ཤར་ཕྱོགས་ཁུག་རྟ།
དེ་རིང་འདིར་སློབ་ཆེན་༼བྷ་རོ་ཏྲ། ༧གོང་ས་མཆོག་གི་གཙུག་ལག་སློབ་གཉེར་ཁང། སྦེར་ལོང་བོད་ཁྱིམ། ཅི་ནལ། མོན་གྷོ་བོད་སློབ་འཛིན་ཚོགས་སོགས།༽སློབ་མ་རྣམས་དང་མི་མང་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངས་ནམ་རྒྱུན་གཏམ་བཤད་ཐབས་ཆག་འདྲ་ཞུ་སྐབས་དུས་ཚོད་ཡོད་མེད་ལ་མ་ལྟོས་བར་ཅུང་ཞིབ་འཇུག་གི་ལམ་ནས་བརྗོད་གཞིའི་ཐད་བསམ་ཚུལ་ཞུ་རྒྱུ་ནི་གལ་ཆེར་བརྩི་ཡི་ཡོད་པས། དེ་རིང་ཡང་སྲང་བར་གྱི་གོ་ཐོས་ཙམ་དང་ཡང་ན་ཚོར་བ་དམར་བརྗོད་བྱ་རྒྱུ་ཙམ་ལ་གཞིར་བཞག་ནས་སྟོང་བཤད་རྒྱག་རྒྱུ་མིན་སྟབས། དེ་རིང་གི་བརྗོད་གཞིའི་ཐད་དོན་ཚན་ཁ་ཤས་ནས་ཞུ་དགོས་པ་ཆགས་ཀྱི་འདུག་ན། ཁྱེད་རྣམས་ནས་དུས་ཚོད་གང་འཚམས་རིང་ཉན་དགོས་ཀྱི་ཡོད་བསམས་པ་དེ་དང་པོ་ནས་སེམས་ནང་ཉར་རོགས་ཞུ་རྒྱུ་ཡིན།
རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་འགན་ལེན་སྐོར།
རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་དམིགས་ཡུལ་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་དང། ས་གནས་མི་རིགས་རིང་ལུགས་གཉིས་ཀ་སྤང་བའི་སྒོ་ནས་མི་རིགས་གཉའ་གནོན་དང་མི་རིགས་ཁ་བྲལ་གཉིས་ཀ་འགོག་ཐབས་བྱེད་ཆེད་དང། རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་རིག་གནས་སྲུང་སྐྱོབ་ཐུབ་པའི་འགན་སྲུང་བྱ་ཆེད་ཡིན་སྟབས། མི་རིགས་ཁག་བར་འདྲ་མཉམ་དང། མཐུན་སྒྲིལ། རོགས་རམ་སྤེལ་རེས་དང། གྲངས་ཉུང་མི་རིགས་ཁག་གིས་མི་རིགས་རང་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཀྱིས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་ཁྲིམས་སྲོལ་བཟོ་བ་དང། དེ་ཉིད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཆོག་མཆན་ཞུས་པ་བརྒྱུད་གཏན་འབེབས་ལག་བསྟར་བྱ་རྒྱུའི་དབང་ཆ་ཡོད་པ་དང། དབུས་གཞུང་ནས་ས་གནས་སུ་ཐོན་སྒོ་འབྱེད་པ་དང་ཁེ་ལས་འཛུགས་བསྐྲུན་བྱེད་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོགས་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་མཚམས་ས་གནས་ཀྱི་སྤྱི་ཚོགས་བདེ་འཇགས་ཆེད་སྲུང་སྐྱོབ་བྱེད་མཁན་གྱི་དམག་དཔུང་བཙུགས་ཆོག་པ་དང། རང་སྐྱོང་ས་ཁུལ་དུ་རང་སྐྱོང་གི་ཁྲིམས་སྲོལ་ལྟར་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ། གོང་རིམ་གྱི་མཛུབ་ཁྲིད་འོག ས་གནས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་འཛུགས་བསྐྲུན་གྱི་བྱ་བཞག་ལ་རང་ཐག་རང་གཅོད་ཀྱི་སྒོ་ནས་བཀོད་སྒྲིག་དང་དོ་དམ་བཅས་བྱ་ཆེད་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཚུལ་གྱི་ཞིབ་ཆའི་ཆ་རྐྱེན་རྣམས་<>་དང་<> ནང་དུ་གཏན་འབེབས་གསལ་སྟོན་གནང་ཡོད།
བོད་མིས་རྩོད་ལེན་བྱེད་པའི་རང་སྐྱོང་གི་སྒྲོམ་གཞིའི་སྐོར།
༧གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་<>ནས་<>་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་ཞིབ་ཆ་རིམ་པར་གསལ་ཁ་གནང་བ་བཞིན། སྲིད་བྱུས་དེས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་ནང་ཅི་ལྟར་ཚུད་དགོས་མིན་གྱི་སྒྲོམ་གཞི་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་ཁ་གསལ་སྤྲད་ཡོད། ཡིག་ཆ་དེར་སྐད་ཡིག རིག་གནས། ཆོས་ལུགས། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ། རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། མང་ཚོགས་ཀྱི་འཕྲོད་བསྟེན། མང་ཚོགས་ཀྱི་བདེ་འཇགས། ཕྱོགས་མི་དོ་དམ་བྱེད་ཕྱོགས། རྒྱལ་ཁབ་གཞན་དང་རྒྱལ་ནང་གི་ཞིང་ཆེན་གཞན་དང་མཉམ་ཚན་རིག ཆོས་ལུགས རིག་གནས། སྒྱུ་རྩལ་བརྗེ་རེས་བཅས་ཀྱི་སྐོར་<>དང་<>ནས་འགན་ལེན་བྱས་པ་དོན་དངོས་ལག་བསྟར་རང་ཐག་རང་གཅོད་བྱས་པ་བརྒྱུད། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་ནང་ཚུད་རྒྱུར་བོད་མི་རིགས་ཀྱི་དམིགས་བསལ་གནས་སྟངས་དང་གཞི་རྩའི་དགོས་མཁོ་ཁག་གཞིར་བཟུང། རང་སྐྱོང་གི་ཁྲིམས་ལུགས་གཏན་འབེབས་དང་ལག་བསྟར་བྱེད་ཕྱོགས་ཇི་འགབ་དེ་རེད། རང་སྐྱོང་ཚགས་ཚུད་ཡོང་ཕྱིར་<>དང་<>ནས་སྤྲད་པའི་དབང་ཆ་དང་ལས་འགན་རྣམས་ཕྱོགས་གཅིག་རྐྱང་པའི་ངོས་ནས་བཟོ་བཅོས་དང་རྩིས་མེད་མི་བྱེད་པ་དང། ས་གནས་རང་སྐྱོང་གི་ཁྲིམས་སྲོལ་གཏན་འབེབས་ཞུ་ཕྱོགས་ཐད། རང་སྐྱོང་མིན་པའི་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་ཁག་དང་གཅིག་མཚུངས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་གསེང་ཐོ་འགོད་ཞུ་བ་ལས། དེའི་ཆོག་མཆན་ལ་སྒུག་མི་དགོས་པའི་བསམ་འཆར་བཏོན་ཡོད་པ་མ་ཟད། རྩ་ཁྲིམས་དོན་ཚན་སོ་གཅིག་པའི་ནང་རྒྱལ་ཁབ་ལ་དགོས་གལ་བྱུང་ཚེ་དམིགས་བསལ་སྲིད་འཛིན་ཁུལ་བཙུགས་ཆོག་པའི་དགོངས་དོན་ལྟར། བོད་ལ་དམིགས་བསལ་གནས་བབ་ཡོད་པའི་དྲན་སྐུལ་དང་འཕེན་པ་བཏང་ཡོད་པ་སོགས་ཞིབ་གསལ་འཁོད་ཡོད།
རང་སྐྱོང་སྐོར་རྒྱ་བོད་དབར་གྱི་མི་མཐུན་ས་གཙོ་བོ།
བོད་ཕྱོགས།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་ལག་བསྟར་ཡོང་བར་བོད་མི་ཚོར་བོད་རིགས་ཡོངས་ལ་ཁྱབ་པའི་བོད་མི་རང་གི་རང་སྐྱོང་གཞུང་དང། མི་མང་འཐུས་མི་ཚོགས་ཆེན། རང་སྐྱོང་གཞུང་གི་འཛིན་སྐྱོང་དབང་ཆ་བཅས་ངེས་པར་ཡོད་དགོས་པ་གསལ་སྟོན་བྱས་ཡོད་ནའང། ས་གནས་ཀྱི་དམིགས་བསལ་གནས་བབ་དང་དོན་དངོས་ལ་གཞིགས་པའི་ཁྲིམས་སྲོལ་གཏན་འབེབས་དང་ལག་བསྟར་བྱ་ཕྱོགས། དེ་བཞིན་དབུས་ས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་སྐོར་ཕྱོགས་གཅིག་རྐྱང་པ་མིན་པར་ཕྱོགས་གཉིས་འཛོམས་པའི་གྲོས་བསྡུར་ཐག་གཅོད་བྱ་རྒྱུའི་ལམ་ཁ་བཏོད་ཕྱོགས། གཞན་ཡང་དབུས་སའི་བར་རང་སྐྱོང་གི་ཚད་གཞི་དང་ལག་བསྟར་བྱེད་ཕྱོགས་མི་མཐུན་པ་བྱུང་ན་ཐག་གཅོད་བྱེད་ཕྱོགས་ཅི་ལྟར་ཡིན་མིན་བཅས་ལ་ཁ་གསལ་བཟོ་དགོས་པའི་ལྟ་ཚུལ་བཏོན་ཡོད་ལ། ཞིབ་ཆའི་རང་སྐྱོང་གཞུང་ནང་མགོ་ཁྲིད་དང་འཐུས་མི། ལས་བྱེད་བཅས་འདེམས་སྒྲུག་གནང་ཕྱོགས་བཅས་ལའང་གསལ་ཁ་མེད་པའི་གནས་སྟངས་ཀྱིས་དཀའ་ངལ་འཕྲད་སྲིད་པར་དགོངས་ཀྱི་ཡོད།
གཞན་ཡང་བོད་རིགས་ཡོངས་རྫོགས་ངེས་པར་དུ་རང་སྐྱོང་འཛིན་སྐྱོང་གཅིག་གི་ནང་ཚུད་དགོས་པ་ནི། རྩ་ཁྲིམས་ནང་འཁོད་པའི་རང་སྐྱོང་གི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ལས་བོད་ཆེ་ཆུང་གི་གནས་ཚུལ་མིན་པ་ནན་བཤད་གནང་ཡོད་ཅིང། དངོས་དོན་དུའང་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་གཅིག་གི་འོག་གནས་རྒྱུ་དེ་ནི་ད་བར་གྱི་དུམ་བུ་བགོས་ནས་དབང་བསྒྱུར་དང། མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འོག་བོད་ཀྱི་ངོ་རྟགས་ཁྱད་ནོར་རྣམས་དང། བོད་མིའི་རིགས་རུས་ཚུན་ཆད་ཉམས་རྒུད་དུ་འགྲོ་བའི་ཛ་དྲག་གནས་སྟངས་ལས་གྲོལ་ཆེད། རྒྱལ་ཁབ་དང་ཆབ་སྲིད་ལམ་ལུགས། མི་རིགས་ཟེར་བ་སོགས་ཀྱི་གཞན་དབང་གི་ངོས་ནས་མིན་པར། གཞི་རྩའི་བོད་མི་འགྲོ་བ་མིའི་རིགས་སུ་གཏོགས་པ་བསྙོད་མེད་ཅིག་ཡིན་པ་དེ་དང་དེའི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་ཆ་ནས་གསལ་འདེབས་བྱས་ཏེ། བོད་མི་ཚོ་གཅིག་སྒྲིལ་གྱིས་རང་གི་ཆོས་རིག་འཛིན་སྐྱོང་གིས་མི་གྲངས་དུང་ཕྱུར་མང་པོའི་རྒྱ་ནག་རྒྱལ་ཁབ་དང་དེའི་ཉེ་རིང་འདབས་འབྲེལ་གྱི་འཇིག་རྟེན་ཡོངས་ལ་ཕན་བདེ་བསྐྲུན་ཆེད་ཡིན་པ་གལ་ཆེར་ནན་ཏན་གྱིས་བོད་རིགས་རྣམས་རང་སྐྱོང་འཛིན་སྐྱོང་གཅིག་བཟོ་དགོས་པ་རྩ་བའི་རྩ་དོན་དུ་གླེང་ཡོད།
རྒྱ་ཕྱོགས།
རྒྱ་ནག་གཞུང་གི་བོད་མིའི་༼བསམ་འཆར་༽ཐད་འཛིན་པའི་ཆབ་སྲིད་བསྒྲགས་གཏམ་གྱི་ཕྱིའི་ཚིག་འགྲོས་ནི། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསམ་འཆར་འདི་འདྲ་འདོན་རྒྱུའི་ཐོབ་ཐང་མེད་པ་དང། ༧གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་དང་ཐུག་འཕྲད་བྱེད་དགོས་དོན་ནི་༧གོང་ས་མཆོག་གིས་ཁ་ཕྲལ་གྱི་བྱ་སྤྱོད་དོར་ནས་རྒྱ་ནག་གཞུང་གི་དགོངས་པ་དྭངས་ཐབས་ལ་འབད་བརྩོན་བྱ་རྒྱུ་དང། ༧གོང་ས་མཆོག་སྐུ་སྒེར་དང་ཁོང་གི་ཉེ་འཁྲིས་ཀྱི་མི་འགའ་ཞིག་གི་མདུན་ལམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཙམ་ལས། ༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་མཉམ་བོད་ཀྱི་གནད་དོན་ཟེར་བའི་སྐོར་གྲོས་བསྡུར་གཏན་ནས་བྱེད་མི་སྲིད་པ། དེ་བཞིན་བོད་ཀྱི་ཚབ་བྱེད་ཐུབ་པའི་གཞུང་ནི་རྒྱ་ནག་གཞུང་དང་དེའི་འོག་གི་བོད་རང་སྐྱོང་ལྗོངས་ཡིན་པ་ནན་བཤད་གནང་བ་དང་སྦྲགས། རང་སྐྱོང་གི་དར་ཆ་འཕྱར་ནས་མི་རིགས་ཁ་ཕྲལ་གྱི་ལས་འགུལ་བརྩམས་མི་ཆོག་དང་བཅའ་ཁྲིམས་ཀྱི་དོན་ཚན་ཁ་ཤས་ཀྱི་ཚིག་རྒྱན་སྤྲོས་པའི་བསམ་འཆར་དེ་”ཕྱེད་རང་བཙན་”དང་”རྣམ་པ་འགྱུར་བའི་རང་བཙན་”རེད་ཅེས་བསྒྲགས་ཡོད།
དེ་དང་མཉམ་དུ་༼བསམ་འཆར༽་ཐད་གཟབ་ནན་གྱིས་ལན་འདེབས་བྱས་ཡོད་པ་ནི། རྒྱ་ནག་ནི་གཅིག་རྐྱང་ལམ་(Unit)ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ཡང། ༼བསམ་འཆར་༽ནང་རྒྱ་ནག་གཞུང་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དབང་ཆ་རྩིས་མེད་དང། ཚོད་འཛིན། ཉམས་ཞན་བཅས་བཏང་སྟེ་ ༼རྩ་ཁྲིམས༽་ལ་བཟོ་བཅོས་རྒྱག་དགོས་ཚུལ་འཁོད་པ་མ་ཟད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁས་མི་ལེན་པ། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་དེ་ཉིད་མི་རིགས་གཙང་སེལ་དང། བཅིངས་འགྲོལ་དམག་ཕྱིར་འཐེན། ཆོས་ཕྱོགས་ཀྱི་བྱེད་སྒོ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་མི་བསྟུན་པ། རིག་གནས་དང་ཆོས་ལུགས། དཔལ་འབྱོར་བཅས་ཀྱི་ཕྱི་འབྲེལ་རང་དབང་གིས་གནང་ཆོག་པ་ཞིག་དགོས་ཚུལ་འཁོད་འདུག་བརྗོད་དེ་སྐྱོན་བརྗོད་ཚ་ནན་བྱས་ཡོད། མི་རིགས་གཙང་སེལ་དང་བཅིངས་འགྲོལ་དམག་ཕྱིར་འཐེན་སོགས་ནི་བསྙོན་འཛུགས་ཁག་དཀྲི་རང་ཡིན་ཡང། ཐུན་མོང་གི་ཁེ་ཕན་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་ལ་ཤེས་ཡོན། ཚན་རིག མང་ཚོགས་ཀྱི་འཕྲོད་བསྟེན། རྩེད་རིགས། ཆོས་ལུགས། དཔལ་འབྱོར། ཁོར་ཡུག་སོགས་ཀྱི་ཐོག་ཕྱི་འབྲེལ་བཙུགས་ཆོག་པ་ནི། བཅའ་ཁྲིམས་དོན་ཚན་ ༤༢ པའི་ནང་གསལ་འདུག
ཡིན་ནའང། དོན་དངོས་ཐོག་མཐུན་ཐབས་མེད་པའི་༼བསམ་འཆར༽་སྟེང་བསྙོན་འཛུགས་བྱས་ཡོད་པ་གཅིག་ནི། བསམ་འཆར་ནང་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཟུར་ཙམ་མ་བཀོད་པར། ལོ་རྒྱུས་དང་དོན་དངོས་གང་དུའང་གཞི་འཛིན་ས་མེད་པའི་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ནང་སྒྲིལ་རྒྱུ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ཁས་ལེན་འདོད་མེད་པའི་རྟགས་མཚན་ཡིན་པར་བསྙད་དེ། བོད་རང་སྐྱོང་ལྗོངས་ལས་དེའི་ཕྱི་རོལ་གྱི་བོད་རིགས་རྣམས་གཅིག་ཏུ་སྒྲིལ་བའི་རང་སྐྱོང་འཛུགས་རྒྱུ་ནི་”ཆབ་སྲིད་ཀྱི་ཇུས་འགོད་”ཅིག་ཡིན་པས། དེར་རེ་ངན་གཞན་ཞིག་ཡོད་ཚུལ་བརྗོད་དེ་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་ཚུད་རྒྱུའི་འདོད་ཚུལ་གཏན་ནས་ཁས་ལེན་ཐབས་བྲལ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་༼༢༠༠༨།༡༡། ༡༠༽དང་དེའི་མགྲིན་ཚབ་ཡེ་རྡོར་༼༢༠༠༨།༡༡། ༢༧༽བཅས་ཀྱིས་སྔ་ཕྱིར་གསར་འགོད་གསལ་བསྒྲགས་དང་རྩོམ་ཡིག་སྤེལ་འདུག དབུ་མའི་ལམ་གྱིས་འདས་པའི་བྱུང་རབས་མི་གླེང་བར་དངོས་ཡོད་དང་མཐུན་པའི་མ་འོངས་མདུན་ལམ་གཙོ་བོར་གླེང་གི་ཡོད་སྟབས། བོད་མི་རིགས་དུམ་བུ་བགོས་ནས་དབང་བསྒྱུར་གྱི་ད་ལྟའི་གནས་བབ་འདི་ནམ་ཡང་ཁས་ལེན་ཐབས་བྲལ་བ་༧གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཐེངས་མང་གསལ་སྟོན་གནང་ཟིན་པ་རེད།
ས་ཁོངས་རང་སྐྱོང་གི་ས་མཚམས་བཅོས་བསྒྱུར་ཐད་དམིགས་བཀར་གྱིས་བཤད་པ།
རྒྱ་ནག་གཞུང་གི་བོད་ཀྱི་རང་སྐྱོང་<>ཐད་ཆེད་མངགས་གསར་འགོད་ལྷན་ཚོགས་སྐོང་བའི་སར་ས་མཚམས་བསྒྱུར་བཅོས་སྐོར། ” ས་ཁོངས་རང་སྐྱོང་གི་འབྱེད་མཚམས་མེད་པ་བཟོ་བ་དང། ཟླ་སྒྲིལ་གཏོང་བ། ཡང་ན་འགྱུར་བ་གཏོང་བ་བཅས་དངོས་འབྲེལ་བྱེད་དགོས་ཚེ་གོང་རིམ་རྒྱལ་ཁབ་དང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་དང་གཏན་འཁེལ་བྱས་པ་བརྒྱུད་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་ཆོག་མཆན་ཐོབ་རྒྱུའི་སྙན་གསེང་ཞུ་དགོས་”ཞེས་བཤད་ཡོད། དེ་བཞིན་རྒྱ་ནག་གི་དབུ་ཁྲིད་ཚོས་བོད་རིགས་ས་ཁུལ་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ནང་འཇུག་མི་ཐུབ། དེ་ནི་ས་རྒྱ་ཤིན་ཏུ་ཆེ་བ་དང། རྒྱ་ནག་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་བཞི་ཆ་གཅིག་ཟིན་གྱི་ཡོད་ཅེས་ཀྱང་བརྗོད་པའང་ཆབས་ཅིག་དྲན་གསོ་བཏང་ཡོད།
ཡིན་ནའང། རང་ཕྱོགས་ནས་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ནི་བྱུང་རབས་ལ་གཞི་བཅོལ་བ་མིན་པར་གསར་བརྗེའི་ལྟ་གྲུབ་ལས་བྱུང་བ་ཡིན་སྟབས། རྒྱ་ནག་ཁྱོན་ཡོངས་ཀྱི་ས་ཆའི་བརྒྱ་ཆ ༦༤.༣ ཙམ་ཟིན་པའི་གྲངས་ཉུང་མི་རིགས ༥༥ ས་ཁུལ་ཁག ༡༥༥ ཁོངས་སུ་གཏོགས་ཀྱང། གྲངས་ཉུང་མི་རིགས་ཁྱོན་བསྡོམས་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ ༨.༤༦ ལས་ཟིན་མེད་པ་དང། རྒྱ་ནག་གི་ས་ཁྱོན་དྲུག་ཆ་གཅིག་ཟིན་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང། བརྒྱད་ཆ་གཅིག་ཟིན་པའི་ནང་སོག་རང་སྐྱོང་ལྗོངས་བཅས་ཀྱིས་རྒྱ་ནག་གི་ས་ཁྱོན་གཅིག་གྱུར་ལ་འགོག་རྐྱེན་གང་ཡང་བཟོས་མེད་པ་དྲན་སྐུལ་བཏང་ཡོད།
རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་བཅའ་ཁྲིམས་དོན་ཚན ༡༤ ནང་རང་སྐྱོང་ས་མཚམས་མེད་པ་བཟོ་བ་དང་འཕར་སྣོན་བྱེད་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་ཀྱང། བོད་ཕྱོགས་ནས་དེ་གཉིས་གང་ཡང་མིན་པར་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་ནང་ཚུད་དགོས་པའི་སྙིང་དོན་ནི། <>ཀྱི་གླེང་བརྗོད་ནང་འཁོད་པ་ལྟར”རྒྱལ་ཁབ་ཀྱི་མགོ་ཁྲིད་འོག་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ། མི་རིགས་སོ་སོའི་ནང་ཁུལ་གྱི་དབང་ཆ་ལོངས་སུ་སྤྱོད་པར་རྒྱལ་ཁབ་ཀྱིས་འགན་སྲུང་བྱ་རྒྱུ་”ཞེས་པའི་གཞི་རྩའི་ལྟ་གྲུབ་གཙོ་བཟུང་གིས། མཐོ་སྒང་བོད་དུ་མཚམས་མ་ཆད་པར་མུ་འབྲེལ་འདུས་སྡོད་ཀྱིས་ཆགས་པའི་བོད་མི་རིགས་ཀྱི་ས་བབ་ཆགས་དབྱིབས་ས་ཁྲའི་ལམ་ནས་སྤྱན་བསྟར་དང་འབྲེལ་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་དགོས་པའི་དགོས་འདུན་བཏོན་གཙོ་བོར་བཏོན་ཡོད།
ཕྱོགས་མཚུངས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྒྱ་ནག་ནང་གི་ཞིང་ཆེན་ཁག་གི་ས་མཚམས་བསྒྱུར་བཅོས་བཏང་བའི་དཔེ་མཚོན་ཁག་ཅིག་དྲངས་ཡོད་པའང་འདིར་བརྗོད་ན།
ནང་སོག་རང་སྐྱོང་ལྗོངས།
ནང་སོག་རང་སྐྱོང་ལྗོངས་ནི་ཕྱི་ལོ ༡༩༤༧ ལོར་རྒྱ་ནག་དམར་ཤོག་ཚོགས་པས་སོ་ཝེ་ཏའི་མི་རིགས་སྲིད་བྱུས་གཞིར་བཟུང་གསར་འཛུགས་བྱས་ཤིང། ཐོག་མར་དེའི་ནང་ཧུའུ་ལུན་པུའུར་ས་ཁུལ་ཙམ་ཚུད་ཡོད། རྒྱ་ནག་གསར་པ་དབུ་བརྙེས་ལོ་བཅུ་ཕྲག་གཅིག་ཙམ་རིང་ནང་སོག་དེ་ཉིད་ནུབ་ངོས་སུ་རྒྱ་བསྐྱེད་བྱས་ཏེ་ཚོ་ཤོག་དྲུག་ཏུ་གྲགས་པའི་སོག་པོའི་མི་རྒྱུད་ཐོག་མ་རྣམས་ཀྱི་ནང་ནས་ལྔ་དེའི་ཁོངས་ཟླ་བསྒྲིལ་བཏང། དེ་རྗེས་རིམ་བཞིན་སོག་རིགས་མི་འབོར་མང་ཙམ་གནས་སྡོད་བྱེད་པའི་ས་ཁུལ་ཡོངས་རྫོགས་དེའི་ཁོངས་ཟླ་བསྒྲིལ་བཏང་བར་བརྟེན་ད་ཡོད་ནང་སོག་གི་ས་ཁྱོན་ས་ཁྲའི་བཟོ་དབྱིབས་ནར་མོ་ཅན་དེ་བྱུང། རིག་གནས་གསར་བརྗེའི་སྐབས་ཕྱི་ལོ ༡༩༦༩ ལོར་ནང་སོག་གི་ས་ཆ་མང་ཆེ་བ་ཉེ་འགྲམ་གྱི་ཞིང་ཆེན་གཞན་ཚོའི་ནང་ཟླ་བསྒྲིལ་བཏང་ཡང། ཕྱི་ལོ ༡༩༧༩ ལོར་སླར་ཡང་ས་ཆ་དེ་དག་ནང་སོག་རང་སྐྱོང་ལྗོངས་ཀྱི་ནང་བཀོད་སྒྲིག་བྱས་ཡོད།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནི་ཕྱི་ལོ ༡༩༥༨ ལོར་ཀོང་ཞི་ཞིང་ཆེན་ཕྱིར་བསྡུས་ཀྱིས་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བསྒྱུར། ཀོང་ཞི་ནས་རྒྱ་མཚོར་ཐད་ཀར་འགྲོ་བསྐྱོད་ཐུབ་སླད་ཀོག་ཏུང་གི་མཚོ་མཐའི་ས་ཆ་ཆུང་ངུ་ཞིག་ཕྱི་ལོ ༡༩༥༢ ལོར་ཀོང་ཞིའི་ཁོངས་སུ་བཅུགས་པ་དེ་དག་ ༡༩༥༥ ལོར་ཕྱིར་ལོག་བྱས་ཀྱང། ཕྱི་ལོ ༡༩༦༥ ལོར་སླར་ཡང་ཀོང་ཞིའི་ཁོངས་སུ་རང་འཇགས་བཅུགས་ཡོད།
ཧི་ནན་ཞིང་ཆེན།
ཕྱི་ལོ ༡༩༨༨ ལོར་ཧི་ནན་མཚོ་གླིང་དེ་བཞིན་ཀོང་ཏུང་ནས་ཁ་ཕྲལ་ཏེ་ཞིང་ཆེན་གྱི་ངོ་བོར་གསར་འཛུགས་བྱས་ཡོད།
ཁྲོང་ཅིང་ཐད་སྐྱོང་གྲོང་ཁྱེར།
ཁྲུང་ཅིང་ནི་ཕྱི་ལོ ༡༩༩༧ ལོར་ཟི་ཁྲོན་ཞིང་ཆེན་ནས་འཐེན་ཏེ་དབུས་གཞུང་གིས་ཐད་འཛིན་བྱེད་པའི་གྲོང་ཁྱེར་གྱི་ངོ་བོར་གསར་འཛུགས་བྱས་ཡོད།
བོད་རང་སྐྱོང་གཅིག་ནང་ཚུད་རྒྱུའི་འཐབ་རྩོད་ལ་མི་ལོ ༥༠ ལྷག་གི་ལོ་རྒྱུས་ལྡན།
གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ང་ཕོད་ངག་དབང་འཇིགས་མེད་གཙོས་བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་གི་ནང་ཚུད་དགོས་པའི་སྙན་ཞུ་ཕུལ། ༡༩༥༡། ༩། ༢༩། ཉིན་བཀའ་ཤག་གིས་རྒྱ་དཔོན་ཀྲང་ཅིན་ཨུ་ལ་དེའི་སྐོར་ཡིག་ཐོག་ནས་རེ་འདུན་བཏོན། ༡༩༥༣ ལོར་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་སྡེ་དགེ་སྐལ་བཟང་དབང་འདུས་ནས་དེའི་སྐོར་རེ་འདུན་བཏོན། ༡༩༥༦ ལོར་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བ་འཛུགས་འཆར་བཞུགས་མོལ་ཚོགས་འདུའི་སྐབས་ཀྱང་འདིའི་སྐོར་བསམ་ཚུལ་སླེབས་སྟབས། གུང་བྲན་ཏང་མི་རྒན་པ་སངས་རྒྱས་ཡེ་ཤེས་སམ་ཐེན་པའོ་ཆེད་གཏོང་གིས་དམིགས་བསལ་ཚོགས་ཆུང་བཙུགས་ཀྱང་ལམ་ལྷོང་མ་བྱུང། ༡༩༨༠ མདོ་སྨད་ཀན་ལྷོ་ནས་བོད་རིགས་ཏང་ཡོན་ཁག་ཅིག་གིས་རྒྱ་ནག་གཞུང་ལ་དེའི་སྐོར་དོན་སྙིང་ལྡན་པའི་སྙན་ཞུ་ཆེད་གཏོང་ཞུས། དེ་བཞིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་ཀྱང་བསམ་ཚུལ་འདི་ཚད་ལྡན་ཡིན་པ་དང། མར་ལེའི་རིང་ལུགས་དང་མཐུན་ལ་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་ཀྱི་དགོངས་དོན་དང་མཐུན་པ། རྒྱ་བོད་མི་མང་གི་མདུན་ལམ་གང་ཅིར་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་རྒྱུར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་ཡོད། དེ་བཞིན ༢༠༠༨ ལོ་ནས་བྱུང་བའི་འཇིག་རྟེན་ཡོངས་གྲགས་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་དང། ༢༠༠༩ ནས་དེ་རིང་བར་མཚམས་མ་ཆད་པར་བྱུང་བའི་རང་སྲེག་ཞི་རྒོལ་ཀྱིས་དེ་བས་ཀྱང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་སྟེ། ༧གོང་ས་མཆོག་མྱུར་ཏུ་གདན་འདྲེན་ཞུ་རྒྱུའི་དགོས་འདུན་ཤུགས་ཆེར་བཏོན་ཡོད།
བཙན་བྱོལ་ནང་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས། མང་གཙོའི་ལམ་ནས་མི་མང་གི་མངོན་འདོད་གཞིར་བཟུང་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ད་བར་མི་ལོ གསུམ་བཅུ་ལྷག་རིང་ཁ་ཞེ་གཉིས་མེད་ཀྱིས་རང་སྐྱོང་འཐབ་རྩོད་བྱས་ཡོད་ཅིང། རྒྱ་ནག་ཏུ་སྔ་ཕྱིར་སྐུ་ཚབ་ཚོགས་ཆུང་ཐེངས་གསུམ་བཅུ་སོ་གྲངས་ལྷག་ཆེད་གཏོང་ཞུས་ཏེ་རང་སྐྱོང་སྐོར་གོ་བརྡ་གསལ་བོ་སྤྲད་ཡོད། ༢༠༠༨ ལོར་རང་སྐྱོང་ཡོང་ཐབས་ཀྱི་<> དང་དེའི་<> ཡིག་ཐོག་ནས་འཇིག་རྟེན་ཡོངས་གྲགས་ཐོག་སྤྲད་པ་མ་ཟད། བཙན་དབང་གིས་སྲིད་འགན་རྩིས་སྤྲོད་གནང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་རྗེས་ཀྱི་སྲིད་སྐྱོང་ལྷན་རྒྱས་ནས་དེ་བས་ཀྱང་དབུ་མའི་ལམ་ནས་རང་སྐྱོང་ཐོབ་ཐབས་ནན་བརྗོད་ཀྱིས་”དུས་ནམ་ཞིག་ས་གནས་གང་དུ་འབྲེལ་མོལ་མུ་མཐུད་བྱ་འཆར་ལ་གྲ་སྒྲིག་ཨང་གསར་དང། ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་དག་གཙོ་ཆེར་འཛིན་གྱི་ཡོད་”ཅེས་བསྟན་ཡོད།
མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་ཕྱོགས་གཉིས་ནས་གཟབ་དགོས་པ་ཁག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་མི་ལོ་སུམ་བཅུ་ལྷག་རིང་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་སྟེ། རྒྱ་ནག་དང་ཐ་དད་པའི་རང་བཙན་རྩོད་ཀྱི་མེད་པ་གསལ་འདོན་བྱས་ཤིང། ཞི་བའི་དོན་ཚན་ལྔ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བར། མང་གཙོའི་བརྒྱུད་ལམ་རིམ་པའི་མི་མང་གི་མངོན་འདོད་གཞིར་བཟུང་གུ་བཤངས་དང་བསྟུན་མཁས་བྱས་ཡོད་ཀྱང། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་དེ་ལས་ལྡོག་སྟེ་བསྙོན་འཛུགས་དང་དྲག་སྤྱོད་རྐྱང་རྐྱང་གི་སྲིད་བྱུས་བཟུང་ཞིང། ༧གོང་ས་སྐྱབས་མགོན་ཆེན་པོས་བོད་མི་རིགས་ཀྱི་མགྲིན་ཚབ་ཐུབ་ཀྱི་མེད་པ་དང་བོད་ཀྱི་བདེ་སྡུག་བཤད་པའི་ཐོབ་ཐང་རྩ་བྲལ་ཡིན་ཚུལ་སོགས་སྨྲ་རྒྱུར་འགྱུར་བ་གང་ཡང་མ་བཏང་ཁར། བོད་ནང་རྒྱལ་གཅེས་ཆོས་གཅེས་དང་སྐད་ཡིག་གཙོ་ཕལ་གྱིས་”རིམ་བསྒྱུར་རྩད་རྫོགས་”ཀྱི་སྲིད་བྱུས་ལག་བསྟར་བྱས་པས། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང། རང་ཉིད་བོད་མི་ཡིན་པའི་འདུ་ཤེས་དང་ཁྱད་ཆོས་སྲུང་འཛིན་མ་ཆོག་པའི་སེམས་ཚོར་སྐྱོ་བོའི་འོག རང་སྲེག་ཞི་རྒོལ་འཇིག་རྟེན་དུ་མ་གྲགས་པ་འདི་ད་དུང་སྤེལ་བཞིན་པ་རེད། སྤྱི་ཡོངས་ནས་རང་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་རྒྱུ་ཉག་ཅིག་ཡིན་པ་དང། ༧གོང་ས་ཆེན་པོ་གདན་ཞུ་ནི་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་ལྷག་པར་ད་ལྟའི་བོད་ཀྱི་གནས་བབ་ཐད་བཏོན་པའི་དབུ་མའི་ལམ་ནས་རང་སྐྱོང་ཡོང་ཐབས་བྱེད་པ་ལ་ཡོངས་སུ་རྒྱབ་སྐྱོར་ཡོད་པ་མཚོན་སྟབས། རྒྱ་གཞུང་ནས་བོད་མི་ཉུས་ཤས་ཙམ་ཕུད་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པར་ཉན་འཇོག་མ་བྱས་པར། ཐ་ན་རང་སྲེག་ཐད་སྲིད་བྱུས་ཚད་ལྡན་བཟུང་མེད་པ་དང་རྗེས་འཇུག་དགེ་སྒྲུབ་ཀྱང་བྱེད་དབང་མེད་པ་སོགས་ལ་མཇུག་འབྲས་ངན་པ་ཡོང་རྒྱུ་ལས་མེད་ཅིང། རང་སྐྱོང་གི་ལམ་ནས་རྒྱ་ནག་གི་བརྟན་བརླིང་ལ་སྨན་པའི་བོད་མིའི་མངོན་འདོད་གང་མྱུར་ཐག་གཅོད་མ་བྱས་ཚེ། དེར་མཇུག་འབྲས་ཉེན་འཚབ་ཅན་ཡོང་མི་སྲིད་པ་མིན་སྟབས་རྒྱ་ནག་གིས་དུས་ཚོད་དམ་འཛིན་བྱ་རྒྱུ་ནི་གལ་ཆེ་བར་སེམས།
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཕྱོགས་ནས་ཀྱང་ལས་འགུལ་ཅི་སྤེལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཐབས་ལས་མ་བརྒལ་བ་ཞིག་གནང་བཞིན་པ་རྒྱུན་འཁྱོངས་དང། ལྷག་དོན་བཙན་བྱོལ་བོད་མིའི་གཞི་རིམ་མི་མང་ནང་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཕྱོགས་ཀྱི་ལས་འགུལ་གྱི་རྨང་གཞི་ཡག་པོ་འདིང་བ་དང། དེའི་སྣེ་ཁྲིད་བྱེད་པ། མིང་དོན་མཚུངས་པའི་རང་སྐྱོང་གི་ནང་དོན་འཐུས་ཚང་སྔར་བཞིན་གོ་རྟོགས་སྤེལ་རྒྱུ་ནི་དགོས་གལ་ཆེ་བར་མཐོང། དེ་དང་མཉམ་དུ་མང་གཙོ་ཁོ་ཁ་ལ་འཁྱེར་ནས། བོད་མི་རིགས་ཀྱི་སྤྱིའི་ཆགས་འཇིགས་ལ་གདེང་ཚོད་ཁྱོན་ནས་མེད་པར་”བོད་རང་བཙན་”ཞེས་བསྒྲགས་པ་དེ། རྒྱ་ནག་གཞུང་གིས་མིང་དོན་མཚུངས་པའི་རང་སྐྱོང་སྐོར་སྐད་ཆ་མི་བཤད་པའི་ཁག་དཀྲི་ས་གཙོ་བོར་གྱུར་ཡོད་པ་མངོན་གསལ་དུ་སོང། དེ་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་ངོས་འཛིན་དང་ས་མཚམས་གསལ་འབྱེད་ཀྱི་སྲིད་བྱུས་ཁ་གསལ་ཞིག་མ་བཟུང་ཚེ། མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་སྔར་བཞིན་བར་བགེགས་སུ་འགྲོ་ངེས་སྟབས། བོད་ཀྱི་མདུན་ལམ་ལ་དཀའ་ངལ་འཕྲད་རྒྱུ་ནི་བརྗོད་མི་དགོས་པའི་གནས་སུ་གྱུར་འདུག་པས། གལ་སྲིད་བོད་ཀྱི་འཐབ་རྩོད་ཁ་འཐོར་ནས་རྩ་ཡལ་དུ་ཕྱིན་ཚེ་དེའི་འགན་འཁྱོག་མཁན་སུ་ཡང་མེད་སྟབས། གཉིས་སྨན་ལམ་ནས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་ཤུགས་སྣོན་རྒྱབ་སྟེ་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུར། ༧གོང་ས་ཆེན་པོ་གདན་ཞུའི་སྲིད་བྱུས་དང་ལས་རིམ་གཉིས་ཀ་མྱུར་ཏུ་གསར་བཟོ་བརྒྱུད་དུས་ཚོད་དམ་འཛིན་མ་གནང་དུས། ཡོང་རྒྱུའི་མི་ལོ ༥༠ ནང་བོད་མི་རིགས་ཀྱི་མགོར་གནས་སྟངས་ཅི་སླེབས་ཧ་ཅང་བཤད་ཚོད་དཀའ་བའི་གནས་སུ་གྱུར་འདུག །
༢༠༡༣། ༡། ༣༠། ཉིན།
ཤར་ཕྱོགས་ཁུག་རྟ་ཟེར་བའི་མིང་མཐོང་བ་ཙམ་གྱིས་རྩོམ་དེ་ཀློག་མེད།
བཀླགས་ཟིན།
སློབ་སྦྱོང་ཡག་པོ་ཡོད་པ་དང་།
རྩོམ་འབྲི་ཡ་ལ་བྱང་ཆ་་ཡོད་པའི་ཉམས་འདུག
ཆབ་སྲིད་ཀྱི་གོ་རྟོགས་ཅུང་ཡོད་པའི་སྣང་བ་སྟེར།
ཤར་ཕྱོགས་ཁུག་རྟ་ཟེར་ན་བློ་བཟང་སེང་གེ་གཉིད་མི་ཁུག་པ་ཁག་མི་འདུག ཆ་ཚང་བཀླགས་ཟིན། དོན་དག་བློ་སར་འབབ་སྟངས་ལ་ཁྱད་ཆོས་དམིགས་བསལ་ཞིག་འདུག
ཤ་ཁུག་འདིས་གཅིག་བཤད་ཁུལ་བྱས་འདུག་ཀྱང་། དོན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དེ་རྒྱའི་རྩ་ཁྲིམས་དང་དེའི་བཅའ་ཁྲིམས་གང་ནས་གསལ་སྟོན་བྱས་ཡོད་མེད་དེ་ཡང་ཤེས་རྟོགས་མེད་པའམ་རྫུན་བཤད་བྱས་འདུག། དེ་ལས་གལ་ཆེ་བ་ནི། རྒྱ་ནག་གི་བཅའ་ཁྲིམས་སུ་བཀོད་པའི་ས་གནས་མི་རིགས་རང་སྐྱོངས་་དང་དེ་དག་གི་གཞི་རིམས་ཀྱི་གནས་བབ་དང་ཐོབ་ཐང་སོགས་ཀྱི་མི་འབོར་དང་ས་ཁུལ་སོ་སོའི་ཁེ་དབང་བཅས་ཀྱི་བར་དབྱེ་མཚམས་ཐུབ་མེད་པའི་རྣམ་པ་གསལ་པོ་སྟོན་འདུག། ལར་ནི་རྒྱ་ནག་གི་བཅའ་ཁྲིམས་སུ་བཀོད་པའི་ས་གནས་མི་རིགས་རང་སྐྱོང་གི་གནས་བབ་སྐོར་ཚད་འཛིན་བྱེད་པ་ནི་རྒྱ་ནག་གི་ཁྲིམས་ཀྱི་གནས་བབ་ལ་རྒྱུས་མངའ་ཟབ་མོ་མེད་པའི་རང་རྟགས་རེད། རྒྱ་ནག་གི་ཁྲིམས་ཡིག་རིམས་པ་མང་པོ་ཡོད་པའི་ནང་ནས་བཅའ་ཁྲིམས་དེ་རིམས་པ་གསུམ་པ་རེད། དེའི་སྟེང་དུ་རྩ་ཁྲིམས་དང་། དེའི་སྟེང་དུ་གུང་ཁྲན་ཏང་གིས་བཀའ་རྒྱ་རེད། དེའི་ཕྱིར་གུང་ཁྲན་ཏང་གི་བཀའ་རྒྱ་ཡིས་རྩ་ཁྲིམས་དང་བཅའ་ཁྲིམས་ཡོད་ཚོད་བཀོད་འདོམས་བྱེད་ཀྱི་རེད། དེ་ནི་སྲིད་དབང་ཅིག་སྡུས་ལམ་ལུགས་པའི་ཁྲིམས་ཀྱི་དགོས་མཁོ་རེད། རྒྱ ནག གི་ཁྲིམས་སར་དེའི་རྒྱུད་རིམས་དེ་ངེས་པར་མཁྱེན་དགོས་རྒྱུ་ནི་གལ་ཆེ།
ཡག་པོ་གསུང་འདུག། ང་ཚོའི་བོད་མིས་སྤྱི་ཚོགས་ནང་ཁུ་རྟ་འདྲ་པོ་མང་ཙམ་ཡོད་ནམ་བོད་དོན་ནི་ད་ལྟ་ནང་བཞིན་ཛ་དྲག་དང་ཚེ་སྲོག་མང་མང་པོ་ཆུད་ཟོས་སུ་ཤོར་མི་སྲིད་པ་དང་དཀའ་ངལ་ཆེན་པོ་ནང་ལྷུང་མི་སྲིད།
དར་དམར་འོག་གི་བོད་ཀྱི་རང་སྐྱོང་ནི་ནམ་མཁའི་མེ་ཏོག་མཚམས་སུ་སླེབས་ཡོད།
ཤར་ཁུག་འདི་ཤེས་ཡོན་ཅན་དང་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཅན་ཞིག་རེད། ཡིན་ནའང་འདིས་བྱ་སྤྱོད་ཁ་ཤས་སྣང་བ་མི་འགྲོ་གི རང་ཉིད་མ་དགའ་སར་སྐྱོན་མེད་སྐྱོན་འདོགས་དང་ཉེས་མེད་ཉེས་འཛུགས། དེ་བཞིན་གཞོན་ལྷན་ལ་འཛིན་པའི་ལྟ་སྟངས་སོགས་ཡག་པོ་མི་འདུག གཞོན་ལྷན་ཡང་བོད་མི་རིགས་ལ་སེམས་ཁུར་བྱེད་པའི་ཚོགས་པ་ཞིག་རེད། དགྲར་འཛིན་གྱི་འདུ་ཤེས་དེ་དོར་ན་བཟང་། དེ་མིན་ཁྱེད་ཤེས་ཡོན་དང་བློ་སྟོབས་བཤད་སྤོབས་པ་དང་སྒྲུབ་ཕོད་པའི་རང་གཤིས་དེ་ངས་གུས་བཀུར་ཡོད།
དབུ་མའི་ལམ་ལས་འགུལ་ཁང་གིས་ལོ་རྒྱུས་ནང་གཏམ་བཤད་འདི་འདྲ་ཞིག་སྤེལ་མྱོང་མི་འདུག་ལ། རང་སྐྱོང་སྐོར་ཡིག་ཆ་འདི་འདྲ་ཞིག་བཀྲམས་མྱོང་མི་འདུག་པས། དབུས་རྒྱུན་ལས་བྱེ་བྲག་པ་ཅིག་གི་མིང་ཐོག་ནས་མིན་པར་ལས་འགུལ་ཁང་གི་མཚན་ཐོག་ནས་འདོན་ཐུབ་ན་ཡག་པོ་ཡོད་པ་རེད་བསམས་ལ། ཕྲག་དོག་དང་མ་དགའ་བའང་ཉུང་ཉུང་ཡོང་གི་རེད་བསམས། དེང་སང་མི་ཚང་མ་དོན་མེད་ཕྲག་དོག་དང་གཞན་གྱི་བཀོལ་ཇུས་འོག་ཚུད་ནས་རང་ཚུགས་ཐུབ་ཀྱི་མེད་དུས་གསེར་ལྟ་བུའི་རྩོམ་དང་ནོར་བུ་ལྟའི་བདེན་པ་བསྐྱངས་ཀྱང་མཐོང་མཁན་དཀོན་པོ་འདུག་གཱ། བསམས་སོང།།
དབུ་མ་དང་རང་བཙན་ཅེས་ཡོངས་སུ་གྲགས་པའི་ས་ཆེན་འདིའི་ནང་ཁྱེད་རྣམས་པས་དོན་དངོས་ཐོག་བསམ་ཞིབ་ཅིག་གནང་ན་དབུ་མ་༧རྒྱལ་བའི་བཀའ་དང་གཞུང་གི་ལམ་ཕྱོགས་རེད་ལ་རང་བཙན་ནི་ཧམ་བཤད་དང་ཡོང་རྒྱུ་མེད་པའི་ལྐུགས་བཏམ་རེད་ཅེས་དེ་རིང་ཁ་སང་བཙན་བྱོལ་བའི་ཁ་གཡང་དེ་རེད། དུས་མཚུངས་དགྲ་དར་འཕྱར་བའི་ཨ་མདོའི་དཔའ་བོ་ཤར་ཁུག་གི་རང་གི་ཕུགས་བསམ་ཡོངས་རྫོགས་དགྲ་བོའི་དར་དམར་འོག་བཅོལ་ནས་སྲིད་སྐྱོང་དང་ཁོང་གི་གཞུང་ལ་སྐྱོན་འཛུག་བྱས།
མཆན་འབྲི་ས་ནོར་འདུག དགོངས་དག ཟབ་སྦྱོང་སྤྲད་པའི་གསར་འགྱུར་དེའི་འོག་ཏུ་ཡིན་ཡ།
ཤར་ཁུག་བློ་ཆོས་ཀྱིས་ཆབ་སྲིད་ལ་མཁྱེན་རྒྱ་ཡོད་མདོག་གིས་ཡར་མར་མང་པོ་ཞིག་བཤད་འདུག་ཀྱང་མདོ་རུ་བསྡུས་ན། <>དེ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གང་ལའང་བསྟུན་མེད་སྟབས་རྒྱ་ཕྱོགས་ནས་ནམ་ཡང་ཁན་ལེན་རྒྱུ་མིན་པ་དང་།
བསམ་འཆར་དེའི་ནང་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཤད་མེད་པ་དེས་ནམ་ཞིག་བོད་དེ་རང་སྲིད་རང་སྐྱོང་ཡོད་པའི་“རྒྱལ་ཁབ”ཅིག་འགྱུར་རྒྱུ་ཡིན་པ་སོགས་རེད། ད་མི་འདིའི་བྱེད་སྟངས་དང་རང་མདོག་དངོས་ནས་ཐོན་གྱིན་འདུག
ངས་ནི་རང་སྐྱོང་རྩ་བ་ནས་ཤེས་ཀྱི་མེད། ཁོང་གི་རྩོམ་འདིའི་ནང་དོན་ཆ་ཚང་གོ་ཐུབ་ཀྱི་མི་འདུག དྲ་གྲོགས་བསྟན་འཛིན་རྒྱལ་པོ་སོགས་ཀྱིས་མ་འདོད་པ་གནང་གི་འདུག རྒྱུ་མཚན་ག་རེ་ཡིན་ནམ། གསུངས་ན་འགྲིག་གི་རེད་ཝེ།
དང་པོ་བཀླགས་སྐབས་རྩོམ་ཡག་པོ་ལྟ་བུ་ཞིག་མཐོང་། ཡིན་ཡང་། ཡང་སྐྱར་ཞིབ་མོའི་ངང་ལྟས་སྐབས་། དཔྱད་རྩོམ་ལྟ་བུ་ཞིག་གི་ཚོར་སྣང་སྤྲད་མ་སོང་། རྒྱུ་མཚན་ནི་། དཔྱད་རྩོམ་ཡིན་ན་བསམ་བློ་ཡང་དག་དང་། དཔྱད་ཡུལ་ཁུངས་དག་པ་། བདེན་དཔང་ཡང་དག་ཡོད་དགོས་བ་ལས་། བདེན་དཔང་གང་ཡང་མེད་པར་རང་གི་བསམ་ཚུལ་ཡང་དག་ཡིན་ཁུལ་བཅས་རྒྱ་དང་བོད་ཕྱོགས་འདི་རེད་བཅས་ཡར་བཤད་དང་མར་བཤད་བྱས་ནས་ཅི་ཕན་། གལ་སྲིད་དཔྱད་རྩོམ་འབྲི་ན་དཔྱད་བྱའི་ཡུལ་དེའི་ཁུངས་དག་སྟོན་ཆེད་། དུས་དང་། ཡུལ་། རྩོམ་མམ་དེབ་སོགས་ནས་བདེན་དཔང་ཡང་དག་སྟོན་དགོས་ཀྱི་གལ་ཆེན་པོ་རེད་། ཡིན་ཡང་བསམ་ཚུལ་ལས་དེ་དག་དཀོན་པོ་རེད་།
་་་་་་བོད་རིགས་ཡོངས་རྫོགས་ངེས་པར་དུ་རང་སྐྱོང་འཛིན་སྐྱོང་གཅིག་གི་ནང་ཚུད་དགོས་པ་ནི། རྩ་ཁྲིམས་ནང་འཁོད་པའི་རང་སྐྱོང་གི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ལས་བོད་ཆེ་ཆུང་གི་གནས་ཚུལ་མིན་པ་ནན་བཤད་གནང་ཡོད་་་་་་་ ཟེར།
་་་་་་༧གོང་ས་མཆོག་སྐུ་སྒེར་དང་ཁོང་གི་ཉེ་འཁྲིས་ཀྱི་མི་འགའ་ཞིག་གི་མདུན་ལམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཙམ་ལས། ༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་མཉམ་བོད་ཀྱི་གནད་དོན་ཟེར་བའི་སྐོར་གྲོས་བསྡུར་གཏན་ནས་བྱེད་མི་སྲིད་་་་་་་ཟེར།
་་་་་་དེ་བཞིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་ཀྱང་བསམ་ཚུལ་འདི་ཚད་ལྡན་ཡིན་པ་དང། མར་ལེའི་རིང་ལུགས་དང་མཐུན་ལ་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་ཀྱི་དགོངས་དོན་དང་མཐུན་པ། རྒྱ་བོད་མི་མང་གི་མདུན་ལམ་གང་ཅིར་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་རྒྱུར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་ཡོད། ་་་་ཟེར།
་་་་སྤྱི་ཡོངས་ནས་རང་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་རྒྱུ་ཉག་ཅིག་ཡིན་པ་དང། ་་་་་་ཟེར།
་་་་་་ དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཕྱོགས་ནས་ཀྱང་ལས་འགུལ་ཅི་སྤེལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཐབས་ལས་མ་བརྒལ་བ་ཞིག་གནང་བཞིན་པ་རྒྱུན་འཁྱོངས་དང། ལྷག་དོན་བཙན་བྱོལ་བོད་མིའི་གཞི་རིམ་མི་མང་ནང་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཕྱོགས་ཀྱི་ལས་འགུལ་གྱི་རྨང་གཞི་ཡག་པོ་འདིང་བ་དང། དེའི་སྣེ་ཁྲིད་བྱེད་པ། མིང་དོན་མཚུངས་པའི་རང་སྐྱོང་གི་ནང་དོན་འཐུས་ཚང་སྔར་བཞིན་གོ་རྟོགས་སྤེལ་རྒྱུ་ནི་དགོས་གལ་ཆེ་བར་མཐོང། ་་་་་ཟེར།
་་་་་དེ་དང་མཉམ་དུ་མང་གཙོ་ཁོ་ཁ་ལ་འཁྱེར་ནས། བོད་མི་རིགས་ཀྱི་སྤྱིའི་ཆགས་འཇིགས་ལ་གདེང་ཚོད་ཁྱོན་ནས་མེད་པར་”བོད་རང་བཙན་”ཞེས་བསྒྲགས་པ་དེ། རྒྱ་ནག་གཞུང་གིས་མིང་དོན་མཚུངས་པའི་རང་སྐྱོང་སྐོར་སྐད་ཆ་མི་བཤད་པའི་ཁག་དཀྲི་ས་གཙོ་བོར་གྱུར་ཡོད་པ་མངོན་གསལ་དུ་སོང། ་་་་་ཟེར།
ཀརྡོ་གཉེར་ཕྱག་པ་ཟེར་བ་དེ་སུ་རེད། འདིའི་ག་རེ་བྱེད་ཀྱི་ཡོད་པ་རེད། གནད་འགག་བླངས་ཡོད་ཟེར་གི་རེད། དྲ་ངོས་བཙོག་པ་བཟོ་གི་ཡོད་པ་མ་རེད།
དབུ་མའི་ལམ་གྱི་ལས་ཁུངས་ན།
དང་ཤར་ཡོན་ཏན་འདྲ་བའི་རྒད་པོ་རྒས་པོ་ཡོད།། ལོ་ན་རྒས་ཀྱང་གཞོན་ལ་གོ་སྐབས་མི་འཕྲོད་པའི། ཨི་ཚིགས་གཡག་དང་འདྲ་བ་ངྷ་རམ་ས་ལར་གྲགས།
རྨོག་རུ་བསྟན་པ་འདྲ་བའི་གང་ལ་འབྱར་ཆོག་ཆོག ལྷ་ཐུག་ལྷ་དང་མི་ཐུག་མི་འདྲ་མི་ཡི་གཟུགས་སུ་ཡོད། མཚམས་རེར་ཡིན་པ་མཚམས་རེར་མིན་པ་དབྱར་གའི་ནམ་ངོ་འདྲ། བཤད་ནས་མི་རྫོགས་པ་ཡང་ཚང་མས་ཤེས།།
ཤར་ཕྱོགས་ཁུག་རྟ་འདྲ་བའི་བཤད་ཕོད་སྒྲུབ་ཕོད་དང། ལས་ཕོད་གཡག་སྙིང་མདུན་ལ་གཡུགས་པ་དང། རྒྱ་ལས་གཞོན་ནུ་རང་བཙན་གསོད་པ་ཡི། གཏམ་གཅིག་བཤད་ན་གླིང་འདི་དཀྲོགས་མཁན་འང་ཡོད།
ཟླ་བ་ཚེ་རིང་ཟེར་བ་རྣམ་སྲས་ཆུང་ཆུང་ཞིག སུ་དང་གང་གིས་གླེགས་རྙེད་རྩ་ནས་མ་བྱུང་བ། སྐུ་མདུན་བོད་གཞུང་ཟེར་བཞིན་མདུན་ལ་འཆོངས་པ་ཡི། ལག་པ་གནམ་ལ་འཕྱར་ནས་རྒྱུགས་མཁན་ཡང་ཡོད།
འདི་ཚོའི་མིང་ལ་ལས་འགུལ་ཁང་ཞིག་བཏགས། ན་ནིང་གཞེས་ནིང་སྒོ་རྒྱབ་ཟེར་བ་དེ། མཚམས་ཤིག་ཤར་ཁུག་བསླེབས་ནས་སྐྱབས་སོང་ཟེར། རྨོག་རུ་བསྟན་པས་གདན་འདྲེན་ཞུས་སོང་སོགས། མང་པོ་མང་པོ་བཤད་ན་རྫོགས་མེད་ཅིག
གང་ལྟར་ཟླ་བ་ཚེ་རིང་མགོ་དཀར་དེས། རྒྱུ་དངོས་བཏང་ནས་བཙུགས་པ་ཡིན་པ་འདྲ། ཧཧཧཧ
ངས་དྲ་ངོས་བཙོག་པ་བཟོས་ཡོད་ན། རྡོ་རྗེས་གད་དར་བྱས་ན་ཡང་མི་འགྲིགས་པ་ཅང་ཨ་ཡོད།
རྡོ་རྗེ་ནས་དངོས་གནས་དཔེ་ཡག་པོ་བྲིས་འདུག་ ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཤར་ཁུག་སོགས་མདོ་སྨད་པའི་སྨྱུག་ཐོག་པ་ཁ་ཤས་ཀྱིས་རང་གི་མིང་གྲགས་དང་སྐབས་འཚོ་བའི་བྱེད་བབ་འདི་དག་གིས་སྨྱུག་འཛིན་པ་སྤྱིར་དང་ལྷག་པར་དུ་མདོ་སྨད་པའི་སྨྱུག་ཐོག་པ་འདི་དག་ལ་བསམ་ཞིབ་ཞིག་མ་བྱེད་རང་བྱེད་རེད་འདུག། མདོ་སྨད་པའི་སྨྱུག་ཐོག་པའམ་རྩོམ་པ་པོ་རྣམས་ནི་བོད་མིའི་ཚོགས་སྡེ་དང་མི་རིགས་དབར་འཁྲུག་རྐྱེན་དང་ནང་དམེར་བཟོ་མཁན་གྱི་མི་སྣ་དག་དག་ལ་ངེས་འཛིན་མི་བྱེད་པས་ངེས་པ་མི་འདུག་པས་དེ་འདྲ་བའི་རྩོམ་པོའམ་སྨྱུག་ཐོག་པ་དག་ནི་ཡོད་པ་ལས་མེད་པ་དགའོ།
་་་་ ཤར་ཁུག་སོགས་མདོ་སྨད་པའི་སྨྱུག་ཐོག་པ་ཁ་ཤས་ཀྱིས་རང་གི་མིང་གྲགས་དང་སྐབས་འཚོ་བའི་བྱེད་བབ་འདི་དག་གིས་སྨྱུག་འཛིན་པ་སྤྱིར་དང་ལྷག་པར་དུ་མདོ་སྨད་པའི་སྨྱུག་ཐོག་པ་འདི་དག་ལ་བསམ་ཞིབ་ཞིག་མ་བྱེད་རང་བྱེད་རེད་འདུག། ་་་་་ཟེར།
བསྟན་འཛིན་ཆོས་འཕེལ་ཟེར་བ་འདི་མདོ་སྨད་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཟེར་བའི་གླེན་པ་དེ་མ་རེད་དམ། རང་ཉིད་སྐབས་འཚཽལ་པ་ངོ་མ་ཡིན་བཞིན་དུ། ཤར་ཕྱོགས་ཁུག་རྟར་དེ་ལྟར་བྲིས་ན་ལས་རྒྱུ་འབྲས་ག་ནས་འགྲོ ཧཧཧཧ ཤར་ཕྱོགས་ཁུག་རྟས་ཁྱེད་རང་སྐྱབས་སྐྱབས་ནས་ཡང་འདི་འདྲ་བཤད་ཀྱི་ཡོད་པེ།། ཧཧཧ ་ཚོགས་གཙོ་མཆོག་་