ཐང . བདེ་མོ།
ཁྱེད་ཀྱིས་ང་དུག་ཡིན་པ་ཤེས་དུས
ཁྱེད་ནི་རྣམ་ཤེས་མེད་པའི་ཕུང་བོ་ཙམ་སྟེ
ཁྱེད་ཀྱིས་དུད་འགྲོས་རྩྭ་བཞིན་ལོངས་སུ་སྤྱོད་བཞིན་པའི་ང་དེ་དུག་ཡིན་པས་སོ
ཁྱེད་ཀྱིས་ང་དུག་ཡིན་པ་ཤེས་དུས
ཁྱེད་ནི་ང་ལ་ཆེས་མཁོ་བའི་ཡོ་བྱད་ཙམ་ལས་ཅི་ཡང་མིན་ཏེ
ངས་རང་གི་སྒོར་མོས་ཉོས་ཚར་བའི་རླངས་འཁོར་ཞིག་དང་འདྲ་བར་ཉིན་མཚན་མེད་པར་སྤྱོད་བཞིན་པ་དེ་ཁྱེད་ཡིན་པས་སོ
ཁྱོས་འདི་མོ་ཞིག་འབྲི་དུས་གོ་དོན་ཞིག་ཡོད་དུས།།
ངས་འདི་མོ་ཞིག་ཀློག་དུས་གོ་རྒྱུ་ཞིག་མེད་དུས།།
ཁྱོད་དང་ང་།
དུག་ལ་ནུས་མེད་པའི་དུག་ཞིག་ཡིན་པ་གསལ།