ཐག་ཆོད་རེད། སྒང་ན་ཅིག་གིས་ཆོས་ཀྱི་གནད་རྟོགས་མ་རྟོགས་ཟེར་གིན་འདུག ཧཧཧཧ།
ཨ་མདོ་དགེ་ཆོས་མཆོག་གིས་བསྡོམས་རྒྱག་དོན།
ལ་རེ་རྒྱབ་ན་མི་མཐུན་ཆོས་ལུགས་རེེ།
དེ་ཡི་རྗེས་འཇུག་མཁས་བླུན་སྟོང་ཕྲག་རེ།
འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས།
རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ།
མི་མཐུན་ཚོགས་ཀྱིས་ཐོས་ན་ཞེ་རེ་ཁྲེལ།
ཆོས་ཁྲིམས་རྒྱལ་ཁྲིམས་ལས་ཁྲིམས་ལས། །
གསུམ་པ་འདི་ཉིད་བཙན་པས་ཕྱིར། །
དགེ་དང་མི་དགེ་ཀུན་ལ་མཚུངས། །
ལྷ་ཡུལ་མྱལ་ཁམས་ཀུན་ལ་མཚུངས། །
ཕག་ཤ་བཟས་པས་དམྱལ་བ་མྱོང་བའི་ངེས་པ་མེད། །
བྱ་ཤ་བཟས་པས་ལྷ་ཡུལ་མི་འགྲོ་ངེས་པ་མེད། །
གླང་ཤ་བཟས་པས་མི་ལུས་མི་ཐོབ་ངེས་པ་མེད། །
ཐམས་ཅད་རང་གི་ལས་གོམས་ལྕི་ཡང་ཉིད་ལ་ལྟོས། །
སེམས་དེ་ནི་མཁན་པོ་དང་ལྷས་ཀྱང་མ་བྱས་ཕ་མ་ལས་ཀྱང་མ་སྐྱེས། ཅེས་སུ་འདོན་རོགས་མ་གཏོགས། ང་ལ་ཉེས་པ་འབྱུང་ངེས།
ནང་པ་ཞིག་གི་ངོས་ནས་ལྟས་ན་ཕྱི་རོལ་པའི་ཆོས་ནི་ནོར་བ་དང་ནང་ཆོས་ནི་ཡང་དག་རེད་ལ། དམྱལ་བར་འགྲོ་མི་འགྲོ་ཡང་ནང་ཆོས་ནས་བཤད་པའི་དགེ་སྡིག་གང་ལ་སྤྱོད་མིན་ལ་རག་ལས་པ་ཞིག་རེད། ཕྱི་པ་ཞིག་གི་ངོས་ནས་ལྟས་ན་ཡང་གོང་དང་ཅིག་མཚུང་རེད། འོན་ཀྱང་སུ་བདེན་སུ་རྫུན་རང་ཉིད་ཕྱི་མའི་ལམ་ལ་འགྲོ་དུས་ཨ་ཁུ་ཆོས་རྒྱལ་གྱིས་དཔང་པོ་བྱེད་ངེས། ཧཧཧ
ཀླུ་སྨྱོན་གྱིས་མཁས་པ་གཉིས་ལ་དྲིས་པའི་ལན་རེ་བྱས་རུང་ད་དུང་ཡང་དྲིས་ལན་མ་མཐོང་འོན་ཀྱང་ཇུས་མེད་ཇུས་གཏོགས་ཀྱི་ཚུལ་དུ་དྲིས་ལན་དང་པོ་དང་གཉིས་པ་གཉིས་ལ་ལན་ཐུང་ངུ་ཞིག་འདེབས་འདོད། འོན་ཀྱང་གནམ་བཀའ་ཐང་ལན་གྱི་ཚུལ་དུ།
1༼ཡེ་ཤུ་བ་དང་ཁ་ཆེ་བ་ཚོས་ཁོ་ཚོའི་ཆོས་ལུགས་ལས་གསུངས་པའི་ཁྲིམས་དང་འགལ་ན་དམྱལ་བར་འགྲོ་གི་རེད་དམ་མ་རེད། འགྲོ་ན་དམྱལ་བའི་ལས་མཁན་ཚོར་ཆོས་ལུགས་འདྲ་མིན་གྱི་བཅའ་ཁྲིམས་དང་འགལ་མཁན་གྱི་མིང་ཐོ་ཉར་སའི་ཐོ་དེབ་ནག་པོ་འདྲ་མིན་ཡོད་པ་རེད་དམ།༽
དྲིས་ལན་དང་པོར། ཁོ་རང་ཚོའི་ཆོས་ལུགས་རྗེས་སུ་འབྲེངས་ནས་བཅས་པའི་ཁྲིམས་གང་ཡིན་པར་ཁས་བླང་དེ་དང་འགལ་ན་དམྱལ་བར་འགྲོ་གི་རེད། གླང་ཤ་བཟའ་མི་རུང་བར་ཆོས་ལུགས་ཀྱི་གཞུང་ནས་བཤད་པར་ཆོས་ལུགས་དེའི་རྗེས་འཇུག་པ་ཞིག་གིས་གླང་ཤ་ཟོས་ན་དེའི་བཅས་པའི་ཁྲིམས་དང་འགལ་བས་དམྱལ་བའམ་ལས་ཀྱི་རྣམ་སྨིན་མྱོང་དགོས་ངེས་རེད། དེ་མིན་གླང་ཤ་ཟོས་པ་ཙམ་གྱིས་དམྱལ་བར་འགྲོ་བ་དང་ལས་ཀྱི་རྣམ་སྨིན་སྡུག་པོ་མྱོང་དགོས་པ་མེད། དཔེར་ན། ཁྱིམ་སྤང་རབ་བྱུང་བ་ཞིག་གིས་རང་གིས་ཁས་བླངས་ཞིང་དམ་དུ་བཅས་པའི་ཕྱི་དྲོའི་ཁ་ཟས་སྤངས་བ་དེའི་ཁས་བླངས་ཤོར་ནས་ཕྱི་དྲོའི་ཁ་ཟས་ཟོས་ན་ལས་ཀྱི་རྣམ་སྨིན་དམྱལ་བའམ་གནས་ངན་ཞིག་ཏུ་སྐྱེ་ངེས། དེ་མིན་སྡོམ་པ་མི་སྲུང་བའི་མི་སྐྱ་དང་གླང་གིས་ཕྱི་དྲོའི་ཁ་ཟས་ཟས་ན་རྣམ་སྨིན་ངན་པར་མྱོང་དགོས་པ་མེད།
2དྲིས་ལན་གཉིས་པར།༽ འགྲོ་ན་དམྱལ་བའི་ལས་མཁན་ཚོར་ཆོས་ལུགས་འདྲ་མིན་གྱི་བཅའ་ཁྲིམས་དང་འགལ་མཁན་གྱི་མིང་ཐོ་ཉར་སའི་ཐོ་དེབ་ནག་པོ་འདྲ་མིན་ཡོད་པ་རེད་དམ༽ཐོ་དེབ་དཀར་ནག་གང་ཡིན་རུང་ལས་འབྲས་ཁྲིམས་སོགས་འགལ་དང་མ་འགལ་བལྟ་སའི་མེ་ལོང་དང་རྡེའུ་ལས་སོགས་ནི་ཡོད་པར་ལུང་གིས་བཤད།
ལམ་ལ་འགྲོ་ཞོར་དུ་ལག་འདོགས་ཁ་པར་ནང་དུ་བྲིས་པར་སྐྱོན་ཆ་བྱུང་ཡོད་ཚེ་དགོངས་འགལ་མེད་པ་ཞུ།
ཨ་ཁུ་ཀླུ་སྨྱོན་ལགས།
ནང་པ་ཞིག་གིས་བྱ་ཤ་ཟོས་ན་དམྱལ་བ་ག་འདྲ་ཞིག་ཏུ་འགྲོ་དགོས་པ་རེད་ཟེར། ནང་བས་ཆེད་དུ་གཉེར་ནས་བྱ་ཤ་བཀག་ཡོད་པ་རེད་པས། ནང་བས་སེམས་ཅན་ཡོངས་རྫོགས་ཀྱི་ཤ་སྤང་དགོས་བཤད་པ་ལས་བྱ་ཤ་ཆེད་དུ་གཉེར་ནས་གསུངས་ཨེ་ཡོད་ན།།
ལྷ་ལ་མི་དད་འདྲེ་ལ་ང་མི་སྐྲག
ལྷ་འདྲེ་ཟེར་བ་སེམས་ཀྱི་སྒྲོ་བཏགས་ཤིག
མི་ལ་ང་དད་མི་ལ་ང་སྐྲག་སྟེ།
མི་ནི་ལྷ་འདྲེའི་སྣང་བརྙན་གསོན་པོ་ཞིག
བཟང་བོའི་མི་ལ་ལྷ་ཡི་ཡོན་ཏན་མངའ།
ངན་པའིི་མི་ལ་འདྲེ་ཡི་བྱེད་ནུས་ཚང་།
བཟང་ངན་མི་ཡིས་བྱེད་པ་མ་གཏོགས་པ།
ལྷ་འདྲེའི་བྱ་བ་གུད་ན་ཡོད་མ་ཡིན།
དགེ་ལ་མི་དད་སྡིག་ལ་ང་མི་འཇིགས།
དགེ་སྡིག་ཟེར་བ་སེམས་ཀྱི་འཛིན་སྟངས་ཤིག
དགེ་སྡིག་གང་བྱེད་རང་དོན་མ་གཏོགས་པ།
ཡར་ལ་འཐེན་མཁན་མར་ལ་འདྲུད་མཁན་མིན།
སྐྱིད་སྡུག་རེས་ཀྱིས་འཁོར་བའི་འཇིག་རྟེན་ནས།
བདེ་སྡུག་རིམ་གྱིས་མྱོང་བའི་ཆོས་ཉིད་འདི།
མཐོ་དམན་སུས་ཀྱང་ཉམས་སུ་མྱོང་བ་འདི།
དགེ་སྡིག་ལས་ཀྱི་ལག་རྗེས་ག་ལ་ཡིན།
འཇོན་ན་སྡིག་པའི་རི་རབ་བརྩིགས་ཀྱང་ཆོག
མ་འཇོན་སྡུག་ཡུས་གནམ་ས་བཀང་ཡང་རུང་།
རེ་ཞིག་མི་ཡུལ་འཚོ་བའི་དགོས་ཆེད་ལས།
ཤི་ན་རྗེས་འདེད་གཏོང་མཁན་སུ་གཅིག་མེད།
རེ་དོགས་སེམས་འདིས་ཡོད་ཚད་དམ་དུ་བཏགས།
ཐེ་ཚོམ་བློ་འདིས་ཐམས་ཅད་བཙོན་དུ་བཅུག
རེ་དོགས་འཕྲང་ལས་ཐར་ན་ཐར་བ་ཡིན།
ཐེ་ཚོམ་བློ་འདི་བསལ་ན་བསལ་བ་ཡིན།
གཤིན་རྗེ་ཆོས་རྒྱལ་དང་ལས་མཁན་ཚོར་ལས་ཀ་མེད་ཐག་ཆོད་ནས་ཡིན་འགྲོ འོ་ན་ཁོང་ཚོས་ཉེས་ན་ཁྲིམས་ཆད་སུས་གཅོད་དགོས་རེད་དམ།
ཐར་བ་ཟེར་བའི་ཞིང་ཞིག་རྙེད་དུ་མེད།།
དམྱལ་བ་ཞེས་བྱའི་གནས་ཤིག་གང་ན་ཡོད།།
ཐར་བ་དང་ནི་དམྱལ་བའི་ཁམས་བྱ་བ།།
མི་ལ་འཇིགས་སྣང་སྐུལ་བའི་གཏམ་དུ་ཟེར།།
སྤོམ་ཤོབ་མཁན་པོས་ཤོབ་ཅིག་བཏབ་པ་ལ།།
སྐྱེ་བོ་སྡར་མ་དག་གི་ཁོག་པའི་སྙིང་།།
ཚལ་བར་སྟོང་དུ་བཤགས་ལ་ཁད་བྱེད་པར།།
བློ་ལྡན་ཅན་དག་གད་མོ་མཆོར་བྱེད་ཉིད།།
ལས་ཀ་མེད་པ་ཁག་གཅིག་གིས་སྨྱོ་ལབ་རྒྱག་གི་འདུག གླུའུ་ཚང་གི་སྨྱོན་པ་་་་་་་