ཤར་ཕྱོགས་ཁུག་རྟ།
དར་དམར་མེར་བསྲེགས་བཏང་ནས་དེ་རིང་བར་ད་དུང་གླེང་སློང་འཇགས་མེད། དེ་ལ་བཤད་ཚུལ་སྣ་ཚོགས་ཡོང་བཞིན་པ་ལྟར། དེ་རིང་ཉིན་གུང་ཟ་མའི་མཚམས་འདིར། དར་དམར་གང་ནས་ཅི་ལྟར་བསྲེགས་གཏན་འཁེལ་མཁན་དེའི་ངག་ནས་བྱུང་བའི་རྒྱུ་མཚན་ལ་ཞོར་ལྟ་ཙམ་བྱ་འདོད་བྱུང་། ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ 1″དར་ཆ་དེ་ ༡༩༤༩ ཕྱི་ཟླ་ ༧ པའི་ནང་སྒྲིག་བཟོ་བྱས་པ་རེད། དར་ཆ་དེར་འགྲེལ་བཤད་མ་འདྲ་བ་གསུམ་ཡོད། ས་ཁོངས་ཀྱི་ངོ་བ་དང་། མི་རིགས་ཀྱི་ངོ་བོ། གྲལ་རིམ་གྱི་ངོ་བོ་བཅས་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་གསུམ་ལས། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གཞིར་བཞག་ཐོག་འགྲེལ་བཤད་བརྒྱབ་ཡོད་སྟབས། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་མ་ཐུབ་པར་རྒྱ་ནག་གི་དར་ཆ་དེ་མེར་བསྲེགས་གཏོང་གི་ཡོད་པ་རེད་”ཟེར། རྒྱུ་མཚན་གཅིག་འདི་རེད། བཀའ་མོལ་འདིའི་མདོ་རྩ་བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་ཁས་ལེན་མ་ཐུབ་པ་རྒྱུ་མཚན་དུ་བཀོད་པ་དེ་རེད། བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་དེ་ལོ་རྒྱུས་ཀྱི་དོན་དངོས་ལ་ཁུངས་གཏུག་དགོས་པ་ཞིག་རེད། དེ་ལ་༧གོང་ས་མཆོག་གིས་རྟག་ཏུ་”ང་ཚོ་སུ་འདྲ་ཞིག་གིས་ཀྱང་ལོ་རྒྱུས་ལ་འགྱུར་བ་གཏོང་ཐུབ་ཡོད་པ་མ་རེད། བཏང་ན་ལོ་རྒྱུས་རྫུན་མ་མི་ཆགས་པར་རང་ཉིད་སྐྱག་རྫུན་ཆགས་རྒྱུ་རེད་”ཅེས་བཀའ་སྩལ་ཡོད།
དེ་བཞིན་ང་རང་ཤིན་ཏུ་དགའ་བའི་དཔེ་དེབ་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་དཔར་བསྐྲུན་བྱས་པའི་༼ བོད་ཀྱི་ལོ་རྒྱུས་ཡིག་ཚགས་གཅེས་བཏུས། ཞེས་པའི་དཔེ་དེབ་ལ་དཔྱད་པའི་གཏམ། དོན་ཚན་དྲུག་ཅུ་པ ༽ཞེས་པའི་དགག་གཞག་དཔྱད་གཏམ་དེར་བོད་དང་རྒྱ་ནག་གི་སྐལ་བ་སར་ཆགས་པ་ནས་དེ་རིང་བར་གྱི་འབྲེལ་བའི་སྐོར་ལ་རིམ་པར་ཁུངས་སྐྱེལ་ཡིག་ཆ་དང་སྦྲེལ་ནས་ལན་འདེབས་ཚ་ནན་བྱས་ཡོད། བོད་མི་མང་གི་སྐུ་ཚབ་མཚོན་པའི་གཞུང་གིས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་གྱི་ཐག་གཅོད་དེས་གནང་ཡོད་ལ། རང་གཞུང་གི་བཞེད་ཕྱོགས་ཀྱང་དེ་ག་རང་རེད། དེ་བཞིན་ལོ་རྒྱུས་ཐོག་ཆ་ཤས་ཡིན་མིན་གྱི་རྩོད་པ་རྒྱག་སྟངས་ཀྱི་གླེགས་བམ་རིན་ཐང་བྲལ་བའང་དེ་ག་རང་རེད་འདུག་པས། བོད་རྒྱ་ནག་གི་ཆ་ཤས་མིན་པ་གསལ་བོ་རེད།
དོན་གྲུབ་ལྷ་དར་གྱིས་སྐད་ཆ་འདི་གསུངས་བའི་ཉིན་དེར་ཁོང་དང་གྲོས་རྭ་གཅིག་པའི་སྤྱི་འཐུས་ལོ་ཆུང་འཇམ་དབྱངས་བཟོད་པས་”ཡིན་པ་ཞིག་ལ་ཡང་དང་བསྐྱར་དུ་རེད་ཅེས་ཨུ་ཚུགས་རྒྱག་དགོས་དོན་མི་འདུག” ཅེས་བཀའ་མོལ་སྙིང་རྗེ་བོ་ཞིག་གནང་འདུག དེ་ཏག་ཏག་ལྟག་ལོག་རྒྱབ་པ་ཡིན་ན། མིན་པ་ཞིག་ལ་རེད་ཅེས་ཨུ་ཚུགས་རྒྱབ་པ་དེ་དོན་སྙིང་ཅི་གང་མི་འདུག མིན་པ་དེ་ཡིན་པར་ཨུ་ཚུགས་རྒྱག་དགོས་དོན་ནི། མིན་པ་དེ་ཡིན་པར་བསྒྲགས་པའི་རྫུན་བཅོས་ཀྱི་ནོངས་རྟགས་གསལ་བོར་ཐོན་བཞིན་པ་ཡིན་སྟབས། རྒྱ་ནག་གིས་”རྒྱ་ནག་གི་ཧྲང་ཧའེ”། “རྒྱ་ནག་གི་ནན་ཅིན་”ཞེས་ལབ་སྟངས་མེད་པར། “རྒྱ་ནག་གི་བོད་”ཅེས་ལབ་བཞིན་པར་དེ་ལྟའི་སྐུ་རླུང་བཞེངས་དགོས་དོན་ག་རེ་ཡིན་ནམ།
དར་ཆ་མེར་བསྲེགས་བཏང་བ་དེ་བོད་རྒྱ་ནག་གི་ཆ་ཤས་མིན་པ་སྒྲུབ་པའི་ཐབས་དང་ལས་འགུལ་ཡིན་དུ་ཆུགས་ཀྱང་། འོ་ན་ང་ཚོར་མེར་བསྲེགས་གཏོང་དགོས་པ་ག་ཚོད་ཅིག་མདུན་དུ་པང་སྒྲིག་ནས་བཞག་མི་འདུག་གམ། བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་མཁན་ག་ཚོད་མེད་དམ། དངོས་གནས་བྱས་ན། གཞོན་ལྷན་གྱིས་ལས་ཀ་ཚད་ལྡན་དང་རང་གི་ལྟ་གྲུབ་དང་མཐུན་པ་བྱ་འདོད་ན་” གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བ་དེ་མེར་བསྲེགས་པ་ཡིན་ན་འཛམ་གླིང་གི་མིག་ལམ་དུ་འགྲོ་ལ། ལོ་རྒྱུས་མཁྱེན་ལ་གནས་དུས་ཀྱང་མཁྱེན་པའི་ཆབ་སྲིད་པ་ཞིག་གི་བྱེད་སྟངས་འཛོམས་ཀྱི་ཡོད་མོད། ལས་ངན་པ་ཞིག་ལ་ཀླད་པར་གཅིག་ཤར་བ་ནི་དར་དམར་སྟེང་རྒྱུག་རྒྱུ་དེ་ཡིན་སོང་བ་རེད།
ཅི་ཙམ་རྒྱལ་དར་དང་རྒྱལ་རྟགས་ལ་རྩིས་ཐང་ཆེ་ལ་བག་ཆགས་ཟབ་པ་དེ་ཙམ་གྱིས་རྒྱལ་དར་མེར་བསྲེགས་གཏོང་བ་ནི་ཐ་གུ་སྣ་ཤོར་ལྟ་བུའི་ལས་རྙོག་གི་འབྱུང་གཞི་ལྟ་བུར་སོང་། རང་གི་ཁ་སྟབས་ཁོར་ཡུག་ལ་བསམ་བློ་གཏོང་དགོས་པ་ནི་སྣེ་ཁྲིད་པ་ཞིག་ཡིན་ཚེ་དུས་ནམ་ཡང་དྲན་ངོར་འཁོར་དགོས་པ་ཞིག་ལོས་ཡིན་འདོད་པས། རྒྱ་ནག་གི་ཆ་ཤས་མིན་པའི་སྒྲུབ་ཐབས་དར་ཆ་མེར་བསྲེགས་ཀྱི་རྒྱུ་མཚན་བཀོད་དེ་ལག་བསྟར་བྱས་པ་ནི་ཕྱོགས་གང་ནས་ལྟོས་ཀྱང་མཁས་མཛངས་འཕྲུལ་གསུམ་གྱིས་ཡེ་ནས་དབེན་པ་ལོང་པས་ལྟོས་ཀྱང་རྒྱལ་ཁམས་ཀྱི་དཔེ་རུ་གྱུར་འདུག
ཡང་ཚོགས་གཞོན་དོན་གྲུབ་ལྷ་དར་མཆོག་གི་ཞལ་ནས་2″སྐར་མ་ལྔ་ཡི་དར་ཆ་དེའི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་ཕྱིན་པ་རེད། ང་ཚོར་སོ་སོའི་རྒྱལ་དར་ཞིག་ཡོད་པ་རེད། དེར་བརྟེན། རྒྱ་ནག་གི་དར་ཆ་མེར་བསྲེགས་གཏོང་བཞིན་ཡོད་ཟེར། ” འདི་ནི་ཁོང་གི་རྒྱུ་མཚན་ཕྱི་མ་དེ་རེད། རྒྱུ་མཚན་འདི་ལ་ཁ་ཐུག་གིས་ལྟོས་ན་ཞེ་འཁོན་རྩོད་འདོད་འཆང་བ་ལས་གཞན་གང་ཡང་མི་གསལ། ང་ཚོར་ཞེ་འཁོན་ལོས་ཡོད། ཡིན་ནའང་། ཞེ་འཁོན་རྩོད་སྟངས་དེ་འདི་ཡིན་ནམ། འདི་ང་ཚོའི་དྲི་བ་རེད། ངས་༧གོང་ས་མཆོག་གི་བཀའ་སློབ་མཇལ་བ་ཚོའི་ཁྲོད་ཀྱི་ཞེ་འཁོན་སློག་སྟངས་ནི་བོད་གངས་ཅན་པ་མི་རེ་ངོ་རེའི་ཤ་དང་རུས་པའི་གསེང་འཕྲལ་དང་ཡུན་དུ་བགོ་དགོས་པའི་འགྲོ་བ་མིའི་རླབས་ཆེན་གྱི་ཀུན་སྤྱོད་ཅིག་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། ཚུར་ལ་སྐྱོན་དང་མཚང་འབྲུ། གནོད་སེམས་གཏོར་བཅོམ་སྲོག་ལ་རྒོལ་བ་ཚུན་ཆུད་བྱུང་ཡང་། ཕར་ལ་ཞི་བའི་རྒོལ་ལན་གྱིས་ཕ་རོལ་པོར་རྒྱུ་མཚན་ཡང་དག་གི་རྗེས་སུ་འགྲོ་བ་ཞིག་ཆགས་པར་ཀུན་སློང་གཙང་མས་འཐབ་རྩོད་བྱ་རྒྱུ་དེ་རེད། ༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་ཉམས་ལེན་འདི་ལྟར་གནང་ནས་ང་ཚོའང་ཐུགས་རེ་དེ་ལྟར་གནང་ཡོད།
ཉེ་སྔོན་བོད་ནས་སྦྲང་ཆར་རྩོམ་རིག་བྱ་དགའི་སྐབས་རྩོམ་རིག་སློབ་དཔོན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་ཀྱང་བོད་ཀྱི་མི་རབས་གསར་བས་བོད་ཀྱི་ནང་བསམ་པའི་ཁྱད་ནོར་ལ་གཙིག་ཆེན་བྱེད་དགོས་པའི་གཏམ་བཤད་གནང་འདུག བོད་ཀྱི་རིག་གནས་ཐད་གཞན་དྲིང་མི་དགོས་པ་མི་རབས་གསར་པའི་སློབ་དཔོན་ཞིག་གིས་འདི་ལྟར་གསུངས་བ་མཇལ་བས་ངས་གོང་དུ་བཤད་པའི་༧གོང་ས་མཆོག་གི་ཐུགས་རེ་འདི་དག་སྐབས་དེ་དུས་ཀྱང་དྲན་ངོར་སླེབས་མྱོང་། ང་ཚོ་ཤེས་ཡོན་པའི་སྡེར་ཁེས་འཆེ་བ་ཚོས་དོན་དངོས་པོར་རྒྱ་ནག་ལ་ཞེ་འཁོན་ཅི་ལྟར་སློག་གི་ཡིན་ནམ། དྲི་བ་གལ་ཆེན་ཞིག་འདི་རེད། ཚོགས་གཞོན་དོན་གྲུབ་ལྷ་དར་གྱི་རྒྱུ་མཚན་གཉིས་པ་འདི་ཁ་སྔོན་མཐོང་མ་ཐག་ངའི་སེམས་པ་ནག་འཐོམས་མེར་གྱུར་སོང་། དོན་དམ་ཚོགས་གཞོན་ཁོང་གིས་ཞེ་འཁོན་སློང་གི་འདུག་གམ། ཞེ་འཁོན་རྩོད་ཀྱི་འདུག་གམ། དྲི་བ་འདི་ཁྱེར་ནས་དེ་རིང་བར་གང་བསམས་པ་རྣམས་ཡིག་ཐོག་ཏུ་འབྲི་ཁོམས་ཀྱང་མ་བྱུང་།
མདོ་དོན་སྙིང་བོར་རྒྱུ་མཚན་འདི་གཉིས་བཀོད་དེ་རྒྱ་ནག་གི་རྒྱལ་དར་གཞོམ་བསྲེགས་བཏང་བ་ཡིན་ན། བཏང་བ་འགྲིག་མིན་མ་གླེང་ནའང་རྒྱུ་མཚན་ལྟར་སྣང་གཟབ་ནན་མེད་པ་འབའ་ཞིག་གི་འོག་ཚུད་འདུག་པ་འཛམ་གླིང་ཀུན་གསལ་རེད་ལ། ལྷག་ཏུ་རྒྱ་རིགས་ཤེས་ཡོན་ཅན་ཚོས་མཐོང་བ་ཡིན་ན་དེ་བས་ཀྱང་སྣ་དགོད་ཤོར་བ་ནི་རིག་པས་དཔོག་པ་ཞིག་ཀྱང་རེད། དེས་ན་ཕྱིས་འབྱུང་ལས་ཀྱི་བགྱི་རིམ་ནང་ལས་གང་བྱེད་ལ་ལྗིད་ཁོག་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། ལར་ནས་དར་དམར་བསྲེགས་པ་དང་ལས་འགུལ་སྤེལ་བ་སོགས་ཁྲལ་གྱིས་ནག་འདེད་ལྟར་བསྒོམས་ནས་གྲུབ་འབྲས་ཐོན་མིན་ལ་ཡེ་ནས་བསམ་གཞིག་མི་བྱེད་ན་ནི། དེ་རིང་གི་གླེང་རྙོག་འདི་བཞིན་བསྐྱར་ལངས་ལྟ་བུར་ཡོང་ངེས་པ་ཆོས་ཉིད་དུ་སོང་ཞིང་། “འཚེ་བའི་ལས་འགུལ”་དང་”ཁ་ཕྲལ་བའི་”སྤྱོད་པ་ལ་སོགས་སྤྱོད་དགོས་ཤར་ཚེ། ཉིན་དེར་རང་གཞན་རོགས་གསུམ་ལ་རྒྱལ་ཁ་མེད་པ་ནི་ཚད་གྲུབ་ལྟ་བུར་འདོད།
ཞོར་དུ་བཤད་འདོད་པ་ཞིག་ལ། བསམ་ཚུལ་ལྷུག་བརྗོད་བྱས་པ་དག་གང་ཟག་མིན་པར་ཆོས་ལ་གཟས་ནས་ཡིན་སྟབས། སོ་སོ་སྒེར་གྱི་བསམ་ཚུལ་བརྗོད་རེས་ལ་ཐབས་ལམ་ཅི་ཞིག་བསྟེན་ནའང་ལྷུག་བརྗོད་བྱ་འདོད་ཡོད། སྒེར་གྱི་བསམ་ཚུལ་ལྷུག་བརྗོད་རྒྱུ་མཚན་ཅན་སྤྲོས་རྒྱུ་ནི་ཅི་ནས་ཀྱང་རང་ཅག་གིས་འབད་དགོས་པའི་གནས་ཀྱང་ཡིན་ནོ།
༢༠༡༢། ༣། ༢། ཤར་མར་བགྱིས་པས་ཆད་ལྷག་ཡོད་ན་དགོངས་དག
ལུང་འདྲེན་ ༡དང་༢ པ་བོད་ཀྱི་དུས་བབ་དྲ་ངོས་ལས་དྲངས། དྲ་ཐག་འདིར་གཟིགས། http://www.tibettimes.net/news.php?showfooter=1&id=5598
དགྱ་མིའི་རྒྱལ་དར་མེས་བསྲེགས་བཏང་བར་དགའ་ནས་བསྡད་ཡོད། ངོ་མ། ངའི་སེམས་ལ་ངལ་གསོ་ཐུང་ཐུང་ཞིག་བྱུང་། འོན་ཀྱང་། སེམས་པའི་རྒྱབ་ལོག་ཞིག་ནས་དགྱ་ནག་སྲིད་གཞུང་གི་རྒྱལ་གཅེས་སློབ་གསོའི་ལམ་ལྷོང་བྱུང་བའི་དགྱ་ནག་མི་མང་དུང་ཕྱུར་མང་པོའི་སེམས་པར་ཕོག་ཐུག་ཤོར་རྒྱུའི་སེམས་ཁྲལ་གྱིས་སླར་ཡང་སྡུག་བསྔལ་ཇི་ཆེ་རེད། གནད་དོན་དེ་འདྲ་ཞིག་གི་སྐབས་སུ་དབུ་མའི་ལམ་ཞིག་འཚོལ་དགོས་པ་འདྲ།
དབུ་མའི་ལམ་ཚོགས་པའི་ཤར་ཕྱོགས་ཁུག་རྟས་ང་ལ་རོགས་རམ་ཞིག་གནང་རོགས།
འབྲི་ན་འདི་འདྲ་བྲིས་ན་ཡག་པོ་འདུག དངོས་གནས་དཔྱད་པ་བཏང་འདུག ད་ཤོད་ཡ། དྲ་གྲོགས་ཚོ།
ཡག་གི རྒྱ་ནག་ཚང་གི་ཡོད་ཚད་མི་རུ་བསྲེག་ནས་བོད་དུ་འགྲོ
ཨོ རྒྱ་མོ་བརླ་ཤ་དཀར་པོ་ཁ་ཤས་མེར་མ་གཏོང་ངར་བཞག་རོགས།
བཙན་བྱོལ་སྤྱི་ཚོགས་ནི་ཀླུ་སྨྱོན་ང་ལས་སྨྱོན་པ་སྡུག་གི ང་བོད་པ་ཚང་ལ་ཐང་ཆད་ཀི ཡཱ་་་་་
““““““““““““““““““`
རྡོ་རིག་པའི་མདའ་མོ་ལགས། ཁྱོད་རང་གི་མདའ་མོ་དེ་གནད་ལུགས་ཤིག་གི་ཐོག་ལ་འཕེན་ཐུབ་ན་ང་ཚོས་རིག་པའི་མདའ་མོ་ཞིག་ལ་ངོས་འཛིན་བྱས་ཆོག སྐབས་དོན་འདིར། ཤར་ཁུག་གི་མི་གཤིས་གླེང་བའི་སྐབས་མ་རེད། བོད་དོན་འཐབ་རྩོད་བྱེད་ཆོག་ལ་ཁ་བརྡ་བྱེད་པའི་དུས་རེད།
བོད་རྒྱ་འོག་མིན་པ་གསལ་སྟོན་དང།་ཤ་འཁོན་ཆེད་མེར་སྲེག་བཏང་བ་ཡིན་ན།་དེ་རྒྱུ་མཚན་ལྡན་པ་མ་ཟད།་དེ་བས་གཞོན་ནུའི་ལངས་ཕྱོགས་དང་མཐུན་འདུག་པས།་ཤར་ཁུག་ཁྱོད་ཀྱི་སྐད་ཆ་དགའ་མིན་སྨྱོན་ལམ་ཡིན་པ་གསལ་པོ་ཆགས་སོངཇ།
རེད་རེད། ད་ང་ཚོར་མེར་བསྲེགས་གཏོང་རྒྱུ་མང་པོ་ཐོན་གི་རེད། ༥༦ ལོར་སྲིན་བློན་ནེ་རུས་༧གོང་ས་མཆོག་བོད་དུ་ཕེབས། རང་སྐྱོང་ལ་རྩོད་པ་རྒྱོབ་གསུངས་པ་རེད། རྗེས་ནས་ཁོང་གིས་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་ངོས་འཛིན་གནང་བ་རེད། དེ་ག་རེ་བྱེད་ཀྱི་ཡིན་ནམ། ལ། དོན་གྲུབ་ལྷ་དར་ལགས།
བོད་མི་སྤུན་ཟླ་ལ་ལར་ཞུ་རྒྱུར།
ཨ་རི་དང་། དབྱིན་ལན། ཁེ་ན་དྲ་དང་གཞན་རྒྱལ་ཁབ་ཁ་ཤས་ཀྱིས་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་ལ་དམའ་འབེབ་བྱས་པ་ལ་བཀག་འགོག་གི་ཁྲིམས་མེད་པ་དང་། གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱ་སྐབས་རང་རྒྱལ་གྱི་དར་ཆ་སྲེག་ཀྱང་ཁྲིམས་འགལ་མིན། འཇར་མན་དང་ཧྥིན་ལན་ལ་སོགས་རྒྱལ་ཁབ་ཁ་ཅིག་གིས་རང་རྒྱལ་གྱི་དར་ཆ་ལ་དམའ་འབེབ་བྱ་མི་ཆོག་པར་བཀག་འདུག
གང་ལྟར་སྐབས་སུ་བབ་པ་ནི། རྒྱ་ནག་གི་རྒྱལ་དར་སྲེག་ན་དྲག་སྤྱོད་དམ་ཁྲིམས་འགལ་ཡིན་མིན་ལ་འབྲེལ་བ་ཆེར་མེད་པར་འདོད། གནད་འགག་དངོས་དེ་གང་ཞེ་ན། རྒྱ་ནག་གི་རྒྱལ་དར་ལ་རྒྱ་ནག་མི་མང་གིས་བརྩི་བཀུར་ཡོད་མེད་དང་། དེ་སྲེག་ན་བོད་རྒྱ་མི་མང་བར་ལ་ཞེ་འཁོན་སློང་མིན་དེ་ཡིན་པར་སྙམ།
རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་མི་མང་ལ་དབང་སྒྱུར་བ་དེ་ཁྲིམས་མཐུན་དུ་བསྒྱུར་ཐབས་རྣམ་གཉིས་ཡོད་དེ། གཅིག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསླུ་ཐབས་དང་། ཅིག་ཤོས་ནི་རྒྱ་ནག་མི་མང་ལ་མི་རིགས་རིང་ལུགས་ཀྱི་ཞེན་ཁོག་སློང་བ་དེ་ཡིན། ཕྱི་མ་དེ་ནི་རྒྱ་ནག་མི་དམངས་རྨོངས་བྱེད་དང་། ཁོ་ཚོ་གུང་ཁྲན་ཏང་གི་བྲན་ཏུ་བསྡུ་བྱེད། རྒྱལ་ཁབ་གཞན་ལ་ཁ་གཏད་གཅོག་བྱེད་དུ་ཆགས་ཡོད་པས། ང་ཚོས་གཟབ་དགོས་པའི་གནད་དོན་དུ་མཐོང་།
གཞན་ཁྱེད་རང་ཚོས་ཀྲུང་ནན་ཧའེ་རུ་གསང་དམག་དྲངས་ནས་ཧུའུ་ཅིན་ཐའོ་གསོན་བཟུང་བྱ་བསམ་ནའང་འདྲ། མའོ་ཙེ་ཏུང་གི་རོ་ལ་འཐབ་རྩོད་བྱེད་བསམ་ནའང་འདྲ། རྒྱ་ནག་གི་དམག་ཁུལ་གཏོར་བསམ་ནའང་འདྲ།
མི་འགྲིག་པ་ཅི་ཡོད། དགའ་བསུ་ཡོད།
ཁོག་ཚེར་མས། ཞལ་འོ་མའི་བཀའ་མོལ་གནང་སོང་། རྒྱ་མིའི་རྒྱལ་དར་དེ་ཀྲུང་ནན་ཧའེ་རུ་གསང་དམག་དྲངས་ནས་ཧུའུ་ཅིན་ཐའོ་གསོན་བཟུང་བར་དང་། མའོ་ཙེ་ཏུང་གི་རོ་ལ་འཐབ་རྩོད་བྱེད་བསམ་པ། རྒྱ་ནག་གི་དམག་ཁུལ་གཏོར་བསམ་བ་བཅས་ལས་ཉེན་ཁ་ཆེ་བར་བརྗོད་སོང་། བུ་བཀྲ་ཤིས་ང་འདྲ་བའི་སྐད་ཆ་ལས་མ་འདས་སོ། རང་ཉིད་བྱིས་པ་ཡིན་པས་སོ།།
སྔོན་མ་་འདིའི་ཐད་བསམ་ཚུལ་གང་ཡང་མེད། ད་ལྟ་དཔར་འདི་མཐོང་དུས་གཏོག་ཙམ་བཞད་སྣང་སྟེར་བྱུང། གལ་ཏེ་བོད་ཀྱི་རྒྱལ་དར་མེ་བསྲེགས་གཏོང་བཞིན་པའི་པར་འདི་འདྲ་ཞིག་ང་ཚོས་མཐོང་ན། བྱངས་ཆུབ་སེམས་པ་ཡིན་ཡང་ཕལ་ཆེར་བཟོད་ཐབས་དཀའ། གནད་འགག་གཅིག་གཏའ་གཏན་འདུག ད་དུང་། རྣམ་པ་ཚོས་གསུ་དང་།
ཤར་ཕྱོགས་ཁུག་རྟས་མེར་བསྲེག་དགོས་ན། དོན་ཚན་བཅུ་བདུན་སྲེགས་ཤིག ཟེར་བའི་སྐད་ཆ་འདི་ལ་སྣང་བ་རིང་པོ་ཞིག་འགྲོ་སོང་།
གཅིག་ནས་དོན་གྲུབ་ལྷ་དར་དང་ཚེ་དབང་རིག་འཛིན་སོགས་ཀྱི་ཀླད་པར་འདི་ལྟར་འཁོར་རྒྱུ་དཀའ་མོ་རེད།
གལ་ཏེ་འཁོར་དུ་སྲིད་ཀྱང་ཧ་ཅང་ཕྱི་དྲག་པ་ཞིག་མ་ཡིན་ནམ། དངོས་གནས་རེད། རྒྱ་དར་ནི་འཛམ་གླིང་མི་འབོར་མང་ཤོས་ཤིག་གི་ཞེ་གཏིང་གི་དགའ་གུས་བཅོལ་སའི་རས་དམར་ཞིག་རེད།
གྲོས་དོན་བཅུ་བདུན་ཟེར་བ་ནི་ང་ཚོ་དམྱལ་བར་བཅུག་མཁན་ངོ་མའི་ཡིག་ཆ་དེ་ཡིན་པས་མེར་བསྲེགས་བཏང་ཡང་གོ་རྒྱུ་དམིགས་བསལ་འདུག་གོ།
ཁུག་ལ་ཁྭ་ཏས་བསྔགས་བརྫོད་ཡོད། འགན་ཡོད་པའི་བྱ་བ་སྒུབ་བཞིན་འདུག གནད་དོན་འདིར་གནད་འགག་གདའ།
ཁྭ་ཏས་རྨ་བྱ་ལ་བསྔགས་བརྗོད་མེད། གང་ཡིན་ཟེར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་ཐང་ལ་གཡུག་འདུག དགོངས་དག
ཤར་ཁུག་ལ་གནས་ལུགས་འདུག
དོན་གྲུབ་ལྷ་དར་ཟེར་བ་དེ་མ་གཞི་གཏམ་བཤད་སྤེལ་དུས་ངར་ངར་འདྲ་ཡོད་པ་རེད། ཡོན་ཚད་ཧ་ཅང་སྐྱོ་བོ་ཡིན།
ཤར་ཁུག་ཁོང་ལ་ཞེ་ས་ཞུས་དགོས་དོན་ཡོད་མ་རེད། ཁོང་གི་གཤེ་གཤེ་རག་མི་ཡོང་ངམ་བསམས་ནས་ཐབས་མཁས་མཛད་པའང་ཡིན་སྲིད་པས། ཅི་སྐྱོནད།
མཚང་འབྲུ། ཡི་གེ་དག་མ་འདི་རེད།
།་་ཤར་ཕྱོགས་ཁུག་རྟའི་དཔྱད་གཏམ་དེ་ཐེགས་གཅིག་ཀློག་པ་ཡིན།ངོ་གདོང་ནས་ཅང་མི་གོ་བ་ཆེར་མི་འདུག་ཀྱང་།རྒྱབ་ལྫོངས་ཀྱི་དམིགས་ཡུལ་ཅི་ཡིན་དངོས་གནས་ཚོད་དཔག་བྱེད་དཀའ་བ་ཞིག་བྱུང།དོགས་པ་འགའ་ཞིག་ཀྱང་ཤར་སོང་ཡང་།དེ་སྐབས་སུ་མ་བབས་པས་བཤད་དགོས་དོན་མི་འདུག་སྙམ།རང་གི་ཕུག་རྒྱང་རིང་བོའི་མདུན་ལམ་ཞིག་གི་ཁྱད་དུ་ཅང་ཨེ་ཡིན་སྙམ།བཤད་སྟངས་ལ་བལྟོས་ན་དོན་གྲུབ་ལྷ་དར་དང་ཁོ་གཉིས་ཀྱི་བར་ན་སྒེར་གྱི་འཁོན་སེམས་ཞིག་ལོས་ཡོད་སྙམ་པའི་སྣང་བ་ཡང་ཡང་ཤར།ང་ཚོ་བོད་ཀྱི་གཏམ་དཔེ་ལ།་ནང་གི་མི་ལ་སྙིང་ལང་ན།།སྒོ་ཁའི་ཁྱི་ལ་རྡོ་ཡིས་བཞུས།།ཟེར་བའི་དཔེ་ལྟར་དོན་དག་གཞན་ཞིག་ཀྱང་ཡིན་སྲིད།་དེ་མིན་ན་མཐོང་ཚད་ལ་ཟུག་པ་དང་ཐུག་ཚད་ལ་སོ་རྒྱག་དགོས་དོན་ཨེ་ཡོད་སྙམ།གཅིག་བྱས་ན་དེ་འབྲས་རྟགས་གཞན་ཞིག་ཀྱང་ཡིན་རྒྱུ་རེད།རྒྱ་ནག་གི་རྒྱལ་དར་མེ་བསྲེགས་བཏང་བ་དེ་འགྲིག་མིན་སྐོར་རྩོད་ཀྱིན་འདུག་་དེས་སུ་ལ་ཡང་ན་ཟུག་སྐྱེས་དགོས་དོན་ཨེ་ཡོད་སྙམ།དེ་དོན་གྲུབ་ལྷ་དར་དང་ཤར་ཕྱོགས་ཁུག་རྟའི་དོན་དག་ཅང་ཨེ་ཡིན།དེ་གཞོན་ནུ་ཚོགས་པ་དང་པེ་ཅིན་སྲིད་གཞུང་གཉིས་ཀྱི་དོན་དག་རེད།དེས་འགན་ཁྱོད་གཉིས་སུས་ཀྱང་སྒེར་ངོས་ནས་འཁྱེར་དགོས་དོན་ཨེ་ཡོད་སྙམ།རྒྱ་དར་མེ་བསྲེགས་བཏང་ན་རྒྱ་བོད་སུ་ལ་ཡང་གནོད་ཀྱི་མ་རེད།ཕན་ཚུན་གྱི་མི་སྣའི་བར་གྱི་འཐབ་རྩོད་ལ་མི་འདོད་པའི་རྣམ་འགྱུར་ཙམ་རེད།རྒྱལ་དེར་དེ་བོད་པས་རྩིས་མཐོང་བྱེད་ཀྱི་མ་རེད་ལ།རྒྱ་ནག་མི་མང་གིས་ཀྱང་དེ་ཙམ་གྱི་དགའ་མོས་བྱེད་ཀྱི་མ་རེད་སྙམ།དེ་རས་དམར་བོ་ཞིག་ཡིན་པ་ཁས་བླངས་སོང་ང་།དེ་གོང་ཁྲན་གྱིས་གསར་དུ་བཟོས་པ་ཞིག་མ་རེད་དམ།མི་འབོར་དུང་ཕྱུར་བཅུ་ལྷག་གི་ནང་ན་གོང་ཁྲན་བཏང་ས་ཡ་གཉིས་ཙམ་མ་རེད་དམ།དེས་བརྒྱ་ཆའི་གཅིག་ཟིན་ཡོད་པ་མ་རེད།ངས་བལྟས་ན་རྒྱལ་དར་མེར་བསྲེགས་པ་དེ་བོད་དོན་ལ་ཕན་ཡོད་པ་རེད།གཅིག་བྱས་ན་རྒྱ་ནག་མི་མང་བོས་དོ་སྣང་ཡོང་སྲིད་པ་རེད།རྒྱུ་མཚན་ཅི་ཡིན་སྐོར་་ལ་སྐད་ཆ་འདྲི་སྲིད་པ་རེད།རང་བཙན་དང་ལམ་དབུ་མ་དེ་ཚོ་རྒྱ་ནག་མི་མང་གི་ཧ་གོ་གི་ཨེ་ཡོད་སྙམ།ང་ཚོས་འགྲེལ་བཤད་བརྒྱག་མ་དགོས་པར་ཁོ་ཚོས་བགྲོ་གླེང་བྱུང་ན་དེ་བཟང་བ་མ་རེད་དམ།རྒྱ་ནག་མཁས་པ་ཚོས་ཕལ་ཆེར་ཧ་གོ་གི་རེད།་ལོས་རྒྱུས་ཀྱི་སྟེང་ནས་བཤད་ན་བོད་ལ་ཁག་མི་འདུག་སྙམ་གྱི་རེད།ཁྲྱོད་གཉིས་ཀྱི་རྩོད་པ་དེ་སྒེར་གྱི་ན་ཚ་དང་སྒེར་གྱི་ཤ་འཁོན་མིན་ན་འགྲིག་པ་རེད།ཞབས་འདྲེན་མ་ཞུ་ན་ཡག་གི་རེད།ཆོལ་གསུམ་བོད་མི་ཡོངས་ལ་ཕོག་ཐུག་མ་བཏང་ན་བཟང་གི་མ་རེད་དམ།མིང་སྐམ་པོ་ཞིག་གི་ཆེད་དུ་དམར་རྗེན་ལ་འཐོན་དགོས་དོན་ཨེ་ཡོད་དམ།ལམདབུ་མ་དང་རང་བཙན་བར་ལ་ཅིག་བཤད་ཀྱིན་འདུག་་དེ་སྲིད་ཇུས་དང་ཐབས་ལམ་ཞིག་རེད།ལངས་ཕྱོགས་ཀྱང་མ་རེད།ཁུག་རྟ་རང་བཙན་དང་འགལ་བ་ཡང་ཡོད་ཀྱི་མ་རེད་ལ།་ལམ་དབུ་མ་དང་འབྲེལ་བ་ཅང་ཨེ་ཡོད་དམ།རྩོད་ས་དེར་རྩོད་ཀྱི་མི་འདུག་ལ་འབྲི་ས་དེར་འབྲི་ཡ་མི་འདུག་་དགྲ་དགའ་གཉེན་སྡུག་གི་སྐྱོ་གར་དེ་མ་འཁྲབ་རོགས།་་ད་དེ་རང་ཙམ་ཡིན།འདི་ཚང་མ་ངས་བསམ་ཚུལ་ཙམ་ཡིན་པས་ཚིག་དོན་ལ་ནོར་འཁྲུལ་འདྲ་ཡོད་ན་དགོངས་འགལ་མེད་པར་ཞུ།
ཤ་འཁོན་ལོས་མཁོ། ཤ་འཁོན་མེད་ན་རྩོད་པ་རྒྱག་དགོས་དོན་ཡང་ཡོད་པ་རེད། རྒྱ་དར་ཙམ་མ་ཟད་རྒྱ་གཞུང་ཀྱང་བསྲེགས་ཀྱི་འདུག
ཤ་འཁོན་མེད་མཁན་གྱི་མི་ཞིག་གིས་འཇིག་རྟེན་འདིར་ལས་དོན་གང་ཡང་སྒྲུབ་མི་ཐུབ། ཤ་འཁོན་མེད་མཁན་ལ་དགྲ་གཉེན་གྱི་དབྱེ་བ་མེད་ལ། གང་ན་ཁེ་ཕན་ཡོད་ན་དེ་རུ་འགྲོ་བས། གཏན་གྱི་མཛའ་གྲོགས་ཀྱང་རྙེད་དཀའ་བས་ཤི་རྗེས་མིག་ཆུ་བཏོན་མཁན་དཀོན། དར་ཆ་དེ་ནི་དམར་ཕྱོགས་ཚོགས་པའི་དར་ཆ་ལས་རྒྱ་ནག་མི་མང་གི་མིན།
དེང་སྐབས་བོད་མི་ཁག་ཅིག་གིས་བཀའ་ཁྲི་དང་། གཞོན་ལྷན། དེ་བཞིན་བོད་དོན་ལས་འགུལ་བ་སོགས་ལ་དོན་མེད་བསྙོན་འཛུགས་བྱེད་ཀྱི་འདུག དེ་མ་རེད་འདི་རེད་ཅེས་གསལ་བཤད་བྱེད་འདོད་མ་བྱུང་། ཁོང་ཚོས་དངོས་གནས་བསམ་ཚུལ་ཞིག་བཤད་ཀྱི་ཡོད་མེད་ཧ་གོ་ཁག་པོ་འདུག བོད་སྤྱི་ལ་གནོད་ཐབས་བྱེད་ཀྱི་ཡོད་དང་། ཡང་ན་སྐྱེ་ཁོངས་ལ་བལྟས་ནས་མི་རེ་ཟུང་ལ་དམིགས་ཀྱི་ཡོད། ལྷག་བསམ་རྣམ་དག་གིས་བསམ་ཚུལ་བཤད་མཁན་ཚོར་གཞོན་ལྷན་འཇིགས་སྐུལ་བ་ཡིན་པའི་གླེང་ཕྱོགས་བཟོས་པ་དང་། བཀའ་ཁྲི་བློ་སེང་གིས་མ་འཇོན་སྐོར། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་མ་འགྲིག་སྐོར་སོགས་མང་པོ་བཤད་སོང་། སྐྱོན་བརྗོད་བྱེད་རྒྱུ་གལ་ཆེ་ཡང་གནས་ལུགས་ཤིག་དགོས་ཀྱི་རེད་བསམ་གྱི་འདུག
གཞོན་ལྷན་གྱིས་རྒྱ་ནག་ལ་གཏོར་རྒོལ་གཏོང་ཆེད་ཅི་ཡང་བྱེད་ཀྱི་མེད་ལ།་བྱེད་ཐུབ་ཀྱི་ཡང་མ་རེད་བསམ་གྱི་འདུག དེ་འདྲ་ཞིག་ལ་འཇིགས་སྐུལ་བའི་གླེང་གཞི་བཟོ་དགོས་དོན་གང་ཡིན།
བོད་ས་ཡོངས་རྫོགས་རྒྱ་གུང་ཁྲན་གྱིས་བཙན་བཟུང་བྱས་ལོ་ནི་༡༩༤༩ལོའི་ཟླ༧པ་ཡིན་པར་ཁས་བླངས་ན། ༡༩༥༡ཟླ༥བའི་ནང་དོན་ཚན་བཅུ་བདུན་གྱི་ཆངས་ཡིག་ཅིག་འཇོག་དོན་ཅི།
རྒྱ་ནག་གིས་རྒྱལ་དར་བཟོས་པ་ཙམ་གྱིས་བོད་དེའི་མངའ་འོག་ཏུ་ཤོར་སོང་ན། ཆབ་མདོའི་ཕར་རྒོལ་གྱི་དམག་འཁྲུག་དེ་མ་བྱུང་བ་ཡིན་ནམ།
རྩོམ་ཡིག་དཔྱད་གཏམ་འདི་ཚེ་རིང་རྡོ་རྗེ་ཡི་གོང་གི་མཆན་འདི་གཉིས་དངོས་གནས་རིན་ཐང་དང་ལྡན་པ་ཞིག་རེད། རྣམ་པ་ཚོས་བགྲོ་གླེང་ཚད་ལྡན་བྱེད་བཞིན་པར་དགའ་སྤྲོ་འཕེལ།
xxxxxxxxxxxxxxxxxx
དྲ་གྲོགས་ཚོ།
གཤམ་གྱི་རྒྱ་ནག་གི་རྒྱ་དར་མེར་བསྲེགས་པའི་བརྙན་ཐུང་དེར་གཟིགས་དང་གཞི་ནས་གོ་བ་ཞིག་སྟེར་ཐུབ། ཤར་ཁུག་བོད་ཡིག་ཐར་ཐོར་ཞིག་ལས་མི་ཤེས་པས་གཟུགས་བརྙན་ལམ་ནས་གསལ་བཤད་མི་བྱེད་ག་མེད་བྱུང་། གཞན་ཆེད་རྩོམ་མང་བོ་དྲ་ཏོག་ན་འདུག
http://www.youtube.com//watch?v=jdOFeY9BcfII
ལྟ་ཐུབ་ཀྱི་མིན་འདུག སུས་རྒྱ་དར་མེ་བསྲེགས་བཏང་འདུག
ཤར་ཕྱོགས་ཁུག་རྟ་ལགས། བོད་རྒྱ་ནག་གི་ཆ་ཤས་མིན་པ་སྒྲུབ་པའི་དེབ་དེ་ཅི་ལྟར་རེག་གི་རེད་དམ། ལམ་སྟོན་ཞིག་གནང་རོགས།
ཨ་ཡོ་་་་་་་་ཨ་ཡོ་་་་་་་་་་་་་་ཤར་ཁུག་སོགས་ཀྱི་རང་རང་གི་ཁ་ཆེན་པོ་ཞིག་གདེང་རུང་་་་་་་་་་་་ལག་ལེན་ཆུང་ངུ་ཞིག་ལས་འདེབས་ཀི་མི་འདུག་ག
ད་ཡིན་ན་སྐྱབས་བཅོལ་བའི་ཡིག་འབྲི་བ་ཚོ་ནི་་་་་ཕྱི་འཇམ་ནང་རྩུབ་ཞེ་ཅིག་མ་རེད་དམ།
ཤར་ཕྱོགས་བྱ་ཡི་འཕུར་སྟངས་ལ་བལྟས་ན། ཅིག་ཅིག་དགུང་སྤུ་གྲིའི་རྩེ་ལ་ཐོན་གྲབས་ཡིན་ས་རེད། ཨ་ལ་ཀུ་རེ་ཡིན་ད ་་་་་་་་་་་་་ད་ཐེངས་ཀྱི་རྩོམ་ཡིག་འདི་དབྱེ་ཞིབ་རང་བཞིན་གྱི་སྒོ་ནས་བྲིས་འདུག བདག་གིས་ཀྱང་བསམ་ཚུལ་ཐུང་ངུ་ཞིག་སྔོན་ནས་བརྗོད་མྱོང་། རྒྱ་ནག་གི་རྒྱལ་དར་མེ་བསྲེགས་གཏོང་བ་དེ་རྒྱ་མི་དུང་ཕྱུར་བཅུ་གསུམ་གྱི་སྙིང་ལ་ཕོག་པའི་བྱ་འགུལ་ཞིག་ཡིན་པ་ལས་བོད་དོན་ལ་ཕན་པའི་དོན་སྙིང་ལྡན་པའི་བྱ་འགུལ་མིན་པར་སེམས། རྒྱ་ནག་མི་མང་གི་སེམས་ལ་ཕོག་ཐུག་བཟོ་མི་རུང་བའི་ཐད་ནས་༧གོང་ས་མཆོག་གིས་ཀྱང་གསུངས་མྱོང་སྟེ། རྒྱ་ནག་མི་མང་ལ་ཡིད་ཆེས་ཡོད་མོད། རྒྱ་ནག་སྲིད་གཞུང་ལ་ཡིད་ཆེས་སྲབ་དུ་སྲབ་དུ་འགྲོ་ཀི་འདུག་་་ཅེས་གསུངས་མྱོང་། གང་ལྟར། བྱ་འགུལ་འདི་འདས་ཟིན་པ་ཞིག་ཡིན་པས་རྩོད་གླེང་བྱས་ནས་ཕྱིར་ཡོང་རྒྱུ་མེད་པ་ཞིག་རེད། དེས་ན་ད་ལྟའི་གནས་སྐབས་འདིར་རྩོད་གླེང་བྱས་ནས་དུས་ཚོད་བསྐྱལ་བ་ཞིག་མིན་པར་གཞུང་ཡིན་ནའང་འདྲ། ཚོགས་པ་ཡིན་ནའང་འདྲ མི་སྒེར་ཡིན་ནའང་འདྲ། ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། རང་ཉིད་ཀྱིས་ནུས་པའི་འགན་ཞིག་ཕྲག་ཏུ་ལེན་རྒྱུ་དེ་རེད་འདུག
ཤར་ཁུག། ཁྱོད་རང་གི་ལས་ཀ་གཙོ་བོ་དེ་བོད་གཞུང་དང་བོད་ཀྱི་རྩ་དོན་ཆེད་ལས་རང་ནུས་གང་ཡོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་ལ་སྐྱོན་བརྗོད་བྱ་རྒྱུ་དེ་ཁོ་ན་ཡིན་ནམ། གཞན་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཁོ་ན་བྱས་ཏེ་མ་བསྡད་པར་ཁྱོད་རང་མར་མཐོན་སྟེ་ལས་འགུལ་ཞིག་སྤེལ་དང་། ཐུགས་རྗེ་གཟིགས། མི་རིགས་ཀྱི་དོན་དུ་ལས་ཀ་བྱེད་མཁན་ཚོར་ཁ་ངན་ཚིག་ངན་བཤད་ནས་མ་བསྡད་པར་མི་རིགས་ལ་ཕན་པའི་ལས་ཀ་འདྲ་བྱས་ན་གང་འདྲ་འདུག ཅི་སྟེ་ཁྱེད་རང་གིས་དེ་ལྟར་མ་འཇོན་ན་ཁ་བཙུམས་ནས་བསྡད་ན་མི་འགྲིག་གམ།
རྒྱ་ནག་གི་དར་དམར་མེ་བསྲེག་གི་ལས་འགུལ་འདིས་རྒྱ་མི་རིགས་ལ་ཕོག་ཐུག་འགྲོ་རྒྱུ་ཡིན་པ་བཤད་མི་དགོས་པ་ལྟ་བུ་རེད། དེ་འདྲར་སོང་ལས་འགུལ་འདི་ལ་རྒྱབ་བསྐྱོར་བྱེད་འདོད་མེད། འོན་ཀྱང་རྒྱ་མི་རིགས་ཀྱི་ནང་ནའང་དར་དམར་འདི་ལ་མི་དགའ་མཁན་མང་པོ་ཡོད་པ་དེ་ཡང་ཤེས་དགོས་པ་རེད།
ལར་ནས་ང་ཚོའི་ཕྱོགས་ནས་ནམ་རྒྱུན་སྐད་ཆ་བཤད་སྟངས་ཤིག་ལ་དར་དམར་འདིས་རྒྱ་ནག་མཚོན་རྒྱུ་རེད་ཟེར་པ་དང་། རྒྱ་མི་རིགས་མཚོན་རྒྱུ་རེད་ཟེར་པ་དང་། རྒྱ་ནག་མི་མང་དུང་ཕྱུར་༡༣མཚོན་པ་རེད་དེ་འདྲ་མ་ལབ་ན་ལེགས་སྙམ། དངོས་གནས་བྱས་ན་རྒྱ་ནག་མཚོན་བྱེད་ཀྱི་དར་ཆ་དངོས་གནས་དེ་སུན་ཀྲུང་ཧྲན་གྱིས་བཟོས་པའི་ད་ལྟའི་ཐེ་ཝན་གོ་མིང་ཏང་སྲིད་གཞུང་གི་དར་ཆ་དེ་རེད། དར་དམར་པོ་འདི་ནི་གུང་ཕྲན་ཏང་གིས་བཟོས་པའི་དར་ཆ་གསར་པ་རེད། འདིས་གུང་ཏང་མཚོན་པ་ལས་རྒྱ་ནག་མཚོན་རྒྱུ་མ་རེད། དེ་འདྲའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནས་བསམ་བློ་བཏང་ན་དར་དམར་འདི་མེར་བསྲེག་པ་ཙམ་གྱིས་རྒྱ་རིགས་ཡོངས་རྫོགས་ཀྱི་སེམས་ལ་ཕོག་ཐུག་འགྲོ་དགོས་དོན་མེད་ནའང་། བོད་ཀྱི་ཁ་དཔེར་མགོ་ནག་མི་ཕྱོགས་ཟེར་རུང་རང་ཕྱོགས་ཟེར་པའི་དཔེ་ལྟར་རང་བཞིན་གྱིས་རྒྱ་རིགས་མང་པོ་ཞིག་གི་སེམས་ནང་ཕོག་ཐུག་བཟོས་ན་དེས་བོད་མིའི་རྩ་དོན་ལ་གང་ཡང་ཕན་ཐོག་འབྱུང་མི་ཐུབ་པ་གོང་དུ་ཤར་ཁུག་དང་། ཨ་རིགས་དགེ་མཐོང་སོགས་ཀྱིས་ཞིབ་འཇུག་རང་བཞིན་གྱི་ལམ་ནས་གསར་པོ་བྲིས་འདུག་པ་ལེགས་པར་མཐོང་བྱུང་།
གྲགས་པ་ལགས། གུང་བྲན་གྱི་སྐབས་ནས་བཟོས་ཀྱང་རྒྱ་ནག་གི་དར་ཆ་མ་རེད་ཟེར་ཐུབ་བམ། གོ་མིན་ཏང་གི་དར་ཆ་དེ་ཁྱེར་ཡོང་ན། རྒྱ་ནག་སྐམ་སའི་མི་དམངས་ཀྱིས་ཁས་ལེན་ཐུབ་ཀྱི་མ་རེད། སེམས་དང་བག་ཆགས་ཀྱིས་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། དེ་བས་སུས་བཟོས་མིན་བཤད་པ་དེ་ག་འདྲ་ཡིན་ན། དེ་མིན་གུང་ཁྲན་ཏང་མཚོན་རྒྱུ་ལས་རྒྱ་ནག་མཚོན་རྒྱུ་མ་རེད་ཟེར་བ་འདིའང་ཏག་ཏག་བསྡད་མི་འདུག
ཡང་ཤར་ཁུག་གིས་སྨྱོས་གཏམ་ཞིག་བཤད་འདུག། ༡ ཤར་ཁུག་གིས་་་
༼དར་ཆ་མེར་བསྲེགས་བཏང་བ་དེ་བོད་རྒྱ་ནག་གི་ཆ་ཤས་མིན་པ་སྒྲུབ་པའི་ཐབས་དང་ལས་འགུལ་ཡིན་དུ་ཆུགས་ཀྱང་། འོ་ན་ང་ཚོར་མེར་བསྲེགས་གཏོང་དགོས་པ་ག་ཚོད་ཅིག་མདུན་དུ་པང་སྒྲིག་ནས་བཞག་མི་འདུག་གམ། བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་མཁན་ག་ཚོད་མེད་དམ། དངོས་གནས་བྱས་ན། གཞོན་ལྷན་གྱིས་ལས་ཀ་ཚད་ལྡན་དང་རང་གི་ལྟ་གྲུབ་དང་མཐུན་པ་བྱ་འདོད་ན་” གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བ་དེ་མེར་བསྲེགས་པ་ཡིན་ན་འཛམ་གླིང་གི་མིག་ལམ་དུ་འགྲོ་ལ། ལོ་རྒྱུས་མཁྱེན་ལ་གནས་དུས་ཀྱང་མཁྱེན་པའི་ཆབ་སྲིད་པ་ཞིག་གི་བྱེད་སྟངས་འཛོམས་ཀྱི་ཡོད་མོད། ལས་ངན་པ་ཞིག་ལ་ཀླད་པར་གཅིག་ཤར་བ་ནི་དར་དམར་སྟེང་རྒྱུག་རྒྱུ་དེ་ཡིན་སོང་བ་རེད།༽
ཚིག་ཚོགས་འདི་དག་གིས་གནད་ལུགས་ཅི་ཞིག་བཤད་ཀྱི་ཡོད་དམ། ཀ༽བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་ཚོད་མེར་བསྲེག་དགོས་པས་ངེས་པ་མེད་ལ། གལ་སྲིད་བསྲེགས་དགོས་པའི་དབང་དུ་བཤད་ཀྱང་། དེ་དག་སྡེབ་བསྲིག་དགོས་པས་གནད་ལུགས་དེ་ལས་ཀྱང་མེད།
ཁ༽ གྲོས་མཐུན་ནམ་ཆིང་ཡིག་དོན་ཚན་བཅུ་བདུན་ཞེས་པ་དེར་རྒྱ་དམར་གྱིས་གཙི་བསྲུངས་མ་བྱས་ནས་བོད་ས་ཡོངས་སུ་དྲག་མནན་དང་བཙན་འཛུལ་བྱས་པས་ན། ཆིང་ཡིག་དེ་རང་བཞིན་གྱིས་གཙིས་མེད་དུ་ཕྱིན་པ་རེད་བཅས། ༡༩༥༩་ལོར་གོང་ས་མཆོག་རྒྱ་ག་ས་ཐོག་ཏུ་ཕེབས་མ་ཐག་ནས་ཁོང་གིས་ཕྱིར་བསྒྲགས་བྱས་ཟིན་པས། ད་ཆར་དེ་མེར་བསྲིགས་རྒྱུ་ཡོད་པ་ཞིག་ལྷག་ཡོད་པ་ངས་མི་འདོད། དེའི་སྐོར་མཁས་དབང་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་ནས་ཀྱང་ཚར་ཁ་ཤས་གསུངས་ཟིན་པས། ཁྱེད་ཀྱིས་བོད་རྒྱའི་དཀའ་བསྙོགས་དང་ལོ་རྒྱུས་སྐོར་གྱི་ལས་བྱ་ལོ་ཁ་ཤས་རིང་དུ་དེ་དག་མ་མཐོང་པའམ་མཐོང་ཡང་དེ་དག་གནད་ལུགས་དུ་མི་གཙི་བས་བོད་རྒྱའི་དབར་དཔྱད་གཞིག་བྱས་ཁུལ་ནི་གནད་ལུགས་མི་ཤེས་པའི་དཔྱད་འདེབས་པ་ཁྱེད་ལས་སྐྱོ་བ་སུ་ཞིག་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་ཆིང་ཡིག་དོན་ཚན་བཅུ་བདུན་ཞེས་པ་དེ་རྒྱ་བོད་བར་དུ་འགྲོ་བཞིན་པ་ཡིན་ཚེ། དེ་མེར་བསྲེགས་གཏོང་མི་དགོས་པ། དེ་ལས་ད་ལྟ་ཁྱེད་རྣམས་ཀྱིས་གཙིས་ཆེ་རུ་འཛིན་བཞིན་པའི་དབུ་མའི་ལམ་གྱི་རྒྱ་བོད་བར་གྱི་གྲོས་གཞིའི་ཡིག་ཆ་དེ་ཚོ་མེར་བསྲེག་གཏོང་དགོས། དེ་དག་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ལས་བོད་ལ་དགོས་དོན་གྱི་གནས་བབ་ཧ་ཅང་གི་དམའ་བས་ཡིན། དེ་ཙམ་ལ་ཡང་དཔྱད་སྡུར་མ་ཐུབ་པར་ཨ་ཁཁཁཁཁ།
༢༽ ༼ཅི་ཙམ་རྒྱལ་དར་དང་རྒྱལ་རྟགས་ལ་རྩིས་ཐང་ཆེ་ལ་བག་ཆགས་ཟབ་པ་དེ་ཙམ་གྱིས་རྒྱལ་དར་མེར་བསྲེགས་གཏོང་བ་ནི་ཐ་གུ་སྣ་ཤོར་ལྟ་བུའི་ལས་རྙོག་གི་འབྱུང་གཞི་ལྟ་བུར་སོང་། རང་གི་ཁ་སྟབས་ཁོར་ཡུག་ལ་བསམ་བློ་གཏོང་དགོས་པ་ནི་སྣེ་ཁྲིད་པ་ཞིག་ཡིན་ཚེ་དུས་ནམ་ཡང་དྲན་ངོར་འཁོར་དགོས་པ་ཞིག་ལོས་ཡིན་འདོད་པས། རྒྱ་ནག་གི་ཆ་ཤས་མིན་པའི་སྒྲུབ་ཐབས་དར་ཆ་མེར་བསྲེགས་ཀྱི་རྒྱུ་མཚན་བཀོད་དེ་ལག་བསྟར་བྱས་པ་ནི་ཕྱོགས་གང་ནས་ལྟོས་ཀྱང་མཁས་མཛངས་འཕྲུལ་གསུམ་གྱིས་ཡེ་ནས་དབེན་པ་ལོང་པས་ལྟོས་ཀྱང་རྒྱལ་ཁམས་ཀྱི་དཔེ་རུ་གྱུར་འདུག༽
ཅེས་པ་དེའི་ཚིག་གི་འགོ་མཇུག་གི་འབྲེལ་དང་གནད་ལུགས་ཀྱི་སྡོམས་ཞིག་མི་འདུག་ལ། ཅི་ཏེ་རང་གི་ཁ་སྟབས་ཁོར་ཡུག་ལ་བསམ་བློ་གཏོང་དགོས་པས་རྒྱལ་དར་མེར་བསྲེགས་མི་ཉེས་ཞེས་པའི་དོན་དུབཤད་པ་ཡིན་ན། རེད། བོད་པའི་ཕྱོགས་ནས་རྒྱ་བོད་དབར་ཁོ་ཡུག་འདི་མ་སྐྲུན་བསམ་པ་མེད་པས། ལྷག་པར་དུ་དགུ་བཅུ་གོ་གྲངས་ནས་ད་ལྟའི་བར་དུ་རྒྱ་བོད་བར་ཁོ་ཡུག་གི་གནས་བབ་དེ་བོད་མིས་རྒྱ་དམར་གྱི་རྒྱལ་དར་ཕྱ་བ་དང་རྒྱ་དམར་གྱི་རྒྱལ་གླུ་ལེན་རྒྱུ་ལས་ལྷག་མེད།
འོན་ཀྱང་དེས་བཟང་འབྲས་ལས་ལྡོག་སྟེ་རྒྱ་དམར་གྱིས་བོད་མིར་བཙན་གནོན་ཚད་ལས་འདས་པའི་བཏང་དང་གཏོང་བཞིན་པ་འདི་དག་ལ་ཁྱེད་ཀྱིས་འབྲེལ་བཤད་ག་རེ་རྒྱབ་རྒྱུ་ཡོད།
གལ་སྟེ་རྒྱ་དམར་ལ་རྒྱལ་ཞེན་ཅན་གྱི་རྒྱ་རིགས་དག་གི་སེམས་སུ་ཕོག་ཐུག་མེད་པའི་རྒྱ་བོད་བར་གྱི་བྱ་བ་ཞིག་སྒྲུབ་འདོད་ན། ཁྱེད་ཀྱི་ལག་པའི་གཡོན་མས་རྒྱ་བོད་མི་རིགས་མཛའ་མཐུན་གྱིས་ཀྲུང་གོ་གསར་པ་ཁྲི་ལོ་བརྟན་པ་ཤོག། ཞེས་པའི་ཕྲད་དར་ཞིག་དང་། ལག་པའི་གཡས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ ཆོས་མེད་དང་མི་གསོས་ཁྲག་གི་འཁོར་ལོས་སྐོར་ནས་དར་བས་རྒྱལ་དར་སྐར་མ་ལྔ་ཅན་དེ་འཁྱེར་ནས་དྲིལ་སྒྲགས་བྱེད་དང་ད་ཟད་ཁྱེད་ལ་གནས་སྐབས་རིང་རྒྱ་དམར་གྱིས་ལྟོ་རྒྱབ་དང་མཚན་སྙན་གྱིས་ཆོ་ལོ་ཞིག་ཀྱང་ཐོབ་ངེས་སོ།
ཤར་ཁུག་ལགས་ང་ཚོའི་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དག་ལས་གཞན་པའི་དགྲ་བོ་རྒྱ་དམར་སྔ་རྒོལ་དུ་བཞག་ནས་རྩོམ་ཡིག་ཅིག་མི་འབྲི་དོན་ཅི་ཡིན། ཁྱེད་ཀྱིས་སྨྱུག་ཁ་ནང་དུ་ཤ་སྟག་འཁོར་བ་ལས་ཕྱི་རུ་མི་འཁོར་དོན་ཅི་ཡིན་ནམ། ནང་དུ་ཚིག་སྐྱོན་ལ་ཡང་དམར་འཇུ་བྱེདཅིང་ཕྱི་ནས་ཕུ་ནུ་དམར་བསོད་བཏང་ཡང་སྣང་མེད་དུ་འཇོག་དོན་ཅི་རེད།
ཨ་ཤི་རེ། ད་ཁྱོད་ལ་རྒྱ་གདོན་ཅི་ཞིག་ཞུགས་བ་རེད། རང་ལུས་བོད་མི་རིགས་ཀྱི་དོན་དུ་མཆོད་མེ་འབུལ་མཁན་དཔའ་བོ་ཚོ་ལའང་དཔྱད་བརྗོད་འཚེ་བ་དང་འཚེ་མེད། སྲོག་གཅོད་ཀྱི་ལས་བསགས་མིན་སོགས་ཁྱོད་ཚོས་བཤད་སོང་། རྒྱ་ནག་གི་དར་དམར་བསྲེགས་ན་མི་འགྲིགས་ཚུལ་བསྐོར་བཤད་ཁྱོད་ཚོས་གསུང་གི་འདུག རྒྱ་མིའི་དཔོན་རིགས་ཞིག་བསད་ན་མི་འགྲིགས་སྟངས་རྗེས་ནས་བཤད་ས་རེད། རྒྱ་གཞུང་མགོ་གཏིང་སློག་ནས་མི་འགྲིགས་ཚུལ་རྒྱུ་མཚན་མང་ས་རེད། བོད་རང་བཙན་ལེན་ན་གནས་ལུགས་དང་མི་མཐུན་ཚུལ་ཁྱོད་ལ་མང་པོ་བཤད་རྒྱུ་ཡོད་ས་རེད།།
རྒྱ་མིན་རུང་རྒྱལ་ཞེན་ཅན་པོ།།
ཁུག་རྟ་དང་དགེ་མཐོང་སོགས་ཀྱིས།།
རང་བཙན་དང་དབུ་མའི་པར་ལ།།
དོན་མེད་ལ་དབྱེན་དཀྲུག་མ་བྱེད།།
གྲོས་མཐུན་དོན་ཚན་བཅུ་བདུན་སྔ་མོ་ནས་བསྲེགས་ཚར། དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བསྲེགས་རྒྱུ་བཞག་ཡོད་ནི་མ་རེད། ༸གོང་ས་མཆོག་སྐྱབས་བཅོལ་དུ་ཕེབས་མ་ཐག་གཞུང་འབྲེལ་གྱི་ངོས་ནས་ཕྱི་གསལ་ནང་གསལ་བཟོས་ཚར་རེད། གྲོས་མཐུན་དེ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་གཞུང་འབྲེལ་གྱིས་ཇི་ལྟར་བསྲེགས་པ་བཞིན་ངས་ཀྱང་སྔ་མོ་ནས་བསྲེགས་ཚར་བ་ཡིན། དེ་སླར་ཡང་བསྲེགས་པ་ལ་དགོས་པ་མེད། བསྲེགས་མེད་པར་འདོད་མཁན་དང་སེམས་ཁོངས་ནས་བརྗེད་སོང་བ་དག་གིས་ངེས་པར་སོ་སོའི་གཞུང་དང་སོ་སོའི་འགན་འཁུར་རོགས་གནང་ཞུ་འདོད་བྱུང།
ད་དུང་ཞུ་འདོད་པ་ཞིག་ལ་༸གོང་ས་མཆོག་ཁ་ལ་འཁྱེར་ནས་སོ་སོའི་སྐད་ཆའི་རྒྱབ་རྟེན་མ་བྱེད། སོ་སོར་རིགས་པ་ཡོད་ན་རྒྱུ་མཚན་བཀོད་རྒྱུ་ང་དང་ང་ལྟ་བུས་སྒུག་ནས་བསྡད་ཡོད། ང་ལ་ཉོན་མོངས་དུག་གསུམ་ཡོད། ཉེ་རིང་ཆགས་སྡང་ལྡན། ང་ལ་ཞེན་འཁོན་ཡོད། ནུས་ཚེ་ངས་ཤ་འཁོན་སློང་ངེས། ང་ལ་མཁོ་བ་དེ་རང་ས་སྤར་མོ་གང་བོ་དེ་ཡིན།
ཤར་ཕྱོགས་ཁུག་རྟས་དབྱེ་ཞིབ་ཚ་ནན་བྱས་འདུག ད་དུང་ཞོར་ལྟ་མིན་པར་གཟབ་ནན་བྱས་ཡོད་ཚེ་གཞོན་ལྷན་དགོངས་པ་ཞུ་དགོས་ཐུག་གི་རེད། ངས་ལྟོས་ན་འདི་ཚོགས་པའི་སྐད་ཆ་མ་རེད། དོན་གྲུབ་ལྷ་དར་དང་ཤར་ཁུག་གཉིས་ང་ཡིན་ཟེར་མཁན་གཉིས་རེད། ད་ཁྱེད་གཉིས་སྒེར་ནས་རྩོམ་ཡིག་ཕྲིས་དང་ང་ཚོས་ལྟད་མོ་ལྟོས་ཏེ་ཨང་ཀི་རྒྱག་ངེས་ཡིན།
རྡོ་རིག་པའི་མདའ་མོ་ཟེར་བ་འདི་སུ་རེད། རྡོ་སྦིས་དགེ་བཤེས་མ་རེད་དམ། དངོས་གནས་རིག་པའི་མདའ་མོ་ལན་པོ་མི་འདུག་ཡ། སྐད་ཆ་ཚིག་གཅིག་ཀྱང་ཡག་པོ་ཤོད་ཀྱི་མི་འདུག ཉོག་གཏམ་གྱིས་ཉིན་མཚན་བསྐྱལ་ན་དཀའ་ལས་ཁེག་གི་རེད་གདའ།
༣༦༽ རྡོ་རིགས་པའི་མདའ་མོ་ལགས།
་་་་་་་་་་་། ང་ལ་མཁོ་བ་དེ་རང་ས་སྤར་མོ་གང་བོ་དེ་ཡིན། གསུངས་འདུག་པས། ང་ཚོའི་རང་ས་སྤར་ར་གང་པོ་དེ་རྒྱ་བོད་མཉམ་དུ་བསྡད་ནས་ཀྱང་ལོན་ཐབས་ཅིག་མེད་དམ། དཔེར་ན། ལ་དྭགས་དང་རྒྱ་གར་བཞིན་ཞེས་ན། འདི་ལ་ལན་ཅི་ཞིག་ཡོད་ལགས།
ཁོས་དེ་རིང་་དར་དམར་གང་ནས་ཅི་ལྟར་བསྲེགས་གཏན་འཁེལ་མཁན་དེའི་ངག་ནས་བྱུང་བའི་རྒྱུ་མཚན་ལ་ཞོར་ལྟ་ཙམ་བྱ་འདོད་བྱུང་།་ཟེར་ཡང།་ཁོས་དེ་རིང་གི་ཡིག་རྙོག་འདི་མ་བྲིས་གོང་ནས་རྒྱ་དར་མེར་སྲེག་པ་མ་འགྲིག་པ་བྲིས་ཚར་སོང་བས།་ཁོས་རྒྱལ་དར་མེར་སྲེག་དགོས་པའི་འགྲེལ་བཤད་དང་རྒྱབ་ལྗོངས་ཅི་ཡིན་ལ་མི་ལལྟ་བར།་ཆེད་དུ་གཞོན་ལྷན་སྒྲིག་འཛུགས་ལ་ཧམ་བཤད་སྙོན་འཛུགས་ཀྱི་ཀུན་སློང་འོག་ཡིན་པ་གསལ་པོ་འདུག་་དེ་འདྲ་ཡིན་དུས་ཏན་ཏན་ཁོ་གཞོན་ལྷན་དང་འཁོན་སེམས་ཤིག་འདུག་་་དེ་གང་ཡིན་གཞོན་ལྷན་གྱིས་གསལ་པོ་བཟོས་ན་ཡག་པོ་འདུག
ཁོས་མིན་པ་ཞིག་ལ་རེད་ཅེས་ཨུ་ཚུགས་རྒྱབ་པ་དེ་དོན་སྙིང་ཅི་གང་མི་འདུག མིན་པ་དེ་ཡིན་པར་ཨུ་ཚུགས་རྒྱག་དགོས་དོན་ནི། མིན་པ་དེ་ཡིན་པར་བསྒྲགས་པའི་རྫུན་བཅོས་ཀྱི་ནོངས་རྟགས་གསལ་བོར་ཐོན་བཞིན་པ་ཡིན་སྟབས། རྒྱ་ནག་གིས་”རྒྱ་ནག་གི་ཧྲང་ཧའེ”། “རྒྱ་ནག་གི་ནན་ཅིན་”ཞེས་ལབ་སྟངས་མེད་པར། “རྒྱ་ནག་གི་བོད་”ཅེས་ལབ་བཞིན་པར་དེ་ལྟའི་སྐུ་རླུང་བཞེངས་དགོས་དོན་ག་རེ་ཡིན་ནམ།་དེ་ལྟར་ན་དེ་སྔོན་ཁོ་བཀའ་ཤག་དུ་བསྡད་སྐབས་རྒྱ་ནག་གི་འཁྱོག་བརྗོད་ཁག་ལ་ལན་འདེབས་བྱས་པ་དེ་རིགས་དགོས་པ་མེད་བཞིན།་ཁོ་རང་གླ་ཆ་གཅིག་པུའི་ཆཻད་དུ་ཡིན་མ།་་ཡང་གཅིག་བཤད་ན་རྫུན་གྱི་རང་མཚང་མ་བརྟོལ་བར།་རྫུན་གྱི་ངོ་གདོང་རྫུན་ཡིན་པ་ཇི་ལྟར་ཆགས་སམ།་
ཁོས་རྒྱ་ནག་གིས་ས་ཡ་གཅིག་ལྷག་བསད་པའི་ཞེ་འཁོན་རྩོད་མི་རུང་ཟེར་བ་དང།་རྒྱ་མི་རིགས་ལ་ཕོག་ཐུག་འགྲོ་ཚུལ་བརྗོད་པ་ནི།་ཁོ་ལ་བོད་པ་ཞིག་གི་འདུ་ཤེས་ཙམ་ཡང་མེད་པ་ཤེས་ཐུབ།་གང་ཡིན་ཟེར་ན་བོད་པ་ཞིག་གི་འདུ་ཤེས་ཡོད་ན།་ང་ཚོའི་སྤུན་ཟླ་ས་ཡ་བརྒལ་བ་བསད་པའི་ཞེ་འཁོན་ལོས་ཡོན།་ང་ཚོ་ཚང་མ་བྱང་ཆུབ་སེམས་དཔའ་མ་རེད།་ཡང་གཅིག་བཤད་ན།་ཞེ་འཁོན་གྱི་འདུ་ཤེས་མེད་ན་དགྲ་གཉེན་གྱི་དབྱེ་བ་མེད་པས།་འཐབ་རྩོད་དགོས་དོན་ཅི་ཡོད།་ལྷག་པར་ཁོ་ལྟ་བུ་སྐབས་འཚོལ་པ་ཚོས་བོད་པ་ནང་ཁུལ་སྒེར་གྱི་ཁེ་ཕན་ཆུང་ཚག་ལ་ཞེ་འཁོན་བྱེད་པ་ལས།་བོད་སྤྱིའི་རྩ་དོན་ཆེད་ཞེ་འཁོན་མེད་མདོག་བྱེད་པ་ནི།་གཞོན་ནུ་ལྷན་ཚོགས་ཀྱི་གནད་དོན་མིན་པར།་ཁོས་བོད་མི་རིགས་དང་བོད་ཀྱི་འཐབ་རྩོད་ལ་གནས་དུས་ཚོད་རྩིས་ཀྱིས་ཁྱད་གསོད་ཁོ་ན་རེད།་
རྒྱ་དར་མེར་སྲེག་པ་རྒྱ་རིགས་ཤེས་ཡོན་ཅན་ཚོས་མཐོང་ན་གད་མོ་ཤོར་གཞི་རེད་ཟེར།་འོ་ན།་ཁྱོད་ཀྱིས་བཤད་སྟངས་འདི་མཐོང་ན་འདས་ཟིན་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ཐུགས་ཕམ་གྱི་མ་རེད་པས།་་་་ངོ་མ་བོད་པའི་དྲི་ཙམ་ཡང་མེད་པ་འདི་རིགས་ཧམ་པ་ཇེ་ཆེ་རིགས།་ངེས་པར་འདི་རིགས་ཀྱི་ངོ་གདོང་གསལ་པོ་བཟོ་དགོས་འདུག་་་་་དེ་རིང་ཁོ་དང།་ཨ་དགེ་སོགས་ཀྱིས་བྱེད་སྟངས་ནས་ཁོ་རང་ཚོའི་ངོ་གདོང་གསལ་པོ་མཐོང་བ་ལས།་གཞོན་ལྷན་ལ་ཅི་ཡང་བྱས་མ་ཐུབ་པ་ནི།་ལོ་གསར་ཚེས་་༢༩་ཉིན་དར་དམར་ཧ་ཅང་ཆེན་པོ་ཞིག་སྤོབས་པས་མེར་སྲེག་ནས་ནས་ར་འཕྲོད་སོང།
རྡོ་རིགས་པའི་མདའ་མོ་ཟེར་བ་འདིས་ཉག་ཉོག་ལྡབ་ལྡིབ་མང་པོ་བཤད་ཀྱང་། རིག་པ་དང་རྒྱུ་མཚན་ལ་བརྟེན་ནས་བཤད་པ་ཅང་མི་འདུག ཞེ་སྡང་དང་ཨུ་ཚུགས་ཀྱིས་ར་གཟི་ནས་རྒྱག་གཅིག་མཆོང་གཅིག་བྱེད་པར་སྐྱག་ལངས་ཤོར་ཟིན། འདི་ལྟ་བུ་གཞོན་ནུ་ཚོགས་པ་རུ་བསྡད་ན་མིང་རྫོབ་བྱེད་ལས་ཅི་གང་མེད། ད་དུང་གཞོན་ནུའི་རྒྱབ་ལངས་ཡིན་མདོག་ཁ་པོ་བཤད་སོང་། གཞོན་ནུ་ཚོགས་པ་ཁྱོད་ཀྱིས་བརྫད་སོང་། རྗེས་མ་འབྲེལ་ཡོད་དཔེ་ཆ་མང་པོ་ལྟོས་ནས་ཕ་རོལ་པོ་ལ་དགག་ལན་ལུང་རིགས་གཉིས་ལྡན་རེ་འབྲི་ན་དགའ་བསུ་ཡོད། དེ་མིན་གཞོན་ནུའི་རྒྱབ་ལངས་དང་ལ་རྒྱ་ཡོད་མདོག་མ་སྟོན་རོགས། སྐུ་མཁྱེན།
““““““““““““““
རྡོ་རིགས་པའི་མདའ་མོ་ཟེར་བ་འདིས་ཡག་པོ་བྲིས་འདུག་བསམ།
མོས་མཐུན་བརྒྱ་ཆ་/༩༠ཡོད་ལགས།
རྡོ་རིག་པའི་མདའ་མོ་ཟེར་བ་འདིས་ཤར་ཁུག་གི་རྩོམ་འདི་འགོ་ཚོས་མི་འདུག ཁོས་ག་རེ་བཤད་ཀྱི་འདུག་གམ། དཀོན་མཆོག་གསུམ་སྙིང་རྗེ་བ་རང་རེད།
རྡོ་རིག་པའི་མདའ་མོ་ཟེར་བ་འདི་ཁ་སང་དྲ་གྲོགས་ཤིག་གིས་རྡ་ས་ས་གནས་གཞོན་ནུའི་དྲུང་ཆེ་ཨ་མདོ་བློ་བཟང་བཟོད་པ་ཟེར་བ་ཞིག་ཡོད་པ་དེ་རེད་ཟེར། ད་བྱས་དུས་འགོ་མི་ཚོས་པར་ལྟོས་ན་ཏན་ཏན་ཡིན་ས་རེད། སྙིང་རྗེ་མིང་དངོས་གནས་རྒྱབ་ན་ཡག་གི་རེད།
ཤར་ཕྱོགས་ཁུག་རྟ་ལགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། བསམ་ཚུལ་འདི་འདྲ་བྲིས་པར་ཐུགས་རྗེ་ཆེ།
མདའ་མོས་ཡག་པོ་བྲིས་འདུག མི་ངན་འདི་ཚོའི་ངོ་གདོང་གསལ་པོ་མཐོང་སོང་།
འདི་ལྟར་ངོ་གདོང་མི་མཐོང་ས་ནས་བགྲོ་གླེང་ལྷུག་པོ་གནང་འདུག །གདོང་དང་གདོང་ཐུག་ནས་བགྲོ་གླེང་གནང་རྒྱུ་བྱུང་ན་ཡག་པོ་ཡོང་ས་མ་རེད། འཛིངས་རེས་ཤོར་ས་རེད། སྤུན་བརྒྱད་ལམ་བརྒྱད་ནས་ཁྱིམ་གཅིག་ཏུ་འགྲོ་ཡ།
གང་ལྟར་ཤར་ཁུག་བྲིས་ན་ཟླ་མེད་རེད། རིག་པ་ཅན་ལ་མཁས་མཛངས་འཕྲུལ་གསུམ་ཞེས། འབོད་པ་དེའང་ཁོང་ལ་ཅུང་ཙམ་འོས། དེས་ན་མ་འོངས་མུན་པའི་དབྱིངས་རིམ་ནང་།། འདི་ལྟར་རིག་ཤེས་འཕྲུལ་གྱི་མེ་སྦོར་ཅིག། རྒད་པོ་ལྷག་བསམ་ཅན་ཞིག་གིས།
ཤར་ཕྱོགས་ཀྱི་རྟ་མཆོག་རིན་པོ་ཆེ་འདི་ལ་འགྲོས་རྒྱག་སོ་འདུག་ཡ་ བདེན་ནོ་ བདེན་ནོ་ ཁྱོད་རང་བདེན་ནོ་།
རྡོག་རྡོག་བཤད་ན་ བོད་དོན་ཛ་དྲག་གི་དཀའ་རྙོག་དེར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཞིག་ཡོང་ཐུབ་པའི་ལས་མགུལ་ཞིག་བྱེད་དགོས་གལ་རེད་ དར་དམར་མེར་སྲེག་བཏང་ནས་རྒྱ་མི་རིགས་ས་ཡ་མང་པོས་བོད་མི་རིགས་ལ་མི་དགའ་བའི་ཁོང་ཁྲོ་སློང་གཞིའི་ལས་མགུལ་འདིས་ བོད་ཀྱི་ཛ་དྲག་རྕ་དོན་ཐོག་གནོད་རྒྱུ་ལས་ཅི་ཞིག་ཕན་ཐོག་ཡོང་ལེ་རེད་།
གཞོན་ལྷན་གྱིས་ལོ་མ་སར་སྔོན་ཚེས ༢༩ ཉིན་དར་དམར་ཞིག་མེར་བསྲེགས་བཏང་བ་རེད། སྤྱིར་བཏང་ཡིན་ན་ཚེས་གསུམ་བར་དུ་མཚམས་མ་ཆད་པར་བསྲེགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེར་དབུས་རྒྱུན་རྣམས་ཐུགས་མཐུན་རང་བྱུང་མེད་པ་འདྲ། ཚོགས་གཙོ་ཨ་རིར་ཕེབས་གྲུབ་པ་རེད། དེའི་རྗེས་དྲུང་ཆེས་སྤྱིར་བཏང་མང་པོ་གསུངས་མཁན་དེ་འདྲ་ཡིན་མདོག་མི་འདུག སྐབས་དེར་སྐུ་ཞབས་དོན་གྲུབ་ལྷ་དར་གྱིས་གཞོན་ལྷན་གྱི་མཚན་སྙན་རིན་པོ་ཆེ་བློ་སྣ་ཐུང་ཐུང་ཞིག་གི་ནང་དུ་བརྫུས་པ་རེད། སྤྱི་ཚོགས་ནང་སྐྱོན་བརྗོད་རྐྱང་རྐྱང་རེག་པ་རེད། དེས་རྐྱེན་ཟས་བཅད་རྣམས་ཕར་ཞོག གཞོན་ལྷན་གྱི་ལས་འགུལ་ཡིན་ཚུད་ཆད་དེང་སང་གོང་ཚད་ག་ཚོད་ཅིག་ཡོད་མེད་གསལ་དུ་གསལ་དུ་འགྲོ་གྱིན་འདུག ཡིན་ནའང་། ཚར་བ་ཚར་བ་རང་རེད། མ་འོངས་པ་གཟབ་གཟབ་བྱེད་དགོས་ཀྱི་རེད། གཞོན་ལྷན་དབུས་རྒྱུན་རིམ་ཕེབས་དགོས་ཚེ་བསམ་བློ་ཞིག་གཏོང་དགོས་ཀྱི་རེད། གོང་གི་རྩོམ་ཡིག་འདི་རིགས་རྒྱལ་སྤྱིའི་སྡིངས་ཆར་ཕྱིན་པ་ཡིན་ན་བསམ་བློ་བཏང་དགོས་པ་ཞིག་ཏན་ཏན་ཆགས་ཀྱི་རེད། ང་རང་ཉལ་སར་ཕག་བཞིན་དེབ་ཀློག་རྒྱུ་ལས་ཅང་འབྲི་ཤེས་མཁན་ཞིག་མིན་ཡང་། སྐབས་འདིར་ཚིག་གཅིག་ཁྱེད་ཚོར་ཞལ་འདེབས་སུ་ཕུལ་བ་ཡིན། ལྟོ་བ་དེབ་ཀྱིས་རྒྱགས་པའི་ཕག་རྒན་དེས།
གཞན་ཚོགས་གཞོན་གྱི་ལན་འདེབས་ནང་ལོ་ཚད་ཅིག་གསལ་འདོན་གནང་འདུག་པར། ཚེ་རིང་རྡོ་རྗེས་དགག་པ་ལྟར་དཔྱད་པ་གཏོང་རྒྱུ་འདུག་ཀྱང་། རྡོ་ལས་འོ་མ་ཐོན་རྒྱུ་མེད་གཤིས་བཏང་སྙོམས་སུ་བཞག་ན་འོས།
ད་དུང་ཅིག་ལྷག་འདུག
ཤ་འཁོན་རྩོད་ན་རས་དམར་པོ་ཞིག་གི་སྟེང་རྩོད་མི་ཉན། དར་ཆ་ང་ཚོ་གང་ནས་ཉོ་ཉོ་དང་ཅི་ལྟར་བཟོས་བཟོས་རེད། དེ་བས་ཤ་འཁོན་རྩོད་ན་རྩོད་ས་མང་པོ་ཡོད། གཞོན་ལྷན་ལ་ཞལ་འདེབས་ཕོན་ཆེ་ཡོད་སྐད་འདུག་པས། དངོས་གནས་རྒྱ་ནག་དམར་ཤོག་གི་འགོ་པ་རེ་འགའ་འམ་ཡང་ན་གང་ལྟར་གཏེ་བོ་ཞིག་ལ་ཞེ་འཁོན་རྩོད་ཐུབ་ན་ལག་པར་བཞག་བཞག་པ་རེད་བསམས་ཀྱི་ཡོད། དར་ཆའི་སྟེང་ཞེ་སྡང་སྟོན་པ་ནི་དེ་བས་ཀྱང་འུ་ཐུག་པ་ཞིག་རེད། དེ་ལ་དཔྱད་ན་མང་པོ་བཤད་རྒྱུ་མི་འདུག་གམ། དེ་བས་དཔའ་བོ་རྣམས་པ་ཕེབས་ས་མ་ནོར་ལགས། གོང་དུ་དྲ་འབུ་ཤ་འཁོན་རྩོད་ཀྱི་ཡིན་ཟེར་མཁན་དེ་འདྲ་འདུག དེ་ཚོའང་རྩོད་སར་ཕེབས་ཐུབ་ན་ཡག་གི་རེད།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com